ཏ་ཞིང་ཨན་ལིང་ས་ཁུལ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-24 11:07ལ་འགྲུབ།

ཏ་ཞིང་ཨན་ལིང་ས་ཁུལ།

ཏ་ཞིང་ཨན་ལིང་ས་ཁུལ།
ཏ་ཞིང་ཨན་ལིང་ས་ཁུལ་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་ཞིག་ཡིན་པ་དང་། ཧེ་ལུང་ཅང་ཞིང་ཆེན་ཁོངས་གཏོགས་ཀྱི་ནུབ་བྱང་རྒྱུད་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། ཏ་ཞིང་ཨན་ལིང་རི་རྒྱུད་ཀྱི་བྱང་ཤར་ངོས་སུ་གནས་པ་དང་། དེ་ནི་ཀྲུང་གོའི་བྱང་རྒྱུད་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཡིན་པ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཡོད། ཏ་ཞིང་ཨན་ལིང་ས་ཁུལ་དུ་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང2བཅས་ཡོད་པ་དང་། བདག་ཁོངས་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི8.3ཡོད། (ཁོངས་གཏོགས་ཅ་ཀུ་ཏ་ཆི་ཆུས་དང་སུང་ལིང་ཆུས་ཀྱི་ས་ཆ་གཉིས་ནང་སོག་རང་སྐྱོང་ལྗོངས་ཁོངས་སུ་གཏོགས་པ་དང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1.82ཟིན་པ་དེས་ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱིས21.9%བཟུང་ཡོད། ) ཐེམ་ཐོའི་མི་འབོར་ཁྲི43.93ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大兴安岭地区
ཕྱི་ཡིག་མིང་།
Da Hinggan Ling Prefecture
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིང་ཆེན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ།
མངའ་ཁོངས།
ཁུལ4 རྫོང་རིམ་པའི་གྲོང་ཁྱེར1རྫོང2
སྲིད་གཞུང་གནས་ཡུལ།
ཅ་ཀུ་ཏ་ཆི་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
0457
སྦྲག་སྲིད་ཨང་རྟགས།
165000
གནས་ཡུལ།
ཀྲུང་གོའི་བྱང་ཤར་ས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ8.3ཡོད།
མི་གྲངས།
ཁྲི43.93ཡོད།
གནམ་གཤིས།
གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཅ་ཀུ་ཏ་ཆི་ཀ་ཞན་གནམ་གྲུ་ཐང་། མོ་ཧུ་ལེན་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཅ་ཀུ་ཏ་ཆི་འབབ་ཚུགས། མོ་ཧུ་འབབ་ཚུགས། ཐ་ཧུ་འབབ་ཚུགས།
རླང་འཁོར་གྱི་ཨང་རྟགས།
ཧེ(黑) P
སྲིད་འཛིན་ཚབ་ཨང་།
231223
1 ​ངོ་སྤྲོད།

ཏ་ཞིང་ཨན་ལིང་ས་ཁུལ་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་ཞིག་ཡིན་པ་དང་། ཧེ་ལུང་ཅང་ཞིང་ཆེན་ཁོངས་གཏོགས་ཀྱི་ནུབ་བྱང་རྒྱུད་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད། ཏ་ཞིང་ཨན་ལིང་རི་རྒྱུད་ཀྱི་བྱང་ཤར་ངོས་སུ་གནས་པ་དང་། དེ་ནི་ཀྲུང་གོའི་བྱང་རྒྱུད་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་ཡིན་པ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཡོད། ཏ་ཞིང་ཨན་ལིང་ས་ཁུལ་དུ་ཆུས4དང་། རྫོང་རིམ་པའི་གྲོང་ཁྱེར1 རྫོང2བཅས་ཡོད་པ་དང་། བདག་ཁོངས་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི8.3ཡོད། (ཁོངས་གཏོགས་ཅ་ཀུ་ཏ་ཆི་ཆུས་དང་སུང་ལིང་ཆུས་ཀྱི་ས་ཆ་གཉིས་ནང་སོག་རང་སྐྱོང་ལྗོངས་ཁོངས་སུ་གཏོགས་པ་དང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1.82ཟིན་པ་དེས་ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱིས21.9%བཟུང་ཡོད། ) ཐེམ་ཐོའི་མི་འབོར་ཁྲི43.93ཟིན་ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1981ལོའི་ཟླ5བའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐ་ཧུ་རྫོང་འཛུགས་རྒྱུར་མོས་མཐུན་བྱས་པ་དང་། ཐ་ཧུ་ཆུས་དང་ཧུའུ་མ་རྫོང་གི་ཁའེ་ཁུའུ་ཁང་དང་། དབྱི་ཤིས་ཁེན། ས་ཚིགས་བཅོ་བརྒྱད་པ་བཅས་ཀྱི་ཀུང་ཧྲེ་གསུམ་སྲིད་འཛིན་ས་ཁོངས་སུ་བྱ་རྒྱུའི་མོས་མཐུན་བྱས་པ་དང་། ཐ་ཧུ་གྲོང་རྡལ་དུ་བཅའ་སྡོད་བྱས་པ་དང་། མའོ་ཧོ་རྫོང་འཛུགས་རྒྱུར་མོས་མཐུན་བྱས་ཤིང་། ཨ་མུར་དང་ཐུའུ་ཆང་། ཀུའུ་ལན་བཅས་ཆུས3དུ་ཧུའུ་མ་རྫོང་གི་མོ་ཧོ་དང་ཞིན་ཨན་ཀུང་ཧྲེ2པ་སྲིད་འཛིན་ས་ཁོངས་སུ་བྱས་པ་དང་། ཞི་ལིན་ཅི་རུ་བཅའ་སྡོད་བྱས། ཐ་ཧུ་དང་མའོ་ཧོ་རྫོང་གཉིས་ཀར་ཏ་ཞིང་ཨན་ལིང་ས་ཁུལ་གྱིས་འགོ་ཁྲིད་བྱེད་ཀྱིན་ཡོད། 

སྤྱི་ལོ1982ལོའི་ཟླ3པའི་ཚེས6ཉིན། ཏ་ཞིང་ཨན་ལིང་ནགས་ཚལ་དོ་དམ་ཅུས་ཀྱི་ཁེ་ལས་དོ་དམ་སྒྲིག་སྲོལ(འཆར་གཞི་དང་ནོར་དོན)གྱིས་ཁེར་རྐྱང་དུ་ལས་གཉེར་བྱས་ཤིང་། སྔར་བཞིན་ནགས་ལས་པུའུ་ཐད་གཏོགས་བྱས་ཏེ། སྲིད་འཛིན་ཀུང་ཧྲུའུ་དང་མཉམ་དུ་གཞུང་ལས་ཁང་བཙུགས། 

སྤྱི་ལོ1986ལོའི་ཟླ1པོའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཀུང་ཧྲུའུ་དང་ནགས་ལས་དོ་དམ་ཅུས་གནས་སའི་ཅ་ཀུ་ཏ་ཆི་ཆུས་ནི་རྫོང་རིམ་པའི་ཆུས་ཀྱི་སྒྲིག་གཞི་འཛུགས་རྒྱུར་ཆོག་མཆན་སྤྲད།

སྤྱི་ལོ1996ལོའི་ཟླ3པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་ཆོག་མཆན་གནང་ནས་ཏ་ཞིང་ཨན་ལིང་ནགས་ལས་ཚོགས་པའི་ཀུང་སི་བཙུགས་ནས་སྔར་བཞིན་སྲིད་འཛིན་ཀུང་ཧྲུའུ་དང་མཉམ་འབྲེལ་གྱིས་གཞུང་ལས་སྒྲུབ།

སྤྱི་ལོ2018ལོའི་ཟླ2པའི་ཚེས22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དམངས་སྲིད་པུས(དམངས་ཡིག〔2018〕ཨང50པ)ཡིས་མོ་ཧོ་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་མོ་ཧོ་གྲོང་ཁྱེར་བཙུགས་ཏེ་དེ་སྔའི་མོ་ཧོ་རྫོང་གི་སྲིད་འཛིན་ས་ཁོངས་དེ་མོ་ཧོ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། མོ་ཧོ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཞི་ལིན་ཅི་གྲོང་རྡལ་གྱི་ཀྲུང་ཧྭ་ལམ་ཨང21པ་རུ་བཅའ་སྡོད་བྱས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཏ་ཞིང་ཨན་ལིང་ས་ཁུལ་གྱི་ཁོངས་སུ་ཅ་ཀུ་ཏ་ཆི་ཆུས་དང་། སུང་ལིན་ཆུས། ཞིན་ལིན་ཆུས། ཧུའུ་ཀྲུང་ཆུས། མོ་ཧོ་གྲོང་ཁྱེར། ཧུའུ་མ་རྫོང་། ཐ་ཧོ་རྫོང་བཅས་ཡོད། ཞིང་ཨན་ལིང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནི་ཅ་ཀུ་ཏ་ཆུས་ཅིང་ཀོན་ལམ་ཆེན་ཨང1པོ་རུ་བཅའ་སྡོད་བྱས་ཡོད།

ནགས་ལས་ས་ཁོངས། ཏ་ཞིང་ཨན་ལིང་ནགས་ལས་དོ་དམ་ཅུས་ཀྱི་ཁོངས་སུ་སུང་ལིང་ནགས་ལས་ཅུས་དང་། ཤིན་ལིན་ནགས་ལས་ཅུས། ཧུའུ་ཀྲུང་ནགས་ལས་ཅུས། ཐ་ཧོ་ནགས་ལས་ཅུས། ས་ཚིགས་བཅོ་བརྒྱད་པའི་ནགས་ལས་ཅུས། ཧན་ཅ་ཡོན་ནགས་ལས་ཅུས། ཨ་མུར་ནགས་ལས་ཅུས། ཐུའུ་ཆང་ནགས་ལས་ཅུས། ཤིས་ལིན་ཅི་ནགས་ལས་ཅུས། ཅ་ཀུ་ཏ་ཆི་ནགས་ལས་ཅུས10བཅས་བཙུགས་ཡོད། 

4 གནས་ཡུལ།

ཏ་ཞིང་ཨན་ལིང་ས་ཁུལ་ནི་བྱང་གི་འཕྲེད་ཐིག50°11'ནས53°33'དང་ཤར་གྱི་གཞུང་ཐིག121°12'ནས127°00'བར་དུ་གནས་པ་དང་། དེ་ནི་ཀྲུང་གོའི་བྱང་དང་འཕྲེད་ཐིག་ཏུའུ་གྲངས་མཐོ་ཤོས་ཀྱི་མཐའ་མཚམས་ས་ཁུལ་ཡིན་པ་དང་། སྲིད་ཁུལ་གྱི་བྱང་ནི་ཧེ་ལུང་ཅང་གི་སྟོད་རྒྱུད་ཀྱི་ཆུ་ཁོངས་ཡིན་པ་དང་། ཨུ་རུ་སུ་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ཤར་ལྷོ་ནི་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་གྲོང་ཁྱེར་ཨའེ་ཧུའེ་ཆུས་དང་ནེན་ཅང་གྲོང་ཁྱེར་དང་འབྲེལ་བ་དང་། ལྷོ་ནུབ་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ལུན་ཁྲུན་རང་སྐྱོང་ཆི་དང་ཐག་ཉེ། ནུབ་བྱང་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་ཨེར་ཀུའུ་ན་གྲོང་ཁྱེར་དང་ཀེན་ཧོ་གྲོང་ཁྱེར་གཉིས་ཀྱི་ས་མཚམས་ཡིན། ལྗོངས་ནང་ཁུལ་གྱི་རྒྱལ་མཚམས་ནི་ཧེ་ལུང་ཅང་གི་གྲུ་ལམ་གཙོ་བོའི་ལྟེ་བའི་ལམ་ཐིག་ཡིན་པ་དང་མཐའ་མཚམས་ལམ་ཐིག་གི་རིང་ཚད་སྤྱི་ལེ786ཟིན་ཡོད། ས་ཁུལ་མངའ་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི8.3ཡོད་པ་དང་། མངའ་ཁོངས་ཀྱི་ཧེ་ལུང་ཅང་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་ལས་བརྒལ་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི6.48ཟིན་པ་དེས་ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི78.1%བཟུང་བ། དེའི་ཁོངས་གཏོགས་ཀྱི་ཅ་ཀུ་ཏ་ཆི་ཆུས་དང་སུང་ལིང་ཆུས་ཀྱི་ས་ཆ་གཉིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས་པ་དང་། དེའི་རྒྱ་ཁྱོན་ལ་སྤྱི་ལེགྲུ་བཞི་མ་ཁྲི1.82ཟིན་པ་དེས་ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི21.9%བཟུང་ཡོད། 

5 གནམ་གཤིས།

ཏ་ཞིང་ཨན་ལིང་ས་ཁུལ་གྱི་གནམ་གཤིས་ཐུན་མོང་མ་ཡིན་པ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། “མཐོ་གྲང་བཀག་སྡོམ་ཁུལ”ཞེས་འབོད་སྲོལ་ཡོད། གནམ་གཤིས་བརླན་གཤེར་ཆེ་བས་དབྱར་དགུན་དུ་ཆར་པ་མང་། དྲོད་ཁྱད་ཅུང་ཆེ། དབྱར་དུས་ཉིན་རིང་ལ་མཚན་མོ་ཐུང་། དབྱར་དུས་ནས་བཟུང་གཙོ་བོ་ཡིན་ལ། མཚམས་རེར་བྱང་སྣེ་འོད་ཕོག་པ་ཡིན། དགུན་དུས་མཚན་རིང་ཉིན་ཐུང་། སྐབས་རེ་གྲང་ངར་ཆེ། ཉི་མའི་ལོ་རེའི་རྩིབས་འཕྲོ་སྤྱི་འབོར་རྣ་ཁྲི4500ཡིན་པ་དང་། ལོ་རེའི་ཉི་འོད་ཆུ་ཚོད2600ཡིན་པ། ལོ་རེའི་ནུས་ལྡན་དྲོད་ཚད་ཧྲེ་ཧྲི་ཏུའུ2100ཡིན། ལོའི་ཆ་སྙོམས་དྲོད་ཚད་མུའུ་ཧོ་རྫོང་དང་ཧུའུ་ཀྲུང་ཆུས་བྱང་རྒྱུད་ཀྱི་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ4དང་ས་ཁུལ་གཞན་དག་གི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ2ཡིན་པ་དང་། ལོའི་སད་མེད་དུས་ཀྱི་ཆ་སྙོམས་ཉིན80ནས110བར་ཡིན་པ་དང་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ52.3ཟིན་ནས་སྤྱི་ལོ1969ལོའི་ཟླ2པའི་ཚེས13ཉིན་ཐོན་པ་དང་། དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའ་37.0ཟིན་ནས་སྤྱི་ལོ2010ལོའི་ཟླ6པའི་ཚེས29ཉིན་ཐོན་ཡོད། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི460ཟིན་པ་དེ་དུས་ཚིགས་གསུམ་པའི་ཟླ7པ་ནས་ཟླ9པའི་བར་གཅིག་སྡུད་བྱས་ཡོད། དགུན་དུས་སུ་སོག་པོའི་གྲང་བའི་མཐོ་གནོན་གྱིས་ཚོད་འཛིན་བྱས་ཤིང་། མང་ཆེ་བ་འཕྲེད་ཐིག་མཐོ་བའི་ནུབ་བྱང་གི་རླུང་ལས་བྱུང་བ་དང་། གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བ། ཆར་ཆུ་འབབ་ཚད་ཀྱིས་ལོ་རེའི་ཆར་ཆུ་འབབ་ཚད་ཀྱི10%ཟིན་ཡོད། དབྱར་དུས་སུ་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐོ་གནོན་གྱིས་ཚོད་འཛིན་བྱེད་པ་དང་། མང་ཆེ་བར་ཤར་ལྷོའི་དུས་རླུང་བརྒྱུད་ཅིང་རླན་གཤེར་བསིལ་ཡིན། 

6 མི་གྲངས།

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིང་ས་ཁུལ་གྱི་མི་འབོར་སྐྱེ་ཚད་ཀྱི4.52%ཟིན་པ་དང་། ཤི་ཚད་ཀྱི12.25%ཟིན་པ། མི་འབོར་རང་བཞིན་གྱི་འཕར་ཚད་ཀྱི7.73%བཅས་ཡིན་པ་དང་། ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཐེམ་ཐོའི་མི་གྲངས439316ཟིན་ཡོད། དེའི་ནང་ཞིང་ལས་མིན་པའི་མི་འབོར391974ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི89.2%བཟུང་ཡོད། སྐྱེས་པའི་མི་འབོར220512ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ཀྱི50.2%བཟུང་བ། བུད་མེད་མི་འབོར218804ཟིན་པ་དེས་བཟུང་བའི་བསྡུར་ཚད49.8%ཟིན་ཡོད། ཕོ་མོའི་བསྡུར་ཚད་(སྐྱེས་པ་དང་བུད་མེད་ཀྱི་བསྡུར་ཚད)100.8ཡིན། ལོ18མན་གྱི་མི་འབོར41946ཡོད་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི9.5%བཟུང་བ། ལོ18ནས59བར་གྱི་མི་འབོར304317ཟིན་པ་དེས་བསྡུར་གྲངས་ཀྱི69.3%བཟུང་བ། ལོ60དང་དེ་ཡན་གྱི་མི་འབོར93053ཡོད་པ་དེས་བསྡུར་ཚད་ཀྱི21.2%བཟུང་ཡོད། 

7 མི་རིགས།

ཏ་ཞིང་ཨན་ལིང་ས་ཁུལ་དུ་མན་ཇུའི་རིགས་དང་སོག་རིགས། ཏ་ཝོར་རིགས། ཨོ་ལུན་ཁྲུན། ཨོ་ཝུན་ཁེ། ཨུ་རུ་སུ། ཧུའེ་རིགས། ཧོ་ཀྲེ་རིགས། ཞི་པོ་རིགས། ཁོར་ཁེ་ཙི་རིགས། ཐུའུ་ཅ་རིགས། ཏུང་རིགས། ཁྲའོ་ཞན་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས29ཡོད། ཨོ་ལུན་ཁྲུན་རིགས་ནི་མི་རབས་ནས་མི་རབས་བར་གཞིས་ཆགས་པའི་མི་རིགས་ཤིག་ཡིན་ཞིང་། གཙོ་བོ་ཐ་ཧོ་རྫོང་གི་ས་ཚུགས་བཅོ་བརྒྱད་པ་དང་ཧུའུ་མ་རྫོང་གི་པའེ་དབྱིན་ན་སྟེ་ཨོ་ལུན་ཁྲུན་རིགས་ཡུལ་ཚོ་གཉིས་སུ་སྡོད་ཀྱིན་ཡོད་པ་དང་། གྲངས་ཉུང་མི་རིགས་གཞན་དག་མང་ཆེ་བ་སྤྱི་ལོ1964ལོར་ཏ་ཞིང་ཨན་ལིང་གསར་སྤེལ་བྱས་རྗེས་སྔ་རྗེས་སུ་གནས་སྤོས་པ་དང་མི་འབོར་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་ཁྱབ་ཡོད། 

8 དཔལ་འབྱོར།

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིང་ས་ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི1496762མངོན་འགྱུར་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི716431ཟིན་ནས6.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི146702ཟིན་ནས10.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི633629ཟིན་ནས5.4%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23220ཟིན་པ་དེ་དུས་མཚུངས་ལས6.5%འཕར་བ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12098ཟིན་པ་དེ་དུས་མཚུངས་ལས6.6%འཕར་ཡོད། 

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིང་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི402754བཏང་བ་དེ་དུས་མཚུངས་ལས18.6%ཆག་ཡོད། དེའི་ནང་ས་ཁང་ཐོན་ལས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི5000བཏང་བ་དེ་དུས་མཚུངས་ལས59.7%ཆག་ཡོད། གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཐད་མ་དངུལ་སྒོར་ཁྲི360388བཏང་བ་དེ་དུས་མཚུངས་ལས12.3%ཆག་པ་དེས་མ་འཇོག་ཡོངས་ཀྱི་བསྡུར་ཚད་ཀྱི89.5%བཟུང་བ་དང་དམངས་ཁྲོད་མ་འཇོག་གིས་ལོ་ཧྲིལ་པོར་སྒོར་ཁྲི42366བཏང་བ་དེ་དུས་མཚུངས་ལས49.7%ཆག་ཡོད། ཐོན་ལས་དང་པོར་མ་དངུལ་སྒོར་ཁྲི31838བཏང་བ་དེ་དུས་མཚུངས་ལས5.1%འཕར་བ། ཐོན་ལས་གཉིས་པར་མ་དངུལ་སྒོར་ཁྲི34924བཏང་བ་དེ་དུས་མཚུངས་ལས50.8%ཆག་པ། ཐོན་ལས་གསུམ་པར་མ་དངུལ་སྒོར་ཁྲི335992བཏང་བ་དེ་དུས་མཚུངས་ལས14.6%ཆག་པ། ཐོན་ལས་གསུམ་གྱི་མ་འཇོག་བསྡུར་ཚད་ནི7.9:8.7:83.4ཡིན། 

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིང་ས་ཁུལ་དུ་ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་ཁྲི127884བྱུང་ནས6.8%འཕར་བའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི82533ཟིན་པ་དེ་དུས་མཚུངས་ལས7.9%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ཀྱི་ཁྲལ་རིགས་གཙོ་བོའི་ཁྲོད་གནས་ཐང་འཕར་ཁྲལ་སྒོར་ཁྲི15571ཟིན་ནས36.3%འཕར་ཡོད། ཁེ་ལས་ཀྱི་འབབ་ཁྲལ་སྒོར་ཁྲི3431ཟིན་པ་དེ་དུས་མཚུངས་ལས24.7%ཆག་ཡོད། སྒེར་འབབ་དཔྱ་ཁྲལ་སྒོར་ཁྲི2997ཟིན་པ་དེ་དུས་མཚུངས་ལས16.4%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི685083ཟིན་པ་དེ་དུས་མཚུངས་ལས20.4%འཕར་ཡོད། དེའི་ནང་སྤྱི་པའི་བདེ་འཇགས་ཐད་ཀྱི་གཏོང་སྒོ་བརྒྱ་ཆ18.3འཕར་བ་དང་། སློབ་གསོའི་ཐད་ཀྱི་གཏོང་སྒོ་བརྒྱ་ཆ5.0ཆག་པ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ཀྱི་གཏོང་སྒོ་བརྒྱ་ཆ14.4འཕར་བ། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་གཏོང་སྒོ་བརྒྱ་ཆ5.2འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་ཐད་ཀྱི་གཏོང་སྒོ་བརྒྱ་ཆ10.4འཕར་བ། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ཀྱི་གཏོང་སྒོ་བརྒྱ་ཆ18.1བཅས་འཕར་ཡོད། 

9 སྤྱི་ཚོགས་ལས་དོན།
9_1 ཚན་རིག

སྤྱི་ལོ2017ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིང་ས་ཁུལ་དུ་ཞིབ་འཇུག་སུའོ་ཡི་ལས་ཞུགས་མི་སྣ142དང་ཚན་རྩལ་བྱེད་སྒོ་སྤེལ་མཁན119ཡོད་པ་དང་། ལྗོངས་ཡོངས་ཀྱི་ཚན་རྩལ་འགྲོ་གྲོན་གཏོང་སྒོ་སྒོར་ཁྲི2069ཟིན་ནས་ཀུན་གཏོད་བར་མཐོངས1དང་། ཚན་རྩལ་ཁེ་ལས་གསོ་སྐྱོང3 གསོ་སྐྱོང་བྱེད་བཞིན་པའི་ཁེ་ལས72བཅས་བཙུགས་པ། ཁེ་བེད་བདག་ཐོབ182(དེའི་ནང་གསར་གཏོད་ཁེ་བེད་བདག་ཐོབ24ཡོད་པ)འདུན་ཞུ་བྱས་པ་དང་ཁེ་བེད་བདག་ཐོབ113(དེའི་ནང་གསར་གཏོད་ཁེ་བེད་བདག་ཐོབ11ཡོད་པ)དབང་ཆ་སྤྲད་པ་དང་མི་ཁྲི་རེར་ཁེ་བེད་བདག་ཐོབ་ལྡན་ཚད2.288བཅས་ཡིན།

9_2 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིང་ས་ཁུལ་དུ་རྫོང་རིམ་པའི་སློབ་གཉེར་ཚན་པ7ཡོད་པ་དང་ཁྱོན་སློབ་གྲྭ115ཡོད་པའི་ནང་འོས་འགན་སློབ་གསོའི་སློབ་གྲྭ56ཡོད་པ་དང་། (དམའ་རིམ་སློབ་འབྲིང32དང་། སློབ་ཆུང23 དམིགས་བསལ་སློབ་གསོའི་སློབ་གྲྭ1)བཅས་ཀྱི་སློབ་ཁྲིད་ས་ཚིགས22ཡོད་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ7 ལས་རིགས་མཐོ་རིམ་སློབ་འབྲིང4 དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ3 ལས་རིགས་སློབ་གླིང1 ལག་རྩལ་པའི་སློབ་གླིང1 གཞུང་གཉེར་བུ་བཅོལ་ཁང43བཅས་ཡོད་པ་དང་། སློབ་གྲྭ་ཆུང་འབྲིང་དང་དེ་བཞིན་གཞུང་གཉེར་བུ་བཅོལ་ཁང་གི་སློབ་གྲྭར་ཡོད་པའི་སློབ་མ27645དང་། དགེ་རྒན་དང་ལས་བཟོ5115 ཆེད་བསྐོས་དགེ་རྒན3785བཅས་ཡོད། ལྗོངས་ཡོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་སྤྱིར་ན་དོ་སྙོམས་ཀྱི་རྫོང(ཆུས)དུ་ཤར་གཏོང་ཐུབ་ཚད་ཀྱི100%ཟིན་ཡོད།

9_3 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིང་ས་ཁུལ་དུ་རིག་གནས་ཁང7དང་། དཔེ་མཛོད་ཁང7 རྟེན་རྫས་བཤམས་མཛོད་ཁང3བཅས་ཡོད་པ་དང་། རླབས་རིང་འབྲིང་ཐུང་བརྒྱུད་སྒྲོག་འཕེན་གཏོང་ཁང1དང་། ཟློས་སྒྲིག་འཕེན་གཏོང་ཁང24 བརྙན་འཕྲིན་བརྒྱུད་གཏོང་ཁང22བཅས་ཡོད་པ་དང་། རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁེབས་ཚད་ཀྱི90.25%ཟིན་ཡོད། བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད་ཀྱི99.8%ཟིན་ཡོད། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང82736ཟིན་པ་དེ་ལོ་གོང་མ་ལས་དུད་ཚང47མང་དུ་ཕྱིན་པ། 

9_4 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིང་ས་ཁུལ་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི316ཡོད་པའི་ནང་རིམ་གསུམ་ཕྱོགས་བསྡུས་སྨན་ཁང1དང་། རིམ་པ་གཉིས་པའི་སྨན་ཁང12 རིམ་པ་དང་པོའི་སྨན་ཁང2 ཡུལ་ཚོ་དང་རྫོང་རིམ་པའི་ཀྲུང་ལུགས་སྨན་ཁང1 ཡུལ་ཚོ་དང་གྲོང་རྡལ་དང་ནགས་རའི་འཕྲོད་བསྟེན་ཁང33 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)11 གྲོང་ཚོའི་འཕྲོད་བསྟེན་ཁང54 དམངས་གཉེར་སྨན་ཁང18དང་སྒོ་བསྟེན་སྨན་བཅོས་ཁང153བཅས་ཡོད་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས11དང་། འཕྲོད་བསྟེན་ལྟ་སྐུལ་སུའོ8 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(ས་ཚིགས)8 ལྟེ་བའི་ཁྲག་ཚུགས(མཛོད)3བཅས་ཡོད་པ་དང་། མིག་སྔར་ལྗོངས་ཡོངས་སུ་ཆ་སྙོམས་མི་སྟོང་རེར་སྨན་པ2.62དང་། ནད་གཡོག2.77 ཉལ་ཁྲི6.41རེ་ཡོད།

9_5 ལུས་རྩལ།

སྤྱི་ལོ2017ལོར་ཏ་ཞིང་ཨན་ལིང་ས་ཁུལ་གྱི་ལུས་རྩལ་པ་རྒྱལ་ནང་དུ་འགྲན་བསྡུར་ནང་ཁྱོན127ཐོབ་པ་དང་། གསེར་གྱི་རྟགས་མ52དང་། དངུལ་གྱི་རྟགས་མ29 ཟངས་ཀྱི་རྟགས་མ46བཅས་ཡོད། 

10 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏ་ཞིང་ཨན་ལིང་ས་ཁུལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི23.5ཟིན་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི30.4ཟིན་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི6.95ཟིན་ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི9.9ཟིན་པ་དང་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི9.5ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་གཏོང་སྒོ་སྒོར་ཁྲི12276.4ཟིན་པ་དེ་དུས་མཚུངས་ལས4.3%ཆག་ཡོད། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་གྱི་གཏོང་སྒོ་སྒོར་ཁྲི866.4ཟིན་པ་དེ་དུས་མཚུངས་ལས3.1%ཆག་ཡོད། 


དཔྱད་གཞིའི་ཡིག་ཆ།