སུང་ལིང་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཏ་ཞིང་ཨན་ལིང་ས་ཁུལ་དུ་གཏོགས་པ་དང་། ཏ་ཞིང་ཨན་ལིང་ས་ཁུལ་གྱི་ལྷོ་རྒྱུད་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། དབྱི་ལེ་ཧུའུ་ལི་རི་བོའི་ཤར་ལྷོའི་བྲག་ངོས། ནེན་ཅང་གཙང་པོའི་སྟོད་རྒྱུད་ཀྱི་གཡོན་ངོགས་བཅས་སུ་གནས་པ་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ལུན་ཁྲུན་ཆི་ཡི་མངའ་ཁོངས་སུ་གནས་ཡོད། ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ15799ཟིན་ཡོད།
སུང་ལིང་ཆུས་ཀྱི་མིང་ནི་སྤྱི་ལོ1964ལོའི་ཟླ12པར་ཏ་ཞིང་ཨན་ལིང་མཉམ་འཐབ་བཀོད་འདོམས་པུའི་ཚོགས་འདུའི་ཐོག་སྤྱིའི་ཇུས་འགོད་ཇུས་གཞིར་ཞིབ་བཤེར་གཏན་འབེབས་བྱས་པར་གཞིགས་ནས་མིང་བཏགས་པ་ཞིག་ཡིན། དེ་སྔ་ནང་སོག་རང་སྐྱོང་ལྗོངས་ཨོ་ལུན་ཁྲུན་རང་སྐྱོང་ཆིའི་མངའ་འོག་ཏུ་གཏོགས།
སྤྱི་ལོ1964ལོའི་ཟླ2པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཉམ་འཐབ་བཀོད་འདོམས་པུའུ་བཙུགས་ནས་ཏ་ཞིང་ཨན་ལིང་གི་བྱང་ཤར་རི་ལྡེབས་གསར་སྤེལ་འཛུགས་སྐྲུན་བྱེད་རྒྱུའི་ཐག་བཅད། ནང་སོག་ཧུའུ་ལུན་པེར་མེང་གི་ཨོ་ལུན་ཁྲུན་རང་སྐྱོང་ཆི་དང་། མོ་ལི་ཏ་ཝ་ཏ་ཝོར་རིགས་རང་སྐྱོང་ཆིའི་སྲིད་འཛིན་ཁུལ་གྱི་ཁག་གཅིག ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་ཀྲོན་ཆུས་ཧུའུ་མ་རྫོང་ཡོངས་དང་ནེན་ཅང་རྫོང་སྲིད་འཛིན་ཁུལ་གྱི་ཁག་གཅིག་བཅས་གཡུལ་འགྱེད་ས་ཁུལ་གྱི་ཁོངས་སུ་བཅུག་ཡོད། ལོ་དེའི་ཟླ་7པར་ཏ་ཞིང་ཨན་ལིང་ནགས་ཁུལ་མཉམ་འཐབ་བཀོད་འདོམས་པུའུ་ཅ་ཀུ་ཏ་ཆི་གྲོང་རྡལ་དུ་བཙུགས་པ་དང་། ཅ་ཀུ་ཏ་ཆི་དང་སུང་ལིང་ས་ཆ་གཉིས་ལ་དེ་སྔའི་རྒྱལ་ཁབ་ནགས་ལས་པུའུ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཉིས་བརྩེགས་ཐོབ་ཡོད།
སྤྱི་ལོ1966ལོའི་ཟླ4བའི་ཚེས20ཉིན། ནགས་ཚལ་ཐོན་ཁུངས་གསར་སྤེལ་་དང་།རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧེ་ལུང་ཅང་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་བར་མཐུན་སྦྱོར་བྱས་པའི་རྨང་གཞིའི་སྟེང་། རྒྱལ་ནང་གི་ཡིག་ཨང115བའི་ཡིག་ཆར་ཆོག་མཆན་བཀོད་དེ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨོ་ལུན་ཁྲུན་རང་སྐྱོང་ཆིའི་བྱང་ཤར་རྒྱུད་ཀྱི་དེ་སྔའི་ཁོངས་གཏོགས་ས་ཆར་འགྱུར་བ་མེད་པའི་རྩ་དོན་འོག་ཏ་ཞིང་ཨན་ལིང་དམིགས་བསལ་ས་ཁུལ་དུ་བགོས། སྤྱི་ལོ1967ལོའི་ཟླ12པའི་ཚེས16ཉིན། ནགས་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཆེད། ཐོན་སྐྱེད་བཀོད་འདོམས་ལས་ཁུངས་དེ་ཐོན་སྐྱེད་བདག་གཉེར་ལས་རིགས་ས་ཁུལ་དང་ཉེ་བར་བཅར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་སྔར་ལས་ལུགས་མཐུན་ཡིན་པས། ཏ་ཞིང་ཨན་ལིང་དམིགས་བསལ་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་སུང་ལིང་ནགས་ལས་ཀུང་སིའི་ལས་ཁུངས་ཞའོ་དབྱང་ཆི(སུང་ལིན་ནགས་ལས་ཀུང་སི་དེ་སྔར་ཅ་ཀུ་ཏ་ཆི་རུ་བཅའ་སྡོད་བྱས་པ)རུ་སྤོར་རྒྱུའི་ཐག་བཅད། སྤྱི་ལོ1970ལོའི་ཟླ4བའི་ཚེས1ཉིན། ཏ་ཞིང་ཨན་ལིང་དམིགས་བསལ་ས་ཁུལ་དེ་ཏ་ཞིང་ཨན་ལིང་ས་ཁུལ་དུ་བསྒྱུར། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་མེང་ཧེ་ལུང་ཅང་ཞིང་ཆེན་གྱི་འགོ་ཁྲིད་ལ་དབང་། དེ་སྔའི་ཧེ་ཧུ་སུ་ཁུལ་དུ་གཏོགས་པའི་ཧུའུ་མ་རྫོང་དང་དེ་སྔའི་ཧུའུ་ལུན་པེར་མོང་གི་ཁོངས་སུ་གཏོགས་པའི་མོ་ལི་ཏ་ཝ་ཏ་ཝོར་རིགས་རང་སྐྱོང་ཆི་དང་ཨོ་ལུན་ཁྲུན་རང་སྐྱོང་ཆི་ཚང་མ་ཏ་ཞིང་ཨན་ལིང་ས་ཁུལ་གྱི་མངའ་འོག་ཏུ་བཅུག་ཡོད།
སྤྱི་ལོ1979ལོའི་ཟླ5བའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ནང་སོག་རང་སྐྱོང་ལྗོངས་ཀྱི་དེ་སྔའི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་སླར་གསོ་བྱེད་པའི་སྐོར་གྱི་བརྡ་ཐོ》(ཀྲུང་བཀྲམ〈1979〉ཨང42པ)བཏང་ནས། ནང་སོག་རང་སྐྱོང་ལྗོངས་ཀྱི་དེ་སྔའི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་སླར་གསོ་བྱས་པ་དང་། མོ་ལི་ཏ་ཝ་ཏ་ཝོར་རིགས་རང་སྐྱོང་ཆི་དང་ཨོ་ལུན་ཁྲུན་རང་སྐྱོང་ཆི་གཉིས་ནང་སོག་རང་སྐྱོང་ལྗོངས་ཀྱི་མངའ་འོག་ཏུ་བཅུག འོན་ཀྱང་བརྡ་ཐོའི་ནང་ནང་སོག་རང་སྐྱོང་ལྗོངས་ཨོ་ལུན་ཁྲུན་རང་སྐྱོང་ཆིའི་མངའ་ཁོངས་ཀྱི་ཅ་ཀུ་ཏ་ཆི་ཆུས་དང་སུང་ལིང་ཆུས་སུ་ནགས་ལས་ཐོན་སྐྱེད་ཀྱི་དགོས་མཁོའི་དབང་གིས་སྔར་བཞིན་ཧེ་ལུང་ཅང་ཞིང་ཆེན་ཏ་ཞིང་ཨན་ལིང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་དོ་དམ་བྱེད་ཀྱི་ཡོད་པ་དང་། དེ་སྔའི་གཏོགས་ཁོངས་ཀྱི་དབང་ཆ་མ་བསྒྱུར་བར་ནང་སོག་རང་སྐྱོང་ལྗོངས་ལ་དབང་བ་དང་ཁྲལ་འབབ་ནང་སོག་རང་སྐྱོང་ལྗོངས་ལ་དབང་བ་རེད་ཅེས་ཁ་གསལ་བཏོན་ཡོད། སྤྱི་ལོ2004ལོའི་ཟླ11པའི་ཚེས25ཉིན། ཧུའུ་ལུན་པེར་གྲོང་ཁྱེར་སྲིད་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་ལ《སུང་ལིན་གྱི་ཅ་ཀུ་ཏ་ཆི་ས་ཁུལ་གཉིས་ལ་ཁོངས་གཏོགས་ས་ཆའི་དོ་དམ་ལག་བསྟར་བྱེད་པའི་སྐོར་གྱི་དགོངས་སྐོར》(ཧུའུ་ཀྲེང་ཧྥ་ཡི་<2004>ཨང96པ། ) ཐང་ཤིང་དང་། ས་གནས་གཉིས་སུ་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་ནན་པོ་བཏོན་ཡོད། གྲོང་ཁྱེར་དེས་ཏ་ཞིང་ཨན་ལིང་ནགས་ལས་གསར་སྤེལ་གྱི་ངོ་བོའི་དོན་སྙིང་ནི“རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད”ལག་བསྟར་བྱས་པ་དང་བསྟུན་ནས་ཁུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དེར་སུང་ཅ་ས་ཁུལ་གཉིས་ཀྱི་དོ་དམ་དབང་ཆ་ཚུར་ལེན་བྱ་རྒྱུའི་རེ་བ་བཏོན།
སྤྱི་ལོ2019ལོའི་ཟླ5བའི་ཚེས18ཉིན་ཧུའུ་ལུན་པེར་གྲོང་ཁྱེར་སྲིད་གཞུང་གིས《ཅ་སུང་ས་ཁུལ་གཉིས་ཀྱི་དོ་དམ་དབང་ཆ་སླར་གསོ་བྱ་རྒྱུའི་སྐོར་གྱི་གསལ་བཤད》པར་འགྲེམས་བྱས་པ་དང་འབྲེལ“སུང་ཅ་ས་ཁུལ་གཉིས་ཀྱི་དོ་དམ་དབང་ཆ་སླར་གསོ་བྱ་རྒྱུའི”ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ནང་སོག་གིས་ཅ་སུང་ས་ཁུལ་གཉིས་ཀྱི་དོ་དམ་དབང་ཆ་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་།
སུང་ལིང་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ3ཡོད་པ་དེ་དག་ནི་ཞའོ་དབྱང་ཆི་གྲོང་རྡལ་དང་། ཅིན་སུང་གྲོང་རྡལ། ཀུའུ་ཡོན་གྲོང་རྡལ་བཅས་ཡིན་པ་དང་། སུང་ལིང་ཆུས་མི་དམངས་སྲིད་གཞུང་ནི་ཞའོ་དབྱང་ཆི་གྲོང་རྡལ་སུང་ལིང་སྲང་ལམ་དུ་བཅའ་སྡོད་བྱས་ཡོད།
སུང་ལིང་ཆུས་ནི་ཏ་ཞིང་ཨན་ལིང་ནགས་ཁུལ་གྱི་ལྷོ་མཐའ་དང་། དབྱི་ལེ་ཧུའུ་ལི་རི་བོའི་ཤར་ལྷོའི་རི་ལྡེབས་དང་། ནེན་ཅང་གཙང་པོའི་སྟོད་རྒྱུད་ཀྱི་གཡོན་ངོགས་བཅས་སུ་གནས་ཡོད། ས་ཁམས་ཀྱི་གནས་ཚད་ནི་ཤར23º29´23´´--125º50´07´´དང་བྱང་གི་འཕྲེད་ཐིག50º09´16´´--51º23´48´´བར་ཡིན། ཤར་ནི་ཧུའུ་མ་དང་ནེན་ཅང་རྫོང་གཉིས་དང་ཁ་སྤྲོད་དུ་གནས་པ་དང་། བྱང་ནི་དབྱི་ལེ་ཧུའུ་ལི་རི་བོ་དང་ཤིན་ལིན་ནགས་ལས་ཅུས་ཀྱི་ས་མཚམས་ཡིན་པ། ནུབ་ནི་ནང་སོག་རང་སྐྱོང་ལྗོངས་དང་འབྲེལ་བ། ལྷོ་རྒྱུད་ནི་ཅ་ཀུ་ཏ་ཆི་ནགས་ལས་ཅུས་དང་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ145དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ75ཡོད། ཆུས་ཡོངས་ཀྱི་སྤྱིའི་གཉེར་སྐྱོང་རྒྱ་ཁྱོན་ལ་མུའུ13605420ཟིན་ཡོད།
སུང་ལིང་ཆུས་ནི་གྲང་ངར་ཆེ་ཞིང་དྲོ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། དགུན་དུས་གྲང་ངར་ཆེ་བའི་དུས་ཡུན་རིང་བ་དང་། དབྱར་དུས་ཚ་བ་ཆེ་བའི་དུས་ཡུན་ཐུང་བ། དཔྱིད་དུས་ཅུང་དལ་བ་དང་། སྟོན་དུས་དྲོད་ཚད་ཇེ་དམའ་རུ་འགྲོ་བ། ལོའི་ཆ་སྙོམས་དྲོད་ཚད-3:Cཡིན་པ་དང་། ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས30:Cཡིན་པ། ཐལ་དྲགས་པའི་དྲོད་ཚད་དམའ་ཤོས-48:Cབཅས་ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི600ཡིན་པ་དང་མང་ཆེ་བ་ཟླ་བདུན་པ་དང་བརྒྱད་པའི་ནང་གཅིག་སྡུད་བྱས་ཡོད་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི48.9%ཟིན་ཡོད། ལོ་རེར་སད་མེད་དུས་ནི་ཉིན100ནས110བར་ཡིན། རྩི་ཤིང་སྐྱེ་བའི་དུས་ཡུན་ནི་ཉིན90ནས100བར་ཡིན། ལོ་རེའི་དཔྱིད་ཀ་དང་སྟོན་ཁའི་དུས་ཚིགས་གཉིས་ལ་ལྷགས་པ་ཆེན་པོ་ལྡང་གི་ཡོད་པ་དང་། རླུང་གི་ཁ་ཕྱོགས་གཙོ་བོ་ནུབ་བྱང་དུ་རླུང་ཕྱོགས་ཀྱི་ཡོད་ཅིང་། ཆ་སྙོམས་སུ་རླུང་བུའི་མྱུར་ཚད་སྐར་ཆ་རེར་སྨི3.8དང་། རླུང་གི་མྱུར་ཚད་ཆེ་ཤོས་ལ་སྨི16དང་སྐར་ཆ་རེར་སླེབས་ཀྱི་ཡོད་པས། དེ་ནི་ནགས་ཚལ་གྱི་མེ་སྐྱོན་ཐོན་སླ་བའི་དུས་སྐབས་ཤིག་ཡིན།
སུང་ལིང་ནགས་ལས་ཅུས་ཀྱི་གཉེར་སྐྱོང་སྤྱིའི་རྒྱ་ཁྱོན་མུའུ13605420ཡོད་པ་དེའི་ནང་ནགས་ལས་ཐད་སྤྱོད་པའི་ས་ཆའི་རྒྱ་ཁྱོན12018975ཡིས་སྤྱིའི་གཉེར་སྐྱོང་རྒྱ་ཁྱོན་གྱི88.4%བཟུང་བ་དང་། ནགས་ལས་མིན་པའི་ས་ཆའི་རྒྱ་ཁྱོན་མུའུ1586445ཟིན་པ་དེས་གཉེར་སྐྱོང་སྤྱིའི་རྒྱ་ཁྱོན་གྱི11.66%བཟུང་ཡོད། ནགས་སའི་རྒྱ་ཁྱོན་ནང་ནགས་ཚལ་རྒྱ་ཁྱོན་མུའུ10489935ཟིན་པ་དེས་ནགས་སའི་རྒྱ་ཁྱོན་གྱི98.09%བཟུང་བ་དང་། ནགས་སའི་རྒྱ་ཁྱོན་མུའུ98325ཟིན་པ་དེས་ནགས་སའི་རྒྱ་ཁྱོན་གྱི0.92%བཟུང་བ། སྡོང་ཐུང་ནགས་ཚལ་གྱི་རྒྱ་ཁྱོན་མུའུ3180ཟིན་པ་དེས་ནགས་སའི་རྒྱ་ཁྱོན་གྱི0.03%བཟུང་བ། སྡོང་ཕྲུག་ར་བའི་རྒྱ་ཁྱོན་མུའུ་255ཟིན་པ་དེས་ནགས་སའི་རྒྱ་ཁྱོན་གྱི0.002%བཟུང་བ། ནགས་སའི་རྒྱ་ཁྱོན་མུའུ102165ཟིན་པ་དེས་ནགས་སའི་རྒྱ་ཁྱོན་གྱི0.96%བཟུང་ཡོད།
སུང་ལིང་ཆུས་ཀྱི་རི་སྐྱེས་སྲོག་ཆགས་ཁུལ་ནི་གནའ་བོའི་བྱང་མཚམས་དང་བྱང་ཤར་ཁུལ་ཡིན་པ་དང་། ཏ་ཞིང་ཨན་ལིང་ཁུལ་ནི་དཔེ་མཚོན་གྱི་དྲོད་གྲང་ཁུལ་གྱི་ལོ་མ་ཁབ་ཚལ་གྱི་རིགས་ཚོགས་ཤིག་ཡིན་པ་དང་། རང་རྒྱལ་གྱི་ཚ་ཁུལ་ནགས་ཚལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་བསྡུར་ན། ས་ཁུལ་དེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིགས་ཅུང་ཉུང་། ཁོར་ཡུག་དེ་དང་འཚམ་པའི་སྲོག་ཆགས་ཀྱི་གྲངས་འབོར་ཅུང་མང་བ་མ་ཟད། དེ་གའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྤུ་མཐུག་ལ་བྱ་སྤུའི་སྤུ་འབེལ་ལ་བོངས་ཚད་ཅུང་ཆེ་བ་དཔེར་ན། དྲེད་མོང་དང་རྔ་མོང་སོགས་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ400ནས500བར་ཟིན་གྱི་ཡོད།
སུང་ལིང་ཆུས་སུ་རི་སྐྱེས་རྩི་ཤིང་རིགས900ལྷག་ཡོད། དེའི་ནང་རྩྭ་རིགས་རྩི་ཤིང་རིགས800ལྷག་དང་། སྡོང་ཕྲན་རིགས90ལྷག སྦ་ཤིང་རིགས5བཅས་ཡོད། རི་སྐྱེས་རྩི་ཤིང་ནི་ཞིང་ཨན་གྱི་ལོ་ལྷུང་ཐང་ཤིང་གཙོ་བོ་ཡིན་པ་དང་། ཧྭ་དཀར་དང་། སྟག་ནག ལྕང་སྡོང་། ཧྲན་དབྱང་སོགས་ཡོད་ལ། ཀྲང་ཙི་སུང་ཤིན་ཏུ་ཉུང་།
ཆུས་ཡོངས་སུ་ཉ་ལས་ཆུ་ཁོངས་ཀྱི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཆུ་ངོས་མུའུ30945ཡོད་པའི་ནང་ཆུ་རླབས79ཡོད་པ་དང་། རྒྱ་ཁྱོན་མུའུ4680ཡོད་པ། ཆུ་ངོས་མུའུ3600གསོ་སྐྱོང་བྱས་ཆོག
སུང་ལིང་ཆུས་སུ་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཏ་ཝོར་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཨོ་ཝུན་ཁེ་རིགས། ཞི་པོ་རིགས། ཆའང་རིགས། ཨུ་རུ་སུ་རིགས་བཅས་ཁྱོན་བསྡོམས་མི་རིགས11འདུས་ཡོད། སྤྱི་ལོ1992ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་མི་གྲངས་བསྡོམས་འབོར་ཁྲི3.6ཡོད་པའི་ནང་ཞིང་ལས་མ་ཡིན་པའི་མི་གྲངས་ཁྲི3.4ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས1%ཙམ་ཟིན་ཡོད།
སྤྱི་ལོ2013ལོར་སུང་ལིང་ཆུས་སུ་ཁྱོན་བཟའ་བྱའི་ཤ་མོ་ཁུག་མ་ཁྲི1200འདེབས་འཛུགས་བྱས་པ་དང་། བྱ་རིགས་ཁྲི6གསོ་ཚགས་བྱས་པ། ཕྱུགས་རིགས་ཀྱི་ནགས་ཚལ་ཕག6200ལྷག་ཙམ་དང་། སྦྲང་མ་སྒམ600དང་། ནགས་སྦལ་ཁྲི30 བྱང་སྨན་མུའུ1400 སྡོང་ཕྲུག་རྐང་ཁྲི900མི་ཐབས་ལ་བརྟེན་ནས་ལན་མའེ་མུའུ500བཅས་གསོ་ཚགས་བྱས་པ། བདག་ཏུ་མ་བཟུང་བའི་ལན་མའེ་ལེགས་བསྡུས་ཞིབ་གཉེར་ཅན་མུའུ1000གཉེར་སྐྱོང་བྱས།
སྤྱི་ལོ2011ལོར་སུང་ལིང་ཆུས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར9.5ཟིན་པ་དེ་དུས་མཚུངས་ལས13.4%འཕར་བ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར10.7ཟིན་པ་དེ་དུས་མཚུངས་ལས8.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས29.4%འཕར་ཡོད།