ཁྲའེ་ཧྭ་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:26ལ་འགྲུབ།

ཁྲའེ་ཧྭ་རྫོང་།

ཁྲའེ་ཧྭ་རྫོང་།
ཁྲའེ་ཧྭ་རྫོང་ནི་ཀྲེ་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་། ཆུས་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དང་ཆན་ཅང་གི་ཆུ་འགོ། ཀྲེ་ཅང་གི་ཨན་ཧུའེ་དང་ཀན་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། བྱང་གི་འཕྲེད་ཐིག 28°54′30″ནས29°29′59″བར་དང་། ཤར་གྱི་གཞུང་ཐིག118°01′15″ནས118°37′50″བར་དུ་གནས་ཡོད། ཤར་ཕྱོགས་དང་བྱང་ཤར་ནི་ཧང་ཀྲོའུ་གྲོང་ཁྱེར་གྱི་ཁྲུང་ཨན་རྫོང་དང་ས་མཚམས་འབྲེལ་བ་དང་། ཤར་དང་ལྷོ་རུ་རང་གྲོང་ཁྱེར་གྱི་ཁྲང་ཧྲན་རྫོང་དང་འབྲེལ་ཡོད། ལྷོ་ནུབ་ནི་ཅང་ཞི་ཞིང་ཆེན་གྱི་ཡུས་ཧྲན་རྫོང་དང་ཏེ་ཞིན་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་དང་ནུབ་བྱང་ནི་ཅང་ཞི་ཞིང་ཆེན་གྱི་ཝུའུ་ཡོན་རྫོང་དང་འབྲེལ་ཡོད། བྱང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཞིའུ་ཉིང་རྫོང་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས། དེར“དབྱི་རའོ་ཡི་འགོག་ཡོལ་”ཞེས་འབོད་སྲོལ་ཡོད། རྫོང་མངའ་ཁོངས་ཀྱི་མཐའ་འཁོར་རིང་ཚད་ལ་སྤྱི་ལེ297.73དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ59.2 ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ66བཅས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2236.61ཡོད་པ་རེད། ཁེ་ཧྭ་རྫོང་ནི་ཆན་ཐང་གཙང་པོའི་ཆུ་འགོ་དང་། རྒྱལ་ཁབ་རིམ་པའི་སྣོད་བཅུད་རྫོང་། རྒྱལ་ཁབ་རིམ་པའི་སྣོད་བཅུད་ཡུལ་སྐོར་དཔེ་སྟོན་ཁུལ་བཅས་ཡིན་ཞིང་། རྫོང་ཁོངས་ཀྱི་ཆན་ཅང་ཡོན་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཚོད་ལྟའི་ཚན་པ་བཅུའི་གྲས་ཤིག་རེད། མཛེས་ལྗོངས་ཁུལ་གཙོ་བོར་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་གྱི་ཀུན་ཀུན་ཧྥོ་ཀོ་རིག་གནས་ཡུལ་སྐོར་ཁུལ་དང་། ཆན་ཅང་ཡོན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཀུའུ་ཐེན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ། འཇའ་ཚོན་སྣ་བདུན། ཧྭ་ཅི་ཀུའུ་མཛེས་ལྗོངས་ཁུལ། ཅིའུ་ཤིས་ལུང་མོན། ཅིན་ཤིང་། ཞ་ཐན་སོགས་མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་ཡོད་པ་རེད། སྤྱི་ལོ2016ལོའི་ཟླ12པའི་ཚེས7ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་པུའུ་ཨུད་བཅུ་གཅིག་གིས་བརྡ་ཐོ་བཏང་ནས་ཁའེ་ཧྭ་རྫོང་འདི་ཉིད་ཁག་གསུམ་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་དུ་བརྩིས་ནས་སྤྱི་ལོ2016ལོའི་ལོ་མཇུག་གོང་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། སྤྱི་ལོ2018ལོར་སླེབས་སྐབས་ཚོད་ལྟའི་ལས་འགན་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་ཆགས་པ་བཅས་བྱས་ནས་སྤྱི་ལོ2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་གོ་རིམ་ལྡན་པའི་ངང་ཚོད་ལྟའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱབ་གདལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། སྤྱི་ལོ2018ལོའི་ཟླ11པར། ཁའེ་ཧྭ་རྫོང་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོའི”ནང་ཚུད་པ་དང་སྤྱི་ལོ2018ལོའི་ཟླ12པར། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁག་གཉིས་པའི་མཚན་སྙན་ཐོབ་པ་རེད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག་པ་རེད། སྤྱི་ལོ2019ལོའི་ཟླ6ཚེས14ཉིན“ཀྲུང་གོའི་གྲོང་ཁྱེར་བཅོས་སྐྱོང་གསར་གཏོད་བྱ་དགའ”ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
开化县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2236.61ཡོད།
ཕྱི་ཡིག་གི་མིང་།
Kaihua County
མི་འབོར།
ཁྲི25.50སྤྱི་ལོ2018ལོ)ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར།
ས་ཁམས་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་གྱི་བྱང་རྒྱུད།
མངའ་ཁོངས།
ཡུལ་ཚོ་དང་གྲོང་རྡལ14ཡོད།
རླངས་འཁོར་ཚབ་ཨང་།
浙HB
ས་ཁོངས་ཁ་པར་ཨང་རྟགས།
0570
ས་ཁུལ་གྱི་ཐོན་སྐྱེད་སྡོམ་འབོར།
སྒོར་དུང་ཕྱུར131.99(སྤྱི་ལོ2018ལོ)ཡིན།
སྦྲག་སྲིད་ཨང་རྟགས།
324300
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330824
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཁྲུན་ཆིའུ་དུས་སྐབས་སུ་ཡུའེ་རྒྱལ་ཕྲན་དུ་གཏོགས་ཤིང་། ཀྲན་གོའི་དུས་མཇུག་ཏུ་ཁྲུའུ་ལ་གཏོགས་པ་རེད།

ཆིན་རྒྱལ་རབས་སྐབས་སུ། ཧུའེ་ཅི་ཅུན་ཐའེ་མོ་རྫོང་ལ་གཏོགས་པ་རེད།

མིང་གོའི་ཐོག་མའི་དུས་སུ་ཅིན་ཧྭ་ཏའོ་ལ་གཏོགས་པ་ཡིན།    མིང་གོའི་སྲིད་ལོ16པར། ཏའོ་ཡི་ལམ་ལུགས་མེད་པར་བཟོས་ཤིང་། ཀྲེ་ཅང་ཞིང་ཆེན་ལ་ཐད་ཀར་གཏོགས་པའོ།།

མིང་གོའི་སྲིད་ལོ24པར། ཆུས་ཀྲོའུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ནས་ཁའེ་དེའི་ཧྭ་ཁོངས་སུ་གཏོགས། 

སྤྱི་ལོ1949ལོའི་ཟླ5པའི་ཚེས4ཉིན། ཁའེ་ཧྭ་རྫོང་བཅིངས་འགྲོལ་བཏང་ནས་ཆུས་ཀྲོའུ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1955ལོར་ཆུས་ཀྲོའུ་ཀྲོན་ཆུས་མེད་པར་བཟོས་ཏེ། ཁའེ་ཧྭ་རྫོང་ཁོངས་ཅན་ཏེ་ཀྲོན་ཆུས་སུ་གཏོགས་པ་རེད།

སྤྱི་ལོ1958ལོའི་ཟླ12པར། ཅན་ཏེ་ཀྲོན་ཆུས་མེད་པར་བཟོས་པ་དང་། ཁའེ་ཧྭ་དེ་ཅིན་ཧྭ་ཀྲོན་ཆུས་སུ་བསྒྱུར།     

སྤྱི་ལོ1985ལོའི་ཟླ་5པར་ཅིན་ཧྭ་ཀྲོན་ཆུས་སུ། ཅིན་ཧྭ་གྲོང་ཁྱེར་དང་ཆུས་ཀྲོའུ་སྟེ་ཞིང་ཆེན་ལ་གཏོགས་པའི་གྲོང་ཁྱེར་གཉིས་བཙུགས་པ་རེད། ཁའེ་ཧྭ་རྫོང་ནི་ཆུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ལོ་མཇུག་བར། ཁའེ་ཧྭ་རྫོང་ཁོངས་སུ་དོན་གཅོད་ཁྲུའུ་གཅིག་དང་ཡུལ་ཚོ་དང་གྲོང14སྟེ། ཆིན་དབྱང་དོན་གཅོད་ཁྲུའུ་དང་། ཧྭ་ཕུའུ་གྲོང་རྡལ། ཐུང་ཐུང་གྲོང་རྡལ། དབྱང་ལིན་གྲོང་རྡལ། དབྱིན་ཁེང་ཡུལ་ཚོ། ཀྲུང་ཚུན་ཡུལ་ཚོ། ལིན་ཧྲན་ཡུལ་ཚོ། ཁྲེ་ཧོའེ་གྲོང་རྡལ། སུའུ་ཀྲོང་གྲོང་རྡལ། ཁྲང་ཧུང་ཡུལ་ཚོ། མ་ཅིན་གྲོང་རྡལ། ཚུན་ཐོའུ་གྲོང་རྡལ། ཆི་ཤིས་གྲོང་རྡལ། ཧོ་ཐེན་ཡུལ་ཚོ། ཏ་ཤིས་པན་ཡུལ་ཚོ་བཅས་ཁྱོན་སྲིད་འཛིན་གྲོང་ཚོ255ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཁྲའེ་ཧྭ་རྫོང་ནི་ཀྲེ་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་། ཆུས་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དང་ཆན་ཅང་གི་ཆུ་འགོ། ཀྲེ་ཅང་གི་ཨན་ཧུའེ་དང་ཀན་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། བྱང་གི་འཕྲེད་ཐིག 28°54′30″ནས29°29′59″བར་དང་། ཤར་གྱི་གཞུང་ཐིག 118°01′15″ནས118°37′50″བར་དུ་གནས་ཡོད། ཤར་ཕྱོགས་དང་བྱང་ཤར་ནི་ཧང་ཀྲོའུ་གྲོང་ཁྱེར་གྱི་ཁྲུང་ཨན་རྫོང་དང་ས་མཚམས་འབྲེལ་བ་དང་། ཤར་དང་ལྷོ་རུ་རང་གྲོང་ཁྱེར་གྱི་ཁྲང་ཧྲན་རྫོང་དང་འབྲེལ་ཡོད། ལྷོ་ནུབ་ནི་ཅང་ཞི་ཞིང་ཆེན་གྱི་ཡུས་ཧྲན་རྫོང་དང་ཏེ་ཞིན་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་དང་ནུབ་བྱང་ནི་ཅང་ཞི་ཞིང་ཆེན་གྱི་ཝུའུ་ཡོན་རྫོང་དང་འབྲེལ་ཡོད།

རྫོང་མངའ་ཁོངས་ཀྱི་མཐའ་འཁོར་རིང་ཚད་ལ་སྤྱི་ལེ297.73དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ59.2 ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ66བཅས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2236.61ཡོད་པ་རེད། 

3_2 ས་དབྱིབས་རྣམ་པ།

ཁའེ་ཧྭ་རྫོང་གི་ས་དབྱིབས་ནི་རི་མ་ཐང་གཙོ་བོ་ཡིན་ཞིང་། དེར་“རི་བོ་མང་ཤོས་ཞིང་དང་ཆུ་ཡང་འཛོམས”ཞེས་འབོད་སྲོལ་ཡོད། ས་བབ་ཧྲིལ་པོ་ནུབ་བྱང་མཐོ་ལ་ཤར་ལྷོའི་དམའ་ཞིང་། དབུས་རྒྱུད་དང་ཤར་ལྷོའི་རྒྱུད་དུ་རིམ་བཞིན་རི་བོ་འབྲིང་བ་ནས་རི་དམའ་བ་དང་། རི་འབུར་མཐོ་བ། རི་འབུར་དམའ་བ། རོང་གཞུང་གི་གཤོང་ས་ཆུང་བ་བཅས་སུ་བར་བརྒལ་བྱས་པ་དང་། རི་བོ་མཐོ་ཤོས་ནི“པེ་ཧྲི་ཅན”ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1453.7ཡོད།

3_3 ནམ་ཟླ།

ཁའེ་ཧྭ་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞི་གསལ་བ་དང་། ཞི་འཇམ་འཕྲོད་བདེ་ཞིག་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད16.4℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1814ཡིན་པ་རེད། ཉི་འོད་ཕོག་པའི་དུས་ཚོད་ཆུ་ཚོད1712.5ཟིན་ཡོད་ཅིང་། “ཀྲུང་གོའི་ཡ་མ་ཤུན་ཆར་ནགས”ཞེས་འབོད་སྲོལ་ཡོད།

4 རང་བྱུང་ཐོན་ཁུངས།
4_1 ནགས་ཚལ་ཐོན་ཁུངས།   

ཁའེ་ཧྭ་རྫོང་ནི་ཨེ་ཤེ་ཡ་དབུས་མའི་ཚ་ཁུལ་གྱི་རྒྱུན་ལྗང་ལོ་མ་ཆེ་བའི་ནགས་ཚལ་རྒྱུད་ཀྱི་བྱང་རྒྱུད་ཀྱི་ས་ཁུལ་ཕལ་བར་གནས་པ་དང་ཀྲེ་ཅང་དང་ཨན་ཧུའེ་ཡི་ནགས་ཚལ་སྔོ་ཁེབས་ཁུལ་ཡིན་པ་དང་ལྷོ་བྱང་འབྲེལ་མཚམས་ཀྱི་བར་བརྒལ་ཁུལ་གྱི་ཁྱད་ལྡན་ནགས་ཚལ་ཡོད། སྔོ་ཁེབས་ཀྱི་རིགས་ཤིན་ཏུ་མང་སྟེ། རྒྱུན་ལྗང་གི་ལོ་མ་ཆེ་བའི་ནགས་ཚལ་དང་། རྒྱུན་ལྗང་གི་ལོ་མ་དང་ལོ་མ་འདྲེས་མའི་ནགས་ཚལ། ཁབ་ཡངས་མཉམ་བསྲེས་ནགས་ཚལ། ལོ་མའི་ནགས་ཚལ། སྡོང་ཕྲན་ནགས་ཚལ། མིས་བཟོས་སྔོ་ཁེབས། སྨྱུག་མའི་ནགས་ཚལ། དཔལ་འབྱོར་ནགས་ཚལ་སོགས་སུ་དབྱེ་ཆོག་ལ། སྔོ་ཁེབས་ཀྱི་རིགས་ཀྱང་ཤིན་ཏུ་མང་། གསར་སྤེལ་དང་བེད་སྤྱོད་བྱས་ཆོག་པའི་ཡུལ་སའི་ནགས་བཟོའི་རིགས100ལྷག་ཡོད།     

4_2 གཏེར་རྫས་ཐོན་ཁུངས།     

སྤྱི་ལོ2008ལོའི་བར། ཁའེ་ཧྭ་རྫོང་ནས་གཏེར་ཁའི་རིགས28(རྡོ་སོལ་དང་། མ་བཅོས་རྡོ་སོལ། ཡིའུ་རིགས་གཏེར་ཁ། གསེར་གཏེར། དངུལ་གཏེར། ལྕགས་གཏེར། ལྕགས་གཏེར། ལྕགས་ཁབ་ལེན་ལྕགས་གཏེར། ལིན་ལྕགས་གཏེར་དང་། ཞ་ཏི་གཏེར་ཁ། ཞ་ཉེ་གཏེར་ཁ། ཁྲེན་ཧྲ་གཏེར་ཁ། རྡོ་ཐལ་གཏེར་ཁ། པའེ་ཡུན་བྲག་རྡོ་གཏེར་ཁ། ཅི་ཀུང་རྡོ། ཧྲི་ཡིན་བྱེ་རྡོ། ཡེ་ལ་རྡོ་གཏེར། ཅ་གཏེར་གཏེར་ཁ། མུ་ཟི་ལྕགས་གཏེར་ཁ། ཁྲུང་ཅིན་རྡོ་གཏེར། ཀའོ་ལིན་གཏེར་ཁ། ཧྭ་ཀང་གཏེར་ཁ། རྡོ་སྔོན་རྡོ་སྲིང་བལ་སོགས)ཡོད་ཅིང་ཐོན་ཁུལ110ཡོད་པ་རེད།

5 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར། ཁའེ་ཧྭ་རྫོང་གི་ཐེམ་ཐོའི་དུད་ཚང་ཁྲི12.03ཟིན་པ་དང་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི36.22ཟིན་པའི་ནང་སྐྱེས་པ་ཁྲི18.65དང་བུད་མེད་ཁྲི17.60ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར3992ཡོད་པ་དང་། སྐྱེས་ཚད11.03‰ཡིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར2349དང་ཤི་ཚད6.49‰ཟིན་པ་རེད། རང་ཤུགས་སུ་འཕར་ཚད་ 4.54‰ཟིན་ཡོད། 5‰མི་འབོར་དཔེ་འཐེན་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི25.50ཟིན་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི25.14དང་བསྡུར་ན་མི་ཁྲི0.36མང་དུ་ཕྱིན་ཡོད་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི12.79ཟིན་པ་དེ་སྤྱི་ལོ2017ལོ་ལས་མི་ཁྲི0.74མང་དུ་ཕྱིན་པ་རེད། གྲོང་གསེབ་ཀྱི་མི་འབོར་ཁྲི12.71ཟིན་ནས་མི་ཁྲི0.38ཉུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱིས་རྒྱུན་སྡོད་མི་འབོར་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད(གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད)50.17%ཟིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན་བརྒྱ་ཆའི་གྲངས2.25འཕར་ཡོད།

6 ཆབ་སྲིད།

རྫོང་ཏང་ཨུའི་ཧྲུའུ་ཅི། ཞང་རུའེ་ལིང་།

རྫོང་དཔོན། ལུའུ་ཞ་ཀོང་།

7 དཔལ་འབྱོར།

སྤྱི་ལོ2018ལོར་ཁའེ་ཧྭ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད(GDP)སྒོར་དུང་ཕྱུར131.99བྱུང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.6%(ཚང་མ་ལོ་སྔོན་མ་དང་བསྡུར་བ་ཡིན)འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར13.09ཟིན་ནས་3.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར43.44ཟིན་ནས4.4%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར75.46ཟིན་ནས9.0%འཕར་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར་དང་དེ་བཞིན་སྦྲག་སྲིད་ལས་རིགས་ཀྱི་འཕར་ཐང4.0%འཕར་བ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང6.3%འཕར་བ་རེད། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་འཕར་ཐང6.3%འཕར་བ་དང་། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང2.5%འཕར་བ་རེད། ས་ཁང་ཐོན་ལས་ཀྱི་འཕར་ཐང12.0%འཕར་བ་བཅས་རེད། ཐོན་ལས་ཐེངས་གསུམ་གྱི་འཕར་ཐང་གྲུབ་ཚུལ་ནི9.9:32.9:57.2ཡིན། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཐེམ་ཐོའི་མི་འབོར་ལྟར་བརྩིས་ན་སྒོར36476ཟིན་པ་དེ་ཨ་སྒོར5512ཡིན་པ་དེ་ལོ་གོང་མ་ལས6.2%འཕར་བ། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་སྒོར52129ཟིན་པ་དེ་ཨ་སྒོར7877ཟིན་པ་དེ་ལོ་གོང་མ་ལས5.1%འཕར་ཡོད།

8 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2018ལོར། ཁའེ་ཧྭ་རྫོང་གི་གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི930ཟིན་པ་དང་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི98874ཟིན་པ་དེ་ལོ་གོང་མ་ལས16.8%དང7.8%འཕར་བ་དང་། གཞུང་ལམ་སྐྱེལ་འདྲེན་ཐད་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི533ཟིན་པ་དང་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི21915ཟིན་ནས་སོ་སོར་ལོ་གོང་མ་ལས23.9%དང་12.6%ཆག་ཡོད་པ་རེད།     སྤྱི་ལོ2018ལོའི་ལོ་མཇུག་བར། ཁའེ་ཧྭ་རྫོང་ལ་སྐྱེལ་འདྲེན་འགྲུལ་སྐྱེལ་རླངས་འཁོར345དང་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར1190ཡོད་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར141ཡོད་པ་དང་། འགྲུལ་པ་མི་ཐེངས་ཁྲི400.9སྐྱེལ་འདྲེན་བྱས་པ་རེད། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར26སྐྱེལ་འདྲེན་བྱས་པ་དང་། འགྲུལ་པ་མི་ཐེངས་ཁྲི200སྐྱེལ་འདྲེན་བྱས་པ་བཅས་རེད། ལོ་མཇུག་ཏུ་གླ་གཏོང་རླངས་འཁོར95ཡོད། ལོ་མཇུག་ཏུ་རིགས་ཁག་གི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ1599.07ཟིན་པའི་ནང་མྱུར་བགྲོད་གཞུང་ལམ་སྤྱི་ལེ111.8དང་། སྤྱིར་བཏང་རྒྱལ་ལམ་སྤྱི་ལེ103.12 རྫོང་ལམ་སྤྱི་ལེ541.38 ཡུལ་ཚོའི་ལམ་སྤྱི་ལེ223.85 གྲོང་ཚོའི་གཞུང་ལམ་སྤྱི་ལེ618.93བཅས་ཡོད་པ་རེད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ11པར། ཁའེ་ཧྭ་རྫོང་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོའི”ནང་ཚུད་པ་དང་སྤྱི་ལོ2018ལོའི་ཟླ12པར། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁག་གཉིས་པའི་མཚན་སྙན་ཐོབ་པ་རེད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག་པ་རེད། སྤྱི་ལོ2019ལོའི་ཟླ6ཚེས14ཉིན“ཀྲུང་གོའི་གྲོང་ཁྱེར་བཅོས་སྐྱོང་གསར་གཏོད་བྱ་དགའ”ཕུལ་བྱུང་བྱ་དགའ་ཐོབ་པ་རེད།


དཔྱད་གཞིའི་ཡིག་ཆ།