ཁྲང་ཡོན་གྲོང་ཁྱེར།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-25 14:59ལ་འགྲུབ།

ཁྲང་ཡོན་གྲོང་ཁྱེར།

ཁྲང་ཡོན་གྲོང་ཁྱེར།
ཁྲང་ཡོན་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་ཐད་སྐྱོང་ཆུས་ཡིན་ལ། ཧོ་ནན་བྱང་ཤར་ས་ཁུལ་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1051དང་། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཁྲང་ཡོན་གྲོང་ཁྱེར་གྱི་མི་གྲངས་བསྡོམས་འབོར་ཁྲི88ཡོད། སྤྱི་ལོ2019ལོའི་བར་ཁྲང་ཡོན་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང5དང་། གྲོང་རྡལ11ཤང2ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གླིང་ཁུལ1བཅས་ཡོད། སྤྱི་ལོའི་སྔོན་གྱི221ལོར་ཆིན་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཡོན་རྫོང་དུ་བསྒྱུར། སྤྱི་ལོ2019ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲང་ཡོན་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ཆོག་མཆན་ཐོབ་པ་དང་། ཞིང་ཆེན་གྱི་ཐད་སྐྱོང་ཤང་དང་གྲོང་ཁྱེར་གསར་པའི་ཚབ་བྱས་ནས་དོ་དམ་བྱས། ཁྲང་ཡོན་གྲོང་ཁྱེར་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། སྤྱི་ལོ 2018ལོར་ཁྲང་ཡོན་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར368.6ཡོད་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2017དང་བསྡུར་ན7.4%འཕར་ཡོད། ཁྲང་ཡོན་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ཚོད་ལྟའི་ཚན་པ་དང་། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གཉིས་པ། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་སྐབས་ལྔ་པ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་རྫོང་བཅས་སུ་བདམས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长垣
སྲིད་འཛིན་ཁུལ་གྱི་རིགས།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧེ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ11ཤང2སྲང་ལམ5མཐོ་གསར་ཁུལ1བཅས་ཡོད།
སྲིད་གཞུང་གི་ས་གནས།
ཕུའུ་ཞི་སྲང་ལམ་མི་དམངས་ལམ་ཨང368པ།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453400
ས་གནས།
ཧི་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་གྱི་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1051ཡོད།
མི་གྲངས།
ཁྲི77.91ཡོད།(2018ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410728
GDP
སྒོར་དུང་ཕྱུར368.6ཡོད།(2018ལོར)
1 འཛུགས་སྐྲུན་གྱི་འཕེལ་རིམ།      

སྤྱི་ལོའི་སྔོན་གྱི221ལོར་ཆིན་རྒྱལ་ཁབ་ཀྱིས་ཅུན་རྫོང་བཙུགས་ནས་རྒྱལ་ས་ཁྲང་ཡོན་རྫོང་དུ་བསྒྱུར།     

ཧན་ནུབ་མའི་དུས་ཀྱི་མིང་ལ་ཁྲང་ཡོན་རྫོང་ཟེར་བ་དང་། ཞིན་ཅི་ཕིང་ཆིའུ་རྫོང་དང་ཁྲང་ལུའོ་ཧོའུ་རྒྱལ་ཁབ་གཉིས་ཡོད། ཞིན་མང་གིས་ཁྲང་ཡོན་རྫོང་ལ་ཁྲང་ཀུའུ་རྫོང་ཟེར།     

ཅིན་ནུབ་མའི་སྐབས་སུ། ཁྲང་ཡོན་ནི་ཁྲེན་ལིའུ་ཀུའོ་ཁྲེན་ལིའུ་ཅུན་ལ་གཏོགས་པ་དང་། ཅིན་རྒྱལ་རབས་ཤར་མའི་རྒྱལ་ཁབ་བཅུ་དྲུག་གི་དུས་སྐབས་སུ་སྔ་གཞུག་ཏུ་ཀྲའོ་ཕྱི་མ་དང་། ཆན་ཡན། ཆན་ཆིན། ཧོའུ་ཡན། ཆིན་རྗེས་མ། ཅིན་ཤར་མ་བཅས་རྒྱལ་ཁབ་དྲུག་གི་མངའ་འོག་ཏུ་གཏོགས།     

ཐང་ཝུའུ་ཏེ་ཁྲི་ལོ་དང་པོར(སྤྱི་ལོ618ལོར)ཁོང་ཁྲེང་དང་ཁྲང་ཡོན་རྫོང་གཉིས་སུ་ཕྱེ་ཡོད་པ་ཚང་མ་ཧོ་ནན་ཏའོ་ཧྭ་ཀྲོའུ་ཡི་ཁོངས་སུ་གཏོགས། 

ཀྲེན་ཀོན་གྱིས་ལོ་བརྒྱད་རིང(སྤྱི་ལོ634ལོར)ཁྲང་ཡོན་རྫོང་བེད་མེད་དུ་བཞག་པ་དེ་ཡང་ཁོང་ཁྲེང་རྫོང་དུ་ཟླ་སྒྲིལ་བཏང་།     

རྒྱལ་རབས་ལྔ་ཡི་སྐབས་སུ། རྗེས་ཀྱི་ལིའང་ཀའེ་ཁོང་གྲོང་ཁྱེར་ཁྲང་ཡོན་དུ་བསྐོས། ཤར་གྱི་ཏུའུ་ཁའེ་ཧྥེང་ཧྥུ་ཡི་ཁོངས་སུ་གཏོགས། 

ཐང་རྒྱལ་རབས་ཕྱི་མ་ཁོང་ཁྲེང་རྫོང་དུ་བསྒྱུར་ནས་པེན་ཀྲོའུ་རུ་གཏོགས་པ་དང་། ཅིན་རྒྱལ་རབས་ཕྱི་མ་ཁོང་ཁྲེང་གི་ཁོངས་སུ་གཏོགས། 

ཧན་རྒྱལ་རབས་ཕྱི་མ་དང་ཀྲོའུ་ཕྱི་མ། སུང་རྒྱལ་རབས་རྗེས་མའི་དུས་སྐབས་བཅས་སུ་འགྱུར་བ་བྱུང་མེད།     

སུང་རྒྱལ་རབས་ཀྱི་ཅན་ལུང་ཁྲི་ལོ་དང་པོར(སྤྱི་ལོ960ལོར)ཐའེ་ཙུའུ“ཁོང”ཞེས་པའི་ཡིག་འབྲུ་ལས་གཡོལ་ཆེད་ཁོང་མཁར་དེ་ཧོ་ཆིའུ་རྫོང་དུ་བསྒྱུར། 

ཏ་ཀྲུང་ཧྥུ་ཁྲི་ལོ་གཉིས(སྤྱི་ལོ1009ལོར)བསྐྱར་དུ་ཁྲང་ཡོན་རྫོང་དུ་བསྒྱུར།     

ཅིན་ཐའེ་ཧོ་ལོ་བཞི་པ(སྤྱི་ལོ1204ལོར)མེའོ་ཀྲའེ་ཞང་གི་ལིའུ་ཙུང་རྒྱུད་དུ་སྤོས།     

ཡོན་རྒྱལ་རབས་ཀྱི་དུས་འགོར་རྫོང་དེ་པའོ་ཀྲོའུ་རུ་བསྒྱུར་མྱོང་བ་དང་། མི་རིང་བར་ཁྲང་ཡོན་རྫོང་དུ་བསྒྱུར་ཡོད།      

ཆིང་གི་སྐབས་སུ་ཐད་གཏོགས་ཞིང་ཆེན་དུ་གྱུར་ཡོད།    མིན་གོའི་སྲིད་ལོ18པར(སྤྱི་ལོ1929ལོར)ཧོ་པེ་ཞིང་ཆེན་ཁོངས་སུ་བསྒྱུར་ཞིང་། ཁྲང་ཡོན་ཁོངས་སུ་གཏོགས།     

མིན་གོའི་སྲིད་ལོ34པར(སྤྱི་ལོ1945ལོར)ཕྱིར་འཐེན་བྱས་ཏེ་ཁྲང་ཡོན་རྫོང་མི་དམངས་སྲིད་གཞུང་ལ་དབང་།     

སྤྱི་ལོ1949ལོར་ཁྲང་ཡོན་རྫོང་ནི་གསར་དུ་བཙུགས་པའི་ཕིན་ཨན་ཞིང་ཆེན་ཕུའུ་དབྱང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།     

སྤྱི་ལོ1952ལོའི་ཟླ12པར་ཕིན་ཨན་ཞིང་ཆེན་མེད་པར་བཟོས་པ་དང་། ཧོ་ནན་ཞིང་ཆེན་དུ་ཟླ་སྒྲིལ་བཏང་ཞིང་། ཁྲང་ཡོན་ནི་ཧོ་ནན་ཞིང་ཆེན་ཕུའུ་དབྱང་ཀྲོན་ཆུས་སུ་གཏོགས།     

སྤྱི་ལོ1954ལོར་ཕུའུ་དབྱང་ཀྲོན་ཆུས་ཕྱིར་འཐེན་བྱས་ཏེ་ཞིན་ཞང་གྲོང་ཁྱེར་གྱི་ཀྲོན་ཆུས་སུ་བསྒྱུར།     

སྤྱི་ལོ1955ལོའི་ཟླ2པར་ཨན་དབྱང་ཆེད་ཁུལ་དུ་བགོས།     

སྤྱི་ལོ1958ལོའི་ཟླ4པར་ཨན་དབྱང་ཀྲོན་ཆུས་མེད་པར་བཟོས་པ་དང་། ཁྲང་ཡོན་ཡང་ཞིན་ཞང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།     

སྤྱི་ལོ1961ལོའི་ཟླ12པར་ཨན་དབྱང་ཀྲོན་ཆུས་སླར་གསོ་བྱས་པ་དང་ཁྲང་ཡོན་སླར་ཡང་ཨན་དབྱང་གྲོང་ཁྱེར་དུ་ལོག     

སྤྱི་ལོ1983ལོར་ཨན་དབྱང་ཀྲོན་ཆུས་མེད་པར་བཟོས་པ་དང་། ཁྲང་ཡོན་ནི་གསར་དུ་བཙུགས་པའི་ཕུའུ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།     

སྤྱི་ལོ1986ལོའི་ཟླ3པར་ཞིན་ཞང་གྲོང་ཁྱེར་དུ་བགོས།     

སྤྱི་ལོ2011ལོའི་ཟླ6པར་ཧོ་ནན་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་རྫོང་གི་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད།     

སྤྱི་ལོ2014ལོའི་ཟླ་དང་པོར་ཞིང་ཆེན་གྱིས་དངོས་སུ་དོ་དམ་བྱས།     

སྤྱི་ལོ2019ལོའི་ཟླ8པའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁྲང་ཡོན་རྫོང་མེད་པ་བཟོ་རྒྱུ་དང་། རྫོང་རིམ་པའི་ཁྲང་ཡོན་གྲོང་ཁྱེར་འཛུགས་རྒྱུ། དེ་སྔའི་ཁྲང་ཡོན་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཁྲང་ཡོན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་བྱ་རྒྱུ་དང་ཁྲང་ཡོན་གྲོང་ཁྱེར་ནི་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དང་། ཞིན་ཞང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་རྒྱུར་ཐག་གཅོད་བྱས། 

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

སྤྱི་ལོ2019ལོ་བར་ཁྲང་ཡོན་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང5དང་། གྲོང་རྡལ11ཤང2ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གླིང་ཁུལ1བཅས་ཡོད་པ་སྟེ། དེ་དག་ནི་ཕུའུ་ཏུང་ཁྲོམ་གཞུང་དང་། ཕུའུ་ཤིས་ཁྲོམ་གཞུང་། ནན་ཕུའུ་ཁྲོམ་གཞུང་། ཕུའུ་པེ་ཁྲོམ་གཞུང་། ཝེ་ཀྲོང་ཁྲོམ་གཞུང་། ཐུའུ་ལི་གྲོང་རྡལ། ཏིང་ལོན་གྲོང་རྡལ། ཧྥན་ཤང་གྲོང་རྡལ། ཁྲང་ཀྲེན་གྲོང་རྡལ། ཀྲའོ་ཐི་གྲོང་རྡལ། མན་ཀང་གྲོང་རྡལ། ཀྲང་སན་ཀྲའེ་གྲོང་རྡལ། མེའོ་ཀྲའེ་གྲོང་རྡལ། ཧྥང་ལི་གྲོང་རྡལ། ལུའུ་ཀང་ཤང་། ཝུའུ་ཆིའུ་ཤང་། ཧོ་ནན་ཁྲང་ཡོན་ཆི་ཀྲུང་ཀྲུང་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་རེད།

3 ས་ཁམས་ཁོར་ཡུག      
3_1 གནས་སའི་ཡུལ་ཁོངས།     

ཁྲང་ཡོན་གྲོང་ཁྱེར་ནི་ཧོ་ནན་བྱང་ཤར་ས་ཁུལ་དུ་གནས་པ་དང་། ཤར་གྱི་གཞུང་ཐིག114℃ནས114℃བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག34-59-35℃བར་དུ་གནས་པ་དང་། ཀྲེང་ཀྲོའུ་དང་། ཤིན་ཞང་། ཨན་དབྱང་། ཕུའུ་དབྱང་། ཁའེ་ཧྥེང་། ཧོ་ཙེ་སོགས་གྲོང་ཁྱེར་དག་གི་ལྟེ་བར་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1051ཡོད།     

3_2 ས་དབྱིབས།      

ཁྲང་ཡོན་གྲོང་ཁྱེར་ནི་རྨ་ཆུའི་བདེ་ཐང་གི་ཆ་ཤས་ཤིག་ཡིན་ལ། མངའ་ཁོངས་སུ་རི་སྒང་མེད་པ་དང་། ས་བབ་ཁོད་སྙོམས་པ། ས་བབ་མཐོ་ཚད་སྨི57ནས69བར་ཡིན། རྨ་ཆུའི་ཆུ་རགས་དེ་ཐའེ་ཧང་ཆུ་རགས་ཤར་ངོས་དང་ལྷོ་ནུབ་ཏུ་ཤར་ངོས་སུ་ཁྱབ་པ། གྲོང་ཁྱེར་ཡོངས་རང་བྱུང་ཁག་གཉིས་སུ་ཕྱེ་ཡོད་པ་སྟེ། ཆུ་རགས་ཤར་ངོས་ནི་རྨ་ཆུའི་གྲམ་ཐང་ཡིན་པ་དང་། ས་བབ་ནུབ་ངོས་མཐོ་ལ་ཤར་ངོས་དམའ་བ། ལྷོ་ངོས་མཐོ་ལ་བྱང་ངོས་དམའ་བ་ཡིན། ཆུ་རགས་ནུབ་ངོས་ནི་རྨ་ཆུས་བསྣུབས་པའི་བདེ་ཐང་དང་ས་བབ་ཁོད་སྙོམས་པོ་ཡིན།     

3_3 ནམ་ཟླ    

ཁྲང་ཡོན་གྲོང་ཁྱེར་ནི་དྲོད་འཇམ་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས་པ་དང་། དྲོད་ཚད་དང་། ཉི་འོད། ཆར་ཆུ་བཅས་ཚང་མར་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་མངོན་གསལ་དོད་པོ་ཡོད། དེའི་གནམ་གཤིས་ཀྱི་ཁྱད་ཆོས་ནི་དཔྱིད་དུས་སུ་ལྷགས་པ་མང་ལ་ཆར་ཆུ་ཉུང་ཞིང་གནམ་གཤིས་དྲོད་བ་དང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་པ་མང་བའི་གནམ་གཤིས་མང་བ། སྟོན་དུས་བསིལ་ཞིང་གནམ་གཤིས་དྲོད་རུ་འགྲོ་བ། དགུན་དུས་གྲང་ངར་ཆེ་བའི་གངས་ཆར་ཉུང་བ་བཅས་ས་རིམ་གཏིང་ཟབ་པ་དང་ས་རྒྱུ་ཅུང་ལེགས་པ། ཞིང་སྤྱོད་རིན་ཐང་ཅུང་མཐོ་བ་དང་གཏེར་རྫས་ཐོན་ཁུངས་བལྟོས་བཅས་ཀྱིས་ཉུང་།     

3_4 ཆུ་དཔྱད།     

ཁྲང་ཡོན་གྲོང་ཁྱེར་ནི་རྨ་ཆུའི་འབབ་རྒྱུད་དུ་གཏོགས་པ་དང་། འབབ་རྒྱུད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1051ཡོད། ཐོན་སྐྱེད་ཆུ་རགས་ཤར་ངོས་ཀྱི་སྤྱི་ལེ་གྲུ་བཞི་མ109ནི་རྨ་ཆུའི་གཞུང་རྒྱུན་ཚོད་འཛིན་བྱས་པ་ལས་གཞན། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་འབབ་རྒྱུད་རྒྱ་ཁྱོན་གྱི10.4%ཟིན་པ་དང་། དེ་བྱིངས་ཚང་མ་རང་བྱུང་ཝུན་ཡན་ཆུ་ཡུར་དང་ཅིན་ཐན་གཙང་པོའི་ཆུ་རྒྱུད་ཆེན་པོ་གཉིས་སུ་གཏོགས། ལིན་ཧོང་ཆུ་རགས་ཤར་ངོས་དང་ཐོན་སྐྱེད་ཆུ་རགས་ནུབ་ངོས་ནི་རང་བྱུང་ཝུན་ཡན་ཡུར་བུའི་ཆུ་རྒྱུད་ཡིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ242ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་འབབ་རྒྱུད་རྒྱ་ཁྱོན་གྱི23.6%བཟུང་བ། ལིན་ཧོང་ཆུ་རགས་ཆེན་པོའི་ནུབ་ངོས་ནི་གསེར་རགས་གཙང་པོའི་ཆུ་རྒྱུད་ཡིན་ཞིང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ700ཚོད་འཛིན་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱི་འབབ་རྒྱུད་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི66ཟིན་པ་དང་། ཆུ་རྒྱུད་ཀྱི་ཆེས་སྟོད་རྒྱུད་དུ་གནས་ཡོད། གྲོང་ཁྱེར་ཡོངས་ཀྱི་ད་ཡོད་དབང་ཆ་གཏན་འཁེལ་གྱི་རྫོང་དོ་དམ་གྱི་ཆུ་ལམ58ཡོད་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ་539.41ཡོད།   

4 མི་འབོར།        

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི87.83དང་། རྒྱུན་སྡོད་མི་འབོར་ཁྲི77.91ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི37.28དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད47.85%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.99མཐོ་རུ་ཕྱིན་ཡོད། གསར་སྐྱེས་མི་འབོར་ཁྲི1དང་། ཤི་རྨས་མི་འབོར་ཁྲི0.58ཡོད། སྐྱེ་ཚད11.38% ཤི་ཚད6.58%རང་འཕེལ་བྱུང་ཚད4.8%བཅས་ཡིན།   

5 དཔལ་འབྱོར།         
5_1 བསྡུས་བཤད།     

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར368.6ཡོད་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2017ལོ་དང་བསྡུར་ན7.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར41.65ཡོད་པ་དེ3.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར181.83ཡོད་པ་དེ9.8%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར145.1ཡོད་པ་དེ5.1%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི11.3:49.3:39.4ཡིན། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར47646.6ཡོད།     2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་གོང་མ་ལས13.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་མ་འཇོག18.1%ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག37.6%འཕར་བ། ཐོན་ལས་གསུམ་པའི་མ་འཇོག1.7%འཕར་བ་བཅས་རེད།     2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར24.69ཡོད་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན17.5%འཕར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་གནས་ཐང་འཕར་ཁྲལ་སྒོར་ཁྲི124560ཡོད་པ་དེ་དུས་མཚུངས་ལས33.6%འཕར་བ། ལས་གཉེར་དཔྱ་ཁྲལ་སྒོར་ཁྲི14ལེགས་གྲུབ་བྱུང་། ཐོབ་ཁྲལ་སྒོར་ཁྲི31245ཡོད་པ་དེ27%འཕར་ཡོད། དེའི་ནང་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི28491ཡོད་པ་དེ་དུས་མཚུངས་ལས26.2%འཕར་བ་དང་། མི་སྒེར་གྱི་ཐོབ་ཁྲལ་སྒོར་ཁྲི2754ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས35.2%འཕར་བ། གྲོང་ཁྱེར་འཛུགས་སྐྲུན་དཔྱ་ཁྲལ་སྒོར་ཁྲི12251ཡོད་པ་དེ་དུས་མཚུངས་ལས35.6%འཕར་བ། ཁང་པའི་དཔྱ་ཁྲལ་སྒོར་ཁྲི2907ཡོད་པ་དེ་དུས་མཚུངས་ལས30.6%འཕར་བ། ས་ཆའི་གནས་ཐང་འཕར་ཁྲལ་སྒོར་ཁྲི9798ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས40.5%འཕར་བ། གན་ཁྲལ་སྒོར་ཁྲི10730ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས32.6%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ་སྒོར་ཁྲི8715ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས7.7%ཆག་པ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་སྒོར་ཁྲི639ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས90.5%ཆག་པ། སྲིད་འཛིན་རང་བཞིན་གྱི་གྲོན་བསྡུའི་ཡོང་འབབ་སྒོར་ཁྲི5697ཡོད་པ་དེ་དུས་མཚུངས་ལས42.4%ཆག་པ། དངུལ་ཆད་དང་གཞུང་བཞེས་བཏང་བའི་ཡོང་འབབ་སྒོར་ཁྲི5944ཡོད་པ་དེ་དུས་མཚུངས་ལས22.6%ཆག་ཡོད། སྡེ་ཚན་དབྱེ་ནས་ལེགས་གྲུབ་བྱུང་བ། ནོར་སྲིད་སྡེ་ཚན་གྱིས་སྒོར་ཁྲི29073ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས20.1%ཆག་པ། ཁྲལ་དོན་སྡེ་ཚན་གྱིས་སྒོར་ཁྲི217841བཏང་བ་དེ་དུས་མཚུངས་ལས25.4%འཕར་ཡོད། རྫོང་རིམ་པ་དེ་གར་སྒོར་ཁྲི128695ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས2.8%འཕར་བ། ཤང(གྲོང་རྡལ)རིམ་པར་སྒོར་ཁྲི118219བཏང་བ་དེ་དུས་མཚུངས་ལས39.2%འཕར་བ། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར20.8ཡོད་པ་དེ་དུས་མཚུངས་ལས25.0%འཕར་བ་དང་ཁྲལ་བསྡུའི་ཡོང་འབབ་ཀྱིས་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད84.1%ཟིན་ཡོད།       སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27581.7ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན9.2%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར17143.2ཡོད་པ་དེ་ལོ་གོང་མ་ལས6.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས22.2% ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19556.9ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན10.0%འཕར་ཡོད།   སྤྱི་ལོ2018ལོར། ཁྲང་ཡོན་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཐོག་ལས་བཟོའི་ལོ་རེའི་ཆ་སྙོམས་གླ་ཕོགས(ངལ་ནུས་མངགས་གཏོང་ཚུད་པ)སྒོར53136ཡིན་པ་དེ་སྤྱི་ལོ2017ལོ་ལས་སྒོར8318འཕར་བ་དང18.6%འཕར་ཡོད།       སྤྱི་ལོ2019ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཁྲང་ཡོན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར306.42ཡོད་པ་དེ8.5%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ9.7%འཕར་ཡོད།

5_2 ཐོན་ལས་དང་པོ།     

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར64.1ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན4.0%འཕར་བ་དང་། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར42.83ཡོད་པ་དེ་སྤྱི་ལོ2017ལོ་ལས3.9%འཕར་ཡོད།  སྤྱི་ལོ2018ལོར་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང་སྟོང128.05ཡོད་པ། འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང106.5ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན2.5%འཕར་བའི་ནང་དབྱར་འབྲུའི་འདེབས་ཁྱོན་སྤྱི་ཆིང་སྟོང55.2ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན1.8%འཕར་བ་དང་སྟོན་འབྲུའི་འདེབས་ཁྱོན་སྤྱི་ཆིང་སྟོང་51ཡོད་པ་དེ་སྤྱི་ལོ2017ལས2.6%འཕར་བ་དང་། སྲིང་བལ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་སྟོང0.28ཡོད། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང་སྟོང9.1 སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང1000འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི73.2ཡོད་པ་དེ་  སྤྱི་ལོ2017ལས3.6%འཕར་བའི་ནང་དབྱར་འབྲུའི་སྤྱིའི་ཐོན་འབོར་ཏུན་ཁྲི40.25ཟིན་ནས2.7%ཆག་པ་དང་སྟོན་འབྲུའི་སྤྱིའི་ཐོན་འབོར་ཏུན་ཁྲི32.9ཟིན་ནས12.5%འཕར་བ་དང་། སྲིང་བལ་ཐོན་ཚད་ཏུན་ཁྲི0.034ཟིན་ནས12%འཕར་བ། སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི3.6ཟིན་ནས10.4%འཕར་བ། སྔོ་ཚལ་ཐོན་ཚད་ཏུན་ཁྲི57.5ཟིན་ནས2.0%ཆག་པ། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི3.6ཟིན་ནས6.5%འཕར་བ། འོ་མའི་ཐོན་ཚད་ཏུན་ཁྲི0.006ཟིན་པ་དེ་སྤྱི་ལོ2017དང་མཉམ་པ་དང་། བྱ་སྒོང་ཐོན་ཚད་ཏུན་ཁྲི2.8ཟིན་ནས3.6%འཕར་བ། ཤིང་ཏོག་ཐོན་ཚད་ཏུན་ཁྲི1.5ཟིན་ནས2.0%བཅས་འཕར་ཡོད།      སྤྱི་ལོ2018ལོའི་ལོ་མཇུག་བར་ཁྲང་ཡོན་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི101.94ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན1.53%འཕར་བ་དང་། འདྲུད་འཐེན་འཕྲུལ་འཁོར35286ཡོད་པ་དེ་སྤྱི་ལོ2017ལས1.73%ཉུང་དུ་ཕྱིན་པ། དེའི་ནང་འདྲུད་འཐེན་འཕྲུལ་འཁོར་ཆུང་གྲས32382ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན2.17%ཆག་པ་དང་། འདྲུད་འཐེན་འཕྲུལ་འཁོར་ཆེ་འབྲིང2904ཡོད་པ་དེ་སྤྱི་ལོ2017ལས4.91%འཕར་བ། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར3027ཡོད་པ་དེ་སྤྱི་ལོ2017ལོ་ལས3.13%བཅས་འཕར་ཡོད།     

5_3 ཐོན་ལས་གཉིས་པ།      

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས192ཡོད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང9.1%འཕར་བ། གཞི་ཁྱོན་མན་གྱི་བཟོ་ལས་འཕར་ཐང8.5%འཕར་བ། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི25.3འཕར་བ། ཐོན་རྫས་ཕྱིར་འཚོང་བྱེད་ཚད་བརྒྱ་ཆའི99.04བཅས་ཟིན་ཡོད།      སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར38.5ཡོད་པ་དེ་སྤྱི་ལོ 2017ལོ་དང་བསྡུར་ན13.4%འཕར་ཡོད། ཁྲང་ཡན་རྫོང་དུ་འོས་ཐོབ་རིམ་པ་ལྡན་པའི་ཨར་སྐྲུན་ཁེ་ལས238ཡོད་པ་དང་ལོ་རེར་ཆ་སྙོམས་ལས་ཞུགས་མི་སྣ711120ཡོད་པ་དེ་ལོ་གོང་མ་ལས1.2%འཕར་ཡོད།      སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར30.2བཏང་བ་དེ་ སྤྱི་ལོ2017ལོ་དང་བསྡུར་ན11.1%ཆག་པའི་ནང་སྡོད་ཁང་ཐད་མ་དངུལ་སྒོར་དུང་ཕྱུར28.71བཏང་བ་དེ་དུས་མཚུངས་ལས6.5%ཆག་པ་དང་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི239.42ཡོད་པ་དེ་དུས་མཚུངས་ལས40.4%ཆག་པ། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི113.94ཡོད་པ་དེ་དུས་མཚུངས་ལས52%ཆག་པ་དང་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར40.1ཡོད་པ་དེ་དུས་མཚུངས་ལས46%ཆག་ཡོད།      སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་དུ་ཨར་ལས་རྣམ་གྲངས123དང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས56ཡོད་པ་རེད། ཨར་ལས་རྣམ་གྲངས0.9%འཕར་བ་དང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་དུས་མཚུངས་ལས58.3%ཆག་ཡོད།     

5_4 ཐོན་ལས་གསུམ་པ།      

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར91.5ཡོད་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན11.4%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར80.4ཡོད་པ་དེ15.2%འཕར་བ། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར11.1ཡོད་པ་དེ6.8%ཆག་ཡོད། སྡེབ་ཚོང་ལས་རིགས་སྒོར་དུང་ཕྱུར6.1ཡོད་པ་དེ12.6%འཕར་བ། སིལ་ཚོང་ལས་རིགས་སྒོར་དུང་ཕྱུར72.2ཡོད་པ་དེ11.3%འཕར་བ། ཞག་སྡོད་དང་བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར13.2ཡོད་པ་དེ12.1བཅས་འཕར་ཡོད།      སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱིས་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་ཨ་སྒོར་ཁྲི17248བཏང་བ་དེ་དུས་མཚུངས་ལས28.2%འཕར་བ་དང་། ཞིང་ཆེན་གཞན་གྱི་མ་དངུལ་སྒོར་དུང་ཕྱུར54.9དངོས་སུ་སྤྱད་པ་དེ་དུས་མཚུངས་ལས6.2%འཕར་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི2917.9ཡོད་པ་དེ་དུས་མཚུངས་ལས18.1%འཕར་བའི་ནང་ནང་འདྲེན་བྱེད་ཚད་ཨ་སྒོར་ཁྲི328.5ཡོད་པ་དེ་དུས་མཚུངས་ལས127.1%འཕར་བ་དང་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི3246.4ཡོད་པ་དེ་དུས་མཚུངས་ལས24.1%བཅས་འཕར་ཡོད།      སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར18.99ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན6.4%འཕར་ཡོད།      སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི24606.78ཡོད་པ་དེ་ལོ་གོང་མ་ལས25.4%འཕར་བ་དང་། གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི315015.98ཡོད་པ་དེ་སྤྱི་ལོ2017དང་བསྡུར་ན165.2%འཕར་ཡོད།      སྤྱི་ལོ2018ལོའི་ལོ་མཇུག་བར་ཁྲང་ཡོན་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར427.3ཡོད་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར44.5འཕར་བ་དང་། དེའི་ནང་ཁེ་ལས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར37.8ཡོད་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར1.8འཕར་བ། བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར349.7ཡོད་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར41.2འཕར་བ། གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར219.1ཡོད་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར24.8འཕར་ཡོད། དེའི་ནང་དུས་ཐུང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར75.5ཡོད་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར1.7ཉུང་དུ་ཕྱིན་པ་དང་། དུས་ཡུན་འབྲིང་རིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར143.6ཡོད་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར27འཕར་ཡོད།     

5_5 འགྲིམ་འགྲུལ་སྐྱེལ་འདྲེན།     

ཁྲང་ཡོན་གྱི་འགྲིམ་འགྲུལ་སྟབས་བདེ་བ་དང་། ཏ་ཀོང་མྱུར་བགྲོད་ལྕགས་ལམ་དང་། ཞིང་ཆེན་ལམ308 213བཅས་བརྒྱུད་དེ་ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་དུ་ཐད་ཀར་སྐྱོད་པ། ཤིན་ཆི་ལྕགས་ལམ་དང་ཅི་ཏུང་མྱུར་བགྲོད་ལྕགས་ལམ་ནས་ཤར་གྱི་རྒྱ་མཚོར་ཐད་ཀར་སྐྱོད་པ། ཤིན་ཡོན་ལྕགས་ལམ་ཤར་ནུབ་འཕྲེད་དུ་འཕྲེད་དུ་བཅད་ཅིང་། ཁྲང་ཁྲང(ཡོན)ཤར་ངོས(མིང)རྨ་ཆུའི་ཟམ་ཆེན་ནི་ཧོ་ནན་དང་ཧྲན་ཏུང་གི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་པ་དང་། ཞིང་ཆེན་ལམ308ལམ་ཐིག་དང213ལམ་ཐིག་དང་ཏ་ཀོང་མྱུར་བགྲོད་གཞུང་ལམ(ཏ་ཆིང་ནས་ཀོང་ཀྲོའུ་བར)དང་ཅི་ཏུང་མྱུར་བགྲོད་གཞུང་ལམ(ཅི་ཡོན་ནས་ཏུང་མིང་བར)ཁྲང་ཡོན་མངའ་ཁོངས་སུ་རྒྱ་གྲམ་སྣོལ་མར་གནས་ཡོད།      སྤྱི་ལོ2018ལོའི་ལོ་མཇུག་བར་ཁྲང་ཡོན་གྲོང་ཁྱེར་གྱི་གྲོང་གསེབ་ཚང་མར་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ1870.829ཡོད་པའི་ནང་རྫོང་གི་གཞུང་ལམ་སྤྱི་ལེ216.897དང་། ཤང་གི་གཞུང་ལམ་སྤྱི་ལེ646.887གྲོང་ཚོའི་གཞུང་ལམ་སྤྱི་ལེ1007.045བཅས་ཡོད་པ་རེད། མྱུར་བགྲོད་གཞུང་ལམ་སྤྱི་ལེ54.5དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ161ཡོད་པ་ཚང་མར་རླངས་འཁོར་ཤར་གཏོང་ཐུབ་ཚད2086.329ཟིན་ཡོད། ལོ་ཧྲིལ་པོར་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི1188ཡོད་པ་དེ་བརྒྱ་ཆའི10.8འཕར་བ་དང་། ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི200844ཡོད་པ་དེ་བརྒྱ་ཆའི13.4འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི1517ཡོད་པ་དེ 3.9%འཕར་བ་དང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི90307ཡོད་པ་དེ10.7%བཅས་འཕར་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་སློབ་མ4159བསྡུས་པ་དང་སློབ་གྲྭར་ཡོད་པའི་ཀྱི་སློབ་མ9853ཡོད། མཐོ་འབྲིང་དཀྱུས་མའི་སློབ་མ6897དང་སློབ་གྲྭར་ཡོད་པའི་སློབ་མ19735ཡོད། དམའ་རིམ་སློབ་འབྲིང་དུ་སློབ་མ16710བསྡུས་པ་དང་སློབ་གྲྭར་ཡོད་པའི་སློབ་མ46906ཡོད། སློབ་ཆུང་དཀྱུས་མར་སློབ་མ17948བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ97201ཡོད། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད101.71%ཡིན།

6_2 ཚན་རིག་ལག་རྩལ།

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་གསལ་འབྱེད38བྱས་པ་དང་དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ1399མང་དུ་བཏང་བའི་ནང་གསར་གཏོད་ཁེ་བེད་བདག་ཐོབ129ཡོད་པ་རེད། རིམ་རྩིས་བྱས་ན་དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ8289ཡོད་པའི་ནང་གསར་གཏོད་ཁེ་བེད་བདག་ཐོབ358ཡོད་པ་དང་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་ཐད་སྐྱོང་རྫོང་གི་ཨང1པོར་སླེབས་ཡོད། ཚན་རིག་ཞིབ་འཇུག་གི་གྲོན་དངུལ(RYD)གཏོང་ཚད3.16%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཐད་སྐྱོང་རྫོང་གི་ཨང1པོར་སླེབས་ཡོད་པ་དང་མཐོ་གསར་ལག་རྩལ་ཁེ་ལས66ཡོད་པ། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ནང་བཟུང་བའི་བསྡུར་ཚད90.1%ཟིན་པ། ཚོང་རྟགས་སྤུས་རྟགས་འཐབ་ཇུས་ཀྱི“ལོ་གསུམ་བྱ་སྤྱོད་འཆར་གཞི”ལག་བསྟར་གཏིང་ཟབ་བྱས་ནས་ཁྲང་ཡོན་སྤུས་རྟགས་ཁག་གཅིག་སྐྱེད་སྲིང་དང་རིམ་སྤོར་ཤུགས་ཆེན་བྱས་པ་དང་། རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི་བཟོ་ལས་སྤུས་རྟགས་སྐྱེད་སྲིང་དཔེ་སྟོན་ཁེ་ལས4དང་ཞིང་ཆེན་རིམ་པའི་བཟོ་ལས་སྤུས་རྟགས་སྐྱེད་སྲིང་དཔེ་སྟོན་ཁེ་ལས5བཙུགས་པ། ཀྲུང་གོའི་གྲགས་ཅན་ཚོང་རྟགས10དང་ཀྲུང་གོའི་གྲགས་ཅན་སྤུས་རྟགས་ཐོན་རྫས1 ཞིང་ཆེན་གྱི་ཚོང་རྟགས་གྲགས་ཅན95དང་ཞིང་ཆེན་གྱི་སྤུས་རྟགས་ཐོན་རྫས30ཡོད།  ཚོང་རྟགས་གྲགས་ཅན་གྱི་གྲངས་འབོར་ཚང་མ་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར)གི་ཨང་དང་པོ་ཡིན།

6_3 རིག་གནས་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཁྲང་ཡོན་གྲོང་ཁྱེར་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ12དང་། རིག་གནས་ཁང1སྤྱི་པའི་དཔེ་མཛོད་ཁང1རིག་དངོས་དོ་དམ་ཁང1ཤང་གྲོང་རིག་གནས་ས་ཚིགས་དང་རིག་གནས་བྱེད་སྒོའི་ལྟེ་གནས18བཅས་ཡོད་པ་རེད། རླུང་འཕྲིན་ལས་ཁུངས1རླབས་ཐུང་རླུང་འཕྲིན་གཏོང་ས་དང་བརྒྱུད་གཏོང་བྱེད་ས1 བརྙན་འཕྲིན་ལས་ཁུངས1 སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི10.1041ཟིན་པའི་ནང་གྲངས་འཛིན་བརྙན་འཕྲིན་དུད་ཚང་ཁྲི7.2815ཟིན་པ་དང་རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད་དང་བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་ཡོད།

6_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཁྲང་ཡོན་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི716ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང30དང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི1བཅས་ཡོད་པ་རེད། ནད་ཁྲི4196དང་འཕྲོད་བསྟེན་ལག་རྩལ་མི་སྣ5163ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ2269དང་། ལས་གཉེར་ནད་གཡོག་པ2085 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ50བཅས་ཚུད་ཡོད། གྲོང་གསེབ་ཀྱི་ཞང(གྲོང་རྡལ)འཕྲོད་བསྟེན་ཁང19དང་། ཉལ་ཁྲི1019འཕྲོད་བསྟེན་ལག་རྩལ་མི་སྣ1064བཅས་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ཁྱབ་ཚད100%ཟིན་ཡོད།

6_5 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ10251མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ2212ལས་ཞུགས་ཐུབ་པ་བྱུང་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གནས་སྤོས་ལས་ཞུགས་མི་གྲངས་ཁྲི20ཡན་བརྟན་པོར་གནས་ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ་3.56ཟིན་ཡོད། ལོ་མཇུག་ཏུ་ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས23415 གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི60110ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས་825836ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་གྲངས་38989ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི48.97ཟིན་ནས་འགན་བཅོལ་ནང་ཞུགས་ཚད101.7%ཟིན་ཡོད། སྤྱི་ལོ2018ལོར་ཁྲང་ཡོན་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ45040ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་བྱེད་དངུལ་སྒོར12932555སྤྲད་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ110174ལ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར58842198སྤྲད་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།