ཀྲུང་ཀྲན་ཆུས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-27 15:07ལ་འགྲུབ།

ཀྲུང་ཀྲན་ཆུས།

ཀྲུང་ཀྲན་ཆུས།
ཀྲུང་ཀྲན་ཆུས་ནི་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཅའོ་ཙུའོ་གྲོང་ཁྱེར་གྱི་ནུབ་རྒྱུད་དང་། ཐའེ་ཧང་རི་བོའི་ལྷོ་འདབས་སུ་ཆགས་ཡོད། ནུབ་བྱང་གཉིས་སུ་ཧྲན་ཞི་ཅིན་གྲོང་ཁྱེར་གྱི་འབྲེལ་མཚམས་དང་ཤར་ངོས་སུ་བཅིངས་འགྲོས་ཁུལ། ནུབ་ཕྱོགས་སུ་པའོ་འེ་བཅས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ162ཡོད། ཀྲུང་ཀྲན་ཆུས་ཀྱི་ལྷོ་རྒྱུད་དུ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་བཅུག་པའི་ཕུའུ་ཁྲེང་གི་ཚོང་པའི་གནའ་ཤུལ་དང་། དབུས་རྒྱུད་དུ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པར་བཅུག་པའི་ཡོན་རྒྱལ་རབས་ཀྱི་ཆབ་སྲིད་མཁས་ཅན་དང་། སློབ་གསོ་མཁས་ཅན། གནམ་དཔྱད་རིག་པ་མཁས་ཅན་ཞུས་ཧེང་བཅས་ཀྱི་བང་སོ་ཡོད་པ་དང་བྱང་རྒྱུད་དུ་ཧྥེང་ལིན་འགག་གི་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཡོད། སྤྱི་ལོ2018ལོར་ཀྲུང་ཀྲན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང10ཡོད་པ་དང་། སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི10.6481དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར71.5ཡོད་པའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར0.6དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུ47.4 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར23.6བཅས་དང་ཐོན་ལས་གསུམ་པའི་བསྡུར་གྲངས0.8:66.2:33.0ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中站区
སྲིད་འཛིན་ཁུལ་གྱི་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅའོ་ཙུའོ་གྲོང་ཁྱེར།
སྲིད་གཞུང་གི་ས་གནས།
ཅའོ་ཙུའོ་གྲོང་ཁྱེར་བཅིངས་འགྲོལ་ནུབ་ལམ་གྱི་ཀྲུང་ཀྲན་དུམ་བུའི་ཨང5པ།
ས་ཁོངས་ཁ་པར་ཨང་རྟགས།
0391
སྦྲག་སྲིད་ཨང་རྟགས།
454000
ས་གནས།
ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་ཁུལ་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ162ཡོད།
མི་གྲངས།
མི་ཁྲི10.6481ཡོད།(2017ལོའི་རྒྱུན་སྡོད་མི་འབོར། )
རླངས་འཁོར་ཚབ་ཨང་།
ཡུས  (豫)H
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410803
དཀར་ཆག
1   ​ལོ་རྒྱུས་ཀྱི་འཕེལ་རིམ།
2   སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2.1 དབྱེ་མཚམས་ཀྱི་འཕེལ་རིམ།
3   ས་ཁམས་ཁོར་ཡུག
3.1 གནས་སའི་ཡུལ་ཁོངས།
3.2 ས་དབྱིབས། 
3.3 ནམ་ཟླའི་ཁྱད་ཆོས།
3.4 ཆར་པ་འབབ་ཚད།
3.5 དྲོད་ཚད།
3.6 སད་མེད་དུས།
3.7 རླངས་པར་འགྱུར་ཚད།
3.8 རླུང་འགྲོས།
3.9 ས་གཤིན་སྔོ་ཁེབས།
4   རང་བྱུང་ཐོན་ཁུངས།
4.1 ཆུའི་ཐོན་ཁུངས།
4.2 གཏེར་རྫས་ཐོན་ཁུངས།
4.3 མི་འབོར།
5   དཔལ་འབྱོར།
5.1 བསྡུས་བཤད།
5.2 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།
5.3 ནོར་ཁྲལ་གཏོང་ཡོང་།
5.4 མི་དམངས་ཀྱི་འཚོ་བ།
5.5 ཐོན་ལས་དང་པོ།
5.6 ཐོན་ལས་གཉིས་པ།
5.7 ཐོན་ལས་གསུམ་པ།
6   སྤྱི་ཚོགས་ལས་དོན།
6.1 སློབ་གསོའི་བྱ་གཞག
6.2 རིག་གནས་ལས་དོན།
6.3 ལུས་རྩལ་བྱ་གཞག
6.4 འཕྲོད་བསྟེན་ལས་དོན།
6.5 ངལ་རྩོལ་ལས་ཞུགས་སྐོར།
6.6 སྤྱི་ཚོགས་འགན་སྲུང་།
6.7 སྤྱི་ཚོགས་ཕན་བདེ།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོའི)ཟླ9པར་ཅའོ་ཙུའོ་གྲོང་ཁྱེར་བཙུགས་རྗེས་ཝང་ཧྥེང་ཆུས་བཙུགས་པ་དང་། ཏུང་ཝང་ཧྥེང་གྲོང་ཚོར་ཆུས་ཀྱི་ལས་ཁུངས་བཙུགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པར(སྤྱི་ལོ1946ལོའི)ཟླ10པར་ཝང་ཧྥེང་ཆུས་དེ་ཆུས་གཉིས་པར་བསྒྱུར་པ་དང་། ཆུས་ཀྱི་ལས་ཁུངས་ཞི་ཀྲང་ཀྲོང་གྲོང་ཚོར་བཅའ་སྡོད་བྱས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པ(སྤྱི་ལོ1948ལོའི)ཟླ3པར། ཅའོ་ཙུའོ་གྲོང་ཁྱེར་དེ་ཅའོ་ཙུའོ་རྫོང་དུ་བསྒྱུར། ལོ་དེའི་ཟླ10པར་ཆུས་གཉིས་པའི་ལས་ཁུངས་ཏུང་ཝང་ཧྥེང་གྲོང་ཚོར་སྤོས།

སྤྱི་ལོ1949ལོའི་ཟླ10པར་ཅའོ་ཙུའོ་རྫོང་དེ་ཅའོ་ཙུའོ་གཏེར་ཁུལ་དུ་བསྒྱུར་བ་དང་། ཆུས་གཉིས་པར་ཕྱིར་འཐེན་བྱས།

སྤྱི་ལོ1953ལོའི་ཟླ12པར་ཅའོ་ཙུའོ་གཏེར་ཁུལ་དུ་ཅའོ་ཙུའོ་གྲོང་རྡལ་དང་། ལི་ཧྥེང་གྲོང་རྡལ། གྲོང་གསེབ་དོན་གཅོད་ཁང་དང་པོ་གཉིས་པ་བཅས་བཙུགས་ཡོད་པ་དང་། གྲོང་གསེབ་དོན་གཅོད་ཁང་དང་པོ་ཏུང་ཝང་ཧྥེང་གྲོང་ཚོར་བཅའ་སྡོད་བྱས།

སྤྱི་ལོ1956ལོའི་ཟླ8པར། ཅའོ་ཙུའོ་གཏེར་ཁུལ་ཅའོ་ཙུའོ་གྲོང་ཁྱེར་དུ་བསྒྱུར་ཞིང་། ལི་ཧྥེང་ཆུས་དང་། ཆུས་ལས་ཁུངས་ལི་ཧྥེང་གྲོང་ཚོར་བཅའ་སྡོད་བྱས།

སྤྱི་ལོ1957ལོའི་ཟླ12པར་ཅའོ་ཙུའོ་གྲོང་ཁྱེར་གྱི་ས་ཁོངས་ལེགས་སྒྲིག་བྱས་ནས་གྲོང་ཁུལ་དང་གྲོང་ཁྱེར་ཉེ་འདབས་སུ་བཀོད་སྒྲིག་བྱས། ལི་ཧྥེང་ཆུས་མེད་པར་བཟོས་པ་དང་། དེ་སྔའི་ཆུས་ཁོངས་ལི་ཧྥེང་གྲོང་བརྡལ་གྲོང་ཁྱེར་ལ་དབང་བ་དང་། གྲོང་གསེབ་གྲོང་ཁྱེར་ཉེ་འཁོར་ལ་དབང་བ་རེད།

སྤྱི་ལོ1958ལོའི་ཟླ8པར། ཅའོ་ཙུའོ་གྲོང་ཁྱེར་གྱིས་གྲོང་ཁུལ་དང་གྲོང་ཁྱེར་ཉེ་འཁོར་མེད་པར་བཟོས་པ་དང་། བཅིངས་འགྲོལ་དང་། ཁྲུང་ཧྲེང་། མ་ཚུན་བཅས་ཆུས3བཙུགས། ཟླ9པར་སླར་ཡང་མི་དམངས་ཀུང་ཧྲེ་བསྐྱར་སྐྲུན་བྱས་པ་རེད། ཟླ11པར། རྡོ་སོལ་གཏེར་ཁའི་མི་དམངས་ཀུང་ཧྲེ་དང་ཟླ་སྒྲིལ་བཏང་བ་དང་། སྲིད་སྤྱི་གཅིག་གྱུར་བྱས་ཏེ། རྡོ་སོལ་གཏེར་ཁའི་མི་དམངས་ཀུང་ཧྲེ་བཙུགས།

སྤྱི་ལོ1961ལོའི་ཟླ10བར། ཀྲུང་ཁྲུན་རྡོ་སོལ་གཏེར་ཁུངས་མི་དམངས་ཀུང་ཧྲེ་མེད་པར་བཟོས་ཏེ། ཀྲུང་ཀྲན་ཁུལ་གྱི་སྒྲིག་གཞི་སླར་གསོ་བྱས་ཤིང་། དེ་སྔའི་ཀུང་ཧྲེའི་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ། བཟོ་གཏེར། གྲོང་གསེབ་བཅས་སུ་གཏོགས། 

སྤྱི་ལོ1962ལོའི་ཟླ1པར། ཀྲུང་ཀྲན་ཆུས་ཀྱི་ཁོངས་སུ་གཏོགས་པའི་གྲོང་གསེབ་དེ་གྲོང་ཁྱེར་ཉེ་འཁོར་དུ་བགོས་པ་དང་། ཀྲུང་ཀྲན་ཆུས་དེ་གྲོང་ཁུལ་དུ་བསྒྱུར།

སྤྱི་ལོ1988ལོའི་ཟླ10པར། ཅའོ་ཙུའོ་གྲོང་ཁྱེར་གྱིས་ཁུལ་ལེགས་སྒྲིག་བྱས་ཏེ། ཀྲུང་ཀྲན་ཆུས་སུ་ཝང་ཧྥེང་དང་ཀྲུའུ་ཚུན། ལུང་ཏུང་བཅས་ཞང3དང་། ལི་ཧྥེང་དང་། ཝང་ཧྥེང་། ཀྲུའུ་ཚུན། ཧྥེང་ཧྥེང་། ལུང་ཏུང་། ཡུའེ་ཧྲན། ཏན་ཧོ་བཅས་སྲང་ལམ་དོན་གཅོད་ཁང7ཡོད།

སྤྱི་ལོ2005ལོའི་ཟླ11པར་ཞང་དང་གྲོང་རྡལ་གྱི་སྒྲིག་གཞི་བསྒྱུར་བཅོས་བྱས་ཏེ་ཝང་ཧྥེང་དང་། ཀྲུའུ་ཚུན། ལུང་ཏུང་བཅས་ཞང3མེད་པར་བཟོས་པ་དང་། ཞུས་ཧེང་དང་། ཧྥུ་ཁྲེང་། ལུང་ཞང་ཁྲོམ་ལམ་བཅས4བཙུགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2_1 དབྱེ་མཚམས་ཀྱི་འཕེལ་རིམ།

སྤྱི་ལོ1997ལོར་ཀྲུང་ཀྲན་ཆུས་སུ་ཁྲོམ་གཞུང7དང་ཤང3ཡོད།

སྤྱི་ལོ2000ལོར་ཀྲུང་ཀྲན་ཆུས་སུ་ཁྲོམ་གཞུང7དང་ཤང3ཡོད།

སྤྱི་ལོ2005ལོར་ཀྲུང་ཀྲན་ཆུས་ཀྱི་ཤང་གྲོང་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་པ་སྟེ། ཀྲུའུ་ཚུན་ཤང་ཕྱིར་འཐེན་དང་ཕུའུ་ཁྲེང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ནས་དེ་སྔའི་ཀྲུའུ་ཚུན་ཤང་སྲིད་འཛིན་ས་ཁོངས་བདག་སྐྱོང་དང་། པེ་ཀྲུའུ་གྲོང་ཚོར་བཅའ་སྡོད་དོན་གཅོད་ཁང་དང་། ཝང་ཧྥེང་ཞང་མེད་པར་བཟོས་ཏེ་ཞུས་ཧེང་ཁྲོམ་ལམ་དོན་གཅོད་ཁང་བཙུགས། དེ་སྔའི་ཝང་ཧྥེང་ཞང་གི་སྲིད་འཛིན་ས་ཁོངས་བདག་སྐྱོང་བྱེད་ཁོངས་དང་། ཏུང་ཧྥེང་ཝང་གྲོང་ཚོར་བཅའ་སྡོད་དོན་གཅོད་ཁང་། ལུང་ཏུང་ཤང་མེད་པ་བཟོས་ནས་ལུང་ཞང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཏེ་དེ་སྔའི་ལུང་ཏུང་ཤང་སྲིད་འཛིན་ས་ཁོངས་དོ་དམ་དང་། ལུང་ཏུང་གྲོང་ཚོར་བཅའ་སྡོད་དོན་གཅོད་ཁང་བཙུགས།

སྤྱི་ལོ2018ལོའི་བར། ཁྲུང་ཆིང་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང10ཡོད་པ་རེད། ཀྲུང་ཀྲན་ཆུས་མི་དམངས་སྲིད་གཞུང་གི་ལི་ཧྥུན་སྲང་ལམ་བཅིངས་འགྲོལ་ནུབ་ལམ་ཨང5པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཀྲུང་ཀྲན་ཆུས་ནི་ཤར་གྱི་གཞུང་ཐིག113°09' 3"དང་། བྱང་གི་འཕྲེད་ཐིག35°14' 30"བར་དུ་གནས་ཡོད།  ཅའོ་ཙུའོ་གྲོང་ཁྱེར་གྱི་ནུབ་རྒྱུད་དང་། ཐའེ་ཧང་རི་བོའི་ལྷོ་འདབས་སུ་ཆགས་ཡོད། ནུབ་བྱང་གཉིས་སུ་ཧྲན་ཞི་ཅིན་གྲོང་ཁྱེར་གྱི་འབྲེལ་མཚམས་དང་ཤར་ངོས་སུ་བཅིངས་འགྲོས་ཁུལ། ནུབ་ཕྱོགས་སུ་པའོ་འེ་བཅས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ162ཡོད།ལྷོ་བྱང་གི་རིང་ཚད་སྟོང་སྨི19དང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི8.75 གྲོང་ཁུལ་ཤར་དང་སྟོང་སྨི7 པོ་ཨའེ་རྫོང་མཁར་བར་སྟོང་སྨི11བཅས་ཡོད་།

3_2 ས་དབྱིབས། 

ཀྲུང་ཀྲན་ཆུས་ཀྱི་ས་དབྱིབས་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཡོད་པ་དང་། ས་དབྱིབས་ཀྱི་ཚན་པ་དང་རྣམ་པ་ལྟར་རི་ཁུལ་དང་། རི་ལྡེབས་སྒང་། དེའུ་འབུར་ཁུལ། བདེ་ཐང་ཁུལ་བཅས་སུ་དབྱེ་ཡོད། རི་ཁུལ་གྱི་མཚོ་སྙོམ་མཐོ་ཚད་ལ་སྨི900ནས200བར་ཡོད། གཞི་རྡོའི་བྲག་རྡོ་དམར་རྗེན་དུ་ཐོན་པ་དང་། ལུང་ཤུར་དུ་གཏུབ་གཅོད་ཅུང་ཟབ་པ། ངོགས་གཉིས་གཟར་པོ་དང་གཞོགས་སུ་བསླད་སྐྱོན་གཏོང་རྒྱུ་གཙོ་བོར་འཛིན་པ། ཆུ་རྟིང་དུ་རྡོ་མང་པོ་བསགས་པ་དང་ཆུ་ཡུར་དུ“U”རྣམ་པ་མངོན་པ། ཆུ་བོའི་སྟོད་རྒྱུད་དུ་ཆུ་མིག་ཐོན་པ་དང་རི་མདུན་གྱི་རི་ལྡེབས་སྒང་དེའུ་ཁུལ་གྱི་ས་བབ་མཐོ་ཚད་སྨི200ནས95བར་ཡིན་པ། དེ་ནི་རི་མདུན་གྱི་ཆུ་ལོག་བསགས་དངོས་ལས་གྲུབ་པ་དང་། ཁེབས་རིམ་གྱི་མཐུག་ཚད་མི་འདྲ་བ། ལྷོ་བྱང་ཕྱོགས་སུ་ཁྲུང་ལུང་ཤུར་དུ་སྐྱེ་འཚར་བྱུང་བ། ཟད་སྐྱོན་ཅུང་ཆེ་བ། རི་ཁུག་ཕན་ཚུན་འདྲེས་པ། ས་ཁུལ་ནང་གི་ས་རིམ་དང་བྱེ་རྡོ་འདྲེས་པ། ཁྱབ་ཚུལ་མི་སྙོམས་པ། ས་ངོས་གཟར་ཚད1/100-1/600བཅས་ཡིན། བདེ་ཐང་ཁུལ་ནི་ཆུ་ལོག་བསགས་རླུང་གཡབ་ཁྱུ་ལས་གྲུབ་པའི་རི་མདུན་དུ་གསེག་པ་དང་། ས་ངོས་ཁོད་སྙོམས་ལ། ས་བབ་ནུབ་བྱང་ནས་ཤར་ལྷོར་གསེག་ཡོད།

3_3 ནམ་ཟླའི་ཁྱད་ཆོས།

ཀྲུང་ཀྲན་ཆུས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ལ། དགུན་དུས་སུ་སོག་པོའི་མཐོ་གནོན་ཚོད་འཛིན་འོག་ནུབ་བྱང་གི་རླུང་ཆེན་དང་། དབྱར་དུས་ནུབ་ཞི་བདེ་རྒྱ་མཚོའི་ཚ་ཁུལ་ཕལ་བའི་མཐོ་གནོན་ཇེ་མཐོར་འགྲོ་བ། དྲོད་འཇམ་གྱི་རྒྱ་མཚོའི་རླུང་ཚོམ་ལྷོ་ནུབ་བྱང་ཤར་ཕྱོགས་སུ་འཛུལ་བ་དང་དྲོད་གྲང་གི་མཁའ་རླུང་བརྗེ་རེས་བྱེད་མང་ལ།ཆར་པ་འབབ་ཚད་ཧ་ཅང་གཅིག་སྡུད་ཡིན།

3_4 ཆར་པ་འབབ་ཚད།

ཀྲུང་ཀྲན་ཆུས་སུ་ལོ་མང་རིང་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི640དང་ལོ་རེའི་ཆར་པ་འབབ་ཚད་མང་ཤོས་ཧའོ་སྨི1101.7(སྤྱི་ལོ1955ལོ)ཡིན་པ་དང་། ལོ་རེའི་ཆར་པ་འབབ་ཚད་ཉུང་ཤོས་ཧའོ་སྨི260(1981ལོ)ཡིན། ཆར་པ་འབབ་ཚད་ཧ་ཅང་སྙོམས་པོ་མིན་ལ། མང་ཆེ་བ་ཟླ་བ་བདུན་པ་དང་། བརྒྱད་པ། དགུ་པ་བཅས་གསུམ་དུ་གཅིག་སྡུད་དང་། ལོ་ཧྲིལ་པོར70%ཡན་ཟིན་ཡོད།

3_5 དྲོད་ཚད།

ཀྲུང་ཀྲན་ཆུས་སུ་ལོ་མང་རིང་ཆ་སྙོམས་དྲོད་ཚད14℃དང་། དྲོད་ཚད་མཐོ་ཤོས43.3℃ དྲོད་ཚད་དམའ་ཤོས-16.9℃  ལོ་ཧྲིལ་པོར་སད་མེད་དུས་ཉིན217 ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2300བཅས་རེད།

3_6 སད་མེད་དུས།

ཀྲུང་ཀྲན་ཆུས་སུ་འོད་ནུས་ཐོན་ཁུངས་འབེལ་པོ་ཡོད་པ་དང་། ལོ་མང་རིང་གི་ཆ་སྙོམས་སད་མེད་དུས་ཉིན217ཡིན་པ་དང་། ཐོག་མའི་སད་དུས་སྤྱིར་བཏང་ཟླ10པའི་ཚེས8ཉིན་གྱི་གོང་དུ་ཡིན་པ་དང་། མཐའ་མའི་སད་ཉིན་ནི་ཟླ3པའི་ཚེས23ཉིན།  ཐོག་མའི་སད་ཉིན་ནི་ཟླ10པའི་ཚེས17ཉིན་ཡིན། ཕྱི་ཤོས་དང་མཇུག་མཐའི་སད་ཉིན་ནི་ཟླ4པའི་ཚེས3ཉིན་ཡིན་པ་བཅས་རེད།

3_7 རླངས་པར་འགྱུར་ཚད།

ལྗོངས་ཡོངས་ཀྱི་ལོ་མང་པོའི་ཆ་སྙོམས་རླངས་པར་འགྱུར་ཚད་ཧའོ་སྨི1200ཟིན་ཡོད།

3_8 རླུང་འགྲོས།

དེ་ནི་ནུབ་བྱང་དང་ཤར་ལྷོའི་རླུང་གིས་གཙོ་བོར་བྱེད་པ་དང་། ལོ་མང་པོའི་ཆ་སྙོམས་ཀྱི་རླུང་གི་མགྱོགས་ཚད་ནི2ཡིན། སྨི1/སྐར་ཆ་དང་། ཆེས་ཆེ་ཤོས་ནི་སྨི19.4/སྐར་ཆ6བཅས་ཡིན།

3_9 ས་གཤིན་སྔོ་ཁེབས།

ཀྲུང་ཀྲན་ཆུས་ཀྱི་ས་རྒྱུ་ནི་རླུང་ཟད་བྲག་བརྐོས་དང་ས་དམར་གྱི་ཁོངས་སུ་གཏོགས་པ་དང་། རི་ཁུལ་ནི་དྲོད་གྲང་ཁུལ་གྱི་ལོ་ལྷུང་ལོ་མ་ཆེ་བའི་ནགས་ཚལ་ཁུལ་དུ་གནས་པ་དང་། གདོད་མའི་སྔོ་ཁེབས་ཐར་ཐོར་དུ་གནས་པ། སྔོ་ཁེབས་སྡོང་ཐུང་རིགས་ནི་གཙོ་བོ་ལྕུག་ཕྲན་དང་རྩྭ་དཀར་མཉམ་དུ་འཚོ་བ། སྡོང་རིང་ཤིང་གི་རིགས་ལ་གཙོ་བོ་ལྕང་མ་དམར་པོ་དང་སྟར་ཁ་དང་ཨ་མྲ་སོགས་ཀྱིས་གཙོས་པའི་མིས་བཟོས་དཔལ་འབྱོར་ནགས་ཚལ་ཡོད་པ་དང་སྔོ་ཁེབས་ཁྱབ་ཚད31.2%ཟིན་ཡོད། རི་མདུན་དུ་གསེག་པའི་བདེ་ཐང་ནི་ཆུ་བཤལ་བསགས་དངོས་ལས་གྲུབ་པ་དང་། ཕྱི་ངོས་ཀྱི་བང་རིམ་ནི་བྱེ་ཟེགས་ཀྱི་བྱེ་ས་གཙོ་བོ་ཡིན་ལ། ས་ཆ་ཁ་ཤས་སུ་ས་གཤིན་དང་། བདེ་ཐང་ས་རྒྱུད། ས་མྱགས་སེར་པོ་དང་ས་རྡུལ་གཙོ་བོ། བྱེ་ཞིབ་ཕྱེ་མ་སྲབ་མོ་འགའ། ས་རྒྱུ་གཤིན་པོ་བཅས་ཡོད།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཀྲུང་ཀྲན་ཆུས་ས་འོག་ཏུ་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར266ཡོད་པ་དང་། དེ་ནི་ཧྭ་པེ་ས་ཁུལ་གྱི་ཆུ་ཕྱུག་ཁུལ་ཡིན།

4_2 གཏེར་རྫས་ཐོན་ཁུངས།

གཏེར་རྫས་གཙོ་བོ་ནི། རྡོ་སོལ་དང་། མུ་ཟི་ལྕགས་གཏེར། མྱགས་ས། རྡོ་དཀར་བྲག་རྡོ། ཧ་ཡང་ས་སོགས་ཡོད། གསོག་ཚད་ཏུན་ཁྲི་སྟོང་ཡན་ཡོད། 

4_3 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར། ཁྲུང་ཆིང་ཆུས་ཀྱི་མི་འབོར་བསྡོམས་འབོར་ཁྲི12.1545ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི10.6481 གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད65.32% སྐྱེས་ཚད་11.93%  ཤི་ཚད་5.8%  རང་བྱུང་འཕར་ཚད6.13.3%བཅས་ཡོད།    

5 དཔལ་འབྱོར།
5_1 བསྡུས་བཤད།

སྤྱི་ལོ2017ལོར། ཀྲུང་ཀྲན་ཆུས་སུ་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར71.5མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས6.2%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་དགུ་པར་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.6ཡོད་པ་དེ་ལོ་གོང་མ་ལས4.5%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར47.4ཡོད་པ་དེ་ལོ་གོང་མ་ལས5.0%འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར23.6ཡོད་པ་དེ་ལོ་གོང་མ་ལས8.8%འཕར་བ། ཐོན་ལས་གསུམ་གྱི་བསྡུར་ཚད་ནི0.9:66.2:32.9ནས0.8:66.2:33.0བར་འཕར་ཡོད།

5_2 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི76.9282བཏང་བ་དེ་ལོ་གོང་མ་ལས12.1%འཕར་བའི་ནང་བཟོ་ལས་མ་འཇོག་སྒོར་ཁྲི59.9016ལེགས་གྲུབ་ཟིན་པ་དེ་ལོ་གོང་མ་ལས26.0%འཕར་ཡོད།

5_3 ནོར་ཁྲལ་གཏོང་ཡོང་།

སྤྱི་ལོ2017ལོར། ཀྲུང་ཀྲན་ཆུས་ཀྱི་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.0178ཡོད་པ་དེ་ལོ་གོང་མ་ལས16%འཕར་ཡོད། དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.0178ཡོད་པ་དེ16%འཕར་བ་དེའི་ནང་ཁྲལ་འབབ་སྒོར་དུང་ཕྱུར4.1727ཡོད་པ་དེ22.4%འཕར་བ་དེས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ཀྱི་བསྡུར་ཚད83.2%བཟུང་ཡོད།

སྤྱི་ལོ2017ལོར། ཀྲུང་ཀྲན་ཆུས་ཀྱི་ས་གནས་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར7.2521ཡོད་པ་དེ་ལོ་གོང་མ་ལས30.5%འཕར་བ་དང་། དེའི་ནང་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར7.2167ཡོད་པ་དེ31.4%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་ཁྲི9131ཡོད་པ་དེ22.2%འཕར་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་ཁྲི5202ཡོད་པ་དེ9.8%འཕར་བ། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར1.4034ཡོད་པ་དེ3.7%ཆག་པ་དང་ཞིང་ནགས་ཆུ་གསུམ་ལས་དོན་གྱི་གཏོང་སྒོ་སྒོར་ཁྲི4544ཡོད་པ་དེ90.0%བཅས་འཕར་ཡོད།

5_4 མི་དམངས་ཀྱི་འཚོ་བ།

སྤྱི་ལོ2017ལོར། ཀྲུང་ཀྲན་ཆུས་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར15094བྱུང་བ་དེ་ལོ་གོང་མ་ལས9.9%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25021ཡོད་པ་དེ་ལོ་གོང་མ་ལས9.4%འཕར་ཡོད།

5_5 ཐོན་ལས་དང་པོ།
5_5_1 འདེབས་འཛུགས་ལས་རིགས།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་འདེབས་ཁྱོན་སྤྱི་ཆིང2131ཡོད་པ་དེ་ལོ་གོང་མ་ལས་སྤྱི་ཆིང237ཉུང་དུ་ཕྱིན་པའི་ནང་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང1970ཡོད་པ་དེ་ལོ་གོང་མ་ལས་སྤྱི་ཆིང163ཉུང་དུ་ཕྱིན་པ་དང་། གྲོ་འདེབས་ཁྱོན་སྤྱི་ཆིང1003ཉུང་དུ་ཕྱིན་པ། ལོ་གོང་མ་ལས་སྤྱི་ཆིང17ཉུང་དུ་ཕྱིན་པ། མ་རྨོས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང872ཉུང་དུ་ཕྱིན་པ། ལོ་གོང་མ་ལས་སྤྱི་ཆིང137ཉུང་དུ་ཕྱིན་པ། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང73ཉུང་དུ་ཕྱིན་པ་བཅས་ལོ་གོང་མ་དང་བསྡུར་ན་སྤྱི་ཆིང74ཉུང་དུ་ཕྱིན་ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན9258ཡོད་པ་དེ་ལོ་གོང་མ་ལས6.5%ཆག་པ། སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན2748ཡོད་པ་དེ་ལོ་གོང་མ་ལས43.2%ཆག་པ། ཤིང་ཏོག་སྤྱིའི་ཐོན་ཚད་ཏུན343ཡོད་པ་དེ་ལོ་གོང་མ་ལས27.5%བཅས་ཡོད།  

5_5_2 ནགས་ལས།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་ཀྱིས་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི1.1དང་རྨོ་བསྐྱུར་ནགས་གསོ་མུའུ0བྱས་ཡོད། ཆུས་ཡོངས་སུ་འོས་འགན་ཤིང་འཛུགས་ནང་ཞུགས་མཁན་མི་ཐེངས་ཁྲི0.5ཟིན་པ་དང་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི2བྱས་པའི་ནང་གཙོ་གནད་ས་ཁུལ་གྱི་འགོག་སྲུང་ནགས་ཚལ་ལས་གྲྭ་མུའུ2000ཟིན་ཡོད།

5_5_3 ཕྱུགས་ལས།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་སུ་ཕག་པ་མགོ་གྲངས10736ཡོད་པ་དེ་ལོ་གོང་མ་ལས7.9%འཕར་བ་དང་། བ་ཕྱུགས་མགོ་གྲངས288ཡོད་པ་དེ་ལོ་གོང་མ་ལས37.2%ཆག་པ། ལུག་ལག་ཡོད་མགོ་གྲངས9350ཡོད་པ་དེ་ལོ་གོང་མ་ལས14.2%ཆག་པ། ཁྱིམ་བྱ་ལག་ཡོད་མགོ་གྲངས་ཁྲི10.3ཡོད་པ་དེ་ལོ་གོང་མ་དང་མཉམ་པ་བཅས་རེད། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན1123ཡོད་པ་དེ་ལོ་གོང་མ་ལས9.7%འཕར་བ། སྒོ་ང་རིགས་ཀྱི་ཐོན་ཚད་ཏུན1142ཡོད་པ་དེ་ལོ་གོང་མ་ལས16.9%ཆག་ཡོད།

5_5_4 ཐོན་སྐྱེད་ཆ་རྐྱེན།

སྤྱི་ལོ2017ལོའི་ལོ་མཇུག་བར། ཀྲུང་ཀྲན་ཆུས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཆུ་ཚོད22222ཟིན་པ་དེ་ལོ་གོང་མ་ལས0.32%འཕར་བ་དང་། ཞིང་སྤྱོད་འདྲུད་འཐེན་འཁོར་ལོ330དང་། ལོ་གོང་མ་ལས1འཕར་ཡོད།

5_6 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས61གི་རིན་ཐང་འཕར་མ་སྒོར་དུང་ཕྱུར77.9621ཡོད་པ་དེ་ལོ་གོང་མ་ལས10.5%འཕར་བ་དང་། ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད93.4%ཟིན་པ། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར247.6003ཡོད་པ་དེ78.1%འཕར་བ། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སོ་སོར་སྒོར་དུང་ཕྱུར34.0953དང་སྒོར་དུང་ཕྱུར38.6294ལེགས་གྲུབ་བྱུང་བ། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར65.2363ཡོད་པ་དེ་ལོ་གོང་མ་ལས10.3%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ83.7%བཟུང་ཡོད། ཆུས་རིམ་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་རིགས་ཆེན་པོ9ལ་དབྱེ་ཞིང་། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་བཟོ་ལས་ཐོན་རྫས་གཙོ་བོའི་ཐོན་འབོར་ནི། བཏུང་བྱ་དང་ཨ་རག་ཧྲེང་ཁྲི0.3ཡིན་པ་དེ་ལོ་གོང་མ་ལས25.0%ཆག་པ་དང་། བཏུང་བྱ་ཏུན་ཁྲི17.4ཡོད་པ་དེ་ལོ་གོང་མ་ལས13.7%འཕར་བ། འདྲེས་སྦྱོར་འགྱིག་ཏུན་ཁྲི2.0ཡོད་པ་དེ་ལོ་གོང་མ་ལས17.6%འཕར་བ།  འགྱིག་འཁོར་གྱི་འཁོར་ལོ་ཁྲི261ཡོད་པ་དེ་ལོ་གོང་མ་ལས542.9%འཕར་བ། རྫས་འགྱུར་ཚོད་རྫས་ཏུན་ཁྲི0.5ཡོད་པ་དེ་ལོ་གོང་མ་ལས150.0%འཕར་བ། མེ་ཐུབ་རྒྱུ་ཆ་ཏུན་ཁྲི23.5ཡོད་པ་དེ་ལོ་གོང་མ་ལས16.3%འཕར་བ། རྡོ་སྣག་དང་སོལ་རྒྱུ་ཐོན་རྫས་ཏུན་ཁྲི1.0ཡོད་པ་དེ་ལོ་གོང་མ་ལས42.9%འཕར་བ། ལྕགས་རིགས་བསྲེས་མ་ཏུན་ཁྲི14.9ཡོད་པ་དེ་ལོ་གོང་མ་ལས13.7%འཕར་བ། མུ་ཟི་སྐྱུར་ཏུན་ཁྲི56.5ཡོད་པ་དེ་ལོ་གོང་མ་ལས1.2%ཆག་ཡོད། ལོ་ཧྲིལ་པོར་ཐོན་ལས་གཅིག་སྡུད་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས61ཡོད་པ་དང་། ལོ་ཧྲིལ་པོར་ཐོན་ལས་གཅིག་སྡུད་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར301.1508ཡོད་པ་དེ80.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར71.5167ཡོད་པའི་ནང་བཟོ་ལས་མ་འཇོག་སྒོར་དུང་ཕྱུར57.8803ཡོད་པ་དེས་མ་འཇོག་བསྡོམས་འབོར་གྱི80.9%བཟུང་བ་དང་། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར12.8464བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི18.0%བཟུང་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས50མ་འཇོག་བྱས་པའི་ནང་འཆར་གཞི་ལྟར་ན་སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས20ཡོད་པ་དང་། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས30ཡོད།(འཆར་གཞི་སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས11ཡོད)

5_7 ཐོན་ལས་གསུམ་པ།
5_7_1 རྒྱལ་ནང་ཉོ་ཚོང་།

སྤྱི་ལོ2017ལོར། ཁྲུང་ཆིང་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར19.003ཡོད་པ་དེ་ལོ་གོང་མ་ལས12.9%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་ཉོ་ཚོང་ཁེ་ལས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར24.3865ཟིན་ནས38%འཕར་ཡོད། ལས་རིགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར5.2715ཡོད་པ་དེ13.6%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར19.115ཡོད་པ་དེ22.9%འཕར་ཡོད།

5_7_2 ཕྱི་ཕྱོགས་དཔལ་འབྱོར།

སྤྱི་ལོ2017ལོར། ཁྲུང་ཆིང་ཆུས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར5.9791ཡོད་པ་དེ་ལོ་གོང་མ་ལས87.53%འཕར་བའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར3.7242ཡོད་པ་དེ་ལོ་གོང་མ་ལས27.84%འཕར་བ་དང་། ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར2.2549ཡོད་པ་དེ་ལོ་གོང་མ་ལས719.62%འཕར་ཡོད། ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཨ་སྒོར་ཁྲི0བེད་སྤྱོད་བྱ་རྒྱུའི་གན་རྒྱ་བཞག་པ་དང་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི0བེད་སྤྱོད་དངོས་སུ་བྱས་ཡོད།

5_7_3 ས་ཁང་བདག་ཁོངས་ཐོན་ལས།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར2.255བཏང་བ་དེ་ལོ་གོང་མ་ལས34.0%འཕར་བ་དང་ཚོང་སྒྱུར་ཁང་པ་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ47405ཡོད་པ་དེ་ལོ་གོང་མ་ལས10.9%འཕར་ཡོད།

5_7_4 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2017ལོའི་ལོ་མཇུག་བར། ཀྲུང་ཀྲན་ཆུས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྟོང་སྨི194.213ཡོད་པའི་ནང་མ་ལམ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྟོང་སྨི14.8དང་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྟོང་སྨི194.213ཡོད་པ་རེད།ཆུས་ཡོངས་སུ་སྲིད་འཛིན་གྲོང་ཚོ་ཚང་མར་སྣུམ་ནག་ལམ་མམ་ཡང་ན་ཨར་འདམ་ལམ་སྤྱི་ལེ106ཡོད།

5_7_5 སྐམ་སའི་འགྲིམ་འགྲུལ།

ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་སྟབས་བདེ་བ་དང་། ལྕགས་ལམ་དང་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ། ཅའོ་ཀྲི་དང་། ཤིན་ཅའོ་། ཐའེ་ཅའོ་བཅས་ལྕགས་ལམ་གྱི་མ་ལམ3ཡོད། ཧྭ་བྱང་གི་རིམ་པ་དང་པོའི་སྒྲིག་འཛུགས་ས་ཚིགས་ནས་ཡུའེ་ཧྲན་མེ་འཁོར་བབས་ཚུགས་བཅས་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2017ལོའི་ལོ་མཇུག་བར། ཁྲུང་ཆིང་ཆུས་སུ་མཐོ་རིམ་སློབ་འབྲིང་དཀྱུས་མ1དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2917དང་སློབ་ཐོན་སློབ་མ985ཡོད་པ་རེད། དམའ་རིམ་སློབ་འབྲིང་གི་སློབ་གྲྭ6ལ་སློབ་མ1448དང་། སློབ་གྲྭར་ཡོད་པའི་སློབ་མ4332སློབ་ཐོན་སློབ་མ1493བཅས་བསྡུས་ཡོད། སྤྱིར་བཏང་སློབ་ཆུང13ལ་སློབ་མ1352བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ7643དང་། སློབ་ཐོན་སློབ་མ1018ཡོད། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་དུ་བྱིས་པ3198ཡོད་པའི་ནང་གཞུང་བཙུགས་བུ་བཅོལ་ཁང་དུ་བྱིས་པ877དང་དམངས་བཙུགས་བུ་བཅོལ་ཁང་དུ་བྱིས་པ2321ཡོད། “རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་མ་དངུལ་སྒོར་ཁྲི1389.28དག་ཡིག་ཚགས་དང་གཱ་བཟོས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་མི་ཐེངས2262ལ་རོགས་དངུལ་སྤྲད་པ་རེད།

6_2 རིག་གནས་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར། ཁྲུང་ཆིང་ཆུས་སུ་རིགས་ཁག་གི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ30དང་། རིག་གནས་ཁང1ཁྲོམ་གཞུང་རིག་གནས་ས་ཚིགས10གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས49ཞིང་དུད་རིག་གནས་དཔེ་དེབ་ཁང56རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ2(ཧྥུའུ་ཁྲེང་གནའ་ཤུལ་དང་ཞུས་ཧེང་བང་སོ)ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ7གྲོང་ཁྱེར་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ37རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས2 ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས2 གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས6བཅས་ཡོད།

6_3 ལུས་རྩལ་བྱ་གཞག

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་ཀྱིས་རྒྱུན་གཏན་རང་བཞིན་གྱི་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་ཐེངས33སྤེལ་བ་དང་ལྗོངས་ཡོངས་ཀྱི་ལུས་རྩལ་ལུས་སྦྱོང་བྱེད་སྒོ་ཐེངས6སྤེལ་བ་རེད། ཆུས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་དང་སྡེ་ཁུལ་ཚང་མར་ལུས་རྩལ་ལུས་སྦྱོང་ལས་གྲྭ་ཁྱོན་ཡོངས་ལ་ཁྱབ་པ་དང་འབྲེལ་ཤང་གྲོང10ཡི་ལུས་རྩལ་ལུས་སྦྱོང་འདུ་འགོད་ལག་བསྟར་བྱས་ཡོད།

6_4 འཕྲོད་བསྟེན་ལས་དོན།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་སུ་འཕྲོད་བསྟེན་སྒྲིག་གཞི117ཡོད་པའི་ནང་སྨན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས9ཡོད། སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ནད་ཁྲི577 འཕྲོད་བསྟེན་ལག་རྩལ་མི་སྣ412ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ235དང་ཐོ་འགོད་བྱས་པའི་ནད་གཡོག་པ177ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ1དང་མ་བུ་བདེ་སྲུང་ས་ཚིགས1འཕྲོད་བསྟེན་ལག་རྩལ་མི་སྣ3ཡོད། འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས(ལྟ་སྐུལ་སུའོ)1ཡོད་པ་དེའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ3ཡོད།

6_5 ངལ་རྩོལ་ལས་ཞུགས་སྐོར།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ4304མང་དུ་ཕྱིན་པ་དང་ལས་བྲལ་ལས་ཤོར་མི་སྣ1402བསྐྱར་དུ་ལས་ཞུགས་ཐུབ་པ་དེའི་ནང་ལས་ཞུགས་དཀའ་ངལ་ཡོད་པའི་མི302བསྐྱར་དུ་ལས་ཞུགས་ཐུབ་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.2%ཟིན་པ་དེ་ལོ་གོང་མ་དང་མཉམ་པ་རེད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱེད་པའི་མི་གྲངས876གསར་དུ་འཕར་སྣོན་བྱུང་།

6_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི41049ཡོད་པའི་ནང་ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི9472དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི31577ཡོད་པ་རེད། ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ནང་ལས་ཐོག་ལས་བཟོ་པ7745ཞུགས་པ་དེ་ལོ་གོང་མ་ལས7.72%འཕར་བ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན1727ཞུགས་པ་དེ་སྔ་ལོ་ལས7.13%འཕར་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི75158ཡོད་པ་དེ་ལོ་གོང་མ་ལས77.89%འཕར་བའི་ནང་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི64934དང་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི10224ཡོད། ལས་ཐོག་ལས་བཟོ་པ་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན8414དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན1810ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་56263བཅས་ཡོད།

6_7 སྤྱི་ཚོགས་ཕན་བདེ།

སྤྱི་ལོ2017ལོར་ཀྲུང་ཀྲན་ཆུས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི1995ལྷག་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་ལེན་ཐོབ་པ་དང་ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི631.95སྤྲད་པ་རེད། གྲོང་གསེབ་ཏུ་མ་མཐའི་འགན་སྲུང་ལོངས་སྤྱོད་བྱེད་མཁན་མི་གྲངས2621ཡོད་པ་དང་། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱེད་དངུལ་སྒོར་ཁྲི436.2སྤྲད་ཡོད། ཆུས་ཡོངས་སུ་མི་ཐེངས633ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལོངས་སྤྱོད་བྱས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་དངུལ་སྒོར་ཁྲི90.2སྤྲད་པ་རེད། ལོ་ཧྲིལ་པོར་གཉེན་སྒྲིག་ཐོ་འགོད་ཆ751དང་། བཟའ་ཚང་ཁ་བྲལ་ཐོ་འགོད་ཆ318གཉེན་སྒྲིག་ཐོ་འགོད་ལག་ཁྱེར་ཆ306གསབ་ལེན་དང་། བཟའ་ཚང་ཁ་བྲལ་ཐོ་འགོད་ལག་ཁྱེར་ཆ36གསབ་ལེན་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།