ཅ་ཀུ་ཏ་ཆི་ཆུས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-24 11:06ལ་འགྲུབ།

ཅ་ཀུ་ཏ་ཆི་ཆུས།

ཅ་ཀུ་ཏ་ཆི་ཆུས།
ཅ་ཀུ་ཏ་ཆི་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་ཏ་ཞིང་ཨན་ལིང་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། ཏ་ཞིང་ཨན་ལིང་རི་རྒྱུད་ཀྱི་ཤར་ལྷོའི་འདབས་སུ་གནས་པ་དང་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ལུན་ཁྲུན་རང་སྐྱོང་ཆིའི་མངའ་ཁོངས་སུ་གནས་ཡོད། ཅ་ཀུ་ཏ་ཆི་ཆུས་ནི་ཀྲུང་གུང་ཏ་ཞིང་ཨན་ལིང་ས་ཁུལ་ཨུ་ཡོན་ལྷན་ཁང་དང་། ཏ་ཞིང་ཨན་ལིང་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ། ཏ་ཞིང་ཨན་ལིང་ནགས་ལས་དོ་དམ་ཅུས། ཏ་ཞིང་ཨན་ལིང་ཡན་ལག་དམག་ཁུལ་ཁང་གི་གནས་ཡུལ་བཅས་ཡིན་པ་དང་། ཏ་ཞིང་ཨན་ལིང་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1587ཡོད་པའི་ནང་ནགས་སའི་རྒྱ་ཁྱོན་ལ་སྤྱི་ཆིང115213ཡོད་པ་དང་། ཞིང་ལས་ས་ཞིང་རྒྱ་ཁྱོན་ལ་སྤྱི་ཆིང6512ཡོད་པ། ཆུ་ཁོངས་རྒྱ་ཁྱོན་ལ་སྤྱི་ཆིང1476ཡོད་པ། ནེན་ཅང་གཙང་པོའི་ཆུ་རྒྱུད་ཅུང་ཆེ་བའི་ཆུ་བོ་ནི་ཀན་ཧོ་ཡིན་ཞིང་། ནུབ་ནས་ཤར་ཕྱོགས་སུ་བསྐྱོད་ཅིང་། ས་ཁུལ་གྱི་རིང་ཚད་ལ་སྤྱི་ལེ55ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
加格达奇区
ཕྱི་ཡིག་མིང་།
Jiagedaqi District
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིང་ཆེན་ཏ་ཞིང་ཨན་ལིང་ས་ཁུལ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་གཞུང6 ཡུལ་ཚོ2
སྲིད་གཞུང་གནས་ཡུལ།
ཧྲུའུ་ཀོང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0457
སྦྲག་སྲིད་ཨང་རྟགས།
165099
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1587ཡོད།
མི་གྲངས།
ཁྲི15.6ཡོད།
གནམ་གཤིས།
གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཅ་ཀུ་ཏ་ཆི་ཀ་ཞན་གནམ་གྲུ་ཐང་།
རླང་འཁོར་གྱི་ཨང་རྟགས།
ཧེ(黑) P
སྲིད་འཛིན་ཚབ་ཨང་།
232761
1 ངོ་སྤྲོད།

ཅ་ཀུ་ཏ་ཆི་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་ཏ་ཞིང་ཨན་ལིང་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། ཏ་ཞིང་ཨན་ལིང་རི་རྒྱུད་ཀྱི་ཤར་ལྷོའི་འདབས་སུ་གནས་པ་དང་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ལུན་ཁྲུན་རང་སྐྱོང་ཆིའི་མངའ་ཁོངས་སུ་གནས་ཡོད། ཅ་ཀུ་ཏ་ཆི་ཆུས་ནི་ཀྲུང་གུང་ཏ་ཞིང་ཨན་ལིང་ས་ཁུལ་ཨུ་ཡོན་ལྷན་ཁང་དང་། ཏ་ཞིང་ཨན་ལིང་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ། ཏ་ཞིང་ཨན་ལིང་ནགས་ལས་དོ་དམ་ཅུས། ཏ་ཞིང་ཨན་ལིང་ཡན་ལག་དམག་ཁུལ་ཁང་གི་གནས་ཡུལ་བཅས་ཡིན་པ་དང་། ཏ་ཞིང་ཨན་ལིང་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1587ཡོད་པའི་ནང་ནགས་སའི་རྒྱ་ཁྱོན་ལ་སྤྱི་ཆིང115213ཡོད་པ་དང་། ཞིང་ལས་ས་ཞིང་རྒྱ་ཁྱོན་ལ་སྤྱི་ཆིང6512ཡོད་པ། ཆུ་ཁོངས་རྒྱ་ཁྱོན་ལ་སྤྱི་ཆིང1476ཡོད་པ། ནེན་ཅང་གཙང་པོའི་ཆུ་རྒྱུད་ཅུང་ཆེ་བའི་ཆུ་བོ་ནི་ཀན་ཧོ་ཡིན་ཞིང་། ནུབ་ནས་ཤར་ཕྱོགས་སུ་བསྐྱོད་ཅིང་། ས་ཁུལ་གྱི་རིང་ཚད་ལ་སྤྱི་ལེ55ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1986ལོའི་ཟླ1པོའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་ནགས་ལས་དོ་དམ་ཅུས་གནས་ཡུལ་ཅ་ཀུ་ཏ་ཆི་ཆུས་ནི་རྫོང་རིམ་པའི་ཆུས་ཀྱི་སྒྲིག་གཞི་འཛུགས་རྒྱུར་ཆོག་མཆན་སྤྲད།      སྤྱི་ལོ2004ལོའི་ཟླ11པའི་ཚེས25ཉིན། ཧུའུ་ལུན་པེར་གྲོང་ཁྱེར་སྲིད་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་ལ《སུང་ལིན་གྱི་ཅ་ཀུ་ཏ་ཆི་ས་ཁུལ་གཉིས་ལ་ཁོངས་གཏོགས་ས་ཆའི་དོ་དམ་ལག་བསྟར་བྱེད་པའི་སྐོར་གྱི་དགོངས་སྐོར》(ཧུའུ་ཀྲེང་ཧྥ་ཡི་<2004>ཨང96པ། ) སུང་དང་ཅ་ས་ཆ་གཉིས་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་ནན་པོ་བཏོན་ཡོད། གྲོང་ཁྱེར་དེས་ཏ་ཞིང་ཨན་ལིང་ནགས་ལས་གསར་སྤེལ་གྱི་ངོ་བོའི་དོན་སྙིང་དེ་ཉིད“རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད”མེད་པ་དང་། ས་ཁུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དེར་སུང་དང་ཅ་ས་ཁུལ་གཉིས་ཀྱི་དོ་དམ་དབང་ཆ་ཚུར་ལེན་བྱ་རྒྱུའི་རེ་བ་བཏོན།    

སྤྱི་ལོ2019ལོའི་ཟླ5བའི་ཚེས18ཉིན་ཧུའུ་ལུན་པེར་གྲོང་ཁྱེར་སྲིད་གཞུང་གིས《ཅ་སུང་ས་ཆ་གཉིས་ཀྱི་དོ་དམ་དབང་ཆ་སླར་གསོ་བྱ་རྒྱུའི་སྐོར་གྱི་གསལ་བཤད》པར་འགྲེམས་བྱས་པ་དང་འབྲེལ“སུང་ཅ་ས་ཁུལ་གཉིས་ཀྱི་དོ་དམ་དབང་ཆ་སླར་གསོ་བྱ་རྒྱུའི”ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ནང་སོག་གིས་ཅ་སུང་ས་ཁུལ་གཉིས་ཀྱི་དོ་དམ་དབང་ཆ་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཅ་ཀུ་ཏ་ཆི་ཆུས་ཀྱི་ཁོངས་སུ་ཏུང་ཧྲན་ཁྲོམ་གཞུང་དང་། ཝེ་ཏུང་ཁྲོམ་གཞུང་། ཧུང་ཆི་ཁྲོམ་གཞུང་། ཁྲང་ཧུང་ཁྲོམ་གཞུང་། ཀོང་མིང་ཁྲོམ་གཞུང་། ཧྲུའུ་ཀོང་ཁྲོམ་གཞུང་། ཅ་པེ་ཡུལ་ཚོ། པའེ་ཧྭ་ཡུལ་ཚོ་བཅས་ཡོད། ཅ་ཀེ་ཏ་ཆུས་མི་དམངས་སྲིད་གཞུང་ནི་ཧྲུའུ་ཀོང་ཁྲོམ་གཞུང་ཅིང་ཀོན་ལམ་ཆེན་དུ་བཅའ་སྡོད་བྱས་ཡོད།

4 གནས་ཡུལ།

ཅ་ཀུ་ཏ་ཆི་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། ཏ་ཞིང་ཨན་ལིང་རི་རྒྱུད་ཀྱི་ཤར་ལྷོའི་རི་ལྡེབས་བཅས་སུ་ཆགས་པ་དང་། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ལུན་ཁྲུན་རང་སྐྱོང་ཆིའི་ས་ཁོངས་སུ་གནས་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱི་ཏ་ཞིང་ཨན་ལིང་ས་ཁུལ་གྱི་ཁོངས་སུ་གཏོགས། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི123°45′~124°26′དང་འཕྲེད་ཐིག་བྱང་མའི50°09′~50°35′བར་ཡིན། ལྷོ་དང་ནུབ་ཕྱོགས། ཨོ་ལུན་ཁྲུན་རང་སྐྱོང་ཆིའི་ཝུའུ་ལུའུ་པུའུ་ཐེ་གྲོང་རྡལ་དང་ཨ་ལི་ཧོ་གྲོང་རྡལ་དང་འབྲེལ་བ། ཤར་བྱང་ནི་སུང་ལིན་ཁུལ་ད་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1587ཡོད། 

5 གནས་ཡུལ།

ཅ་ཀུ་ཏ་ཆི་ཆུས་ནི་གྲང་ངར་ཆེ་བ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། སྤྱིའི་གནམ་གཤིས་ཀྱི་ཁྱད་ཆོས་ནི་དགུན་དུས་རིང་ཞིང་གྲང་ངར་ཆེ་བ་དང་། དབྱར་དུས་དུས་ཐུང་ཞིང་བསིལ་བ། དཔྱིད་དུས་ཆར་པ་ཉུང་བ། མེ་ཉེན་ཆེ་བའི་གནམ་གཤིས་ཡིན་པ་བཅས་ཡིན། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་། འོད་ཕོག་ཚད་མང་བ། ཆར་ཆུ་འབེལ་བ། མཁའ་རླུང་གྲང་མོའི་འགུལ་སྐྱོད་མང་བ། སད་མེད་དུས་ཐུང་བ། ལོ་རེའི་ཆ་སྙོམས་དྲོད་ཚད་ནི-1.2℃ཡིན། ལོ་ལྟར་དྲོད་ཚད་མཐོ་ཤོས37.3℃ཟིན་པ་དང་དྲོད་ཚད་དམའ་ཤོས-45.4℃ཟིན་གྱི་ཡོད། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི494.8ཟིན་པ་དང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2493ཡིན་པ། སད་མེད་དུས་ཉིན85ནས130བར་ཡིན།

6 མི་གྲངས།

སྤྱི་ལོ2008ལོར་ཆུས་ཡོངས་སུ་སྤྱིའི་མི་འབོར་ཁྲི15.6ཡོད་པ་དང་། གཙོ་བོ་རྒྱ་རིགས་ཡིན་པ་དང་། ད་དུང་ཧུའེ་རིགས་དང་། མན་ཇུ་རིགས། ཀྲོང་རིགས། པའེ་རིགས། ཞི་པོ་རིགས། སོག་རིགས། ཁྲའོ་ཞན་རིགས། ཨོ་ལུན་ཁྲུན་རིགས། ཨོ་ཝུན་ཁེ་རིགས། ཏ་ཝོར་རིགས། ཨུ་རུ་སུ་རིགས། ཁོར་ཁེ་ཙི་རིགས་སོགས་གྲངས་ཉུང་མི་རིགས17ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡོམས་གྲངས5912ཡོད། 

7 དཔལ་འབྱོར།

སྤྱི་ལོ2013ལོར་ཆུསས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར43.6ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས12.9%འཕར་ནས་རྫོང་དང་ཆུས་དང་ཅུས་ཁག་གི་ཨང་དང་པོར་སླེབས་ཡོད། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.1ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས23.8%འཕར་བ། སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.7ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས24.3%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར27.8བཏང་བ་དེ་དུས་མཚུངས་ལས34.5%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར22.8ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས9.6%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19529ཟིན་པ་དེ་དུས་མཚུངས་ལས18.9%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར6886ཟིན་པ་དེ་དུས་མཚུངས་ལས17%འཕར་ཡོད། 


དཔྱད་གཞིའི་ཡིག་ཆ།