ཅའོ་ཅང་ཆུས།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:41ལ་འགྲུབ།

ཅའོ་ཅང་ཆུས།

ཅའོ་ཅང་ཆུས།
ཅའོ་ཅང་ཆུས་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་ཞིང་། ཀྲེ་ཅང་ཞིང་ཆེན་མཚོ་རྒྱུད་དབུས་རྒྱུད་ཐའེ་ཀྲོའུ་མཚོ་ཁུག་གི་འཛུལ་སྒོ་རུ་གནས་ཤིང་། མིང་རྙིང་ལ“མཚོ་སྒོ(海门)”ཞེས་འབོད་པ་དང་ཐའེ་ཀྲོའུ་གྲོང་ཁུལ་གཙོ་བོ་ཡིན། སྤྱི་ལོ1981ལོར་གྲོང་ཁྱེར་བཙུགས་པ་དང་། ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཧའེ་མོན་གྲོང་ཁྱེར་དང་མིང་གཅིག་པའི་རྐྱེན་གྱིས་ཅའོ་ཅང་ཞེས་པར་བསྒྱུར་ཞིང་། ཅའོ་ཅང་གཙང་པོ་འཕྲེད་དུ་གྲོང་ཁྱེར་གྱི་མངའ་ཁོངས་བརྒལ་བས་ན་མིང་དེ་ལྟར་བཏགས། ཀྲེ་ཅང་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་དང་པོ་ཡིན། ཅའོ་ཅང་ཆུས་ཀྱི་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ80དང་། མཚོ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1604དང་མཚོ་འགྲམ་གྱི་རིང་ཚད་ལ་སྤྱི་ལེ51.4བཅས་ཡོད་ཅིང་། ཁོངས་གཏོགས་སུ་སྲང་ལམ8དང་། གླིང་ཚོམས་གྲོང་རྡལ1 ཞིང་ར1 ཉ་ལས་སྤྱི་ཁྱབ་ཀུང་སི1བཅས་ཡོད་པ་དང་སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི53.92ཟིན་ཡོད་པ་རེད། སྤྱི་ལོ2013ལོར་ཅའོ་ཅང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར403.86ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.4%འཕར་བ་དང་། ཅའོ་ཅང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནང་ཅང་ཧྲན་གླིང་ཕྲན་བཅིངས་འགྲོལ་གཏོང་བའི་དམག་འཁྲུག་གི་དྲན་གསོ་བྱ་ཡུལ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་གྱི་ཕུལ་བྱུང་མཛེས་ལྗོངས་ཁུལ་བརྒྱའི་གྲས་་ཡིན་པ་དང་། ཐའེ་ཀྲོའུ་རྒྱ་མཚོའི་གླིང་ནི་ཀྲུང་གོ་རྒྱལ་ཁབ་དང་ཀྲེ་ཅང་ཞིང་ཆེན་གྱི་རྒྱ་མཚོའི་འགྲེམས་ཁང་ཆེ་ཤོས་དེ་རེད། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་ཆུས་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ་བཅས་སུ་བདམས་པ་རེད། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་གཞི་ལོན་པའི་རྫོང(ཆུས)ཁག་གཉིས་པར་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
椒江区
མིང་གཞན།
海门
ཕྱི་ཡིག་གི་མིང་།
Jiaojiang District
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ280ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས།
མི་འབོར།
ཁྲི67.5(2016ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ8དང་གྲོང་རྡལ1ཞིང་ར1བཅས་ཡོད།
རླངས་འཁོར་ཚབ་ཨང་།
浙J
ས་ཁོངས་ཁ་པར་ཨང་རྟགས།
0576
མེ་འཁོར་ས་ཚིགས།
ཐའེ་ཀྲོའུ་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
318000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331002
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ6པར་ཧའེ་མོན་བཅིངས་འགྲོལ་བཏང་རྗེས། ཐའེ་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་ནི་ཐད་ཀར་ཧའེ་མོན་ཁུལ་དུ་གཏོགས་པ་ཡིན།    

སྤྱི་ལོ1958ལོའི་ཟླ10པར། ཧའེ་མོན་དང་ཧུང་ཅ་ཆུས་གཉིས་ཟླ་སྒྲིལ་བཏང་ནས་ཧའེ་མོན་མི་དམངས་ཀུང་ཧྲེ་བཙུགས། དེའི་ཁོངས་གཏོགས་སུ་རུ་ཆེན(དོ་དམ་ཁུལ)7དང་ཉ་ལས་ཆེད་ལས་རུ་ཆེན1ཡོད།     སྤྱི་ལོ1960ལོའི་ལོ་འགོར། དེ་སྔའི་ཧུང་ཅ་ཁུལ་དབྱེ་འབྱེད་བྱས་པ་དང་། ཟླ5པར་ཏ་ཁྲེན་གྲོང་རྡལ་ཧའེ་མོན་ནས་ཕྱིར་བཏོན།    སྤྱི་ལོ1961ལོའི་ཟླ6པར་ཧའེ་མོན་མི་དམངས་ཀུང་ཧྲེ་མེད་པར་བཟོས་པ་དང་། ཧའེ་མོན་ཁུལ་ཀུང་སུའོ་སླར་གསོ་བྱས། དེའི་མངའ་འོག་ཏུ་མི་དམངས་ཀུང་ཧྲེ4ཡོད།   སྤྱི་ལོ1969ལོར་ཧའེ་མོན་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། སྤྱི་ལོ1979ལོའི་ཟླ5པར། ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་ཆུས་ཀུང་སུའོ་སླར་གསོ་བྱས།     སྤྱི་ལོ1980ལོའི་ཟླ7པར། ཧོང་ཡན་རྫོང་བླངས་ཏེ་ཧའེ་མོན་དམིགས་བསལ་ས་ཁུལ་བཙུགས་པ་དང་། སྤྱི་ལོ1981ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་ཅའོ་ཅང་གྲོང་ཁྱེར་བཙུགས་ཏེ་ཀྲེ་ཅང་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་དང་པོ་ཡིན།     སྤྱི་ལོ1994ལོར་ཐའེ་ཀྲོའུ་གྲོང་ཁྱེར་ཅའོ་ཅང་དུ་བཙུགས་པ་དང་།རིམ་གྱིས་ཅའོ་ཅང་གྲོང་ཁྱེར་མེད་པར་བཟོས་ནས་ཐའེ་ཀྲོའུ་གྲོང་ཁྱེར་ཅའོ་ཅང་ཆུས་སུ་བསྒྱུར།     སྤྱི་ལོ2003ལོར་ཅའོ་ཅང་ཆུས་ཀྱི་ཁོངས་གཏོགས་སུ་ཧའེ་མོན་སྲང་ལམ་དང་། པའེ་ཡུན་སྲང་ལམ། ཧུང་ཅ་སྲང་ལ་། ཞ་ཁྲེན་སྲང་ལམ། སན་ཅ་སྲང་ལམ། ཀྲང་ཨན་སྲང་ལམ། ཆན་སུའོ་སྲང་ལམ། ཏ་ཁྲེན་གྲོང་རྡལ། ཅའོ་ཅང་རྒྱ་མཚོ་ཉ་ལས་སྤྱི་ཁྱབ་ཀུང་སི། ཅའོ་ཅང་ཞིང་ར་བཅས་ཡོད།

2 སྲིད་འཛིན་ཁོངས་བགོས།

ཅའོ་ཅང་ཆུས་སུ་སྲང་ལམ8དང་། གྲོང་རྡལ1 སྡེ་ཁུལ27 སྡོད་དམངས་ཁུལ6 སྲིད་འཛིན་གྲོང་ཚོ275བཅས་ཡོད་དེ།     ཧའེ་མོན་སྲང་ལམ་དང་། པེ་ཡུན་སྲང་ལམ། ཡོན་ཏན་སྲང་ལམ། ཧོང་ཅ་སྲང་ལམ། ཀྲང་ཨན་སྲང་ལམ། ཞ་ཁྲིན་སྲང་ལམ། སན་ཅ་སྲང་ལམ། ཆན་སུའོ་སྲང་ལམ། ཏ་ཁྲེན་གྲོང་རྡལ། ཅའོ་ཅང་རྒྱ་མཚོ་ཉ་ལས་སྤྱི་ཁྱབ་ཀུང་སི། ཅའོ་ཅང་ཞིང་ར་བཅས་སོ།།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཅའོ་ཅང་ནི་ཤར་གྱི་གཞུང་ཐིག 121°21’24"~121°32’02"(ཆེས་ཤར་གྱི་གླིང་ཕྲན་གྱི་གནས་སུ121°55’10")གནས་པ་དང་། སྐམ་ཁོངས་ས་མཚམས་ཀྱི་འཕྲེད་ཐིག་བྱང་མ 28 °34’25"~2°846’53"(ཆེས་ལྷོ་མཐའི་གླིང་ཕྲན་གྱི་གནས་སུ28°23’24")ཤར་ནས་ཤར་གྱི་རྒྱ་མཚོ་དང་འབྲེལ་ཅིང། ནུབ་ནས་ཧོང་ཡན་འབྲེལ་ཡོད། བྱང་ནས་ལིན་ཧའེ་ལ་ཉེ། སྐམ་སའི་ཤར་ནུབ་ཀྱི་ཞེང་ཚད་སྤྱི་ལེ18.8དང་ལྷོ་བྱང་གི་རིང་ཚད་སྤྱི་ལེ23.0ཡོད།

3_2 ས་དབྱིབས།

ཅའོ་ཅང་གི་ས་ཁོངས་ནི་ཀྲེ་ཅང་ཤར་ཕྱོགས་ཀྱི་ཆེས་ཆེ་བའི་ཝུན་ཧོང་བདེ་ཐང་གི་བྱང་ཕྱོགས་སུ་གཏོགས། ས་དབྱིབས་ཀྱི་རིགས་གཙོ་བོ་ནི་མཚོ་རྒྱུད་ཀྱི་མཚོ་བསགས་བདེ་ཐང་ཡིན་པ་དང་། ས་ཞིང་གིས་སྤྱིའི་རྒྱ་ཁྱོན་གྱི65%ཟིན་ཡོད། དེའི་་བྱིངས་རི་མ་ཐང་དམའ་བ། གྲམ་ཐང་། མཚོ་གླིང་བཅས་ཡིན།

3_3 ནམ་ཟླ།

ཅའོ་ཅང་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ཁུལ་དུ་གཏོགས་པ་དང་། གནམ་གཤིས་ལ་རྒྱ་མཚོའི་ཆུ་ཡིས་སྙོམ་སྒྲིག་བྱེད་ཀྱི་ཡོད་པ་དང་། འཕྲེད་ཐིག་གཅིག་མཚུངས་ཀྱི་སྐམ་སའི་ནང་ལོགས་ས་ཁུལ་དང་བསྡུར་ན་བརླན་གཤེར་ཆེ་བ་རེད། དུས་བཞི་གསལ་བ་དང་། ཆར་ཆུ་འབེལ་བ། ཚ་བ་རྒྱས་པ། ཆར་བ་འབབ་དུས་གཅིག་ཡིན་པ། དབྱར་དུས་ཀྱི་ཚ་གདུག་ཆེ་བ། དགུན་དུས་གྲང་ངར་ཆེ་བ། ལོ་རེའི་ཆ་སྙོམས་དྲོད་ཚད17.0℃ཡིན་པ་དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད6.1℃ཡིན་པ་རེད། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད27.8℃ཡིན་ཞིང་སད་མེད་དུས་ཡུན་ཉིན257ཡིན།

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི54.28ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.77མང་དུ་ཕྱིན་ནས1.4%འཕར་ཡོད། དེའི་ནང་སྐྱེས་པའི་མི་འབོར་ཁྲི27.21དང་། བུད་མེད་ཀྱི་མི་འབོར་ཁྲི27.06ཕོ་མོའི་ཕོ་མོའི་བསྡུར་ཚད་(བུད་མེད100)ལོ་གོང་མའི་ལོ་མཇུག་གི100.9:100ནས100.6:100བར་ཆག་ཡོད། ལོ་ཧྲིལ་པོར་མི7573སྐྱེས་པ་དང་། སྐྱེ་ཚད14.05‰ཡིན་ལ་མི3203ཤི་བ་དང་། ཤི་ཚད5.94‰ཟིན་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད8.11‰ཡིན་པ་བཅས་རེད། ལོ་ཧྲིལ་པོར་ཁྱོན་མི4517གནས་སྤོས་ཟིན་པ་དེ་ལོ་གོང་མ་ལས25.0%འཕར་བའི་ནང་ཞིང་ཆེན་ནང་ཁུལ་གྱི་མི2554གནས་སྤོས་ཟིན་པ་དང་ཞིང་ཆེན་ཕྱིར་མི་1963གནས་སྤོས་བྱས་པ་དང་། བསྡོམས་པས་མི1885གནས་སྤོས་བྱས་ཤིང་། ལོ་སྔོན་མ་ལས21.0 %འཕར་སྣོན་བྱུང་། དེའི་ཁྲོད་ནས་ཞིང་ཆེན་ནང་ཁུལ་གྱི་མི1190གནས་སྤོས་བྱས་པ་དང་། ཞིང་ཆེན་ཕྱི་ལ་མི695གནས་སྤོས་བྱས།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཅའོ་ཅང་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར551.18ཟིན་པ་དེ་ལོ་གོང་མ་ལས6.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར21.20ཟིན་ནས0.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར236.54ཡིན་པས10.1%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར293.45ཟིན་ནས4.0%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ3.8:42.9:53.3ཡིན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར102274ཟིན་ནས་ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ལ་ཕབ་ན་ཨ་སྒོར15148ཟིན་པ་དེ་ལོ་གོང་མ་ལས5.2%འཕར་ཡོད།     ལོ་ཧྲིལ་པོར་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་ལོ་གོང་མ་ལས2.4%འཕར་བའི་ནང་ཞབས་ཞུའི་རྣམ་གྲངས་ཀྱི་རིན་གོང3.7%འཕར་བ་དང་འཛད་རྫས་ཀྱི་རིན་གོང1.5%འཕར་ཡོད།

6 སྤྱི་ཚོགས་ལས་དོན།
6_1 ཚན་རྩལ།

སྤྱི་ལོ2017ལོ་བར་ཅའོ་ཅང་ཆུས་སུ་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས14དང་ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང69མང་དུ་ཕྱིན་ཡོད། ཞིང་ཆེན་རིམ་པའི་ཐོན་རྫས་གསར་པ་ཚོད་བཟོ་བྱེད་པའི་འཆར་གཞིའི་རྣམ་གྲང་27གསར་སྣོན་བྱས་ཡོད། སྤྱི་ལོ2017ལོར་ཆུས་ཡོངས་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད4836ཟིན་པ་དེ་ལོ་གོང་མ་ལས60མང་དུ་བཏང་བའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ1072ཡོད་པ་དེ་ལོ་གོང་མ་ལས311མང་དུ་ཕྱིན་པ་དང་། ཁེ་བེད་བདག་ཐོབ་སྤྲོད་གྲངས3210ཟིན་པ་དེ་ལོ་གོང་མ་ལས400ཉུང་དུ་ཕྱིན་པའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་སྤྲོད་དབང364ཡོད་པ་དེ་ལོ་གོང་མ་ལས51འཕར་ཡོད་པ་རེད།

6_2 སློབ་གསོ།

སྤྱི་ལོ2017ལོ་བར་ཅའོ་ཅང་ཆུས་སུ་བུ་བཅོལ་ཁང160ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ་ཁྲི2.66ཡོད་པ་དང་། སློབ་ཆུང་དཀྱུས་མ20ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.97ཡོད་པ་རེད། དམའ་རིམ་སློབ་འབྲིང17ལ་སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.77ཡོད་པ་དང་། ལས་རིགས་སློབ་འབྲིང1དང་སློབ་གྲྭར་ཡོད་པའི་སློབ་མ5722ཡོད། སློབ་ཞུགས་གོང་གི་ལོ་གསུམ་ནང་བུ་བཅོལ་ཁང་དུ་ཞུགས་ཚད99.03%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་ལེགས་གྲུབ་བྱུང་ཚད100.0%ཟིན་པ་རེད། ལོ་བཅོ་ལྔའི་སློབ་གསོ་ཁྱབ་གདལ་གཏོང་ཚད99.78%ཟིན་ཡོད།

6_3 འཕྲོད་བསྟེན།

སྤྱི་ལོ2017ལོ་བར་ཅའོ་ཅང་ཆུས་སུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས382ཡོད་པའི་ནང་སྨན་ཁང་དང་། འཕྲོད་བསྟེན་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས30ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་མཇུག་ཏུ་ཉལ་ཁྲི3444ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས34འཕར་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ6488ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི374འཕར་བ་དེའི་ནང་སྨན་པ2670དང་ཐོ་འགོད་བྱས་པའི་ནད་གཡོག2881ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་ སོ་སོར་མི258དང330འཕར་ཡོད།

6_4 ལུས་རྩལ།

སྤྱི་ལོ2017ལོ་བར་ཅའོ་ཅང་ཆུས་ཀྱི་ལུས་རྩལ་པ་འགྲན་བསྡུར་ཁག་ནང་ཞུགས་ནས་རྒྱལ་ཡོངས་ཀྱི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ14དང་། དངུལ་གྱི་རྟགས་མ་21 ཟངས་ཀྱི་རྟགས་མ13བཅས་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་གསེར་གྱི་རྟགས་མ6དང་། དངུལ་གྱི་རྟགས་མ13 ཟངས་ཀྱི་རྟགས་མ10བཅས་ཐོབ་ཡོད།

7 འགྲིམ་འགྲུལ་སྐྱེལ་འདྲེན།

ལོ་ཧྲིལ་པོར་འཕར་ཐང་སྒོར་དུང་ཕྱུར20.06ཟིན་པ་དེ་སྔ་ལོ་ལས8.4%འཕར་ཡོད། ལོ་ཧྲིལ་པོར་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར601.92ཟིན་ནས་སྔ་ལོ་ལས23.5%འཕར་ཡོད། དེའི་ནང་གཞུང་ལམ་སྐྱེལ་འདྲེན་སྤྱི་ལེ་ཏུན་དུང་ཕྱུར25.07ཟིན་ནས22.4%འཕར་བ་དང་། ཆུ་ཐོག་སྐྱེལ་འདྲེན་སྤྱི་ལེ་ཏུན་དུང་ཕྱུར576.85ཟིན་ནས24.0%འཕར་བ་རེད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་ཁྲི4.09ཟིན་པ་དེ་སྔ་ལོ་ལས16.0%ཆག་ཡོད། ལོ་ཧྲིལ་པོར་ཧའེ་མོན་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲ་1369ཟིན་པ་དེ་ལོ་གོང་མ་ལས1.2%ཆག་པའི་ནང་དོས་སྒམ་འདོན་འཇུག་བྱེད་ཚད་ཏུན་ཁྲི143ཟིན་ནས་ལོ་གོང་མ་ལས28.8%འཕར་ཡོད། ལོ་མཇུག་ཏུ་ལྗོངས་ཡོངས་སུ་སྒེར་གྱི་རླངས་འཁོར་བདག་ཚད་ཁྲི17.08ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་རླངས་འཁོར་ཁྲི1.26འཕར་ཡོད།

སྤྱི་ལོ2012ལོར་ཅའོ་ཅང་ཆུས་ཀྱི་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱིས་དངོས་ཟོག་སྐྱེལ་འདྲེན་གྱི་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་དུང་ཕྱུར406.58ཟིན་ཡོད། དེའི་ནང་གཞུང་ལམ་སྐྱེལ་འདྲེན་ཏུན་དུང་ཕྱུར14.03ཟིན་པ་དང་། ཆུ་ཐོག་སྐྱེལ་འདྲེན་སྤྱི་ལེ་དུང་ཕྱུ་392.55ཟིན་ཡོད། ཅའོ་ཅང་ཆུས་ཀྱི་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་དུང་ཕྱུར8.85ཟིན་ཡོད། དེའི་ནང་གཞུང་ལམ་སྐྱེལ་འདྲེན་སྤྱི་ལེ་དུང་ཕྱུར8.80ཟིན་ཡོད། ཅའོ་ཅང་ཆུས་ཀྱི་རྒྱ་མཚོའི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི1602ཟིན་ཡོད། དེའི་ནང་དོས་སྒམ་འདོན་འཇུག་བྱེད་ཚད་ཏུན་ཁྲི112ཟིན་ཡོད། ལོ་མཇུག་ཏུ་གཡེར་མའི་ཁུལ་གྱི་དམངས་སྤྱོད་རླངས་འཁོར་ཁྲི10.04ཟིན་ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་ཆུས་བརྒྱ་དང་། སྤྱི་ལོ2018ལོའི་ཟླ10པར། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཆུས་བརྒྱ་དང་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་རུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཆེའི་ཆུས་བརྒྱ་རུ་བདམས། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེའི་ཆུས་བརྒྱ་དང་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་ཆུས་བརྒྱ་རུ་བདམས་པ་རེད། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཀྱི་ཕུལ་བྱུང་གི་ཆུས་བརྒྱ། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཚོད་ལྟའི་རྫོང(ཆུས)གི་མིང་ཐོར་བདམས་པ་རེད། སྤྱི་ལོ2019ལོའི་ཟླ11པར། ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་གཉིས་པར་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།