ཧྲན་དབྱང་ཆུས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-25 15:01ལ་འགྲུབ།

ཧྲན་དབྱང་ཆུས།

ཧྲན་དབྱང་ཆུས།
ཧྲན་དབྱང་ཆུས་ནི་ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། ཅའོ་ཙུའོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་། རིག་གནས། དངུལ་རྩ། ཚོང་ལས་བཅས་ཀྱི་ལྟེ་གནས་ཡིན། ཧྲན་དབྱང་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ74.4དང་དེའི་ཁོངས་སུ་ཁྲོམ་གཞུང10དང་། སྲིད་འཛིན་གྲོང་ཚོ19སྡེ་ཁུལ31བཅས་སྤྱིའི་མི་འབོར249733(2012ལོ)ལྷག་ཡོད། སྤྱི་ལོ2009ལོར་ཧྲན་དབྱང་ཆུས་ལ་ཧོ་ནན་ཞིང་ཆེན་ཤེས་དཔལ་གྲོང་ཁུལ་དང་། ཧོ་ནན་ཞིང་ཆེན་རིག་གནས་སྔོན་ཐོན་ཁུལ། “སྤྲོ་སྣང་ལྡན་པའི་ཀྲུང་ཡོན་ཞབས་བྲོའི་ཧྲན་དབྱང”ཐང་ཆེན་རིག་གནས་བྱེད་སྒོའི་སྔོན་ཐོན་ཚན་པ། གྲོང་ཁྱེར་གྱི“དར་སྲོལ་གསར་པའི”དམངས་ཡོངས་ལུས་སྦྱོང་བྱེད་སྒོའི་སྔོན་ཐོན་ཚན་པ་སོགས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས《ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ནོར་སྲིད་པུའི་རིག་གནས་དང་ཡུལ་སྐོར་པུའི་རྒྱལ་ཁབ་རིག་དངོས་ཅུས་ཀྱིས《གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པའི་ནང་ཧྲན་དབྱང་ཆུས་གྲས་སུ་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山阳区
སྲིད་འཛིན་ཁུལ་གྱི་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ་དོན་གཅོད་ཁང9དང་སྲིད་འཛིན་གྲོང་ཚོ19སྡེ་ཁུལ35ཡོད།
སྲིད་གཞུང་གི་ས་གནས།
མི་དམངས་ལམ་ཨང1969པ།
ས་ཁོངས་ཁ་པར་ཨང་རྟགས།
0391
སྦྲག་སྲིད་ཨང་རྟགས།
454002
ས་གནས།
ཧོ་ནན་ཞིང་ཆེན་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ74.4ཡོད།
མི་གྲངས།
མི249733ཡོད། (2012ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)H
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410811
1 འཛུགས་སྐྲུན་གྱི་འཕེལ་རིམ།

ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན། ཧྲན་དབྱང་གྲོང་ཁྱེར་ནི་ཀྲན་གོའི་དུས་འགོར་བཙུགས་པ་དང་ཀྲན་གོའི་དུས་སྐབས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་། ཆིན་ཧན་དང་། རྒྱལ་ཁབ་གསུམ་དང་དེ་བཞིན་ལྷོ་བྱང་རྒྱལ་རབས་ཀྱི་དུས་སྐབས་སུ་རྫོང་གི་ལམ་ལུགས་བཙུགས་ཡོད།

སྤྱི་ལོ1988ལོར་ཆུས་བགོས་ནས་གྲོང་ཁུལ་དུ་བསྒྱུར་བ་དང་། 

སྤྱི་ལོ1990ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ཅིང་། མིང་ལ་ཧྲན་དབྱང་ཆུས་ཞེས་བསྒྱུར།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2000ལོར་ཧྲན་དབྱང་ཆུས་སུ་ཁྲོམ་གཞུང7དང་ཤང3ཡོད།

སྤྱི་ལོ2005ལོར་ཧྲན་དབྱང་ཆུས་ཀྱི་ཤང་གྲོང་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་པ་སྟེ། ཨེན་གྲོང་ཚོ་ཤང་མེད་པ་བཟོས་པ་དང་། ཤིན་ཁྲེང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་པ། དེ་སྔའི་ཨེན་གྲོང་ཚོ་ཤང་སྲིད་འཛིན་ས་ཁོངས་བདག་སྐྱོང་བྱས་པ། དོན་གཅོད་ཁྲུའུ་ཨེན་གྲོང་ཚོའི་ཁྲོམ་གཞུང་གསུམ་དུ་བཅའ་སྡོད་བྱས་པ། བརྒྱ་སྟོང་གི་ཁང་པ་མེད་པ་བཟོས་ནས་ཀྲུང་ཤིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཏེ་དེ་སྔའི་བརྒྱ་སྟོང་གི་ཁང་པ་ཤང་སྲིད་འཛིན་ས་ཁོངས་དོ་དམ་བྱེད་ཁོངས་སུ་བཅུག་ནས་མིའོ་ཧོ་གྲོང་ཚོར་བཅའ་སྡོད་དོན་གཅོད་ཁང་དང་། ལི་ཁྲི་ཤང་ཕྱིར་འཐེན་བྱས་ནས་ལི་ཁྲི་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཏེ་དེ་སྔའི་ལི་ཁྲི་ཤང་སྲིད་འཛིན་ས་ཁོངས་སུ་བཅའ་སྡོད་དོན་གཅོད་ཁང་གི་གྲོང་ཚོར་བཅའ་སྡོད་བྱས་ཡོད། ཧྲན་དབྱང་ཁུལ་དུ་སྲང་ལམ10ཡོད།

སྤྱི་ལོ2005ལོའི་ཟླ12པའི་ཚེས31ཉིན་བར་ཧྲན་དབྱང་ཆུས་ཁོངས་སུ་ཁྲོམ་གཞུང10ཡོད་པ་སྟེ། དེ་དག་ནི་ཏུང་ཧྥིང་ཧུང་ཁྲོམ་གཞུང་དང་། ཅའོ་ཏུང་ཁྲོམ་གཞུང་། ཁང་པ་བརྒྱའི་ཁྲོམ་གཞུང་། དབྱི་ཤིན་ཁྲོམ་གཞུང་། ཏིང་ཧོ་ཁྲོམ་གཞུང་། ཐའེ་ཧང་ཁྲོམ་གཞུང་། ཀོང་ཡ་ཁྲོམ་གཞུང་། ཤིན་ཁྲེང་ཁྲོམ་གཞུང་། ཀྲུང་ཤིན་ཁྲོམ་གཞུང་། ལི་དབན་ཁྲོམ་གཞུང་བཅས་རེད།

སྤྱི་ལོ2020ལོའི་ཟླ2པའི་་བར་ཧྲན་དབྱང་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ9དང་སྲིད་འཛིན་གྲོང་ཚོ་19དང་སྡེ་ཁུལ35བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཧྲན་དབྱང་ཆུས་ནི་ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར་ཅའོ་ཙུའོ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་གནས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ74.4ཟིན་ཡོད། བྱང་དུ་ཐའེ་ཧང་རི་བོ་དང་ཧྲན་ཞི་འབྲེལ་མཚམས། ལྷོ་རུ་རྨ་ཆུ་དང་འབྲེལ་ཡོད།    

3_2 ས་དབྱིབས།

རི་ཁུལ་ནི་རི་མ་ཐང་དུ་གནས་པ་དང་། ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། ལྷོ་བྱང་དུ་འབབ་པའི་ཧེ་བག་སྨི80དང་། ལུང་ཤུར་འཕྲེད་གཞུང་དུ་བསྣོལ་འདྲེས་བྱས་ཡོད།

3_3 ནམ་ཟླའི་ཁྱད་ཆོས།

ཧྲན་དབྱང་ཆུས་ནི་ཚ་ཁུལ་བྱང་མ་དང་དྲོད་ཁུལ་གྱི་ས་ཁུལ་དུ་གནས་པ་དང་། དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཤིང་། གནམ་གཤིས་དྲོ་བ་དང་། ཉི་འོད་ཕོག་པ། ཆར་ཆུ་འབེལ་བ། ལོ་རེའི་ཆ་སྙོམས་དྲོད་ཚད14.2℃-14.8℃དང་། ཉི་འོད་ཕོག་པའི་ཆུ་ཚོད2200-2400 སད་མེད་དུས་ཉིན216-240བར་ཡིན།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2014ལོའི་བར་ཧྲན་དབྱང་ཆུས་སུ་རྩད་ཆོད་པའི་གཏེར་ཁའི་ཐོན་ཁུངས་སྣ་ཁ20ལྷག་ཙམ་ཟིན་པའི་ནང་རྡོ་དཀར་པོ་དང་། རྡོ་ཐལ་རྡོ། རྡོ་སོལ། མེ་ཐུབ་ས་མྱགས། ལྕགས་གཏེར་སོགས་གཏེར་རྫས་སྤུས་ལེགས་གྲངས་འབོར་ཆེན་པོ་ཡོད་པ་རེད།

4_2 ཆུའི་ཐོན་ཁུངས།

ཅའོ་ཙུའོ་གྲོང་ཁྱེར་ནི་རང་བྱུང་གི་ས་འོག་གི་ཆུ་འདུས་གཤོང་ས་ཞིག་ཡིན་པ་དང་། བྱང་རྒྱུད་རི་ཁུལ་དང་ཧྲན་ཞིའི་ཤར་ལྷོའི་རི་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ1400ཙམ་གྱི་རྒྱ་ཆེའི་ས་ཁུལ་ཞིག་ཡིན་ཞིང་། དེ་དག་ཚང་མ་ས་འོག་གི་ཆུ་བསྲེགས་པའི་མཁོ་སྤྲོད་ཁུལ་ཡིན། ཧྲན་དབྱང་ཆུས་ཀྱི་ས་འོག་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1720ཟིན།

4_3 མི་འབོར།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་ཐེམ་ཐོ་ཡོད་པའི་མི་འབོར249733ནང་ཞིང་ལས་མི་འབོར40378དང་ཞིང་ལས་མིན་པའི་མི་འབོར209355ཡོད། སྤྱི་ལོ2012ལོར་གྲོང་ཁྱེར་དང་གྲོང་རྡལ་ཅན3%གྱི་དཔེ་འཐེན་བརྟག་དཔྱད་བྱས་འབྲས་ལས་མངོན་པར། ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར271484ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་91.79% སྐྱེས་ཚད9.42% ཤི་ཚད4.626% རང་བྱུང་འཕར་ཚད4.80%བཅས་ཡིན།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ཧྲན་དབྱང་ཆུས་ཀྱི་ཞིང་ལས་སྐྱེ་དངོས་སྤྱིའི་འདེབས་ཁྱོན་སྤྱི་ཆིང1386ཡོད་པ་དེ་སྤྱི་ལོ2011ལོ་ལས་སྤྱི་ཆིང17ཉུང་དུ་ཕྱིན་པའི་ནང་གྲོ་འདེབས་ཁྱོན་སྤྱི་ཆིང607ཟིན་ནས་སྤྱི་ཆིང9ཉུང་དུ་ཕྱིན་པ་དང་། མ་རྨོས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང607ཡོད་པ་དེ་སྤྱི་ལོ2011དང་མཉམ་པ་དང་། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང172ཟིན་ནས་སྤྱི་ཆིང8ཉུང་དུ་ཕྱིན་ཡོད།  སྤྱི་ལོ2012ལོར་འབྲུ་རིགས་ཐོན་ཚད་ཏུན5808ཟིན་པ་དེ་སྤྱི་ལོ2011ལོ་ལས3.9%འཕར་བ། སྔོ་ཚལ་ཐོན་ཚད་ཏུན5415ཟིན་པ་དེ་སྤྱི་ལོ2011ལོ་ལས26.8%ཆག་པ། ཤིང་ཏོག་ཐོན་ཚད་ཏུན68ཟིན་པ་དེ་ སྤྱི་ལོ2011ལོ་དང་མཉམ་པ་རེད། ལོ་ཧྲིལ་པོར་ཕག་པ་གསོ་ཚགས་བྱས་པའི་མགོ་གྲངས24308དང13270ཡོད་པ་དེ་སྤྱི་ལོ2011ལོ་ལས38.6%དང་3.3%སོ་སོར་འཕར་བ། ར་ལུག2363ཡོད་པ་དེ་སྤྱི་ལོ2011ལོ་ལས8.9%ཆག་པ་དང་བཤས་གཏོང་ཚད1145ཡོད་པ་དེ་སྤྱི་ལོ2011ལོ་ལས23.4%འཕར་བ། བྱ་རིགས་བཤས་གཏོང་ཚད99650ཡོད་པ་དེ་སྤྱི་ལོ2011ལོ་ལས13.8%ཆག་པ་དང་བཤས་གཏོང་ཚད81160ཡོད་པ་དེ་སྤྱི་ལོ2011ལོ་ལས30.5%འཕར་ཡོད།

སྤྱི་ལོ2012ལོར་ཧྲན་དབྱང་ཆུས་ཀྱི་ཤ་རིགས་ཐོན་འབོར་བསྡོམས་གྲངས་ཏུན1145ཟིན་པ་དེ་སྤྱི་ལོ2011ལོ་ལས7%འཕར་བ། དཀར་ཆུའི་རིགས་ཀྱི་ཐོན་ཚད་ཏུན1739ཟིན་པ་དེ་སྤྱི་ལོ2011ལོ་ལས47%ཆག་པ། སྒོ་ང་རིགས་ཀྱི་ཐོན་ཚད་ཏུན753ཟིན་པ་དེ་སྤྱི་ལོ2011ལོ་ལས18%ཆག་ཡོད། ལོ་མཇུག་ཏུ་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ43230ཟིན་པ་དེ་སྤྱི་ལོ2011ལོ་དང་མཉམ་པ་དང་། ཞིང་སྤྱོད་འདྲུད་འཐེན་འཁོར་ལོ595ཡོད་པ་དེ་སྤྱི་ལོ2011ལོ་ལས1.5%འཕར་བ།  སྤྱི་ལོ2012ལོར་ནགས་ཚལ་རྒྱ་ཁྱོན་མུའུ8006བསྐྲུན་པ་དང་རྨོ་བསྐྱུར་ནགས་གསོ་མུའུ3910.5བྱས་ཡོད། ཆུས་ཡོངས་སུ་འོས་འགན་ཤིང་འཛུགས་ནང་མི་ཐེངས་ཁྲི5.5ཞུགས་པ་དང་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི28བྱས་པའི་ནང་གཙོ་གནད་ས་ཁུལ་གྱི་འགོག་སྲུང་ནགས་ཚལ་ལས་གྲྭ་མུའུ2010ལེགས་གྲུབ་བྱུང་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ཧྲན་དབྱང་ཆུས་ཀྱི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི38020ཡོད་པ་དེ་ སྤྱི་ལོ2011ལོ་ལས15.3%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་ཁྲི29963ཡོད་པ་དེ་སྤྱི་ལོ2011ལས20.1%འཕར་བ། ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད99.4%ཟིན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་རིགས་ཆེན་པོ9ཡོད་ཅིང་། འཕར་ཐང་ནི་རྡོ་སྣུམ་ལས་སྣོན་དང་། རྡོ་སོལ་བསྲེགས་མ་བཟོ་བ། ཉིང་རྡུལ་འབར་རྫས་ལས་སྣོན་ལས་རིགས་བཅས་ལ་སྒོར་ཁྲི11973ཡོད་པ་དེ་སྤྱི་ལོ2011ལོ་ལས121.4%འཕར་བ་དང་། རྫས་འགྱུར་རྒྱུ་ཆ་དང་རྫས་འགྱུར་བཟོས་རྫས་བཟོ་སྐྲུན་ལས་རིགས་ལ་སྒོར་ཁྲི962བཏང་བ་དེ་སྤྱི་ལོ2011ལོ་ལས27.6%ཆག་པ། ལྕགས་རིགས་མིན་པའི་གཏེར་དངོས་ལས་རིགས་ལ་སྒོར་ཁྲི10186བཏང་བ་དེ་སྤྱི་ལོ2011ལོ་ལས32.1%ཆག་པ། ཀུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་སྒོར་ཁྲི793བཏང་བ་དེ་སྤྱི་ལོ2011ལོ་ལས30.4%ཆག་པ། འགྱིག་དང་སྤོས་འགྱིག་བཟོས་རྫས་ལས་རིགས་ལ་སྒོར་ཁྲི1088བཏང་བ་དེ་སྤྱི་ལོ2011ལོ་ལས18.8%འཕར་བ། རྩིས་འཁོར་དང་། འཕྲིན་གཏོང་སྒྲིག་ཆས། གློག་རྡུལ་སྒྲིག་ཆས་གཞན་དག་བཅས་ཀྱི་བཟོ་སྐྲུན་ལས་རིགས་ལ་སྒོར་ཁྲི1605བཏང་བ་དེ་སྤྱི་ལོ2011ལོ་ལས12.2%འཕར་བ། འཁལ་འཐག་ལས་རིགས་ལ་སྒོར་ཁྲི1393བཏང་བ། སྨན་རྫས་བཟོ་སྐྲུན་ལས་རིགས་ལ་སྒོར་ཁྲི795བཏང་བ་དེ་སྤྱི་ལོ2011ལོ་ལས6.6%ཆག་པ། མདོག་ནག་ལྕགས་རིགས་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས་ལ་སྒོར་ཁྲི1168བཏང་བ་དེ་སྤྱི་ལོ2011ལོ་ལས75.8%བཅས་འཕར་ཡོད།

སྤྱི་ལོ2012ལོར་ཧྲན་དབྱང་ཆུས་ཀྱི་བཟོ་ལས་ཐོན་རྫས་གཙོ་བོའི་ཐོན་འབོར་ཁྲོད་རླངས་སྣུམ་ཐོན་ཚད་ཏུན98222ཡོད་པ་དེ་སྤྱི་ལོ2011ལོ་ལས118.8%འཕར་བ་དང་། ཨར་འདམ་རྒྱུ་ཆའི་ཐོན་ཚད་ཏུན889000ཡོད་པ་དེ་སྤྱི་ལོ2011ལོ་ལས28.7%ཆག་པ། ཨར་འདམ་ཐོན་ཚད་ཏུན1232650ཡོད་པ་དེ་སྤྱི་ལོ2011ལོ་ལས27.3%ཆག་ཡོད། དེ་མིན་གྱི་བཟོ་ལས་ཐོན་རྫས་ཀྱི་ཐོན་འབོར་ནང་ནས་ངར་ལྕགས་ཅན་གྱི་ཤེལ་སྒོ་སྨི་གྲུ་བཞི་མ329181ཡོད་པ་དེ་སྤྱི་ལོ2011ལོ་ལས16.8%ཆག་པ་དང་། སྐྱེལ་འདྲེན་འཕྲུལ་ཆས་ཏུན2847ཡོད་པ་དེ་སྤྱི་ལོ2011ལོ་ལས14.4%ཆག་པ་དང་། གློག་རྡུལ་ལྷུ་ལག་ཆེ་གྲས་ཁྲི47.8ཡོད་པ་དེ་སྤྱི་ལོ2011ལོ་ལས9%ཆག་པ། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་ཏུན3319ཡོད་པ་དེ་སྤྱི་ལོ2011ལོ་ལས10.6%འཕར་བ། སྲུབས་མེད་ལྕགས་མདོང་ཏུན2357ཡོད་པ་དེ་སྤྱི་ལོ2011ལོ་ལས21.9%འཕར་ཡོད། ལོ་ཧྲིལ་པོར་ཐོན་ལས་གཅིག་སྡུད་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི142439ཡོད་པ་དེ་སྤྱི་ལོ2011ལོ་ལས7.6%འཕར་བ་དེས་ཧྲན་དབྱང་ཁུལ་གྱི་བསྡུར་ཚད་ཀྱིས99.2%བཟུང་ཡོད། ཐོན་ལས་གཅིག་སྡུད་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་གཉེར་མི་སྣའི་ཆ་སྙོམས་མི་གྲངས1539ཡོད་པ་དེ་སྤྱི་ལོ2011ལོ་ལས4.1%འཕར་ཡོད། སྤྱི་ལོ2012ལོར་སྤྱི་ཚོགས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི371534ཡོད་པ་དེ་སྤྱི་ལོ2011ལོ་ལས16.1%འཕར་ཡོད། ཆུས་ཡོངས་ཀྱི་འོས་ཐོབ་རིམ་པ་ལྡན་པའི་ཨར་སྐྲུན་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི5571ཡོད་པ་དང་ཁྲལ་དངུལ་བསྡོམས་འབོར་སྒོར་ཁྲི10412ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཧྲན་དབྱང་ཆུས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི611445བཏང་བ་དེ་སྤྱི་ལོ2011ལོ་ལས21.8%འཕར་ཡོད། དེའི་ནང་བཟོ་ལས་མ་འཇོག་སྒོར་ཁྲི104216ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2011ལོ་ལས6.0%ཆག་ཡོད་པ་རེད། ལོ་ཧྲིལ་པོར་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི216039བཏང་བ་དེ་སྤྱི་ལོ2011ལོ་ལས15.8%ཆག་པ་དེའི་ནང་སྡོད་ཁང་ཐད་མ་དངུལ་སྒོར་ཁྲི187207བཏང་བ་དེ་སྤྱི་ལོ2011ལོ་ལས11.9%ཆག་ཡོད། ཚོང་སྒྱུར་སྡོད་ཁང་གི་ཨར་ལས་རྒྱ་ཁྱོན་སྨི་ངོས་གྲུ་མ26099ཡོད་པ་དེ་སྤྱི་ལོ2011ལོ་ལས1.2%ཆག་པ་དང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ317011ཡོད་པ་དེ་སྤྱི་ལོ2011ལོ་ལས500.0%འཕར་བ་དང་། ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ274533ཡོད་པ་དེ་སྤྱི་ལོ2011ལོ་ལས16.4%འཕར་བ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི127878ཡོད་པ་དེ་སྤྱི་ལོ2011ལོ་ལས30.1%འཕར་ཡོད། སྤྱི་ལོ2012ལོར་ཆུས་ཡོངས་སུ་ཁྱོན་མ་དངུལ་སྒོར་ཁྲི500ཡན་བཏང་བའི་རྣམ་གྲངས70ཡོད་པའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས58ཡོད་པ་རེད། ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས13བཏང་བ་དང་མ་དངུལ་སྒོར་ཁྲི206074བཏང་བ་དེ་སྤྱི་ལོ2011ལོ་ལས48.5%འཕར་ཡོད། སྤྱི་ལོ2012ལོར་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི1158ཡོད་པ་དེ་སྤྱི་ལོ2011ལོ་ལས7.0%འཕར་བའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི1118ཡོད་པ་དེ་སྤྱི་ལོ2011ལོ་ལས3.7%འཕར་བ་དང་། ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི40ཡོད། སྤྱི་ལོ2012ལོར་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་ཨ་སྒོར་ཁྲི3100འཇོག་པའི་གན་རྒྱ་བཞག་པ་དེ་སྤྱི་ལོ2011ལོ་ལས203.9%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི2210དངོས་སུ་སྤྱད་དེ་སྤྱི་ལོ2011ལོ་ལས22.8%འཕར་ཡོད།

6 སྤྱི་ཚོགས།
6_1 སློབ་གསོ།

སྤྱི་ལོ2013ལོར་ཧྲན་དབྱང་ཆུས་ཀྱིས་མ་དངུལ་སྒོར་ཁྲི3710བཏང་ནས་གྲོང་གསར་སློབ་གྲྭ་སྐྲུན་འགོ་ཚུགས་པ་རེད། མ་དངུལ་སྒོར་ཁྲི1000ལྷག་ཙམ་བཏང་བའི་ཐ་ནན་ལམ་སློབ་ཆུང་སོགས་སློབ་གྲྭའི་སློབ་ཁྲིད་ཐོག་ཁང10ཇེ་བརྟན་དུ་གཏོང་བ་དང་ལུས་རྩལ་ཐང་སྒྱུར་བཀོད་བྱས་པ་རེད། གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཡོན་རྩ་ཆག་བཏང་བའི་མ་དངུལ་སྒོར་ཁྲི584.8ཡོད། 

6_2 འཕྲོད་བསྟེན།

སྤྱི་ལོ2013ལོར་ཧྲན་དབྱང་ཆུས་སུ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་ལྟ་སྐུལ་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གསར་འཛུགས་ཟབ་སྤེལ་བྱས་པ་དང་། མཁོ་ཆོད་སྨན་པ་དཀའ་བཅུ་པའི་ཞབས་ཞུ་ཚོགས་པ51བཙུགས་ཏེ། སྡོད་དམངས་ཁྲི6ལ་ཉེ་བར་གན་རྒྱ་འཇོག་པའི་ཞབས་ཞུ་འདོན་སྤྲོད་བྱས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད98.94%ཟིན་ནས་གྲོང་ཁུལ་ལྔའི་ཨང་དང་པོར་སླེབས་ཡོད། ཧྲན་དབྱང་ཆུས་ཀྱི་མི་ཁྲི26ལྷག་ཙམ་ལ་བདེ་ཐང་ཡིག་ཚགས་བཟོས་ཡོད།

6_3 རིག་གནས།

སྤྱི་ལོ2009ལོ་ནས་བཟུང་ཧྲན་དབྱང་ཆུས་སུ་ལོ་བཞི་བསྟུད་མར་ཀྲུང་གོའི་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་ཚན་པ་ཐོབ་པ་དང་ཅའོ་ཙུའོ་གྲོང་ཁྱེར་ལ་གཞོགས་འདེགས་བྱས་ནས་ཡུལ་སྐོར་ཚད་ལྡན་ཅན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།

6_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར་ཧྲན་དབྱང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཟླ་རེར་སྒོར50དང་སྒོར30སོ་སོར་མཐོ་རུ་བཏང་ཡོད། ཧྲན་དབྱང་ཆུས་སུ་མི5851གསར་དུ་ལས་ཞུགས་ཐུབ་པ་དང་ལས་བྲལ་ལས་ཤོར་མི་སྣ2827བསྐྱར་དུ་ལས་ཞུགས་ཐུབ་ཡོད། ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི244དང་གཟིགས་སྐྱོང་དངུལ་སྒོར་ཁྲི1173བཅས་སྤྲད་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།