སྤྱི་ལོ1949ལོའི་ཟླ10པའི་ཚེས10ཉིན། ཀྲོན་ཆུས་དྲུག་པ་དེ་ཐའེ་ཀྲོའུ་ཀྲོན་ཆུས་སུ་བསྒྱུར་ཞིང་། ལིན་ཧའེ་རྫོང་དུ་བཅའ་སྡོད་བྱས་པ་དང་། དེའི་ཁོངས་སུ་ལིན་ཧའེ་དང་། ཧོང་ཡན། ཐེན་ཐའེ། ཞན་ཅུས། ཝུན་ལིང་། སན་མོན། ཉིང་ཧའེ་བཅས་རྫོང7དང་ལིན་ཧའེ་ཁྲེང་ཀོན་དང་ཧའེ་མོན་ཐད་གཏོགས་ཁུལ་གཉིས་ཡོད། ཡུས་ཧོན་རྫོང་ཁོངས་ནི་ཝུན་ཀྲོའུ་ཀྲོན་ཆུས་སུ་གཏོགས་པ་ཡིན།
སྤྱི་ལོ1950ལོའི་ཟླ5པར་ལིན་ཧའེ་ཁྲེང་ཀོན་ཐད་གཏོགས་ཁུལ་མེད་པར་བཟོས་ནས་ལིན་ཧའེ་རྫོང་ལ་སྤྲད།
སྤྱི་ལོ1954ལོའི་ཟླ5པར། ཐའེ་ཀྲོའུ་ཀྲོན་ཆུས་མེད་པར་བཟོས་ཤིང་། ལིན་ཧའེ་དང་ཐེན་ཐའེ། སན་མོན་བཅས་རྫོང3ཉིང་པོ་ཀྲོན་ཆུས་སུ་གཏོགས་པ་དང་། ཧོང་ཡན་དང་ཝུན་ལིང་། ཞན་ཅུས་བཅས་རྫོང་3དང་ཧའེ་མོན་ཐད་གཏོགས་ཁུལ་དེ་ཝུན་ཀྲོའུ་ཀྲོན་ཆུས་སུ་གཏོགས།
སྤྱི་ལོ1956ལོའི་ཟླ3པར། ཞན་ཅུས་རྫོང་ཉིང་པོ་ཀྲོན་ཆུས་སུ་བསྒྱུར་བ་དང་། ཧའེ་མོན་ཐད་གཏོགས་ཁུལ་མེད་པར་བཟོས།
སྤྱི་ལོ1957ལོའི་ཟླ7པར་ཐའེ་ཀྲོའུ་ཀྲོན་ཆུས་སུ་བསྐྱར་དུ་བཙུགས་པ་དང་། དེའི་ཁོངས་སུ་ལིན་ཧའེ་དང་། ཧོང་ཡན། ཝུན་ལིང་། ཐེན་ཐའེ། ཞན་ཅུས། སན་མོན། ཉིང་ཧའེ་བཅས་རྫོང7ཡོད། སྤྱི་ལོ1958ལོའི་ཟླ10པར། སན་མོན་རྫོང་མེད་པར་བཟོས་ནས་ལིན་ཧའེ་རྫོང་དུ་ཟླ་སྒྲིལ་བཏང་བ་དང་། ཉིང་ཧའེ་རྫོང་མེད་པར་བཟོས་པ་དང་། ཏུང་ཐོའུ་རྫོང་བསྐྱར་དུ་ཡུས་ཧོན་རྫོང་དུ་ཟླ་སྒྲིལ་བཏང་ནས་སྔར་བཞིན་ཝུན་ཀྲོའུ་ཀྲོན་ཆུས་སུ་གཏོགས།
སྤྱི་ལོ1958ལོའི་ཟླ12པར། ཐའེ་ཀྲོའུ་ཀྲོན་ཆུས་མེད་པ་བཟོས་པ་དང་ཐེན་ཐའེ་རྫོང་ཉིང་པོ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་ལིན་ཧའེ་དང་། ཞན་ཅུས། ཧོང་ཡན། ཝུན་ལིང་བཅས་རྫོང4ཝུན་ཀྲོའུ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་ཡོད།
སྤྱི་ལོ1959ལོའི་ཟླ4བར། ཀྲུང་གུང་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གིས་ཡུས་ཧོན་རྫོང་མེད་པར་བཟོ་དགོས་པའི་བརྡ་སྦྱོར་བཏང་། ཁོངས་གཏོགས་ཀྱི་ས་ཁོངས་དེ་ཝུན་ལིན་རྫོང་དང་ཝུན་ཀྲོའུ་གྲོང་ཁྱེར་གཉིས་སུ་བགོས་པར་མ་ཟད། ཟླ4པར་དངོས་སུ་ལག་བསྟར་བྱས།
སྤྱི་ལོ1962ལོའི་ཟླ4པར། ཐའེ་ཀྲོའུ་ཀྲོན་ཆུས་བསྐྱར་དུ་བཙུགས་པ་མ་ཟད། སན་མོན་རྫོང་དང་ཡུས་ཧོན་རྫོང་བསྐྱར་དུ་བཙུགས་པ་དང་། དེའི་ཁོངས་སུ་ལིན་ཧའེ་དང་ཧོང་ཡན། ཝུན་ལིང་། ཞན་ཅུས། ཐེན་ཐའེ། སན་མོན། ཡུས་ཧོན་བཅས་རྫོང7ཡོད།
སྤྱི་ལོ1978ལོའི་ཟླ10པར། ཐའེ་ཀྲོའུ་ས་ཁུལ་ཞེས་པར་བསྒྱུར།
སྤྱི་ལོ1980ལོའི་ཟླ7པར། ཧའེ་མོན་དམིགས་བསལ་ས་ཁུལ་བཙུགས་ཏེ་ཐའེ་ཀྲོའུ་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ཁོངས་གཏོགས་སུ་དེ་སྔའི་ཧོང་ཡན་རྫོང་ཧའེ་མོན་ཁུལ་དང་ཏ་ཁྲེན་གྲོང་རྡལ། ཧྲན་ཏུང་མི་དམངས་ཀུང་ཧྲེ་དང་ལིན་ཧའེ་རྫོང་གི་དེ་སྔའི་མི་དམངས་ཀུང་ཧྲེ་བཅས་ཚུད་ཡོད།
སྤྱི་ལོ1981ལོའི་ཟླ7པར། ཧའེ་མོན་དམིགས་བསལ་ས་ཁུལ་མེད་པར་བཟོས་ནས་སྲིད་འཛིན་ས་ཁོངས་སུ་ཅའོ་ཅང་གྲོང་ཁྱེར་བཙུགས། དེའི་རྗེས་སུ་ལིན་ཧའེ་རྫོང་ཀྲང་ཨན་ཆུས་དང་ཧོང་ཡན་རྫོང་ཧུང་ཅ་ཆུས་དང་སན་ཅ་ཆུས་གཉིས་སྔ་རྗེས་སུ་ཅའོ་ཅང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
སྤྱི་ལོ1994ལོའི་ཟླ2པར། ཝུན་ལིང་རྫོང་མེད་པར་བཟོས་ནས་ཝུན་ལིང་གྲོང་ཁྱེར་བཙུགས་པ་དང་། ཐའེ་ཀྲོའུ་ས་ཁུལ་དུ་ལིན་ཧའེ་དང་། ཅའོ་ཅང་། ཧོང་ཡན། ཝུན་ལིང་བཅས་རྫོང་རིམ་པའི་གྲོང་ཁྱེར་བཞི་དང་ཐེན་ཐའེ། ཞན་ཅུས། སན་མོན། ཡུས་ཧོན་བཅས་རྫོང་བཞི་ཡོད།
སྤྱི་ལོ1994ལོའི་ཟླ8པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐའེ་ཀྲོའུ་ས་ཁུལ་དང་རྫོང་རིམ་པའི་ཧོང་ཡན་གྲོང་ཁྱེར། ཅའོ་ཅང་གྲོང་ཁྱེར་བཅས་མེད་པར་བཟོ་རྒྱུར་ཆོག་མཆན་བཀོད་པ་དང་། ས་ཁུལ་རིམ་པའི་ཐའེ་ཀྲོའུ་གྲོང་ཁྱེར་དང་རྫོང་རིམ་པའི་ཅའོ་ཅང་ཁུལ་དང་ཧོང་ཡན་ཁུལ། ལུའུ་ཆའོ་ཁུལ་བཅས་བཙུགས་ཡོད།
སྤྱི་ལོ2017ལོའི་ཟླ4པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡུས་ཧོན་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ཡུས་ཧོན་གྲོང་ཁྱེར་བཙུགས་ཏེ་དེ་སྔའི་ཡུས་ཧོན་རྫོང་གི་སྲིད་འཛིན་ས་ཁོངས་ཡུས་ཧོན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་རེད། ཡུས་ཧོན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དང་། ཐའེ་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད།
སྤྱི་ལོ2017ལོའི་བར། ཐའེ་ཀྲོའུ་གྲོང་ཁྱེར་སྲིད་འཛིན་ཁུལ་ཁོངས་སུ་ཅའོ་ཅང་དང་། ཧོང་ཡན། ལུའུ་ཆའོ་བཅས་ཆུས3ཡོད་པ་དང་། ལིན་ཧའེ་དང་། ཝུན་ལིང་། ཡུས་ཧོན་བཅས་རྫོང་རིམ་པའི་གྲོང་ཁྱེར3དང་། ཐེན་ཐའེ། ཞན་ཅུས། སྒོ་གསུམ་བཅས་རྫོང3ཡོད་པ་དང་། གྲོང་རྡལ61དང་། ཡུལ་ཚོ24 སྲང་ལམ44བཅས་སོ་སོར་བཀོད་སྒྲིག་བྱས་པ་དང་ཁྱོན་གྲོང་ཚོ་ཨུ་ལྷན4645དང་། སྡེ་ཁུལ198 གྲོང་ལྷན137བཅས་ཡོད་པ་རེད། ཐའེ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་ནི་ཅའོ་ཅང་ཆུས་པེ་ཡུན་ཧྲན་ལྷོ་ལམ་ཨང233པ་ཡིན།
ཐའེ་ཀྲོའུ་གྲོང་ཁྱེར་ནི་ཀྲེ་ཅང་དབུས་རྒྱུད་ཀྱི་མཚོ་རྒྱུད་དུ་གནས་པ་དང་རྒྱལ་ཡོངས་ཀྱི་མཚོ་འགྲམ་རྒྱུད་དུ་གནས་ཡོད། སྐམ་སའི་ཁྱབ་ཁོངས་ནི་ཤར་གྱི་གཞུང་ཐིག 120°17′~121°56′དང་བྱང་གི་འཕྲེད་ཐིག28°01′~29°20′བར་དུ་གནས་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི172.8དང་། ལྷོ་དང་བྱང་གི་ཞེང་ཚད་ལ་སྟོང་སྨི147.8ཡོད། ས་ཆའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ10050.43ཡོད།
ཐའེ་ཀྲོའུ་གྲོང་ཁྱེར་ནི་རྒྱབ་ཕྱོགས་རི་བོ་དང་མདུན་ངོས་རྒྱ་མཚོ་ཡིན་པ་དང་། ས་བབ་ནུབ་ནས་ཤར་ཕྱོགས་སུ་གསེག་ཡོད་པ་དང་། ནུབ་བྱང་གི་རི་རྒྱུད་ཕྲེང་དུ་བསྟར་ཅིང་ སྟོང་སྨི་ཡན་རི་ཚོགས་མུ་འབྲེལ་དུ་ཆགས་ཡོད། ཤར་ལྷོར་རི་མ་ཐང་བདེ་ཐང་གི་གྲམ་ཐང་ཡངས་ཤིང་རྒྱ་ཆེ་ལ། ཆུ་ལམ་འཕྲེད་གཞུང་དུ་ཁྱབ་ནས་ཡོད། ལྷོ་ངོས་སུ་ཡན་ཀང་ཧྲན་ཡོད་པ་དང་། ཁོ་ཚང་ཧྲན་རི་བོ་དང་། ཏ་ལེ་རི་བོ། ཐེན་ཐའེ་རི་བོ་སོགས་ཀྱི་རི་རྩེ་གཙོ་བོ་ཡོད་ཅིང་། དེའི་ནང་ཁོ་ཚང་ཧྲན་རི་བོའི་རྩེ་ལ1382.4ཟིན་ནས་ཀྲེ་ཅང་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་ཡིན་པ་རེད།
དབྱར་ཁར་ཚ་ཁུལ་གྱི་རྒྱ་མཚོའི་རླུང་ཚོམ་གྱིས་ཚོད་འཛིན་བྱེད་པ་དང་། ཚ་བ་ཆེ་ཞིང་ཆར་ཆུ་མང་བ་སྟེ་ཚ་ཁུལ་གྱི་གནམ་གཤིས་ཀྱི་ཁྱད་ཆོས་ཡིན། དགུན་དུས་སུ་གླིང་སྣེའི་ས་ཁུལ་གྱི་སྐམ་སའི་རླུང་ཚོམ་གྱིས་ཚོད་འཛིན་བྱས་ནས་གནམ་གཤིས་གྲང་བ་དང་། ཚ་ཁུལ་ཕལ་བའི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན་པ་རེད། གྲོང་ཁྱེར་ཡོངས་ཀྱི་ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1800ནས2037བར་ཡིན། ས་ཁོངས་ཁྱབ་ཚུལ་ནི་ཐེན་ཐའེ་རྫོང་དང་ཡུས་ཧོན་རྫོང་དང་ཅའོ་ཅང་ཆུས་བཅས་སུ་ཅུང་མང་པ་རེད།
ཐའེ་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཆུ་བོ་ཆེ་ཆུང700ལྷག་ཡོད་ཅིང་། དེའི་ནང་དུ་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ100ལས་ཆེ་བའི་ཆུ་བོ25ཡོད། ཅའོ་ཅང་གཙང་པོ་དང་ཅིན་ཆིང་གཙང་པོ་ཆེན་པོ་གཉིས་ཀྱི་ཆུ་རྒྱུན་རྒྱ་ཁྱོན་གྱིས་གྲོང་ཁྱེར་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི80%ཙམ་བཟུང་ཡོད།
སྤྱི་ལོ2018ལོའི་ཟླ11པའི་ཚེས30ཉིན་བར། གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི605.40ཟིན་པའི་ནང་སྐྱེས་པའི་མི་འབོར་ཁྲི309.06དང་། བུད་མེད་ཀྱི་མི་འབོར་ཁྲི296.34ཕོ་མོའི་ཕོ་མོའི་བསྡུར་ཚད104.29:100བཅས་ཡོད་པ་རེད། ལོ་ཧྲིལ་པོར་ཁྱོན་མི་ཁྲི6.48སྐྱེས་པ་དང་། མི་ཁྲི3.92ཤི་བ་རེད། མི་འབོར་སྐྱེ་ཚད10.72‰དང་། ཤི་ཚད6.48‰ མི་འབོར་རང་ཤུགས་སུ་འཕར་ཚད4.24‰བཅས་ཟིན་ཡོད། གྲོང་ཁུལ་གྱི་ཐེམ་ཐོའི་མི་འབོར་ཁྲི162.50ཟིན་ཡོད། སྤྱི་ལོ2018ལོར་ཀྲེ་ཅང་ཞིང་ཆེན་གྱི5‰མི་འབོར་འགྱུར་ལྡོག་དཔེ་འཐེན་བརྟག་དཔྱད་བྱས་པར་གཞིགས་ན། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི613.90ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད63.0%ཟིན་ཡོད་པ་རེད།
གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ལི་ཡུའེ་ཆི།
གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་། ཝུའུ་ཧའེ་ཕིན།
སྤྱི་ལོ2018ལོར། ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4874.67ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས7.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར264.28ཟིན་ནས0.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར2182.60ཟིན་ནས8.7%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར2427.79ཟིན་ནས7.3%འཕར་བ་དང་། ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི5.4:44.8:49.8ཡིན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར80644(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར12187ལ་ཕབ་རྩིས་བརྒྱབ་པ)ཟིན་པ་དེ་ལོ་གོང་མ་ལས7.1%འཕར་ཡོད། གྲོང་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1808.20ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.3%འཕར་ཡོད། གྲོང་ཁུལ་གྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར111645(ལོ་རེའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ཨ་སྒོར16871ཡིན་པ)ཟིན་པ་དེ་ལོ་གོང་མ་ལས7.5%འཕར་ཡོད།
སྤྱི་ལོ2018ལོར་ཐའེ་ཀྲོའུ་གྲོང་ཁྱེར་གྱི་ལོ་ཧྲིལ་པོར་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྟོང་སྨི་དུང་ཕྱུར1830.78ཟིན་པ་དེ་ལོ་གོང་མ་ལས0.9%འཕར་བ་དང་། འགྲུལ་པ་འཁོར་རྒྱུག་བྱེད་ཚད་སྟོང་སྨི་དུང་ཕྱུར71.56ཟིན་ནས4.9%ཆག་ཡོད། ལོ་ཧྲིལ་པོར་ཐའེ་ཀྲོའུ་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི7167ཟིན་པ་དེ་ལོ་གོང་མ་ལས1.6%འཕར་བའི་ནང་ཕྱི་ཕྱོགས་ཚོང་དོན་གྱི་འདོན་འཇུག་བྱེད་ཚད་ཏུན་ཁྲི618ཟིན་ནས17.9%ཆག་པ་དང་། དོས་སྒམ་འདོན་འཇུག་བྱེད་ཚད་ཁྲི24.4ཟིན་ནས14.6%འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི111.22ཟིན་པ་དང་དངོས་ཟོག་དང་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་ཏུན7581ཟིན་པ་དེ་ལོ་གོང་མ་ལས35.3%དང10.8%འཕར་ཡོད། ལོ་ཧྲིལ་པོར་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི1373སྐྱེལ་འདྲེན་བྱས་པ་དེ་སྔ་ལོ་ལས7.3%འཕར་ཡོད།
སྤྱི་ལོ2015ལོའི་ཟླ11པར། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གཉིས་པའི་གྲས་སུ་བཅུག་ཡོད། སྤྱི་ལོ2016ལོའི་ཟླ4པར། ཐའེ་ཀྲོའུ་ཀྲུང་འཇར་བཟོ་ལས་གྲོང་ཁྱེར་མནའ་འབྲེལ་ནང་ཞུགས་པ་དང་འབྲེལ་ཀྲུང་འཇར་ཐོན་ལས་མཉམ་ལས་གླིང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། སྤྱི་ལོ2017ལོའི་ཟླ11པར་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གྱི་མཚན་སྙན་ཐོབ་ཡོད། སྤྱི་ལོ2017ལོའི་ཟླ12པར། ཀྲུང་གོའི་བདེ་སྐྱིད་ལྡན་ཤོས་ཀྱི་གྲོང་ཁྱེར་དུ་བདམས་པ་རེད། སྤྱི་ལོ2018ལོར། ཐའེ་ཀྲོའུ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4874.67ཟིན་ཡོད། སྤྱི་ལོ2018ལོའི་ཟླ12པར། སྤྱི་ལོ2018ལོའི་ཀྲུང་གོའི་སྐམ་ས་ཆེ་མོའི་ས་ཁུལ་རིམ་པའི་གྲོང་ཁྱེར་རྩེ་གྲ30ལ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ11པའི་ཚེས25ཉིན། སླར་ཡང་ཀྲུང་གོའི་བདེ་སྐྱིད་ལྡན་ཤོས་ཀྱི་གྲོང་ཁྱེར་དུ་བདམས་པ་རེད།