ཅའོ་ཙུའོ་གྲོང་ཁྱེར།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-27 10:25ལ་འགྲུབ།

ཅའོ་ཙུའོ་གྲོང་ཁྱེར།

ཅའོ་ཙུའོ་གྲོང་ཁྱེར།
ཅའོ་ཙུའོ་གྲོང་ཁྱེར་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཀྲུང་གོའི་ཀྲུང་ཡོན་གྲོང་ཁྱེར་དང་ཡུས་ཅིན་འབྲེལ་མཚམས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན། སྤྱི་ལོ2018ལོའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས4དང་། རྫོང4 རྫོང་རིམ་པའི་གྲོང་ཁྱེར2བཅས་དང། རྒྱུན་སྡོད་མི་འབོར་ཁྲི359.07དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི213.36 གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད59.42%བཅས་ཟིན། ཅའོ་ཙུའོ་ནི་ཀྲུང་གོའི་ཧྭ་ཀྲུང་ས་ཁུལ་དང་། ཧོ་ནན་ནུབ་བྱང་རྒྱུད། པེ་དབྱི་ཐའེ་ཧང་རི་བོ་བཅས་སུ་གནས་ཡོད། ཧྲན་ཤིས་ཅིན་ཁྲེང་གི་ས་མཚམས་དང་འབྲེལ་ཞིང་། ལྷོ་ངོས་སུ་རྨ་ཆུ་དང་། ཀྲེང་ཀྲོའུ། ལུའོ་དབྱང་། ཤར་ངོས་སུ་ཞིན་ཞང། ནུབ་ངོས་སུ་ཅི་ཡོན་བཅས་ལ་འབྲེལ་ཡོད། དེ་ནི་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི“ལོ་བརྒྱའི་རྡོ་སོལ་གྲོང་ཁྱེར”དང་བཟོ་ལས་རྟེན་གཞི་རྙིང་པ། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་ཚོད་ལྟའི་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་གསར་པ་བཅས་ཡིན། སྤྱི་ལོ2006ལོའི་ཟླ2པར“འཛམ་གླིང་གི་ཕུལ་བྱུང་ཡུལ་སྐོར་ཞབས་ཞུའི་སྤུས་རྟགས”ཀྱི་མཚན་སྙན་ཐོབ་པ་དེ་ནི་ཀྲུང་གོར་གཟི་བརྗིད་མཚན་སྙན་དེ་ཐོབ་ཐེངས་དང་པོ་ཡིན་པ་རེད། སྤྱི་ལོ2008ལོའི་ཟླ3པར་རྒྱལ་ཡོངས་ཀྱི་ཁག་དང་པོའི་ཐོན་ཁུངས་ཟད་པའི་གྲོང་ཁྱེར(རྡོ་སོལ་རིགས)ལ་གཏན་འཁེལ་དང་། སྤྱི་ལོ2012ལོར་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་ཡོན་དཔལ་འབྱོར་ཁུལ་གྱི་དཔལ་འབྱོར་རིགས་སྒྱུར་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་གཏན་འཁེལ་བྱས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་ཞང་ཀང་གི《སྤྱི་བསྒྲགས་ཆེན་མོ》དང་དེ་བཞིན་ཞང་ཀང་དུ་བཅའ་སྡོད་འཛམ་གླིང་ཡོངས་ཀྱི་གཞུང་ཚབ་དོན་གཅོད་ཁང23བཅས་ཀྱིས་མཉམ་འབྲེལ་ཐོག“ཕྱི་རྒྱལ་ལ་ཤུགས་རྐྱེན་ཆེས་ཆེ་བའི་གྲོང་ཁྱེར”ཞེས་པའི་གཟི་བརྗིད་མཚན་སྙན་གནང་ཡོད། སྤྱི་ལོ2013ལོར་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མིའི་གྲོང་ཁྱེར་དུ་གྱུར་པ་དང་།ཞང་ཀང་ཁྲུང་ཧུའེ་སློབ་ཆེན་དེང་རབས་ཀྲུང་གོའི་ཞིབ་འཇུག་ཁང་གིས་ཧོ་ནན་ཅའོ་ཙུའོ“ཀྲུང་གོའི་གསར་གཏོད་གྲོང་ཁྱེར་ཆེ་གྲས་བཅུའི”གྲས་སུ་བདམས་ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
焦作市
སྲིད་འཛིན་ཁུལ་གྱི་རིགས།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཀྲུང་ས་ཁུལ།
མངའ་ཁོངས།
ཆུས4དང་། རྫོང4ཚབ་གཉེར་རྫོང་རིམ་པའི་གྲོང་ཁྱེར2བཅས་ཡོད།
སྲིད་གཞུང་གི་ས་གནས།
བཅིངས་འགྲོལ་ས་ཁུལ་གྱི་མི་དམངས་ལམ་ཨང889པ།
ས་ཁོངས་ཁ་པར་ཨང་རྟགས།
0391
སྦྲག་སྲིད་ཨང་རྟགས།
454002
ས་གནས།
ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ4071.1ཡོད།
མི་གྲངས།
མི་ཁྲི359.07ཡོད།(2018ལོའི་རྒྱུན་སྡོད་མི་འབོར། )
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)H
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410800
GDP
སྒོར་དུང་ཕྱུར2371.5ཡོད།(2018ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར66611ཡོད།(2018ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཞ་རྒྱལ་རབས་ནི་ཅི་ཀྲོའུ་ཡི་ཁོངས་སུ་གཏོགས།

ཧྲང་ཀྲོའུ་ནུབ་མར་གཏོགས་པའི་ས་ཁུལ་ནི་ཡུང་རིགས་དང་། དབྱིན་རིགས། ཝུན་རིགས་བཅས་རྒྱལ་ཁབ་གསུམ་དུ་དབྱེ་ཡོད།

ཀྲོའུ་རྒྱལ་རབས་ཤར་མ་ནི་ཅིན་ནན་དབྱང་གི་ས་ཁུལ་ཡིན་པ་དང་། ཀྲན་གོའི་དུས་ཝེ་དང་ཝེ་གཉིས་ཀྱི་ཁོངས་སུ་གཏོགས།

ཆིན་ནི་སན་ཁྲོན་ཅུན་ལ་གཏོགས་པ་དང་། ཧན་རྒྱལ་རབས་ནུབ་མའི་ཁོངས་ཅི་ཀྲོའུ་ཧོ་ནེ་ཅུན་ལ་གཏོགས།

ཅིན་ཡན་ལག་ནི་སི་ཀྲོའུ་ཧོ་ནེ་ཅུན། ཅི་ཅུན། ཆི་དབྱང་ཅུན་བཅས་ཀྱི་ཁོངས་སུ་གཏོགས། ལྷོ་བྱང་རྒྱལ་རབས་ནི་སི་ཀྲོའུ་ཧོ་ནེ་ཅུན་དང་། ཆི་དབྱང་ཅུན་གྱི་ཁོངས་སུ་གཏོགས། ཝེ་ཕྱི་མ་ནི་ཧོའེ་ཀྲོའུ་ཧོ་ནེ་ཅུན་དང་། ཝུའུ་ཏེ་ཅུན། སི་ཀྲོའུ་ཅི་ཅུན། ཏུང་ཧེང་ནུང་ཅུན་བཅས་ཀྱི་ཁོངས་སུ་གཏོགས།

སུའེ་ནི་ཧོ་ནེ་ཅུན་དང་། ཅི་ཅུན། ཆི་དབྱང་ཅུན་བཅས་ཀྱི་ཁོངས་སུ་གཏོགས།

ཐང་རྒྱལ་རབས་ནི་ཧོ་པེ་ཏའོ་ཧོའེ་ཀྲོའུ་ཡི་ཧོ་ནེ་ཅུན། ཧོ་དབྱང་གྲོང་ཁྱེར་གསུམ་གྱི་གཞུང་ཚབ་མེང་ཀྲོའུ། ཧོ་ནན་ཏའོ་ཧོ་ནན་ཧྥུ་ཧོ་ནན་ཅུན། ཀྲེང་ཀྲོའུ་ཧུའེ་དབྱང་ཅུན། མི་རབས་ལྔ་ནི་ཧོའེ་ཀྲོའུ་དང་། མེང་ཀྲོའུ། ཀྲེང་ཀྲོའུ། ཁའེ་ཧྥེང་ཧྥུ་བཅས་ཀྱི་ཁོངས་སུ་གཏོགས།

སུང་རྒྱལ་རབས་བྱང་མའི་ཁོངས་ནི་ཧོ་པེའི་ནུབ་ལམ་ཧོའེ་ཀྲོའུ་ཧོ་ནེ་ཅུན་དང་། ཅིན་ཞི་བྱང་ལམ་མེང་ཀྲོའུ། ཅིན་ཞི་ལམ་ཀྲེང་ཀྲོའུ་ཧྥེང་ཉིང་དམག་ལུགས། ཅིན་ཡུས་ཁའེ་ཧྥེང་ཧྥུ་བཅས་ཀྱི་ཁོངས་སུ་གཏོགས།

མིང་ནི་ཧོ་ནེ་པུའུ་སྲིད་ཚབ་སི་ཧོའེ་ཆིན་ལུའུ་དང་ཁའེ་ཧྥེང་ཧྥུ་རུ་གཏོགས། 

སྤྱི་ལོ1913ལོར་ཧ་ནོ་རྫོང་ཆིན་དབྱང་རྫོང་དུ་བསྒྱུར། 

སྤྱི་ལོ1927ལོར་ཆིན་དབྱང་རྫོང་གི་ཤར་ཕྱོགས་སུ་བགོས་ནས་པོ་ཨའེ་རྫོང་བཙུགས། 

སྤྱི་ལོ1945ལོའི་ཟླ9པའི་ཚེས8ཉིན་ཅའོ་ཙུའོ་གྲོང་ཁྱེར་བཙུགས།

སྤྱི་ལོ1949ལོའི་ཟླ10པའི་ཚེས15ཉིན་ཅའོ་ཙུའོ་གཏེར་ཁུལ་དུ་བསྒྱུར་ནས་ཕིན་ཨན་ཞིང་ཆེན་གྱིས་ཞིན་ཞང་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་འགོ་ཁྲིད་བྱས།

སྤྱི་ལོ1952ལོའི་ཟླ11པའི་ཚེས15ཉིན། ཕིན་ཨན་ཞིང་ཆེན་མེད་པར་བཟོས་ཤིང་། ཅའོ་ཙུའོ་གཏེར་ཁུལ་ཧོ་ནན་ཞིང་ཆེན་ཞིན་ཞང་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡིས་འགོ་ཁྲིད་བྱས།

སྤྱི་ལོ1956ལོའི་ཟླ7པའི་ཚེས9ཉིན་ཅའོ་ཙུའོ་གྲོང་ཁྱེར་དུ་བསྒྱུར་ཞིང་། ཧོ་ནན་ཞིང་ཆེན་གྱིས་ཐད་ཀར་འགོ་ཁྲིད་བྱས།

སྤྱི་ལོ1960ལོའི་ཟླ8པའི་ཚེས15ཉིན། ཞིའུ་ཝུའུ་དང་པོ་ཨའེ་རྫོང་གཉིས་བཙུགས་ཏེ་ཅའོ་ཙུའོ་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་བ་དང། ཝུན་རྫོང་གི་འཛུགས་སྐྲུན་ཕྱིར་འཐེན་བྱ་རྒྱུ་དེ་ཆིན་དབྱང་རྫོང་དུ་སླེབས་པ་རེད།

སྤྱི་ལོ1988ལོར་ཅི་ཡོན་རྫོང་ཅི་ཡོན་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1996ལོའི་ཟླ6པར་མེང་རྫོང་དེ་མེང་ཀྲོའུ་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1997ལོར་ཅི་ཡོན་གྲོང་ཁྱེར་ཧོ་ནན་ཞིང་ཆེན་གྱིས་ཐད་ཀར་འགོ་ཁྲིད་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2020ལོའི་ཟླ2པའི་བར་ཅའོ་ཙུའོ་ཡི་མངའ་འོག་ཏུ་ཆུས4དང་རྫོང4ཡོད་པ་དང་། རྫོང་རིམ་པའི་གྲོང་ཁྱེར2ཚབ་གཉེར་བྱེད་ཀྱིན་ཡོད། དེར་དག་ནི་བཅིངས་འགྲོལ་དང་། ཧྲན་དབྱང་། ཀྲུང་ས་ཚིགས། མ་གྲོང་ཚོ་བཅས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་བཞི་དང་། ཆིན་དབྱང་དང་། མོང་ཀྲོའུ། ཝུན་རྫོང་། པོ་ཨའེ། ཝུའུ་དབྱི། ཞིའུ་ཝུའུ་སོགས་རྫོང(གྲོང་ཁྱེར)དྲུག་དང་ཅའོ་ཙུའོ་ཁུལ་གསར་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཅའོ་ཙུའོ་གྲོང་ཁྱེར་པེ་དབྱི་ཐའེ་ཧང་ནི་ཧྲན་ཞི་ཞིང་ཆེན་དང་འབྲེལ་ཞིང་། ལྷོ་རུ་རྨ་ཆུ་དང་ཀྲེང་ཀྲོའུ། ལུའོ་དབྱང་། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག35º10′- 35º21′དང་ཤར་གྱི་གཞུང་ཐིག113º4′-113º26′′མཚམས་ན་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི32.5ཙམ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི19.7ཙམ་ཡོད། ཅའོ་ཙུའོ་ནི་རྨ་ཆུའི་ལྷོ་བྱང་རྒྱུད་ཀྱི་བགྲོད་ལམ་དུ་གནས་ཤིང་། ཧོ་ནན་ཞིང་ཆེན་གཉིས་ཀྱི་གནད་ཆེ་ས་ནི་གནའ་སྔ་མོ་ནས་བཟུང་ཧོ་ནན་ནུབ་བྱང་ས་ཁུལ་གྱི་དངོས་ཟོག་བསྡུ་འགྲེམས་བྱེད་ས་གལ་ཆེན་ཞིག་ཡིན། ཅའོ་ཙུའོ་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4072ཡོད་པ་དང་།  སྤྱི་ལོ2012ལོར་ཅའོ་ཙུའོ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ110ཡོད།

3_2 ས་དབྱིབས།

ཅའོ་ཙུའོ་གྲོང་ཁྱེར་ནི་རང་བྱུང་གི་ས་འོག་ཆུ་མཉམ་འདུས་གཤོང་ས་ཞིག་ཡིན་པ་དང་། བྱང་རྒྱུད་རི་ཁུལ་དང་ཧྲན་ཞིའི་ཤར་ལྷོའི་རི་ཁུལ་གྱི་སྟོང་སྨི་ངོས་གྲུ་མ1400ཙམ་གྱི་རྒྱ་ཆེའི་ས་ཁུལ་ཡིན་པ་དེ་དག་ཚང་མ་ས་འོག་གི་ཆུ་མཁོ་འདོན་ཁུལ་ཡིན་པ་དང་། ས་ཁུལ་དེ་དག་གི་ས་འོག་གི་ཆུ་དང་ཆར་ཆུ་ཁག་གཅིག་རྙོག་འཛིང་ཆེ་བའི་ས་གཤིས་གྲུབ་ཆའི་ཚོད་འཛིན་འོག་གྲོང་ཁྱེར་དེར་གཅིག་སྡུད་བྱས་ནས་ཅུང་ཕུན་སུམ་ཚོགས་པའི་བྲག་ཞུན་ཆུའི་ཐོན་ཁུངས་ཆགས་པ་དང་ས་འོག་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར35.4ཟིན་ཡོད་པ་རེད། 

ཅའོ་ཙའོ་བྱང་རྒྱུད་ཀྱི་ཐའེ་ཧང་རི་བོའི་ལྷོ་ངོས་སུ་སྟོང་སྨི་གྲུ་བཞི་མ500ཙམ་ཡོད་པའི་རི་མདུན་གྱི་སྒང་ས་དང་རྡེའུ་དེ་ཁོད་སྙོམས་སར་ཁྱབ་ཡོད་པ་དང་། ས་གཤིས་སྲ་ཞིང་བརྟན་པ། ས་རིམ་གྱི་ཐེག་ཤུགས་ཧ་ཅང་ཆེ་བ་མ་ཟད། གཏེར་ཁུལ་དང་། ཆུ་ཁུངས། འགྲིམ་འགྲུལ་གྱི་མ་ལམ། གྲོང་ཁྱེར་དང་གྲོང་རྡལ་བཅས་དང་ཐག་ཉེ་པོ་ཡོད་པས་བཟོ་ལས་ལ་སྤྱོད་པའི་ས་ཆ་ཧ་ཅང་ཡག་པོ་ཞིག་ཡིན་པ་དང་། དུས་མཚུངས་སུ་ཐོག་བརྩེགས་ཁང་ཆེན་སྐྲུན་རྒྱུར་ཡང་ཧ་ཅང་འཚམ་པོ་ཡོད། 

3_3 ཆུ་དཔྱད།

ཅའོ་ཙུའོ་ནི་ཧྭ་བྱང་ས་ཁུལ་གྱི་ཆུ་འབེལ་བའི་ས་ཁུལ་ཞིག་ཡིན་ཞིང་། ས་ངོས་ཀྱི་ཆུའི་ཐོན་ཁུངས་འབེལ་པོ་ཡོད་པ་དང་། མངའ་ཁོངས་སུ་ཆུ་བོ་མང་པོ་ཡོད་ཅིང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ100ཡན་ཟིན་པའི་ཆུ་བོ23ཡོད་པ་དང་། ཆིན་ཆིན་ཆུ་ཡུར་དང་ཀོང་ལི་ཡུར་བུ་ཆེན་པོ་གཉིས་ཡོད་པ་དང་། ཆོན་དབྱིན་ཆུ་མཛོད་དང་། ཆིན་ཐེན་གཙང་པོའི་ཆུ་མཛོད། པའེ་གྱང་ཆུ་མཛོད། ཧྲུན་ཅན་ཆུ་མཛོད་སོགས་ཅུང་ཆེ་བའི་ཆུ་མཛོད་ཡོད་ཅིང་། ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭ་དེ་ལྟེ་བའི་གྲོང་ཁུལ་ནས་གསེག་སྟེ་བརྒལ་བ་རེད།

3_4 ནམ་ཟླ།

ཅའོ་ཙུའོ་གྲོང་ཁྱེར་ནི་དྲོད་ཁུལ་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། ཉི་འོད་ཕོག་ཚད་མང་ཞིང་། དགུན་དྲོ་དབྱར་བསིལ་དང་། དུས་བཞི་གསལ་བ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི12.8℃C-14.8℃ཡིན་ལ། ཟླ་བ་བདུན་པར་ཆ་སྙོམས་ཀྱི་དྲོད་ཚད27-28℃ཡིན། ཟླ་བ་དང་པོར་གྲང་ཤོས་ཡིན་ལ།ཟླ་རེར་ཆ་སྙོམས་དྲོད་ཚད་ནི-3-1℃ཡིན། ལོ་རྒྱུས་ཐོག་དྲོད་ཚད་མཐོ་ཤོས43.6℃ཡིན།(སྤྱི་ལོ1966ལོའི་ཟླ6པའི་ཚེས22ཉིན། )ལོ་རྒྱུས་ཐོག་དྲོད་ཚད་དམའ་ཤོས-22.4℃Cཡིན།(སྤྱི་ལོ1990ལོའི་ཟླ2པའི་ཚེས1ཉིན། )

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ100ཡན་ཟིན་པའི་ཆུ་བོ23ཡོད་པ་དང་། ད་དུང་འདྲེན་ཆེན་ཡུར་བུ་དང་ཀོང་ལི་ཡུར་བུའི་མི་བཟོས་ཡུར་བུ་ཆེན་པོ་གཉིས་ཡོད་ཅིང་། ཆོན་དབྱིན་ཆུ་མཛོད་དང་། ཆིན་ཐེན་གཙང་པོའི་ཆུ་མཛོད། པའེ་གྱང་ཆུ་མཛོད། ཧྲུན་ཅན་ཆུ་མཛོད་སོགས་ཅུང་ཆེ་བའི་ཆུ་མཛོད་ཡོད་པས་ས་ངོས་ཀྱི་ཆུའི་ཐོན་ཁུངས་འབེལ་པོ་ཡོད། ཅའོ་ཙུའོ་གྲོང་ཁྱེར་ནི་རང་བྱུང་གི་ས་འོག་ཆུའི་ཕྱོགས་བསྡུས་གཤོང་ས་ཡིན་པ་དང་། ས་འོག་གི་ཆུའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར35.4ཟིན་ཡོད། འཛུགས་སྐྲུན་བྱེད་བཞིན་པའི་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭ་ཡང་ཅའོ་ཙའོ་བརྒྱུད་དེ་ལེགས་གྲུབ་བྱུང་བ་དང་། ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་ནི་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་རྙེད་དཀའ་བ་ཞིག་ཡིན། 

4_2 ས་ཞིང་གི་ཐོན་ཁུངས།

ཅའོ་ཙའོ་ཆུས་ཀྱི་ས་དབྱིབས་ཅུང་ཆ་ཚང་བ་དང་། བྱང་ནས་ལྷོ་རུ་ཕྱོགས་པ་དང་། རི་ཁུལ་དང་། དེའུ་སྒང་། བདེ་ཐང་། གྲམ་ཐང་བཅས་ཚང་མར་འཛོམས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱིས་གསར་སྤེལ་བེད་སྤྱོད་བྱས་ཟིན་པའི་ས་ཆའི་ཐོན་ཁུངས་དེ་རྨོ་ཞིང་དང་། ནགས་ས། རྩྭ་ཐང་། བཟོ་ལས་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་བཅས་རིགས་ཆེན་པོ་བཞིར་དབྱེ་ཡོད་པ་དེའི་ནང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི257.9ཟིན་པ་དང་། མངའ་ཁོངས་ནང་སྤྱི་ལེ་ངོས་གྲུ་བཞི་མ500ཙམ་ཡོད་པའི་རི་མདུན་གྱི་ལས་གནས་དང་རྡོ་ཧྲུག་ཁོད་སྙོམས་པའི་ས་ཆ་ཡོད། དེའི་ས་གཤིས་བརྟན་པོ་ཡོད་པ། ས་རིམ་གྱི་ཐེག་ཤུགས་ཆེ་བ། ལས་གྲྭའི་ས་གཤིས་དང་ས་ཁོངས་ཀྱི་ངོ་བོ་གཏན་འཁེལ་ལེགས་པ། གཏེར་ཁ་དང་། ཆུ་ཁུངས། འགྲིམ་འགྲུལ་གྱི་མ་ལམ། གྲོང་ཁྱེར་དང་གྲོང་རྡལ་བཅས་དང་ཐག་ཉེ་པོ་ཡོད་པ་བཅས་ནི་བཟོ་ལས་ལ་སྤྱོད་པའི་ས་ཆ་ཡག་ཤོས་ཤིག་རེད། 

4_3 སྐྱེ་དངོས་ཀྱི་ཐོན་ཁུངས།

སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད། སྤྲེའུ་དང་། གཟིག སྟག གླ། ཝ་མོ། ལུག་སྔོན་སོགས་རི་སྐྱེས་སྲོག་ཆགས་རིགས190ལྷག་ཙམ་ཡོད་པ་དེའི་ནང་རྒྱལ་ཁབ་ཀྱིས་རྩ་ཆེའི་སྲོག་ཆགས་རིགས20ལྷག་ཙམ་ལ་སྲུང་སྐྱོང་བྱེད་ཀྱིན་ཡོད། བསྲེགས་ཤིང་ནི་ཧྭ་པེ་རྩི་ཤིང་གི་ལོ་མ་ལྷུང་བའི་སྔོ་ཁེབས་ཁུལ་ཡིན་པ་དང་། ཤིང་རིགས་རྩི་ཤིང་གི་ཚན143དང་རིགས875ཡོད། རྩྭ་རིགས་རྩི་ཤིང་གི་ཚན69དང་རིགས469ཡོད། རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་རྩ་ཆེའི་ཤིང་རིགས་ལ་གསོམ་དམར་དང་། ལན་ཞང་ཤིང་། ཧྲན་པའེ་ཤིང་། ཁམ་དཀར། ཏུའུ་ཀྲུང་། ཙན་དན་སྔོན་པོ་སོགས་ཡོད། འབྲུ་རིགས་ལོ་ཏོག་གཙོ་བོ་ལ་གྲོ་དང་། མ་རྨོས་ལོ་ཏོག ཆུ་འབྲས་བཅས་ཡོད་པ་དང་། དཔལ་འབྱོར་ལོ་ཏོག་གཙོ་བོ་ལ་བ་དམ་དང་། སྲིང་བལ། སྲན་ཆེན། བྲང་སྨན་སོགས་ཡོད། མུའུ་ཁྲི1.8ཡོད་པའི་སྨྱུག་མའི་ནགས་ཚལ་ནི་ཧྭ་བྱང་ས་ཁུལ་གྱི་སྨྱུག་མའི་ནགས་ཚལ་ཆེ་ཤོས་ཡིན་པ་དང་། “སྤང་སྨན་བཞི”(རི་སྨན་དང་། བ་གླང་གི་པུས་མོ། ཏི་ཧོང་། ལུག་མིག་མེ་ཏོག)བཅས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ནས་ཨེ་ཤེ་ཡ་ཤར་ལྷོ་དང་ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱིན་ཡོད། 

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲི377.47ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི359.07ཡོད། སྐྱེ་ཚད11.58%དང་། ཤི་ཚད6.38% རང་བཞིན་གྱིས་འཕར་ཚད5.2%བཅས་ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི59.42ཟིན་ཡོད། 

5_2 མི་རིགས།

ཅའོ་ཙུའོ་གྲོང་ཁྱེར་དུ་ཧུའེ་རིགས་དང་། མན་ཇུ་རིགས། ཀྲོང་རིགས། ཐུའུ་ཅ་རིགས་སོགས་གྲངས་ཉུང་མི་རིགས32ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར73106ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི2.01%བཟུང་བ། ཧུའེ་རིགས་ཀྱིས་གྲངས་ཉུང་མི་རིགས་མི་འབོར་གྱི99.1%བཟུང་ཡོད། གྲོང་ཁྱེར་དེ་ཡོངས་སུ་གྲངས་ཉུང་མི་རིགས་འདུས་སྡོད་གྲོང་ཚོ43 གྲངས་ཉུང་མི་རིགས་ཀྱི་མི་འབོར་ཆིག་སྟོང་ཡན་ཟིན་པའི་ཤང་གྲོང(དོན་གཅོད་ཁང)17མི་ཁྲི་ཡན་གྱི་རྫོང་དང་། གྲོང་ཁྱེར། ཆུས་བཅས3བཅས་ཡོད།

6 དཔལ་འབྱོར།
6_1 ཐོན་ལས་དང་པོ།

ཅའོ་ཙུའོ་གྲོང་ཁྱེར་གྱི་ཞིང་ལས་ལོ་ཏོག་གཙོ་བོ་ནི་གྲོ་དང་། མ་རྨོས་ལོ་ཏོགཆུ་འབྲས། སྲིང་བལ། སྣུམ་རྒྱུ། དེ་མིན་དཔལ་འབྱོར་སྐྱེ་དངོས་གཞན་དག་བཅས་ཡིན། དེའི་ནང་ནས་གྲོའི་ཐོན་ཚད་བརྟན་འཇགས་དང་ཐོན་ཚད་མཐོ་བས་མིང་དུ་གྲགས་པ་དང་། ཧོ་ནན་ཞིང་ཆེན་གྱི་ཚོང་འབྲུ་རྟེན་གཞི་གཙོ་བོ་ཡིན། ཡུལ་ཐོན་ཁྱད་རྫས་ལ་བམ་སྨན་བཞི(རི་སྨན་དང་། ལུག་མིག་མེ་ཏོགསྐྱེ་ས། ཉིའུ་ཤིས་བཅས)ཡོད་པ་དང་། ཝུའུ་ལི་ཡོན་གྱི་ཐང་ཤིང་སྒོ་ང་དང་། སྒ་སྐྱ་དང་། ཝུའུ་ཡུས་ཀྱི་ཇ། རི་རྒྱུད་ཀྱི་སྟར་ཀ་དང་། ཨ་མྲ། དམར་པོ། སེའུ་ལི་སོགས་དང་། མེང་རྫོང་གི་བྱ་གག་རྒྱོང་བ་དང་། ཆིན་དབྱང་གི་འཁྱགས་པའི་རི་བོང་ཤ། བོང་ཤ་བསྙལ་མ་བཅས་ཡོད། 

སྤྱི་ལོ2014ལོར་ཅའོ་ཙུའོ་གྲོང་ཁྱེར་གྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི416.36ཡོད་པ་དང་། སྲིང་བལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི2.41 སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི28.16  སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་58.28  ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི206.35 སྲིང་བལ་ཐོན་ཚད་ཏུན་ཁྲི0.15 སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི9.03 སྔོ་ཚལ་ཐོན་ཚད་ཏུན་ཁྲི229.62  ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི20.41 བྱ་སྒོང་ཐོན་ཚད་ཏུན་ཁྲི24.47 འོ་མའི་ཐོན་ཚད་ཏུན་ཁྲི22.24བཅས་ཡོད། 

སྤྱི་ལོ2020ལོའི་ཟླ2པའི་ཚེས26ཉིན་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་ཧོའེ་ཡའོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་དེ་ཁག་གསུམ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལེགས་ཆའི་ཁུལ་ལ་གཏན་འཁེལ་བྱས་པ་རེད།

6_2 ཐོན་ལས་གཉིས་པ།

བཅིངས་འགྲོལ་བཏང་མ་ཐག་པའི་དུས་སུ་ཅའོ་ཙུའོ་བཟོ་ལས་ཀྱིས་རྡོ་སོལ་གཏེར་ཁ་གཙོ་བོར་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་རིང་དཀའ་སྤྱད་ལས་སྐྲུན་བྱས་པ་བརྒྱུད་ད་ཆ་ནུས་ཁུངས་དང་། འཕྲུལ་ཆས། རྫས་འགྱུར་བཟོ་ལས། ལྕགས་བཞུ། ཨར་ལས་རྒྱུ་ཆའི་བཟོ་ལས་བཅས་གཙོ་བོར་བྱས་པ་དང་། བཟའ་བཅའ་དང་། ཡང་བའི་འཁེལ་འཐགསྨན་དང་སྨན་རྫས་སོགས་བཟོ་ལས་སྡེ་ཁག་ཕྱོགས་བསྡུས་ཀྱིས་འཕེལ་རྒྱས་གཏོང་བའི་བཟོ་ལས་ལས་རིགས་ཀྱི་གྲུབ་ཚུལ་ཆགས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་རྐང་འཛིན་ཐོན་ལས་སུ་གྲུབ་པ་རེད། ཅའོ་ཙུའོ་བཟོ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱི་ཡོངས་ཀྱི་གྲུབ་ཆ་རིམ་པ་མང་བ་དང་སྣ་མང་ཅན་གྱི་འཕེལ་རྒྱས་མངོན་ཡོད། གྲོང་ཁྱེར་དེ་ཡོངས་སུ་ལྕགས་རིགས་མིན་པའི་གཏེར་དངོས་བཟོས་རྫས་དང་། གློག་ཤུགས། རླངས་པ། ཆུ་ཚ་པོ་བཅས་ཐོན་སྐྱེད་དང་མཁོ་སྤྲོད། རྫས་འགྱུར་མ་བཅོས་རྒྱུ་ཆ་དང་དེ་བཞིན་རྫས་འགྱུར་བཟོས་རྫས་བཟོ་སྐྲུན། ཆེད་ལས་སྒྲིག་ཆས་བཟོ་སྐྲུན། འགྱིག་བཟོས་དངོས་པོ། མདོག་ལྡན་བཙོ་སྦྱང་དང་གནོན་བཙིར་ལས་སྣོན། རྡོ་སོལ་སྔོག་འདོན་བཟོ་སྐྲུན་སོགས་ལས་རིགས་ཆེ་གྲས37ཡོད་པ་དང་ཅུང་ཆ་ཚང་བའི་བཟོ་ལས་མ་ལག་ཅིག་ཆགས་ནས་ཐོན་རྫས་ཀྱི་སྣ་ཁ་ཆ་ཚང་ཙམ་ཡོད་པ་དང་ཐོན་རྫས་ཁག་གཅིག་ཁྲོམ་རའི་ཐོག་གནས་བབ་ཡག་པོ་ཞིག་གཏན་འཁེལ་བྱས་ཡོད། དཔེར་ན་འཕྲུལ་གློག་ལས་རིགས་ཀྱི་གཏེར་རིའི་འཕྲུལ་ཆས་ཆེ་གྲས་དང་། ཤོག་བཟོའི་འཕྲུལ་ཆས། ཞིང་འཕྲུལ་དང་རླངས་འཁོར་གྱི་འཁོར་ཆས། གློག་ཐགབཀག་གཏོང་ཡོ་བྱད། གློག་བརྙན་དང་བརྙན་འཕྲིན་གྱི་གློག་སྒྲོན་སོགས་ལྟ་བུ་དང་། ལྕགས་བཞུའི་ཨར་ལས་རྒྱུ་ཆའི་ལས་རིགས་ཀྱི་ཧ་ཡང་དང་། མེ་ཐུབ་རྒྱུ་ཆ། ཨར་འདམ། རྫས་འགྱུར་བཟོ་ལས་ལས་རིགས་ཀྱི་འགྱིག་འཁོར་དང་། ལྷད་མེད་བུལ་ཏོགཁ་ཡེན་སོལ་ནག་དང་། རྫས་ལུད། འདུས་ཁིལ་ཁ་སིན་བཅས། ཡང་བའི་འཁལ་འཐག་ལས་རིགས་ཀྱི་རྒྱུན་སྤྱོད་རྫ་དཀར་དང་། གྱོན་ཆས། རྫས་འགྱུར་ཚི་སྣ། སྨན་སྤྱོད་སེང་རས་སོགས་ཀྱི་ཐོན་རྫས་ཞིང་ཆེན་ནང་ཁུལ་གྱི་རྒྱལ་ནང་དུ་གནས་རིམ་ངེས་ཅན་ཞིག་བཟུང་ཡོད་པ་དང་། ཐོན་རྫས་གྲགས་ཅན་ཁག་གཅིག་ཁྲོམ་རའི་ཐོག་སྐད་གྲགས་ཆོད་ཚད་ངེས་ཅན་ཞིག་ཡོད་པས་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་ནས་ཅའོ་ཙུའོ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད། 

རྒྱལ་ཁབ་ཀྱི་སྤྱི་ཁོག་བཟོ་ལས་བཀོད་སྒྲིག་གི་ས་ཁོངས་ལས་བགོས་དང་ས་གནས་དེ་གའི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་གྱི་དབང་གིས། ཅའོ་ཙུའོ་བཟོ་ལས་དེ་དུས་ཡུན་རིང་པོའི་ནང་ལྗིད་གྲས་ཅན་གྱི་གྲུབ་ཚུལ་གྱི་བཀོད་པ་ཆགས་ཡོད་པ་དང་། ནུས་ཁུངས་དང་། རྫས་འགྱུར་བཟོ་ལས། རྒྱུ་ཆ་དང་རྒྱུ་ཆས་སོགས་བཟོ་ལས་ཀྱི་གོ་གནས་འབུར་དུ་ཐོན་ཡོད། གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི260ཟིན་ནས་ཧོ་ནན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་རྫས་འགྱུར་བཟོ་ལས་ཐོན་རྫས་རིགས་ཆེ་གྲས8དང་སྣ་ཁ100ལྷག་ཙམ་ཟིན་པ་དང་དཔལ་འབྱོར་དམིགས་ཚད་ཁག་ཧོ་ནན་ཞིང་ཆེན་གྱི་ལས་རིགས་གཅིག་པའི་མདུན་གྲལ་དུ་སླེབས་ནས་རྒྱལ་ཡོངས་ཀྱི་གཙོ་གནད་རྫས་འགྱུར་བཟོ་ལས་གྲོང་ཁྱེར44ཡི་གྲས་ཤིག་ཡིན་པ་དང་། ཧ་ཡང་བཟོ་ལས་ལ་དབྱང་འགྱུར་ཧ་ཡང་དང་གློག་འབྱེད་ཧ་ཡང་སོགས་ཀྱི་ཐོན་རྫས་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་སོ་སོར་ཏུན་ཁྲི85དང་ཏུན་ཁྲི25ལ་སླེབས་ཡོད། ཅའོ་ཙུའོ་གྲོང་ཁྱེར་གྱིས་ཚན་རྩལ་ཡར་ཐོན་སྒུལ་ཤུགས་སུ་བྱས་ཏེ། ཤུགས་ཆེན་པོས་བཟོ་ལས་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ཤིང་། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་བསྡུར་ཚད་ལུགས་མཐུན་དུ་འཕེལ་བ་དང་། བཟོ་ལས་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ལམ་ཁར་བསྙེགས་ཀྱིན་ཡོད།

6_3 ཐོན་ལས་གསུམ་པ།

ཚོང་ཟོག་དཔལ་འབྱོར་གོང་དུ་འཕེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རྭའི་དཔལ་འབྱོར་སྒྲིག་སྲོལ་བཙུགས་པ་དང་ཆབས་ཅིག་ཏུ་རྒྱལ་ཁབ་ཀྱིས་འཆར་གཞི་ཡོད་པའི་སྒོ་ནས་ཞིང་ཞོར་ཐོན་རྫས་ཉོ་ཚོང་བྱེད་པའི་སྲིད་ཇུས་ལྷུག་ཏུ་བཏང་བ་དང་། བཟོ་ལས་ཐོན་རྫས་ཉོ་ཚོང་བྱེད་པའི་རྣམ་པ་ལེགས་བཅོས་བྱས་པས། ཚོང་ཟོག་ཚོང་རྭ་ཡུན་རིང་བཀག་སྡོམ་ཐེབས་པའི་རང་གནས་སུ་ལུས་པའི་གནས་ཚུལ་མེད་པར་བཟོས་ཤིང་། རྒྱལ་གཉེར་ཚོང་ལས་ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་དཔལ་འབྱོར་གྱི་གྲུབ་ཆ་སྣ་མང་དང་། གཉེར་སྐྱོང་བྱེད་སྟངས་སྣ་ཚོགས། ཐབས་ལམ་མང་པོ། ལྷུ་ཚིགས་ཉུང་བ་བཅས་ཀྱི་ཚོང་ཟོག་འགྲོ་རྒྱུག་གི་རྣམ་པ་ཞིག་ཆགས་ཟིན་པ་དང་། རྒྱལ་གཉེར་དང་། ཐུན་མོང་། ཁེར་རྐྱང་བཅས་ཀྱི་དཔལ་འབྱོར་ཐུན་མོང་དུ་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་ཁེར་གཉེར་ཚོང་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། ཚོང་རྭའི་མ་ལག་ལ་གཞི་ཁྱོན་རགས་ཙམ་ཆགས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཅའོ་ཙུའོ་གྲོང་ཁྱེར་གྱི་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་གྱི་སྟོབས་ཤུགས་གསར་པ་གློ་བུར་དུ་ཐོན་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ཆེ་རུ་བཏང་བ། ཕྱི་རྒྱལ་གྱི་མ་དངུལ་དང་ལག་རྩལ་སོགས་ནང་འདྲེན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་པ། ད་ཆ་ཕྱི་ཕྱོགས་ཚོང་དོན་དང་། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད། ལག་རྩལ་ནང་འདྲེན། རྒྱལ་སྤྱིའི་ཡུལ་སྐོར་སོགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད། 

6_4 རྒྱལ་ནང་གི་ཉོ་ཚོང་།

སྤྱི་ལོ2014ལོར་ཅའོ་ཙུའོ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར555.21ཡོད། གཉེར་སྐྱོང་བྱ་ཡུལ་གྱི་བསྡོམས་རྩིས་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར447.60 དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར107.61ལས་རིགས་ཀྱི་བསྡོམས་རྩིས་ལྟར་ན། སྡེབ་འཚོང་ལས་རིགས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར77.88ཡོད་པ་དང་། སིལ་ཚོང་ལས་རིགས་སྒོར་དུང་ཕྱུར391.85ཡོད་པ། ཞག་སྡོད་ལས་རིགས་ལ་སྒོར་དུང་ཕྱུར8.54བཏང་བ། བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར76.94བཅས་བཏང་ཡོད། 

6_5 ཕྱི་ཕྱོགས་དཔལ་འབྱོར། 

སྤྱི་ལོ2014ལོར་ཅའོ་ཙུའོ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར24.64ཡོད། དེའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར17.13ཡོད་པ་དང་། ནང་འདྲེན་བྱས་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར7.51ཡོད། ལོ་ཧྲིལ་པོར་ལག་རྩལ་མཐོ་གསར་དང་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར2.25ཡོད་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་ཕྱིར་གཏོང་བསྡོམས་འབོར་གྱི13.1%བཟུང་ཡོད། ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས11ལ་ཆོག་མཆན་བཀོད་པ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཨ་སྒོར་དུང་ཕྱུར7.28བེད་སྤྱོད་བྱས་ཡོད། 

6_6 དངུལ་རྩའི་ལས་རིགས། 

སྤྱི་ལོ2014ལོའི་ལོ་མཇུག་བར་ཅའོ་ཙུའོ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར1264.32ཡོད་པ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་ཁག་སྒོར་དུང་ཕྱུར853.98 གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཡིད་རྟོན་ཁང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར160.89ཡོད། གྲོང་ཁྱེར་དེ་ཡོངས་ལ་ཁྱོན་ཚོང་ར་འདོན་མཁན་ཀུང་སི8ཡོད་པ་དང་། ཚོང་ར་འདོན་མཁན་གྱི་མ་རྐང་འཛིན་ཤོག8ཡོད་པ་རྒྱལ་ནང་དུ་ཚོང་རར་བཏོན་ཡོད། མངའ་ཁོངས་ནང་གི་ཚོང་རར་ཞུགས་པའི་ཀུང་སིAཡི་སྤྱིའི་རིན་ཐང་སྒོར་དུང་ཕྱུར444.0ཡོད། ལོ་ཧྲིལ་པོར་འགན་བཅོལ་ཀུང་སིའི་འགན་བཅོལ་གྲོན་དངུལ་གྱི་ཡོང་སྒོ་སྒོར་དུང་ཕྱུར45.74དང་ལོ་ཧྲིལ་པོར་གསབ་དངུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར12.68བཅས་ཡོད།

7 སྤྱི་ཚོགས།
7_1 ཚན་རིག་ལག་རྩལ།

སྤྱི་ལོ2014ལོའི་ལོ་མཇུག་བར་ཅའོ་ཙུའོ་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས4དང་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས80ཡོད། ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ18ཐོབ་ཡོད། ཁེ་བེད་བདག་ཐོབ2638རེ་ཞུ་བྱས་པ་དེ་ལོ་གོང་མ་ལས1%འཕར་བ། ཁེ་བེད་བདག་ཐོབ1715དབང་ཆ་སྤྲད་པ་དེ28%འཕར་ཡོད། ལག་རྩལ་གན་རྒྱ132བཞག་པ་དང་ཚོང་འགྲིག་པའི་དངུལ་གྲངས་སྒོར་དུང་ཕྱུར0.33ཟིན་ཡོད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས89ལ་རྣམ་གྲངས་འཛུགས་ཆོག་པའི་ཆོག་མཆན་ཐོབ་ཡོད། དེའི་ནང་རྣམ་གྲངས62ལ་གོང་རིམ་གྱི་གྲོན་དངུལ་སྒོར་ཁྲི་3526ཐོབ་ཡོད། 

7_2 འཕྲོད་བསྟེན།

ཅའོ་ཙུའོ་ནི་ད་ལྟ་རིམ་བཞིན་འཕེལ་རྒྱས་བྱུང་ནས་བཀོད་པ་ཅུང་ལུགས་མཐུན་ཡིན་པ་དང་། རྩ་འཛུགས་ཅུང་འཐུས་ཚང་ཡིན་པ། སྒྲིག་ཆས་ཅུང་སྔོན་ཐོན་ཡིན་པ། ལག་རྩལ་ཅུང་བཟང་བ་བཅས་ཡིན། སྨན་བཅོས་དང་སྔོན་འགོག  མ་བུ་བདེ་སྲུང་། གསོ་རིག་སློབ་ཁྲིད། ཚན་རིག་ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་སྨན་བཅོས་འཕྲོད་བསྟེན་མ་ལག་ཅིག་ཏུ་གྱུར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་དྲ་བ་གཞི་རྩའི་ཆ་ནས་ཆགས་པ་དང་། སྨན་བཅོས་ལག་རྩལ་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་རེད། གྲོང་ཁྱེར་དེ་ཡོངས་ལ་རིམ་པ་གསུམ་པའི་སྨན་ཁང4ཡོད།

སྤྱི་ལོ2014ལོའི་ལོ་མཇུག་བར་ཅའོ་ཙུའོ་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི2656དང་། སྨན་ཁང་དང་འཕྲོད་བསྟེན་ཁང136བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(སོའོ་དང་ས་ཚིགས)11ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)11འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི11བཅས་ཡོད་པ་རེད། འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི18516དང་། འཕྲོད་བསྟེན་ལག་རྩལ་མི་སྣ19300ཡོད། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ8355དང་། ནད་གཡོག7151ཐོ་འགོད་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ455ཡོད། འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ191 འཕྲོད་བསྟེན་ཁང82 ཉལ་ཁྲི3340 འཕྲོད་བསྟེན་ལག་རྩལ་མི་སྣ2590བཅས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ཁྱོན་ཡོངས་ནས་རྫོང(གྲོང་ཁྱེར)དང་ཆུས་ཚང་མར་ཁྱབ་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་དངོས་སུ་ཞུགས་པའི་ཞིང་པ་ཁྲི260.85དང་། དེའི་ནང་ཞུགས་ཚད་བརྒྱ་ཆའི98.5ཟིན་ཡོད། 

7_3 སྤྱི་ཚོགས་འགན་བཅོལ།

སྤྱི་ལོ2020ལོའི་ཟླ2པའི་ཚེས12ཉིན་དམངས་སྲིད་པུའུ་དང་ནོར་སྲིད་པུས་ཐུན་མོང་ཐོག་ཁག་ལྔ་པའི་ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྱུར་བཅོས་ཚོད་ལྟའི་ས་ཁུལ་ལ་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། 

7_4 ལུས་རྩལ།

དམངས་ཡོངས་ཀྱི་ལུས་སྦྱོང་ལས་འགུལ་དང་མང་ཚོགས་ཀྱི་ལུས་རྩལ་ལས་དོན་དེ་ལོ་མང་རིང་ཧོ་ནན་ཞིང་ཆེན་གྱི་སྔོན་ཐོན་གནས་བབ་ཐོག་གནས་ཡོད།   སྤྱི་ལོ1993ལོ་ནས་སྤྱི་ལོ1997ལོའི་་བར་ཧོ་ནན་ཞིང་ཆེན་གྱི་ཚོགས་སྤྱིའི་ལས་དོན་ཕྱོགས་བསྡུས་དཔྱད་བསྡུར་ནང་ཨང་དང་པོ་ཡིན་པ་དང་སྤྱི་ལོ1997ལོར་ཅའོ་ཙུའོ་ལུས་རྩལ་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཚོགས་སྤྱིའི་ལས་དོན་གྱི་སྔོན་ཐོན་ཚན་པར་མིང་བཏགས་ཡོད། U-17རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་འགྲན་སློང་འགྲན་བསྡུར་སོགས་འགྲན་བསྡུར་ཆེ་གྲས་རབ་དང་རིམ་པ་སྒྲུབ་འགན་འཁུར་ཡོད། “རྒྱལ་ཡོངས་གཟེབ་གྲུག་སྤོ་ལོའི་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ་ཡོད།

7_5 སློབ་གསོ།

ཅའོ་ཙུའོ་གྲོང་ཁྱེར་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ1186ཡོད་པའི་ནང་ཧོ་ནན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་། རྨ་ཆུའི་འགྲིམ་འགྲུལ་སློབ་གླིང་། ཧོ་ནན་བཟོ་ལས་དང་ཆ་འཕྲིན་ཅན་ལས་རིགས་སློབ་གླིང་། ཅའོ་ཙུའོ་སློབ་ཆེན། ཅའོ་ཙུའོ་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭཅའོ་ཙུའོ་བཟོ་ལས་ཚོང་དོན་ལས་རིགས་སློབ་གླིང་སོགས་མཐོ་སློབ་དཀྱུས་མ་6དང་། འབྲིང་རིམ་ཆེད་ལས་དཀྱུས་མ6སློབ་འབྲིང་དཀྱུས་མ293ལས་རིགས་སློབ་འབྲིང16སློབ་ཆུང851སློབ་གྲྭ་གཞན་པ(དམིགས་བསལ་སློབ་གསོའི་སློབ་གྲྭ)8བཅས་ཡོད། 

7_6 རྨང་གཞིའི་སློབ་གསོ།

མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་གྲྭ61དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ122356ཡོད། དེའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ40དང་སློབ་གྲྭར་ཡོད་པའི་སློབ་མ71061དང་། མི་འབོར་ཁྲི་རེར་སློབ་གྲྭར་འགྲོ་བཞིན་པའི་སློབ་མ196ཡོད་པ་དང་ཆ་སྙོམས་བྱས་ན་མི་ཁྲི9རེར་མཐོ་རིམ་སློབ་འབྲིང་དཀྱུས་མ་རེ་ཡོད་པ་རེད། ལས་རིགས་མཐོ་འབྲིང13དང་སློབ་གྲྭར་ཡོད་པའི་སློབ་མ25942ཡོད། མི་འབོར་ཁྲི་རེར་སློབ་གྲྭར་ཡོད་པའི་ལས་རིགས་མཐོ་གྲས(ཆེད་བསྡུས)སློབ་མ49ཡོད་པ་དང་ཆ་སྙོམས་བྱས་ན་མི་ཁྲི30.1ལ་ལས་རིགས་མཐོ་གྲས(ཆེད་བསྡུས)རེ་ཡོད། འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མ8དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ25353ཡོད། སློབ་འབྲིང་གྲགས་ཅན་ལ་ཅའོ་ཙུའོ་སློབ་འབྲིང་དང་པོ་དང་། ཅའོ་ཙུའོ་སློབ་འབྲིང་བཅུ་གཅིག་པ། ཅའོ་ཙུའོ་སློབ་འབྲིང་བཅུ་གཉིས་པ། ཅའོ་ཙུའོ་གྲོང་ཁྱེར་ཚོད་ལྟའི་སློབ་འབྲིང་། ཅའོ་ཙུའོ་གྲོང་ཁྱེར་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་སོགས་ཡོད། 

ཅའོ་ཙུའོ་ལ་དམངས་གཉེར་སློབ་གྲྭ483དང་སློབ་གྲྭར་ཡོད་པའི་སློབ་མའི་བསྡོམས་འབོར109796ཟིན་ཡོད། དེའི་ནང་དམངས་བཙུགས་སློབ་ཆུང27དང་སློབ་གྲྭར་ཡོད་པའི་སློབ་མ29454 དམངས་བཙུགས་དམའ་རིམ་སློབ་འབྲིང34དང་སློབ་གྲྭར་ཡོད་པའི་སློབ་མ19118ཡོད། དམངས་གཉེར་མཐོ་འབྲིང8དང་སློབ་གྲྭར་ཡོད་པའི་སློབ་མ4995ཡོད། དགེ་རྒན་དཔུང་ཁག་གི་གཞི་རྩའི་གནས་ཚུལ་ནི།  དགེ་རྒན་དང་ལས་བཟོ་བ48220དང་ཆེད་བསྐོས་དགེ་རྒན40218ཡོད་པའི་ནང་། བྱིས་པའི་དགེ་རྒན3743དང་། དམིགས་བསལ་དགེ་རྒན168སློབ་ཆུང་སློབ་མ15800ལས་རིགས་མཐོ་སློབ(ཆེད་ལས)992དམའ་རིམ་སློབ་འབྲིང་གི་སློབ་མ10698མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ3706འབྲིང་རིམ་ཆེད་སྦྱོང་སློབ་གྲྭ759མཐོ་རིམ་སློབ་གྲྭ་ཆེ་བའི་སློབ་མ3181རིགས་མི་འདྲ་བའི་དར་མའི་སློབ་གསོའི་སློབ་གྲྭ1171བཅས་ཡོད། དམིགས་བསལ་ལས་གནས་ཀྱི་དགེ་རྒན300ཆེད་བསྐོས་དགེ་རྒན་གྱིས་འགན་འཁུར་བའི་སློབ་མའི་གྲངས་འབོར་ནི་སློབ་ཆུང20(ཚད་གཞི་ནི23-26.9)དང་། དམའ་རིམ་སློབ་འབྲིང16(ཚད་གཞི་ནི16-20) མཐོ་ཚད18(ཚད་གཞི་ནི16.1-17.9)འབྲིང་རིམ་ལས་རིགས་སློབ་གྲྭ་དཀྱུས་མ27(ཚད་གཞི་ནི8-10.5) མཐོ་རིམ་སློབ་གྲྭ་དཀྱུས་མ(ཚད་གཞི་ནི6-8.5)བཅས་ཡིན། ཆེད་བསྐོས་དགེ་རྒན་གྱི་སློབ་རྒྱུས་ལོན་ཚད་ནི། བྱིས་པའི་དགེ་རྒན97%དང་། སློབ་ཆུང99.9% དམའ་རིམ་སློབ་འབྲིང99.2% མཐོ་ཚད91%ལས་རིགས་མཐོ་རིམ་སློབ་འབྲིང87.8%བཅས་རེད།

ཅའོ་ཙུའོ་ལ་དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ6ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ561ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ལས་བཟོའི་རྩལ་ནུས་གསོ་སྦྱོང་དང་རིག་གནས་ལག་རྩལ་གསོ་སྦྱོང་གཙོ་བོར་བྱས་པའི་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ773གྱིས་ཞིང་པ་དང་སྤྱི་ཚོགས་ཀྱི་རིགས་ཁག་གི་མི་སྣ91744གསོ་སྦྱོང་བྱས་ཡོད། མཐོ་རིམ་ལས་རིགས་སློབ་གླིང་དུ་ཅའོ་ཙུའོ་བཟོ་ལས་ཚོང་དོན་ལས་རིགས་སློབ་གླིང(ཆིན་དབྱང་གྲོང་ཁྱེར་དུ་གནས་ཡོད)དང་ཅའོ་ཙུའོ་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན(དར་མའི་མཐོ་རིམ་ཆེད་ཚན་སློབ་གྲྭ)ཅའོ་ཙུའོ་གྲོང་ཁྱེར་མཐོ་རིམ་ལག་རྩལ་བཟོ་པའི་སློབ་གྲྭ(ཅའོ་ཙུའོ་གྲོང་ཁྱེར་ལག་རྩལ་པའི་སློབ་གླིང)སོགས་ཡོད།

སྤྱི་ལོ2014ལོར་ཅའོ་ཙུའོ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ་ཁྲི2.34བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི7.19དང་སློབ་ཐོན་སློབ་མ་ཁྲི2.21ཡོད། དམའ་རིམ་སློབ་འབྲིང་དུ་སློབ་མ་ཁྲི4.75བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི14.72དང་སློབ་ཐོན་སློབ་མ་ཁྲི4.41བསྡུས་ཡོད། སློབ་ཆུང་དཀྱུས་མས་སློབ་མ་ཁྲི4.21བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི25.08  སློབ་ཐོན་སློབ་མ་ཁྲི4.89བཅས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།