པིན་ཁྲེང་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-03-26 08:45ལ་འགྲུབ།

པིན་ཁྲེང་ཆུས།

པིན་ཁྲེང་ཆུས།
པིན་ཁྲེང་ཆུས་ནི་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ལུའུ་པེ་བདེ་ཐང་དུ་གནས་ཡོད། ཤར་ངོས་ལི་ཅིན་དང་འབྲེལ་ཞིང་། ནུབ་ཏུ་ཧུའུ་མེན་དང་དབྱང་ཞིན་རྫོང་གཉིས་དང་འབྲེལ་ལ། ལྷོ་རུ་ཀའོ་ཆིན་དང་པོ་ཞིན་གྱི་ས་མཚམས་དང་འབྲེལ་ཡོད། བྱང་དུ་ཀྲི་ཧྭ་དང་ས་མཚམས་འབྲེལ་ཡོད་ལ། བྱང་གི་འཕྲེད་ཐིག37°12′—37°41′དང་། ཤར་གྱི་གཞུང་ཐིག117°47′—118°10′བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ697.49ཡོད། པིན་ཁྲེང་ཆུས་ནི་པིན་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། པིན་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡང་ཡིན། དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ལ། སྐམ་སའི་རང་བཞིན་ཅུང་ཆེ། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོརAAAAརིམ་པའི་ཏུའུ་ཧྲོའུ་ཐེན་གྱི་བཞུགས་གནས་རྙིང་པ་དང་། AAAརིམ་པའི་གཙང་པོ་གསུམ་གྱི་མཛེས་ལྗོངས་ཁུལ། ཀྲུང་ཧའེ་མཛེས་ལྗོངས་ཡུལ་སྐོར་ཁུལ། ཆིན་ཧོང་ཐའེ་མཛེས་ལྗོངས་ཡུལ་སྐོར་ཁུལ། ཧོའེ་ཀྲོའུ་མཆོད་ཁང་། ཕུའུ་ཧུའུ་མཛེས་ལྗོངས་ཁུལ། པོ་ཧའེ་རྒྱ་མཚོའི་གསར་བརྗེའི་དྲན་གསོ་ཁང་སོགས་ཡོད། སྤྱི་ལོ2018ལོར་པིན་ཁྲེང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ12དང་། གྲོང་རྡལ2 ཡུལ་ཚོ1བཅས་ཡོད་ལ། རྒྱུན་སྡོད་མི་འབོར་ཁྲི52.67ཡོད་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར447.98ཟིན་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར15.04ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར201.42ཟིན་ཡོད། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར231.52ཟིན་ཞིང་། ཐོན་ལས་གསུམ་པོའི་བསྡུར་ཚུལ3.36:44.96:51.68ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར85143ཟིན་ཡོད། ཁག་གཉིས་པའི་ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
滨城区
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ12དང་། གྲོང་རྡལ2 ཡུལ་ཚོ1བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0543
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ697.49ཡོད།
མི་འབོར།
མི་ཁྲི52.67ཡོད།(སྤྱི་ལོ2018ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
ཨེ་ཤེ་ཡ་ཤར་མའི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
པིན་ཀྲོའུ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ལུའུM (鲁M)
སྲིད་འཛིན་ཚབ་ཨང་།
371602
1 ​ངོ་སྤྲོད་མདོར་བསྡུས།

པིན་ཁྲེང་ཆུས་ནི་པིན་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ལ། པིན་ཀྲོའུ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡང་ཡིན། དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ལ། སྐམ་སའི་རང་བཞིན་ཅུང་ཆེ། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོརAAAAརིམ་པའི་ཏུའུ་ཧྲོའུ་ཐེན་གྱི་བཞུགས་གནས་རྙིང་པ་དང་། AAAརིམ་པའི་གཙང་པོ་གསུམ་གྱི་མཛེས་ལྗོངས་ཁུལ། ཀྲུང་ཧའེ་མཛེས་ལྗོངས་ཡུལ་སྐོར་ཁུལ། ཆིན་ཧོང་ཐའེ་མཛེས་ལྗོངས་ཡུལ་སྐོར་ཁུལ། ཧོའེ་ཀྲོའུ་མཆོད་ཁང་། ཕུའུ་ཧུའུ་མཛེས་ལྗོངས་ཁུལ། པོ་ཧའེ་རྒྱ་མཚོའི་གསར་བརྗེའི་དྲན་གསོ་ཁང་སོགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)པིན་ཀྲོའུ་ནས་པིན་རྫོང་དུ་བསྒྱུར་པ་དང་། ཝུའུ་ཏིང་ཧྥུ་ནས་ཏའེ་པེ་ཏའོ་རུ་བསྒྱུར། པིན་རྫོང་ནི་ཏའེ་པེ་ཏའོ་རུ་གཏོགས་པ་དང་། སྤྱི་ལོ1914ལོར་ཏའེ་པེ་ཏའོ་ནས་ཅི་ནན་ཧྥུ(ཏའོ)ཡི་ཁོངས་གཏོགས་སུ་བསྒྱུར། སྤྱི་ལོ1926ལོར་ཝུའུ་ཏིང་ཏའོ་ཡི་ཁོངས་གཏོགས་སུ་བསྒྱུར། སྤྱི་ལོ1936ལོར་ཏའོ་མེད་པར་བཟོས།

སྤྱི་ལོ1939ལོར་པིན་རྫོང་ནི་གུང་ཁྲན་ཏང་སྲིད་དབང་གི་ཀྲོན་ཧྲུའུ་ལས་ཁུངས་ཨང་བཞི་པར་གཏོགས་པ་དང་། སྤྱི་ལོ1944ལོའི་ཟླ3པའི་ཚེས1ཉིན་ནས། པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1945ལོའི་ཟླ4པར་པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ6ཀྲོན་ཧྲུའུ4རུ་ཟླ་སྒྲིལ་བཏང་བ་དང་། པིན་རྫོང་ཀྲོན་ཧྲུའུ་བཞི་པའི་ཁོངས་སུ་གཏོགས། སྤྱི་ལོ1946ལོའི་ཟླ6པའི་ཚེས9ཉིན། ཀྲོན་ཧྲུའུ་བཞི་པ་དེ་ཁུན་ལི་ཀྲོན་ཧྲུའུ་རུ་བསྒྱུར་པ་དང་། པིན་རྫོང་ཁུན་ལི་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ5པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཧྲན་ཏུང་ཡན་ལག་ཅུས་ཀྱི《ས་ཁུལ་ཏང་ཨུ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་རིམ་པ་དང་པོའི་ལས་ཁུངས་མེད་པར་བཟོ་རྒྱུ་དང་། ས་ཁུལ་ཏང་ཨུ་དང་ཀྲོན་ཧྲུའུ་ཁག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་ནས། པོ་ཧའེ་སྲིད་འཛིན་ཀུང་ཧྲུའུ་དང་ཁུན་ལི་ཀྲོན་ཧྲུའུ་ཕྱིར་འཐེན་བྱས་ནས་ཧུའུ་མེན་ཀྲོན་ཧྲུའུ་བཙུགས། མངའ་ཁོངས་སུ་རྫོང12ཡོད་པ་དང་། པིན་རྫོང་དང་ཕུའུ་ཐའེ་རྫོང་ཚང་མ་དེའི་ཁོངས་གཏོགས་ཀྱི་རྫོང་ཡིན། ལོ་དེའི་ཟླ7པར་ཕུའུ་ཐའེ་རྫོང་རྨ་ཆུའི་བྱང་རྒྱུད་ཀྱི་གྲོང་ཚོ30པིན་རྫོང་གི་ཁོངས་སུ་བཅུག

སྤྱི་ལོ1956ལོའི་ཟླ3པའི་ཚེས6ཉིན་ཕུའུ་ཐའེ་རྫོང་གི་སྒྲིག་གཞི་ཕྱིར་འཐེན་བྱས།

སྤྱི་ལོ1958ལོའི་ཟླ5པར་པིན་རྫོང་གི་རྫོང་ལས་ཁུངས་པེ་ཀྲེན་དུ་སྤོས། ཟླ12པའི་ཚེས8ཉིན་པིན་རྫོང་ཕྱིར་འཐེན་བྱས་ནས་ཧུའུ་མེན་རྫོང་དུ་ཟླ་སྒྲིལ་བཏང་། དུས་མཚུངས་སུ་པིན་རྫོང་གི་ཡན་ཅ་ཀུང་ཧྲེ(ད་ལྟའི་ལིང་ཚའེ་ཁྲོམ་ལམ་གྱི་དོན་གཅོད་ཁང་གི་གྲོང་ཚོ66)དེ་ལིན་ཧྭ་རྫོང་གི་ཁོངས་སུ་བཅུག ཟླ12པའི་ཚེས29ཉིན་ཧུའུ་མེན་ཀྲོན་ཧྲུའུ་ཕྱིར་འཐེན་བྱས་ནས་ཙི་པོ་ཀྲོན་ཧྲུའུ་དང་ཟླ་སྒྲིལ་བཏང་ནས་ཧུའེ་མེན་རྫོང་གི་ཁོངས་སུ་བསྡུས།

སྤྱི་ལོ1961ལོའི་ཟླ4པར་པིན་རྫོང་གི་སྒྲིག་གཞི་སླར་གསོ་བྱས་པ་དང་། ཟླ4ཚེས10ཉིན་རྫོང་ལས་ཁུངས་པིན་ཁྲེང་དུ་གནས་སྤོ་བྱས། དུས་མཚུངས་སུ་ཡན་ཅ་ཀུང་ཧྲེ་པིན་རྫོང་གི་མངའ་ཁོངས་སུ་ཕྱིར་ལོག ཟླ7པའི་ཚེས9ཉིན། ཞིང་ཆེན་སྲིད་གཞུང་གིས་པིན་རྫོང་གི་སྒྲིག་གཞི་སླར་གསོ་བྱེད་པའི་ཡིག་ཆ་གསབ་སྤྲོད་བྱས། སྤྱི་ལོ1969ལོའི་ཟླ1པོའི་ཚེས17ཉིན། པིན་རྫོང་གི་རྫོང་ལས་ཁུངས་པེ་ཀྲེན་དུ་སྤོས། སྤྱི་ལོ1972ལོའི་ཟླ11པའི་ཚེས20ཉིན། པིན་རྫོང་གི་རྫོང་ལས་ཁུངས་ཞིན་པིན་ཁྲིན་དུ་གནས་སྤར། སྤྱི་ལོ1980ལོའི་ཟླ4པར། པེ་ཀྲེན་ཀུང་ཧྲེ་པེ་ཀྲེན་གྲོང་རྡལ་སྲིད་གཞུང་དུ་བསྒྱུར།

སྤྱི་ལོ1982ལོའི་ཟླ8པའི་ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པིན་ཀྲོའུ་གྲོང་ཁྱེར(རྫོང་རིམ་པ)འཛུགས་པར་ཆོག་མཆན་བཀོད། པིན་རྫོང་གི་པེ་ཀྲེན་གྲོང་རྡལ་གྱི་གྲོང་ཚོ96དང་པོ་ཤིན་རྫོང་གི་ཞའོ་ཡིང་གྲོང་རྡལ་གྱི་གྲོང་ཚོ66དང་། ཚའེ་ཀྲའེ་ཀུང་ཧྲེའི་ཀྲུའུ་ཆོན་ཀོན་ཆུས་ཀྱི་གྲོང་ཚོ13སྲིད་འཛིན་ས་ཁོངས་སུ་བྱས་པ་དང་ཧུའུ་མེན་ས་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1987ལོའི་ཟླ2པའི་ཚེས25ཉིན་པིན་རྫོང་ཕྱིར་འཐེན་བྱས་པ་དང་། དེའི་སྲིད་འཛིན་ས་ཁོངས་པིན་ཀྲོའུ་གྲོང་ཁྱེར་དུ་བགོས། ལོ་དེའི་ཟླ3པའི་ཚེས20ཉིན་དངོས་སུ་ཟླ་སྒྲིལ་བཏང་ནས་གཞུང་དོན་བསྒྲུབས།

སྤྱི་ལོ1989ལོའི་ཟླ12པའི་ཚེས22ཉིན་ཀའོ་ཆིང་རྫོང་གི་ཅུའུ་ཀྲེན་གྲོང་རྡལ་གྱི་གྲོང་ཚོ67པིན་ཀྲོའུ་གྲོང་ཁྱེར་དུ་བགོས།

སྤྱི་ལོ1992ལོའི་ཟླ3པར་ཧུའུ་མེན་ས་ཁུལ་པིན་ཀྲོའུ་ས་ཁུལ་དུ་བསྒྱུར་ཞིང་། སྤྱི་ལོ2000ལོའི་ཟླ6པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པིན་ཀྲོའུ་ས་ཁུལ་དང་རྫོང་རིམ་པའི་པིན་ཀྲོའུ་གྲོང་ཁྱེར་དུ་ས་ཁུལ་རིམ་པའི་པིན་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། རྫོང་རིམ་པའི་པིན་ཀྲོའུ་གྲོང་ཁྱེར་དེ་པིན་ཁྲེང་ཆུས་སུ་མིང་བསྒྱུར་རྒྱུའི་ཆོག་མཆན་བཀོད། སྤྱི་ལོ2000ལོའི་ཟླ12པའི་ཚེས16ཉིན། པིན་ཁྲེང་ཆུས་ཀྱིས་དངོས་སུ་སྒོ་བྱང་བཀལ་ནས་གཞུང་ལས་གཉེར།

3 སྲིད་འཛིན་ཁུལ་དབྱེ།
3_1 དབྱེ་མཚམས་འཕེལ་རིམ།

སྤྱི་ལོ1982ལོའི་ཟླ8པའི་ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་བཀྲམ་ནས་པིན་རྫོང་གི་པེ་ཀྲེན(ཁོངས་གཏོགས་གྲོང་ཚོ96)དང་པོ་ཞིན་རྫོང་ཞའོ་ཡིང་ཀུང་ཧྲེའི་གྲོང་ཚོ66 ཀྲུའུ་ཆོན་ཀོན་ཆུས་ཀྱི་གྲོང་ཚོ13 ཁྱོན་བསྡོམས་པའི་རང་བྱུང་གྲོང་ཚོ175པིན་ཀྲོའུ་གྲོང་ཁྱེར(རྫོང་རིམ་པ)དུ་བགོས། དེའི་ཁོངས་སུ་ཕེང་ལི་ཡུལ་ཚོ་དང་། ཀུའོ་ཅི་ཡུལ་ཚོ། ཕུའུ་ཧྲི་གྲོང་ཁྱེར། ཞའོ་ཡིང་གྲོང་རྡལ་བཅས་ཡོད་པ་དང་། གྲོང་ཁྱེར་ནང་དུ་པེ་ཀྲེན་དང་། ཧྲི་ཀྲུང་། ཧྲི་ཞི་བཅས་ཀྱི་སྲང་ལམ་དོན་གཅོད་ཁྲུའུ3(རང་བྱུང་གྲོང་ཚོ10ཚུད་པ)ཡོད་ཅིང་། བསྡོམས་པས་སྲིད་འཛིན་གྲོང་ཚོ184དང་ཐོན་སྐྱེད་རུ་ཁག453ཡོད།

སྤྱི་ལོ1987ལོའི་ཟླ3པའི་ཚེས20ཉིན་པིན་རྫོང་པིན་ཀྲོའུ་གྲོང་ཁྱེར་དང་ཟླ་སྒྲིལ་བཏང་ཞིང་། མངའ་ཁོངས་སུ་པིན་ཀྲོའུ་གྲོང་རྡལ་དང་། ཏུའུ་ཏན་གྲོང་རྡལ། ལི་ཙེ་གྲོང་རྡལ། པའོ་ཅི་གྲོང་རྡལ། ཞའོ་ཡིང་གྲོང་རྡལ། དབྱང་ཅི་ཡུལ་ཚོ། ཧྲང་ཏན་ཡུལ་ཚོ། ཀྲང་ཅི་ཡུལ་ཚོ། ཏན་སི་ཡུལ་ཚོ། ལེང་ཚའེ་ཡུལ་ཚོ། ཕེང་ལི་ཡུལ་ཚོ། ཕུའུ་ཁྲེང་ཡུལ་ཚོ། ཀུའོ་ཅི་ཡུལ་ཚོབཅས་བསྡོམས་པའི་གྲོང་རྡལ5དང་། ཀོན་ཆུས38ཡོད་པ་དེ་དག་སོ་སོར་གྲོང་ཚོ838དང་གྲོང་མིའི་ཨུ་ཡོན་ལྷན་ཁང823ཡོད། གྲོང་ཁུལ་དུ་པེ་ཀྲེན་དང་། ཧྲི་ཀྲོང་། ཧྲི་ཞི་བཅས་ཀྱི་ཁྲོམ་ལམ་དོན་གཅོད་ཁྲུའུ3བཙུགས་པ་དང་། དེའི་ཁོངས་གཏོགས་སུ་གྲོང་ཚོ10དང་གྲོང་མིའི་ཨུ་ཡོན་ལྷན་ཁང46ཡོད།

སྤྱི་ལོ1989ལོའི་ཟླ12པའི་ཚེས22ཉིན། ཀའོ་ཆིང་རྫོང་གི་ཅུའུ་ཀྲེན་གྲོང་རྡལ་དེ་པིན་ཀྲོའུ་གྲོང་ཁྱེར་ལ་བགོས། སྤྱི་ལོ1990ལོར་པིན་ཀྲོའུ་གྲོང་ཁྱེར་གྱིས་སྲིད་འཛིན་ཁུལ་དབྱེ་བྱས་ནས་དོན་གཅོད་ཁྲུའུ3(པེ་ཀྲེན་དང་། ཧྲི་ཀྲོང་། ཧྲི་ཞི)དང་། ཡུལ་ཚོ8(དབྱང་ཅི་ཡུལ་ཚོ་དང་། ཧྲང་ཏན་ཡུལ་ཚོ། ཀྲང་ཅི་ཡུལ་ཚོ། ཏན་སི་ཡུལ་ཚོ། ལིང་ཚའེ་ཡུལ་ཚོ། ཕེང་ལི་ཡུལ་ཚོ། ཕུའུ་ཁྲེང་ཡུལ་ཚོ། ཀུའོ་ཅི་ཡུལ་ཚོ) གྲོང་རྡལ6(པིན་ཁྲེང་གྲོང་རྡལ་དང་། ཏུའུ་ཏེན་གྲོང་རྡལ། ལི་ཙེ་གྲོང་རྡལ། པའོ་ཅི་གྲོང་རྡལ། ཞའོ་ཡིང་གྲོང་རྡལ། ཅུའུ་ཀྲེན་གྲོང་རྡལ) རང་བྱུང་གྲོང་ཚོ་891དང་གྲོང་ཚོ་ཨུ་ཡོན་ལྷན་ཁང919ཡོད།

སྤྱི་ལོ1994ལོའི་ཟླ6པར། ཀུའོ་ཅི་ཡུལ་ཚོ་ཕྱིར་འཐེན་བྱས་ནས་ཧྲི་ཏུང་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས་ཤིང་། སྤྱི་ལོ1995ལོའི་ཟླ11པར། ཕེང་ལི་ཡུལ་ཚོ་ཕྱིར་འཐེན་བྱས་ནས་ཕེང་ལི་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས། སྤྱི་ལོ1998ལོའི་ཟླ3པར་ཕུའུ་ཁྲེང་ཡུལ་ཚོ་ཕྱིར་འཐེན་བྱས་ནས་ཕུའུ་ཁྲེང་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས། སྤྱི་ལོ2001ལོའི་ཟླ3པར། ཀྲང་ཅི་ཡུལ་ཚོ་དང་པིན་ཁྲིན་གྲོང་རྡལ་གཉིས་ཟླ་སྒྲིལ་བཏང་ནས་པིན་པེ་གྲོང་རྡལ་བཙུགས་པ་དང་། ཧྲང་ཏེན་ཡུལ་ཚོ་དང་དབྱང་ཅི་ཡུལ་ཚོ་གཉིས་ཟླ་སྒྲིལ་བཏང་ནས་ཧྲང་ཅི་ཡུལ་ཚོ་བཙུགས། སྤྱི་ལོ2001ལོའི་ཟླ4པར། ཏུའུ་ཏེན་གྲོང་རྡལ་དེ་པིན་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་མངའ་འོག་ཏུ་བཅུག སྤྱི་ལོ2005ལོའི་ཟླ2པར་པིན་པེ་གྲོང་རྡལ་དེ་པིན་པེ་ཁྲོམ་ལམ་དོན་གཅོད་ཁྲུའུ་རུ་བསྒྱུར་བ་དང་། ལེང་ཚའེ་ཡུལ་ཚོ་ལེང་ཚའེ་ཁྲོམ་ལམ་དོན་གཅོད་ཁྲུའུ་རུ་བསྒྱུར། ལི་ཙེ་གྲོང་རྡལ་དེ་ལི་ཙེ་ཁྲོམ་ལམ་དོན་གཅོད་ཁྲུའུ་རུ་བསྒྱུར་ཞིང་། ཞའོ་ཡིང་གྲོང་རྡལ་དེ་ཞའོ་ཡིང་ཁྲོམ་ལམ་དོན་གཅོད་ཁྲུའུ་རུ་བསྒྱུར། ཕུའུ་ཁྲེང་ཁྲོམ་ལམ་དོན་གཅོད་ཁྲུའུ་ཧྲི་ཀྲུང་ཁྲོམ་ལམ་དོན་གཅོད་ཁྲུའུ་རུ་ཟླ་སྒྲིལ་བཏང་། སྤྱི་ལོ2005ལོའི་ཟླ12པའི་ཚེས31ཉིན་ལི་ཙེ་ཁྲོམ་ལམ་དོན་གཅོད་ཁྲུའུ་པིན་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་དོ་དམ་བྱས་ཤིང་། སྤྱི་ལོ2006ལོར་ཏན་སི་ཡུལ་ཚོ་ཆིན་ཧོང་ཐའེ་ཡུལ་ཚོར་བསྒྱུར། སྤྱི་ལོ2009ལོའི་ཟླ8པར་ཞའོ་ཡིང་ཁྲོམ་ལམ་དང་ཅུའུ་ཀྲེན་གྲོང་རྡལ་དེ་པིན་ཀྲོའུ་ཡི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ་བཅུག སྤྱི་ལོ2009ལོའི་ཟླ11པར་པའོ་ཅི་གྲོང་རྡལ་སན་ཧོ་གྲོང་རྡལ་དུ་བསྒྱུར། སྤྱི་ལོ2010ལོར་ཧྲང་ཅི་ཡུལ་ཚོ་མེད་པ་བཟོས་ནས་དབྱང་ལིའུ་ཞུའེ་གྲོང་རྡལ་བཙུགས། སྤྱི་ལོ2017ལོའི་ལོ་མཇུག་ཏུ་སླེབས་སྐབས་པིན་ཁྲེང་ཆུས་མངའ་ཁོངས་སུ་ཧྲི་ཏུང་དང་། ཧྲི་ཀྲུང་། ཧྲི་ཞི། ཕེང་ལི། པེ་ཀྲེན། པིན་པེ། ལེང་ཚའེ་བཅས་ཁྲོམ་ལམ་དོན་གཅོད་ཁྲུའུ7དང་། སན་ཧོ་ཧུའུ་དང་དབྱང་ལིའུ་ཞུའེ་གྲོང་རྡལ2 ཆིན་ཧོང་ཐའེ་ཡུལ་ཚོ1བཅས་ཁྱོན་བསྡོམས་པའི་ཡུལ་ཚོ་རིམ་པའི་ཆབ་སྲིད་ཁུལ10དང་། (དབྱང་ལིའུ་ཞུའེ་གྲོང་རྡལ་ཏའེ་ཀོན་པིན་ཀྲོའུ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གྲོང་ལྷན3)སྲིད་འཛིན་གྲོང་ཚོ602བཅས་ཚུད་ཡོད།

3_2 ཞིབ་ཕྲའི་གནས་ཚུལ།

སྤྱི་ལོ2018ལོའི་བར་དུ་པིན་ཁྲེང་ཆུས་ཀྱི་གཤམ་འོག་ཏུ་ཁྲོམ་ལམ12དང་། གྲོང་རྡལ2 ཡུལ་ཚོ1བཅས་ཡོད། པིན་ཁྲེང་ཆུས་མི་དམངས་སྲིད་གཞུང་ཧྲི་ཀྲོང་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

4 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་པིན་ཁྲེང་ཆུས་ཀྱི་ཁྱིམ་ཐོའི་མི་འབོར་ཁྲི51.5093ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི5381འཕར་ཡོད་ལ། ཆུས་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི52.67ཡོད་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི40.57ཡོད་པ་དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད77.02%ཟིན་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེས་ཚད12.38‰ཡིན་ཞིང་། མི་འབོར་ཤི་ཚད5‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད7.38‰ཡིན།

5 དཔལ་འབྱོར།

སྤྱི་ལོ2018ལོར་པིན་ཁྲེང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར447.98ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས5.7%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར15.04ཟིན་པ་དེ་ལོ་སྔོན་མ་ལས3.7%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར201.42ཟིན་པ་དེ་ལོ་སྔོན་མ་ལས10.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར231.52ཟིན་པ་དེ་ལོ་སྔོན་མ་ལས1.7%འཕར་ཡོད། ཐོན་ལས་ཀྱི་བསྡུར་ཚུལ་དེ་ལོ་གོང་མའི3.01:43.18:53.81ནས3.36:44.96:51.68བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར85143ཟིན་པ་དེ་ལོ་སྔོན་མ་ལས5.3%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།