ཝུའུ་ཀྲུང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-11 17:48ལ་འགྲུབ།

ཝུའུ་ཀྲུང་ཆུས།

ཝུའུ་ཀྲུང་ཆུས།
ཝུའུ་ཀྲུང་ཆུས་ནི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། སུའུ་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ཡིན། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ2231ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ745དང་། ཐའེ་ཧུའུ་མཚེའུ་ཡི་ཆུ་ཁོངས་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ1486ཟིན་པ་དེས་ཐའེ་ཧུའུ་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་གྱི་ལྔ་ཆ་གསུམ་བཟུང་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཀྲུང་ཆུས་ཀྱི་ཐེམ་ཐོའི་མི་འབོར682917ལ་སླེབས་ཡོད། ཝུའུ་ཀྲུང་ཆུས་ནི་ཚ་ཁུལ་བྱང་མའི་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླའི་རིགས་སུ་གཏོགས་པ་དང་། དེའི་ཁར་ཐའེ་ཧུའུ་མཚེའུ་ཡི་ཆུའི་སྙོམས་སྒྲིག་གི་ནུས་པ་བསྣན་ན། དུས་བཞིའི་དབྱེ་བ་གསལ་བ་དང་། དྲོད་ཞིང་འཇམ་པ། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་འདང་བ། སད་མེད་དུས་ཅུང་རིང་བའི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན། སྤྱི་ལོ2019ལོའི་བར་ཝུའུ་ཀྲུང་ཆུས་ཁོངས་སུ་ཁྲོམ་གཞུང་བདུན་དང་གྲོང་རྡལ་བདུན་ཡོད་པ་རེད། ཆུས་སྲིད་གཞུང་གནས་ཡུལ་ནི་ཁྲང་ཆའོ་ཁྲོམ་གཞུང་ཡིན་པ་རེད། སྤྱི་ལོ2018ལོར་ཝུའུ་ཀྲུང་ཆུས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1124.73ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན6.7%(བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་པ)འཕར་བ་དེའི་ནང་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར576.69ལ་སླེབས་ནས9.4%(བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་པ)འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི་ལོ་གོང་མའི2.1:46.6:51.3ནས2.0:46.8:51.3བར་ལེགས་སྒྲིག་བྱས་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་དང་ཆ་སྙོམས་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཝུའུ་ཀྲུང་ཆུས།
རྒྱ་ཡིག་མིང་།
吴中区
ཕྱི་ཡིག་གི་མིང་།
Wuzhong District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་བདུན་དང་གྲོང་རྡལ་བདུན།
སྲིད་གཞུང་སྡོད་གནས།
སུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཧུའུ་ཤར་ལམ་ཨང་རྟགས288པར་གནས།
ས་ཁོངས་ཁ་པར་ཨང་རྟགས།
0512
སྦྲག་སྲིད་ཚབ་ཨང་།
215000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ 745
མི་གྲངས།
ཁྲི112.40(སྤྱི་ལོ2016ལོའི་རྒྱུན་སྡོད་མི་གྲངས)
ནམ་ཟླ།
ཚ་ཁུལ་བྱང་མའི་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏E、苏U
སྲིད་འཛིན་ཚབ་ཨང་།
320506
GDP
དམངས་སྒོར1124.73(སྤྱི་ལོ2018ལོ)
མེ་འཁོར་འབབ་ཚུགས།
སུའུ་ཀྲོའུ་མེ་འཁོར་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

ལོ་ངོ་ཆིག་ཁྲིའི་སྔོན་གྱི་རྡོ་ཆས་རྙིང་མའི་དུས་རབས་སུ། ཝུའུ་ས་ཁུལ་དུ་མེས་པོ་རྣམས་འཚོ་གནས་དང་སྐྱེ་འཕེལ་བྱས་ཡོད། ལོ་ངོ་ལྔ་སྟོང་གི་སྔོན་གྱི་རྡོ་ཆས་གསར་མའི་དུས་སྐབས་སུ“ལང་ཀྲུའུ་རིག་གནས”ཞེས་པའི་སྔོན་ཐོན་གྱི་རིག་གནས་ཤིག་གསར་བཏོད་གནང་ཡོད།

ལོ་ངོ་སུམ་སྟོང་ལྷག་གི་ཡར་སྔོན་དུ་ཐེ་པོ་ཡིས་ཝུའུ་ཏི་ཝེ་རྒྱལ་ཁབ་ཏུ་བཙུགས་པ་དེ་ལོ་རྒྱུས་ཀྱི་ཡིག་ཚང་དུ་ཐོག་མར་བཀོད་ཡོད།

ཆིན་རྒྱལ་རབས་ཀྱི་གོང་མ་ཆིན་ཧྲི་ཧོང་ཁྲི་ལོ་དང་པོར་སྤྱི་ལོའི་སྔོན་གྱི221ལོར་ཆིན་རྒྱལ་རབས་ཀྱིས་ཀྲུང་གོ་གཅིག་གྱུར་བྱས་ཏེ་ཅུན་རྫོང་ལམ་ལུགས་ལག་བསྟར་བྱས་པ་དང་ཝུའུ་རྫོང་བཙུགས་པ་རེད།

ཅིན་ཝུའུ་ཏི་ཐའེ་ཁང་ཁྲི་ལོ་བཞི་པར(སྤྱི་ལོ283ལོར)རྫོང་མངའ་ཁོངས་ཀྱི་བྱང་རྒྱུད་དུ་ཧའེ་ཡུས་རྫོང(ད་ལྟའི་ཁྲང་ཧྲུའུ་གྲོང་ཁྱེར་)དབྱེ་སྒྲིག་བྱས།

ཝུའུ་ཀྲོའུ་ཝན་སུའེ་ཐུང་ཐེན་ཁྲི་ལོ་དང་པོར(སྤྱི་ལོ696ལོར)ཤར་ཕྱོགས་ཀྱི་ཆ་ཤས་ཁྲང་ཀྲོའུ་རྫོང་དུ་བཞག

ཧོའུ་ལིའང་ཐའེ་ཙུའུ་ཁའེ་ཕིན་ཁྲི་ལོ་གསུམ་པར(སྤྱི་ལོ909ལོར)ཝུའུ་ཡུའེ་ཡིས་ལྷོ་རྒྱུད་ས་ཁུལ་དེ་ཝུའུ་ཅང་རྫོང་དུ་བགོས།

ཆིང་རྒྱལ་རབས་ཀྱི་ཡུང་ཀྲེང་ཁྲི་ལོ་གཉིས་པར(སྤྱི་ལོ1724ལོར)ཁྲང་ཀྲོའུ་རྫོང་གི་ཤར་ལྷོའི་རྒྱུད་དུ་ཡོན་ཧོ་རྫོང་བཙུགས་ནས་ཝུའུ་རྫོང་དང་ཁྲང་ཀྲོའུ་རྫོང་གསུམ་དང་མཉམ་དུ་གྲོང་ཁྱེར་དང་འབྲེལ་ནས་བསྐྱངས། དེའི་རྗེས་སུ་ཝུའུ་རྫོང་གི་ཏུང་ཧྲན་དང་། ཞི་ཧྲན་དུ་ཐའེ་ཧུའུ་མཚེའུ། ཅིན་ཧུའུ་བཅས་པའི་ཐིན་གཉིས་བཙུགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)བསྐྱར་དུ་རྫོང་གསུམ་དང་ཐིན་གཉིས་ཝུའུ་རྫོང་དུ་བསྒྱུར།

སྤྱི་ལོ1949ལོའི་ཟླ4བའི་ཚེས27ཉིན། ཝུའུ་རྫོང་བཅིངས་འགྲོལ་བྱས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོར་དབྱེ་ནས་བཙུགས། གྲོང་ཁུལ་དང་གྲོང་འདབས་ནི་སུའུ་ཀྲོའུ་གྲོང་ཁྱེར་དང་། མཐའ་འཁོར་གྲོང་གསེབ་ནི་ཝུའུ་རྫོང་ཡིན། དེ་མིན་ཏུང་ཧྲན་རི་བོ་དང་ཞི་ཧྲན་རི་བོ། ཐའེ་ཧུའུ་མཚེའུ་བཅས་ཀྱི་ས་ཁོངས་དབྱེ་ནས་ཐའེ་ཧུའུ་མཚེའུ་ཡི་སྲིད་འཛིན་དོན་གཅོད་ཁང་བཙུགས།

སྤྱི་ལོ1953ལོའི་ཟླ5པར། སུའུ་ནན་མི་དམངས་སྲིད་འཛིན་ཀུང་ཧྲུའུ་ཐའེ་ཧུའུ་དོན་གཅོད་ཁང་དེ་ཀྲེན་ཙེ་རྫོང་དུ་བསྐྱར་སྐྲུན་བྱས།

སྤྱི་ལོ1959ལོར་ཀྲེན་ཙེ་རྫོང་མེད་པར་བཟོས་ནས་ཝུའུ་རྫོང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1995ལོའི་ཟླ7པར་ཝུའུ་རྫོང་མེད་པར་བཟོས་ནས་ཝུའུ་རྫོང་གྲོང་ཁྱེར(རྫོང་རིམ་པ)བཙུགས།

སྤྱི་ལོ2001ལོའི་ཟླ་2པའི་ཚེས་28ཉིན། ཝུའུ་རྫོང་གྲོང་ཁྱེར་མེད་པར་བཏང་ཞིང་། སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཀྲུང་ཆུས་དང་ཞང་ཁྲེང་ཆུས་སོ་སོར་བཙུགས།

2 གྲོང་ཁྱེར་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་བཅས་སུ་བདམས་པ་རེད། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས། སྤྱི་ལོ2018ལོའི་ཟླ12པའི་ཚེས13ཉིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཆུས་ཀྱི་མིང་ཐོའི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་བཅས་སུ་བདམས་པ།

3 ཆབ་སྲིད་ཁོངས་བགོས།

སྤྱི་ལོ2019ལོའི་བར་དུ། ཝུའུ་ཀྲུང་ཆུས་ཁོངས་གཏོགས་སུ་ཁྲང་ཆའོ་ཁྲོམ་གཞུང་། ཡུའེ་ཞིའི་ཁྲོམ་གཞུང་། ཀུའོ་ཞང་ཁྲོམ་གཞུང་། ཧེང་ཅིན་ཁྲོམ་གཞུང་། ཞང་ཧྲན་ཁྲོམ་གཞུང་། ཁྲེང་ནན་ཁྲོམ་གཞུང་། ཐའེ་ཧུའུ་ཁྲོམ་གཞུང་བཅས་ཁྲོམ་གཞུང་བདུན་དང་།  ཀྲེན་ཀྲི་གྲོང་རྡལ། མུའུ་ཞེ་གྲོང་རྡལ། ཏན་ཁོའུ་གྲོང་རྡལ།  ཏུང་ཧྲན་གྲོང་རྡལ། ཀོང་ཧྥུའུ་གྲོང་རྡལ། ཅིན་ཐེང་གྲོང་རྡལ་། ལིན་ཧུའུ་གྲོང་རྡལ་བཅས་གྲོང་རྡལ་བདུན་ཡོད་ལ། ཆུས་མི་དམངས་སྲིད་གཞུང་གི་གནས་ཡུལ་ནི་ཁྲང་ཆའོ་ཁྲོམ་གཞུང་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ས།

ཝུའུ་ཀྲུང་ཆུས་ནི་སུའུ་ཀྲོའུ་ཡི་ས་ཁམས་ལྟེ་གནས་སུ་གནས་ཤིང་། བྱང་ཕྱོགས་ནི་སུའུ་ཀྲོའུ་ཡི་གནའ་གྲོང་དང་། སུའུ་ཀྲོའུ་བཟོ་ལས་གླིང་། སུའུ་ཀྲོའུ་ཡི་མཐོ་གསར་ཁུལ་བཅས་དང་ས་མཚམས་འབྲེལ་བ་དང་། ལྷོ་ཕྱོགས་ནི་སུའུ་ཀྲོའུ་ཡི་ཝུའུ་ཅང་ཁུལ་དང་འབྲེལ། ཤར་ངོས་ནི་ཁུན་ཧྲན་གྲོང་ཁྱེར་དང་འབྲེལ་བ་དང་། ནུབ་ངོས་སུ་ཐའེ་ཧུའུ་མཚེའུ་དང་འབྲེལ། ཝུའུ་ཞི་གྲོང་ཁྱེར་དང་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་ཡོད། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ92.95ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ48.1ཡོད། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ2231ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ745དང་ཐའེ་ཧུའུ་མཚེའུ་ཡི་ཆུ་ཁོངས་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ1486ཡོད་པ་དེས་ཐའེ་ཧུའུ་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་གྱི་ལྔ་ཆའི་གསུམ་བཟུང་ཡོད།

4_2 ས་དབྱིབས།

ཝུའུ་ཀྲུང་ཆུས་ནི་ཐའེ་ཧུའུ་མཚེའུ་ཡི་ཆུ་དྲ་འཐེན་པའི་བདེ་ཐང་ཁུལ་གྱི་ཆ་ཤས་ཤིག་ཡིན་པ་དང་། ས་བབ་དམའ་བ་དང་། ཆུས་དྲ་བ་འཐེན་པ། མཚེའུ་མང་པོ་ཡོད་པ་རེད། དེའུ་འབུར་དམའ་བའི་རི་མ་ཐང་གི་དབྱིབས་ནི་ལྗོངས་ནང་ཁུལ་གྱི་ལྷོ་ནུབ་ཐའེ་ཧུའུ་མཚེའུ་ཡི་འགྲམ་རྒྱུད་ཀྱི་བདེ་ཐང་ངམ་ཐའེ་ཧུའུ་མཚེའུ་ཡི་དབུས་སུ་ཁྱབ་ཡོད་པ་དང་། དབྱང་ཁྲེང་མཚེའུ་གཙོ་བོར་བྱས་པའི་མཚེའུ་ཚོགས་ཤར་རྒྱུད་དུ་འཛོམས་ཡོད་ཅིང་། ས་བབ་ཧྲིལ་པོ་ལྷོ་ནུབ་ནས་བྱང་ཤར་དུ་ཅུང་གསེག་ནས་ཡོད། ལྗོངས་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི5ཙམ་ལས་མེད། ཚང་ཆོང་རི་བོའི་གཙོ་རིའི་མཐོ་ཚད་་རྒྱ་མཚོའི་ངོས་ལས་སྨི341.7ཙམ་ཡོད་པ་དང་ཆུས་ཡོངས་ཀྱི་ཆེས་མཐོ་བའི་ས་ཁུལ་དེ་ཡིན།

4_3 ནམ་ཟླ།

ཝུའུ་ཀྲུང་ཆུས་ནི་ཚ་ཁུལ་བྱང་མའི་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླའི་རིགས་སུ་གཏོགས་པ་དང་། དེའི་ཁར་ཐའེ་ཧུའུ་མཚེའུ་ཡི་ཆུའི་སྙོམས་སྒྲིག་གི་ནུས་པ་བསྣན་ན། དུས་བཞིའི་དབྱེ་བ་གསལ་བ་དང་། དྲོད་འཇམ་རློན་པ། ཆར་ཆུ་འབེལ་བ། ཉི་འོད་ཕོག་ཚད་འདང་བ། སད་མེད་དུས་ཅུང་རིང་བའི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན།

4_4 ཆུ་དཔྱད།

ཝུའུ་ཀྲུང་ཆུས་ཁོངས་ཀྱི་འབྲི་ཆུའི་སྨད་རྒྱུད་ཀྱི་ངོགས་ཀྱི་ཐའེ་ཧུའུ་ཆུ་བོའི་འབབ་རྒྱུད་ནི་བདེ་ཐང་ཆུས་དྲ་རྒྱ་འཐེན་པའི་ཁུལ་དང་། ཆུ་བོ་དང་གྲུ་ཁ་སྦྲེལ་བ། མཚེའུ་མང་པོས་ཁེངས་པས། སྐད་གྲགས་ཆེ་བའི་ཆུའི་རྒྱལ་ཁམས་ཤིག་ཡིན། ས་ཁོངས་དེའི་ནུབ་ཕྱོགས་སུ་མིང་ཐའེ་ཧུའུ་མཚེའུ་དང་། ཤར་ངོས་སུ་དབྱང་ཁྲེངམཚོའུ་དང་ཁྲེང་ཧུའུ་མཚེའུ་ཡོད། བྱང་ངོས་སུ་ཝང་ཡུས་གཙང་པོ་འབྲི་ཆུ་དང་འབྲེལ་ཡོད། ལྷོ་ངོས་སུ་ཝུའུ་སུང་གཙང་པོ་དང་སྦྲེལ་མཐུད་བྱས་པའི་མཚོ་ཁོངས་ཡོད། པེ་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་ལྷོ་བྱང་བརྒལ་ནས་བཞུར་བ་དང་། ཞུས་ཅང་གཙང་པོ་དང་ལོའུ་ཅང་གཙང་པོ་ཤར་ནུབ་ཏུ་འཕྲེད་བརྒལ་བྱས་ཡོད།

5 མི་འབོར་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཝུའུ་ཀྲུང་ཆུས་ཀྱི་ཐེམ་ཐོའི་མི་འབོར682917ལ་སླེབས་པ་དེ་སྤྱི་ལོ2017ལོའི་ལོ་མཇུག་ལས་མི1626འཕར་ནས2.4%འཕར་ཡོད། དེའི་ནང་སྐྱེས་པ333935ཡོད་པ་དེ་ལོ་གོང་མ་ལས2.4%འཕར་བ་དང་། བུད་མེད348982ཡོད་པ་དེ་ལོ་གོང་མ་ལས་2.5%འཕར་ཡོད། ཕོ་མོའི་ཕོ་མོའི་བསྡུར་ཚད(བུད་མེད100ཡིན)95.7ཡིན། མི་འབོར7862སྐྱེས་པ་དང་སྐྱེས་ཚད11.7‰ཡིན། མི་འབོར4229འདས་པ་དེ་ལོ་གོང་མ་ལས་མི་གྲངས26འཕར་བ་དང་འདས་ཚད6.3‰ལ་སླེབས་ཡོད་པ་རེད། རང་ཤུགས་སུ་མི3633འཕར་བ་དང་། རང་ཤུགས་སུ་འཕར་ཚད5.4‰ཡིན་ཞིང་། ལོ་གོང་མ་ལས2.1‰ཇེ་ཉུང་དུ་ཕྱིན་ཡོད།

6 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2018ལོར་ཝུའུ་ཀྲུང་ཆུས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1124.73ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན6.7%(བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་པ)འཕར་བ་དེའི་ནང་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར576.69ལ་སླེབས་ནས9.4%(བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་པ)འཕར་ཡོད། ཐོན་ལས་གསུམ་པའི་བསྡུར་ཚད་ནི་ལོ་གོང་མའི2.1:46.6:51.3ནས2.0:46.8:51.3བར་ལེགས་སྒྲིག་བྱས་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་དང་ཆ་སྙོམས་ཡིན་པ་རེད། ཐེམ་ཐོའི་མི་འབོར་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དམངས་སྒོར166680ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན་དམངས་སྒོར5219འཕར་ཡོད།

སྤྱི་ལོ2018ལོར་ཝུའུ་ཀྲུང་ཆུས་སུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དམངས་སྒོར་དུང་ཕྱུར160.61ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན11.6%འཕར་བ་དང་ཁྲལ་བསྡུའི་ཡོང་འབབ་ཀྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད92.0%ལ་སླེབས་ཡོད།

སྤྱི་ལོ2018ལོར་ཝུའུ་ཀྲུང་ཆུས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་དམངས་སྒོར་དུང་ཕྱུར141.74ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན21.3%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་དམངས་སྒོར་དུང་ཕྱུར15.30ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན15.2%འཕར་ཡོད། སློབ་གསོའི་གཏོང་སྒོ་དང་། ཚན་རིག་ལག་རྩལ་གྱི་གཏོང་སྒོ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་བཅས་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་ནས་སྤྱི་ལོ2017ལོ་ལས་སོ་སོར11.1%དང་། 7.7%32.8%བཅས་འཕར་ཡོད།

སྤྱི་ལོ2018ལོར། ཝུའུ་ཀྲུང་ཆུས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་དམངས་སྒོར་དུང་ཕྱུར486.49བཏང་ཡོད། དེའི་ནང་དམངས་གཉེར་དཔལ་འབྱོར་མ་འཇོག་དམངས་སྒོར་དུང་ཕྱུར383.03ཟིན་པ་དེ་ལོ་གོང་མ་ལས9.9%འཕར་བ་དང་། མ་དངུལ་སྒོར་དུང་ཕྱུར35.73བཏང་བ་དེ་ལོ་གོང་མ་ལས27.7%མར་ཆག་ཡོད། མ་འཇོག་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ནས་ཐོན་ལས་གསུམ་པའི་བསྡུར་ཚད0.2:13.1:86.7ཡིན་པ་དང་ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས4.8ཀྱི་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།