ཧྥེང་ཆིའུ་རྫོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-30 09:01ལ་འགྲུབ།

ཧྥེང་ཆིའུ་རྫོང་།

ཧྥེང་ཆིའུ་རྫོང་།
ཧྥེང་ཆིའུ་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། ཞིན་ཞང་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་སུ་གནས་ཤིང་། ཧོ་ནན་ཞིན་ཞང་གི་ཁོངས་སུ་གཏོགས། བྱང་གི་འཕྲེད་ཐིག34°53′~35°14′′དང་ཤར་གྱི་གཞུང་ཐིག114°14′~114°46′བར་དུ་གནས་ཡོད། ཧྥེང་ཆིའུ་རྫོང་ནི་དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི13.5℃-14.5℃དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི615.1 སད་མེད་དུས་ཉིན214ཡིན། རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ38.2དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ48.7རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1220.5 རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི92.6བཅས་ཡོད། དེའི་ཁོངས་སུ་གྲོང་རྡལ8དང་ཞང11(དེའི་ནང་ཧུའེ་རིགས་ཞང1)དང་སྲིད་འཛིན་གྲོང་ཚོ607ཡོད། ཧྥེང་ཆིའུ་རྫོང་ནི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་གསར་སྤེལ་གྱི་གཙོ་གནད་རྫོང(སྤྱི་ལོ2020ལོར་མེད་པར་བཟོ་རྒྱུ)དང་། ཧོ་ནན་ཞིང་ཆེན་གྱི་ཏིང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་གཙོ་གནད་རྫོང་ཡིན། ཧྥེང་ཆིའུ་རྫོང་ཁོངས་སུ་རྫས་འགྱུར་བཟོ་ལས་དང་། འཕྲུལ་ཆས། ཨར་ལས་རྒྱུ་ཆས། ཤོག་བུ་བཟོ་བ་བཅས་གཙོ་བོར་བྱས་ཏེ་བཟོ་ལས་ཐོན་སྐྱེད་ཀྱི་མ་ལག་ཆགས་ཡོད། སྤྱི་ལོ2017ལོར་ཧྥེང་ཆིའུ་རྫོང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར140ཡོད། ཧྥེང་ཆིའུ་རྫོང་ནི་རྒྱལ་ཡོངས་ཀྱི་ཚོང་འབྲུ་རྟེན་གཞིའི་རྫོང་གི་གྲས་ཤིག་དང་། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་སྔོན་ཐོན་རྫོང་། ཞིང་ཆེན་གྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཙོ་གནད་རྫོང་། སྤུས་ལེགས་ཆུ་འབྲས་ཐོན་སྐྱེད་རྟེན་གཞི་དང“རྒྱལ་ཁབ་རིམ་པའི་ལྷད་མེད་བཤས་ཕྱུགས་གསོ་ཚགས་ཚན་རྩལ་དཔེ་སྟོན་ཁུལ”བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
封丘县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཞིན་ཞང་གྲོང་ཁྱེར།
མངའ་ཁོངས།
ཁྲེང་ཀོན་གྲོང་རྡལ། ཁྲེང་ཀོན་ཞང་། ཧོང་ལིན་གྲོང་རྡལ། ཧོང་ཏེ་ཀྲེན་སོགས།
སྲིད་གཞུང་གི་ས་གནས།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453300
ས་གནས།
ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1220.5ཡོད།
མི་གྲངས།
མི་ཁྲི80ཡོད(2016ལོ)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410727
GDP
སྒོར་དུང་ཕྱུར140ཡོད།(2017ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར་ཁྲི1.75ཡོད།(2017ལོར)
ནོར་སྲིད་ཡོང་སྒོ།
སྒོར་དུང་ཕྱུར་4.78ཡོད།
དཀར་ཆག
1   ​འཛུགས་སྐྲུན་གྱི་འཕེལ་རིམ།             
2   སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     
2.1 སྲིད་འཛིན་སྤྱི་བཤད།     
3   ས་ཁམས་ཁོར་ཡུག     
3.1 ས་གནས།     
3.2 ས་དབྱིབས།      
3.3 ཆུ་ཁམས་སྤྱི་བཤད།     
4   རང་བྱུང་གི་ཐོན་ཁུངས།     
4.1 ས་ཞིང་གི་ཐོན་ཁུངས།     
4.2 ཞིང་ལས་ཐོན་ཁུངས།     
4.3 སྲོག་ཆགས་ཐོན་ཁུངས།     
4.4 གཏེར་རྫས་ཐོན་ཁུངས།     
4.5 ཆུའི་ཐོན་ཁུངས།     
5   མི་གྲངས་དང་མི་རིགས།     
6   དཔལ་འབྱོར་གནས་ཚུལ།     
6.1 དཔལ་འབྱོར་ཕྱོགས་བསྡུས།     
6.2 ཐོན་ལས་དང་པོ།     
6.3 ཐོན་ལས་གཉིས་པ།     
6.4 ཐོན་ལས་གསུམ་པ།
7   སྤྱི་ཚོགས་ལས་དོན།     
7.1 སློབ་གསོའི་བྱ་གཞག     
7.2 སྨན་བཅོས་འཕྲོད་བསྟེན།     
7.3 འགྲིམ་འགྲུལ་རགས་བཤད།     
7.4 ཚན་རྩལ་གོང་སྤེལ།     
7.5 ལུས་རྩལ་བྱ་གཞག     
1 ​འཛུགས་སྐྲུན་གྱི་འཕེལ་རིམ།             

ཆིན་ཧྲི་ཧོང་གི་ལོ་ལྔའི་རིང་ནན་ཡན་གོ་ཅུན་གྱིས་ཡན་ཞང་དུ“ཆིའུ་ཆིའུ་ཐའེ”བཟོ་བཅོས་བྱས།     

ཧན་ཤར་མ་དང་རྒྱལ་ཁབ་གསུམ་གྱི་སྐབས་སུ་སྔར་བཞིན་པེན་ཀྲོའུ་པུའུ་ཡི་ཁོངས་སུ་གཏོགས།

ཅིན་རྒྱལ་རབས་ནུབ་མའི་དུས་འགོར་ཕིན་ཆིའུ་རྫོང་མེད་པར་བཟོས་ནས་ཧྥེང་ཆིའུ་རྫོང་དུ་ཟླ་སྒྲིལ་བཏང་།

རྒྱལ་རབས་ལྷོ་མ་དང་བྱང་རྒྱུད་དུ་ཝེ་བྱང་མའི་ཐའེ་ཕིན་ཀྲིན་ཅུན་ཁྲི་ལོ་དགུ་པར(སྤྱི་ལོ448ལོར)ཧྥེང་ཆིའུ་ཕྱིར་འཐེན་བྱས་ཏེ་ཆི་བི་ཁ་སྐྱུར་དུ་བཅུག     

ཝེ་བྱང་མའི་ཞོན་ཝུའུ་ཡི་ཏི་ཅིན་མིན་ལོ་གཉིས་པར(སྤྱི་ལོ501ལོར)ཆིའུ་རྫོང་འཛུགས་རྒྱུ་སླར་གསོ་བྱས།     

ཆི་བྱང་མར(སྤྱི་ལོ550ལོར)ཀའོ་དབྱང་རྒྱལ་ཁབ་བཙུགས།     

གོང་མ་སུའེ་ཝུན་ཏི་ཡིས་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ596ལོར)སླར་གསོ་བྱས།     

ཐང་ཀའོ་ཙུའུ་ཝུའུ་ཏེ་ཁྲི་ལོ་དང་པོར(སྤྱི་ལོ618ལོར)རི་འབུར་བེད་མེད་དུ་བསྐྱུར།

སྤྱི་ལོ619ལོར་རྫོང་འཛུགས་སྐྲུན་སླར་གསོ་བྱས།     

ཐང་རྒྱལ་རབས་ཀྱི་དུས་འགོར་ཧྥེང་ཆིའུ་ནི་ཧོ་ནན་ཏའོ་ཡི་ཁོངས་སུ་གཏོགས།

མི་རབས་ལྔ་ཡིས་ཐང་རྒྱལ་རབས་ཀྱི་ལམ་ལུགས་ལ་འཇབ་རྒོལ་བྱས། 

སྤྱི་ལོ960ལོར་ཀྲོའུ་རྗེས་མའི་དམག་དཔོན་ཆེན་མོ་ཀྲའོ་ཁོང་དབྱི(སུང་ཐའེ་ཙུའུ)ཡིས་དམག་མི་ཁྲིད་དེ་ཁྲེན་ཆའོ་དབྱི་རུ་བཅའ་སྡོད་བྱས་ཤིང་། ཁྲེན་ཆའོ་ཡི་དམག་འགྱུར་བསླངས་ཤིང་། སུང་རྒྱལ་རབས་ཀྱི་ལོ་ངོ300རིང་གི་གཞི་རྩའི་ལས་རིགས་གསར་གཏོད་བྱས། སུང་རྒྱལ་རབས་ནི་ཅིན་ཅི་ལུའུ་ཁའེ་ཧྥེང་ཧྥུ་ཡི་ཁོངས་སུ་གཏོགས། ཅིན་གྱི་བདག་དབང་ནི་ནན་ཅིན་ལམ་གྱི་ཁའེ་ཧྥེང་ཧྥུ་ཡིན། དེ་ནི་ཧོ་ནན་གྱི་འབྲི་ཆུའི་བྱང་རྒྱུད་ཀྱི་ཞིང་ཆེན་པེན་ལིའང་ལམ་གྱི་ཁོངས་སུ་གཏོགས།    

ཀྲུང་གོའི་མི་སེར་རྒྱལ་ཁབ་ཀྱིས་གཞུང་གི་ལམ་ལུགས་མེད་པར་བཟོས་ནས་ཆིའུ་རྫོང་ལ་ཆོ་ལོ་སྤྲད་དེ་ཧོ་པེའི་ཏའོ་ལ་དབང་བ་དང་། ཧོ་ནན་ཞིང་ཆེན་གྱི་རྒྱལ་དམངས་སྲིད་གཞུང་ལ་ཐད་གཏོགས་བྱས་པ་རེད།      

སྤྱི་ལོ1916ལོར་ཧོ་ནན་ཞིང་ཆེན་དུ་ཧོ་ནན་བྱང་རྒྱུད་ལམ་བཙུགས་ནས་ཆིའུ་རྫོང་དེ་ཧོ་ནན་བྱང་རྒྱུད་ལམ་གྱི་མངའ་འོག་ཏུ་ཚུད།       

སྤྱི་ལོ1924ལོར་ལམ་ལུགས་མེད་པར་བཟོས་པ་དང་། ཧྥེང་ཆིའུ་ཡང་ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ས་ཁུལ་བཞི་པ(ཞིན་ཞང)ཡིན།      

སྤྱི་ལོ1945ལོའི་ཟླ8པར་འཇའ་ཕན་མགོ་བཏགས་པ་དང་སྔར་གྱི་སྒྲིག་གཞི་སླར་གསོ་བྱས།     

སྤྱི་ལོ1946ལོའི་ལོ་འགོར། རྫོང་ཁོངས་བྱང་དུ་རྒྱ་བསྐྱེད་པ་དང་། ཡོན་ཝེ་ནན་རྫོང(དེང་གི་ཧྭ་ཤུད་རྫོང)གི་ལྷོ་ནུབ་རྒྱུད་དང་ཝུན་ཡན་ཆུས་བྱང་གི་རང་བྱུང་གྲོང་ཚོ15ཝེ་ནན་རྫོང་ནས་ཧྥེང་ཆིའུ་རྫོང་གི་ཁོངས་སུ་བགོས། ཟླ6པར་ཧྥེང་ཆིའུ་རྫོང་གི་ཤར་རྒྱུད་ནས་རང་བྱུང་གྲོང་ཚོ206ལོགས་སུ་དབྱེ་ནས་ཁྲང་ཡན་རྫོང་གི་རང་བྱུང་གྲོང་ཚོ་ཁག་གཅིག་དང་ཆུས་ཧོ་རྫོང་གྲུབ་ཡོད། ཧྥེང་ཆིའུ་རྫོང་གི་མངའ་ཁོངས་ཇེ་ཆུང་དུ་སོང་བ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ25.5དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ38.2 ས་ཁོངས་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ974.1བཅས་ཡོད།     

སྤྱི་ལོ1949ལོར་ཕིན་ཨན་ཞིང་ཆེན་ཕུའུ་དབྱང་ཀྲོན་ཧྲུའུ་རུ་ཕེབས། ཟླ10པའི་ཚེས30ཉིན་ཆུ་ཤུར་རྫོང་དེ་ཧྥེང་ཆིའུ་རྫོང་དང་ཟླ་སྒྲིལ་བཏང་བ་དང་རྫོང་ཁོངས་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ48.7དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ38.2 སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1165.2བཅས་ཡོད།     

སྤྱི་ལོ1954ལོར་ཕུའུ་དབྱང་ཀྲོན་ཧྲུའུ་ཕྱིར་འཐེན་བྱས་ཏེ་ཞང་གསར་པའི་ས་ཁུལ་དུ་བགོས།     

སྤྱི་ལོ1964ལོའི་ཟླ5པར། ཁྲང་ཡོན་རྫོང་ཀྲའོ་ཀང་ཀུང་ཧྲེའི་རང་བྱུང་གྲོང་ཚོ29ཧྥེང་ཆིའུ་རྫོང་དུ་བགོས། རྫོང་ཁོངས་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ48.7ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ38.2ཟིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1220.5ཡོད།     

སྤྱི་ལོ1986ལོར་ཞིན་ཞང་ས་ཁུལ་ལ་ཞིན་ཞང་གྲོང་ཁྱེར་ཞེས་པར་བསྒྱུར་ཞིང་། ཞིན་ཞང་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     
2_1 སྲིད་འཛིན་སྤྱི་བཤད།     

སྤྱི་ལོ2013ལོར་ཧྥེང་ཆིའུ་རྫོང་དུ་ཁོངས་གཏོགས་སུ་གྲོང་རྡལ22དང(ཁྲེང་ཀོན་གྲོང་རྡལ་དང་། ཧོང་ལིང་གྲོང་རྡལ། ཧོང་ཏེ་གྲོང་རྡལ། ཡིང་ཅུས་གྲོང་རྡལ། ཁྲེན་ཆའོ་གྲོང་རྡལ། ཀྲའོ་ཀང་གྲོང་རྡལ། ཕན་ཏན་གྲོང་བརྡལ) ཤང12ཡོད།(ཁྲེང་ཀོན་ཤང་དང་ཅིང་ཤང་ཧུའེ་རིགས་ཤང་། ཝང་ཚུན་ཤང་། ཁྲེན་ཀུའུ་ཤང་། ཅུས་ཝུའུ་ཤང་། ལུའུ་ཀང་ཤང་། ཅིང་ལུང་ཀོང་ཤང་། ལིའུ་ཀོང་ཤང་། ཚའོ་ཀང་ཤང་། ལི་ཀྲོང་ཤང་། དབྱིན་ཀང་ཤང་། ཧྥེང་ཚུན་ཤང)

3 ས་ཁམས་ཁོར་ཡུག     
3_1 ས་གནས།     

ཧྥེང་ཆིའུ་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། ཞིན་ཞང་གྲོང་ཁྱེར་གྱི་ཤར་ལྷོའི་ཡུལ་དུ་ཆགས་ཡོད། རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ38.2དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ48.7ཡོད། རྫོང་ཁོངས་ཀྱི་བྱང་ནི་ཧྭ་རྫོང་དང་འབྲེལ་ཞིང་། བྱང་ཤར་ནི་ཁྲང་ཡོན་རྫོང་དང་འབྲེལ་བ། ནུབ་དང་ལྷོ་ནུབ་ནི་ཡན་ཅིན་རྫོང་དང་ཡོན་དབྱང་རྫོང་གི་ས་མཚམས་བཅས་དང་འབྲེལ་ཡོད།

3_2 ས་དབྱིབས།      

ཧྥེང་ཆིའུ་རྫོང་ནི་རྨ་ཆུའི་ཁྲུང་བསགས་རླུང་གཡབ་དབྱིབས་ཀྱི་བདེ་ཐང་གི་བྱང་ཁུལ་དུ་གནས་པ་དང་། མཚོ་ངོས་ཀྱི་མཐོ་ཚད་ལ་སྨི65ནས72.5བར་ཡིན་པ་དང་། མཐོ་ཚད་མཐོ་ཤོས་ལ་སྨི85 མཐོ་ཚད་དམའ་ཤོས་ལ་སྨི64.6ཡོད། ས་བབ་ལྷོ་ནུབ་ནས་བྱང་ཤར་ལ་གསེག་ཡོད་པ་དང་། མངའ་ཁོངས་ཀྱི་རྨ་ཆུའི་ཆུ་རགས་དང་ཐའེ་ཧང་ཆུ་རགས་ཀྱིས་རྫོང་ཡོངས་ཁག་གསུམ་དུ་ཕྱེ་ཡོད། རྨ་ཆུའི་ཆུ་རགས་ཆེན་པོའི་ཤར་ངོས་དང་ལྷོ་ངོས་ནི་རྨ་ཆུའི་གྲམ་ཁ་དང་གྲམ་ཐང་གི་ས་ཁུལ་དང་། བལྟོས་བཅས་ཀྱི་མཐོ་ཁྱད་ལ་གཞིགས་ན་རིམ་པ་གསུམ་དུ་དབྱེ་ཡོད་པ་སྟེ། མཐོ་ཐང་གི་ཆུ་ཁ་ལས་སྨི4ཡས་མས་དང་། མཚོ་ངོས་ཀྱི་མཐོ་ཚད་སྨི75ནས་82.5བར། གཏིང་ངོས་ཀྱི་གྲམ་ཐང་དུ་ཆུ་ཁ་སྨི1-1.5དང་། མཚོ་ངོས་ཀྱི་མཐོ་ཚད་སྨི70-80  ནེན་ཐན་མཐོ་སའི་ཆུ་བོའི་ཆུ་ཁ་སྨི0.3-0.5དང་མཚོ་ངོས་མཐོ་ཚད་སྨི69-78 ཐའེ་ཧང་ཆུ་རགས་ཀྱི་བྱང་ངོས་ནི་གནའ་བོའི་རྨ་ཆུའི་རྒྱབ་ངོས་ཀྱི་རགས་ཁ་ཤོར་བའི་ཤུགས་རྐྱེན་ཆེ་བའི་ས་ཁུལ་ཞིག་ཡིན་ཞིང་། མཚོ་ངོས་མཐོ་ཚད་སྨི66ནས85.25བར་ཡིན་པ་དང་། ས་ངོས་འཕེལ་འགྲིབ་ཅུང་ཆུང་ཞིང་གཟར་ཚད་ནི1/2000-1/5000བར་ཡིན། རྨ་ཆུའི་ཆུ་རགས་དང་ཐའེ་ཧང་ཆུ་རགས་བར་གྱི་མཚོ་ངོས་མཐོ་ཚད་སྨི62-72.5བར་ཡིན།      

3_3 ཆུ་ཁམས་སྤྱི་བཤད།     

རྨ་ཆུ་རྫོང་གི་ནན་ཧོ་རྫོང་ནས་ཤར་དུ་བཞུར་ཞིང་། མངའ་ཁོངས་ཀྱི་ཆུ་རྒྱུན་རིང་ཚད་ལ་སྤྱི་ལེ56ཡོད། ཆེས་སྐམ་ཤས་ཆེ་བའི་ཆུ་གནས་དང་རགས་རྒྱབ་ས་ངོས་ཀྱི་མཐོ་དམན་སྨི3ཡས་མས་ཟིན་པས། རྨ་སེར་ལ་ཆུ་འདྲེན་པར་ཧ་ཅང་སྟབས་བདེ་ཡིན། ས་མཚམས་བརྒལ་བའི་ཡུར་བུ་ལ་རང་བྱུང་ཡུར་བུ་དང་། ཝུན་ཡན་ཡུར་བུ་གཉིས་ཡོད།     

4 རང་བྱུང་གི་ཐོན་ཁུངས།     
4_1 ས་ཞིང་གི་ཐོན་ཁུངས།     

སྤྱི་ལོ2013ལོའི་བར་ཧྥེང་ཆིའུ་རྫོང་དུ་ཁྱོན་རྨོ་ཞིང་རྒྱ་ཁྱོན་ལ་མུའུ་ཁྲི130དང་རྨ་ཆུའི་གྲམ་ཐང་ཁུལ་གྱི་རྒྱ་ཁྱོན་ལ་མུའུ་ཁྲི40ལྷག་ཙམ་ཡོད།      

4_1_1 ཞིང་སྤྱོད་ས་ཞིང་།      

སྤྱི་ལོ2009ལོར་ཧྥེང་ཆིའུ་རྫོང་གི་ཞིང་སྤྱོད་ས་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིང94428.82ཡོད་པ་དེས་རྫོང་ཡོངས་ཀྱི་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི77.05%བཟུང་བའི་ནང་རྨོ་ཞིང་རྒྱ་ཁྱོན་གྱིས་སྤྱི་ཆིང76348.79ཟིན་པ་དེས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི62.3%བཟུང་བ་དང་། ལྡུམ་རའི་རྒྱ་ཁྱོན་ལ་སྤྱི་ཆིང1653.64ཡོད་པ་དེས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱིས1.35%བཟུང་བ། ནགས་སའི་རྒྱ་ཁྱོན་ལ་སྤྱི་ཆིང5639.16ཡོད་པ་དེས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱིས4.6%བཟུང་བ། རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང0.23ཡོད་པ་དེས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱིས0.002%བཟུང་བ། ཞིང་སྤྱོད་ས་ཞིང་གཞན་དག་གི་རྒྱ་ཁྱོན་ལ་སྤྱི་ཆིང10787ཡོད་པ་དེས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱིད8.8%བཅས་བཟུང་ཡོད།     

4_1_2 འཛུགས་སྐྲུན་ལ་མཁོ་བའི་ས་ཆ།     

སྤྱི་ལོ2009ལོར་ཧྥེང་ཆིའུ་རྫོང་གི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ཆིང16790.83ཡོད་པ་དེས་རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་བསྡོམས་འབོར་གྱིས13.7%བཟུང་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་རྒྱ་ཁྱོན་སྤྱི་ཆིང15438.95ཡོད་པ་དེས་ས་ཆའི་རྒྱ་ཁྱོན་བསྡོམས་འབོར་གྱིས12.6%བཟུང་། དེའི་ནང་སྒྲིག་ཁོངས་གྲོང་རྡལ་གྱི་རྒྱ་ཁྱོན་སྤྱི་ཆིང1184.73ཡོད་པ་དེས་ས་ཆའི་རྒྱ་ཁྱོན་གྱིས0.97%བཟུང་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་སྡོད་གནས་ཀྱི་རྒྱ་ཁྱོན་སྤྱི་ཆིང12743.69ཟིན་པ་དེས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི10.4%བཟུང་བ་དང་། གཏེར་འདོན་ས་ཆའི་སྤྱི་ཆིང1510.53ཡོད་པ་དེས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱིས1.23%བཟུང་ཡོད། འགྲིམ་འགྲུལ་ཆུའི་བེད་སྤྱོད་ས་ཆའི་རྒྱ་ཁྱོན་སྤྱི་ཆིང1325.27ཡོད་པ་དེས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི1.08%བཟུང་ཡོད། འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་གཞན་དག་གི་རྒྱ་ཁྱོན་གྱི་སྤྱི་ཆིང26.71ཡོད་པ་དེས་ས་ཆའི་སྤྱིའི་རྒྱ་ཁྱོན་གྱིས0.02%བཟུང་ཡོད།     

4_1_3 ས་ཆ་གཞན་དག     

སྤྱི་ལོ2009ལོར་ཧྥེང་ཆིའུ་རྫོང་གི་ས་ཞིང་གཞན་གྱི་རྒྱ་ཁྱོན་ལ་སྤྱི་ཆིང11330.86ཡོད་པ་དེས་རྫོང་ཡོངས་ཀྱི་ས་ཞིང་སྤྱིའི་རྒྱ་ཁྱོན་གྱིས9.25%བཟུང་ཡོད། དེའི་ནང་ཆུ་ཁོངས་རྒྱ་ཁྱོན་ལ་སྤྱི་ཆིང10766.23ཡོད་པ་དེས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི8.79%བཟུང་བ་དང་། རང་བྱུང་གི་རྒྱ་ཁྱོན་ལ་སྤྱི་ཆིང564.63ཡོད་པ་དེས་ས་ཞིང་སྤྱིའི་རྒྱ་ཁྱོན་གྱི0.46%ཟིན་ཡོད།             

4_2 ཞིང་ལས་ཐོན་ཁུངས།     

སྤྱི་ལོ2013ལོར་ཧྥེང་ཆིའུ་རྫོང་གི་ཞིང་ལས་འདེབས་འཛུགས་ལ་གྲོ་དང་། འབྲས། མ་རྨོས་ལོ་ཏོག སྲན་ཆེན། སྲན་མ། སྲན་ལྗང་། སྲིང་བལ། བ་དམ། པད་ཁ། ཏིལ་སོགས་ཡོད། ཅིན་དབྱིན་ཧྭ་ནི་རྒྱལ་ཡོངས་ཀྱི་ཐོན་སྐྱེད་རྟེན་གཞི་ཡིན།     

4_3 སྲོག་ཆགས་ཐོན་ཁུངས།     

ཧྥེང་ཆིའུ་རྫོང་ཁོངས་ཀྱི་རྨ་ཆུའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ནང་བྱ་རིགས156ཡོད་པ་དང་། བདག་ཏུ་མ་བཟུང་བའི་རི་དྭགས་རིགས12དང་། སྐམ་ཆུ་གཉིས་འཚོའི་སྲོག་ཆགས་རིགས9ཉ་རིགས32བཅས་ཡོད་པ་རེད།      ཁྲེང་ཆའོ་གྲོང་རྡལ་ཏུང་ཧུའུ་འདམ་ར་ནི་ཀྲུང་ཡོན་ས་ཁུལ་གྱི་ཤིན་ཏུ་དཀོན་པའི་འདམ་ར་ཞིག་ཡིན་པ་དང་རྒྱལ་ཁབ་རིམ་པའི་རྩ་ཆེའི་འདབ་ཆགས་རིགས་དང་པོ་དང་གཉིས་པ་མང་པོ་འཚོ་སྡོད་བྱེད་ཀྱིན་ཡོད།      

4_4 གཏེར་རྫས་ཐོན་ཁུངས།     

ཧྥེང་ཆིའུ་རྫོང་གི་ས་གཤིས་གྲུབ་ཚུལ་ནི་གནའ་སྔ་མོ་ནས་རྙོག་འཛིང་ཆེ་ཞིང་། དུས་ཡུན་རིང་པོའི་ནང་ས་ཤུན་གྱི་འགུལ་སྐྱོད་དང་འགྱུར་ལྡོག་ཟམ་མི་ཆད་པར་བྱུང་ནས་མངའ་ཁོངས་ནང་གི་ས་འོག་གཏེར་ཁ་ཐོན་ཁུངས་ཆགས་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་ནས་བཟུང་ས་གཤིས་རྩད་ཞིབ་ཐིག་ལེན་བྱས་པ་ལྟར་ན། ཧྥེང་ཆིའུ་རྫོང་གི་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་ཆ་མང་ཆེ་བ་ནི་ཀྲུང་ཡོན་སྣུམ་ཞིང་གི་ཆ་ཤས་ཤིག་ཡིན་ཞིང་། རྡོ་སྣུམ་གསོག་ཚད་ཅུང་ཕུན་སུམ་ཚོགས་པོ་ཡོད་པས་ད་ལྟ་འཆར་གཞི་ཡོད་པའི་སྒོ་ནས་ཐོན་སྒོ་འབྱེད་དགོས།      

4_5 ཆུའི་ཐོན་ཁུངས།     

སྤྱི་ལོ2014ལོའི་ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཧྥེང་ཆིའུ་རྫོང་གི་ས་འོག་ཆུ་མང་ཆེ་བ་ནི་རིམ་པ་མང་བའི་རྨ་ཆུ་ཡིན་པ་དང་། ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་སྡེ་ཚན་གྱིས་ལོ་ལྟར་ཧྥེང་ཆིའུ་རྫོང་གི་ཆུ་འདོན་ས་ཚིགས་གཙོ་བོ་ཁག་ལ་ཞིབ་དཔྱད་ཚད་ལེན་བྱས་པའི་སྙན་ཞུ་ཡིན་པ་དང་། ཧྥེང་ཆིའུ་ཡི་ཆུའི་སྤུས་ཚད་མངར་བས་མི་ལུས་ལ་ཕན་པ་ཡོད་པའི་གཏེར་རྒྱུ་མང་པོ་འདུས་ཡོད་པ་དང་། PHཡི་གྲངས་ཐང7.55ནས8.25བར་ཡིན་པ་ནི་རང་བྱུང་གི་བུལ་གཤིས་ཞན་པ་རེད།

5 མི་གྲངས་དང་མི་རིགས།     

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲི75.93ཡོད་པའི་ནང་རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། སོག་རིགས། མིའོ་རིགས་སོགས་ཚུད་ཡོད་པ་དང་། དེའི་ནང་ཧུའེ་རིགས་མི་འབོར་གྱིས་མི་འབོར་བསྡོམས་འབོར་གྱི2%བཟུང་ཡོད།      

6 དཔལ་འབྱོར་གནས་ཚུལ།     
6_1 དཔལ་འབྱོར་ཕྱོགས་བསྡུས།     

སྤྱི་ལོ2014ལོར་ཧྥེང་ཆིའུ་རྫོང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར110.09ལེགས་གྲུབ་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས9.3%འཕར་བ་དེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལས་བརྒྱ་ཆའི་གྲངས1.3མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས1.9ལས་མཐོ་བ་ཡོད་པ་དང་ཞིན་ཞང་གྲོང་ཁྱེར་གསར་པའི་ཆ་སྙོམས་གྲངས་འབོར་དང་དོ་སྙོམས་ཡོད་པ་རེད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར29.13ལེགས་གྲུབ་བྱུང་ནས16.7%འཕར་ཡོད།     སྤྱི་ལོ2015ལོར་ཧྥེང་ཆིའུ་རྫོང་གི་རྫོང་ཡོངས་ཀྱི་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར117.6ཡོད་པ་དེ་དུས་མཚུངས་ལས8.8%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར32.3ཡོད་པ་དེ་དུས་མཚུངས་ལས12.5%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར149བཏང་བ་དེ་དུས་མཚུངས་ལས9.3%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར33.5ཡོད་པ་དེ་དུས་མཚུངས་ལས12.6%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3.92ཡོད་པ་དེ་དུས་མཚུངས་ལས5%འཕར་ཡོད། སྔོན་དཔག་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19235ཡོད་པ་དེ་དུས་མཚུངས་ལས10.3%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8206ཡོད་པ་དེ་དུས་མཚུངས་ལས11%འཕར་ཡོད།     སྤྱི་ལོ2016ལོར་ཧྥེང་ཆིའུ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར131.2ཟིན་ནས་ལོར་ཆ་སྙོམས9.3%འཕར་བ་དང་། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་ཁྲི1.64ཡིན་པ་དེ་ཨ་སྒོར2523ལ་ཕབ་ཡོད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་མིང་རིམ་ནང་ སྤྱི་ལོ2011ལོའི་ཨང107ནས་སྤྱི་ལོ2016ལོའི་ཨང59བར་མཐོ་རུ་ཕྱིན་ནས་རིམ་པ48འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྤྱི་ལོ2011ལོའི་སྒོར་དུང་ཕྱུར68.2ནས་སྤྱི་ལོ2016ལོའི་སྒོར་དུང་ཕྱུར165.7བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས19.4%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྤྱི་ལོ2011ལོའི་སྒོར་དུང་ཕྱུར16.5ནས་སྤྱི་ལོ2016ལོའི་སྒོར་དུང་ཕྱུར35.2བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས16.3%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྤྱི་ལོ2011ལོའི་སྒོར་དུང་ཕྱུར2.12ནས་སྤྱི་ལོ2016ལོའི་སྒོར་དུང་ཕྱུར4.27བར་འཕར་ནས་ལོ་རེར་ཆ་སྙོམས15%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྤྱི་ལོ2011ལོའི་སྒོར་དུང་ཕྱུར19.8ནས་སྤྱི་ལོ2016ལོའི་སྒོར་དུང་ཕྱུར38.1བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས14.1%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྤྱི་ལོ2011ལོའི་སྒོར12501ནས་སྤྱི་ལོ2016ལོའི་སྒོར20451བར་མཐོ་རུ་ཕྱིན་ནས་ལོ་རེར་ཆ་སྙོམས10.3%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྤྱི་ལོ2011ལོའི་སྒོར5132ནས་སྤྱི་ལོ2016ལོའི་སྒོར9336བར་མཐོ་རུ་ཕྱིན་ནས་ལོ་རེར་ཆ་སྙོམས12.7%འཕར་བ། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར150དང་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར32.5ཡིན་པས་སྤྱི་ལོ2011ལོ་ལས་སོ་སོར97.4%དང58.5%འཕར་ཡོད།      སྤྱི་ལོ2017ལོར་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར140ལེགས་གྲུབ་བྱུང་ནས8.5%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་བདུན་གྱི་ཨང་གསུམ་པར་སླེབས་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར181.4བཏང་ནས9.5%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4.78ལེགས་གྲུབ་བྱུང་བས་བརྒྱ་ཆའི17.2འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར50.6ལེགས་གྲུབ་བྱུང་བས54.5%འཕར་ཡོད།

6_2 ཐོན་ལས་དང་པོ།     

ཧྥེང་ཆིའུ་རྫོང་གི་ཞིང་ལས་ལོ་ཏོག་གཙོ་བོ་ནི་གྲོ་དང་། འབྲས། མ་རྨོས་ལོ་ཏོགསྲན་ཆེན། སྲན་ལྗང་། སྲིང་བལ། བ་དམ། པད་ཁ། ཏིལ་ཚལ། ཆིན་ཚལ། ཤ་མོ། སེ་འབྲུ་བཅས་ཡིན།      སྤྱི་ལོ2010ལོར་སྤུས་ལེགས་གྲོ་འདེབས་ཁྱོན་སྤྱི་ཆིང3333.33མང་དུ་ཕྱིན་པ་དེས་འདེབས་ཁྱོན་བསྡོམས་འབོར་གྱི75.3%བཟུང་ཡོད། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི52ཡིན་པ་དང་། ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར20.9ལེགས་གྲུབ་བྱུང་བས30.6%འཕར་ཡོད། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10ལེགས་གྲུབ་ཟིན་ནས96%འཕར་ནས་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད47.6%ཡོད། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང4666དང67མང་དུ་ཕྱིན་ནས་ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་དུང་ཕྱུར3.5ཡིན་པ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.1ཟིན་ཡོད།      ཧྥེང་ཆིའུ་རྫོང་གི་སྤུས་ལེགས་གྲོ་དང་སྤུས་ལེགས་ཆུ་འབྲས་འདེབས་ཁྱོན་མུའུ་ཁྲི96ཡོད་པ་དེ་རྒྱལ་ཁབ་རིམ་པའི་སྤྱི་གནོད་མེད་པའི་གྲོ་དང་ཆུ་འབྲས་ཐོན་སྐྱེད་རྟེན་གཞི་དང་། རྒྱལ་ཁབ་འབྲུ་རིགས་ཐོན་སྐྱེད་ལྟེ་བའི་ཁུལ། ཅིན་དབྱིན་ཧྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི20བཅས་ཡིན་པ་དེར་རྒྱལ་ཁབ་ཀྱི་ཐོག་མའི་ཐོན་ཡུལ་གྱི་ཁས་ལེན་ཐོབ་ཡོད་པ་རེད།      སྤྱི་ལོ2014ལོར་ཧྥེང་ཆིའུ་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང་ཁྲི13.49ཡོད། དབྱར་འབྲུའི་འདེབས་ཁྱོན་སྤྱི་ཆིང་ཁྲི5.36ཡོད་པ་དེ་དུས་མཚུངས་ལས0.5%འཕར་བ་དང་དབྱར་འབྲུའི་སྤྱིའི་ཐོན་ཚད་ཏུན་ཁྲི40.24ཡོད་པ་དེ་དུས་མཚུངས་ལས2.9%འཕར་ཡོད། དབྱར་འབྲུའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ500.36ཡོད་པ་དེ་དུས་མཚུངས་ལས2.4%འཕར་ཡོད། དེའི་ནང་གྲོ་འདེབས་ཁྱོན་སྤྱི་ཆིང་ཁྲི5.34ཡོད་པ་དེ་དུས་མཚུངས་ལས0.5%འཕར་བ་དང་གྲོའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི40.13ཡོད་པ་དེ་དུས་མཚུངས་ལས3.01%འཕར་ཡོད། གྲོའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ500.78ཡོད་པ་དེ་དུས་མཚུངས་ལས2.48%འཕར་ཡོད། སྟོན་འབྲུ་འདེབས་ཁྱོན་སྤྱི་ཆིང་ཁྲི4.25ཡོད་པ་དེ་དུས་མཚུངས་ལས4.43%འཕར་བ་དང་སྟོན་འབྲུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི23.39ཡོད་པ་དེ་དུས་མཚུངས་ལས3.23%བཅས་འཕར་ཡོད།     

6_3 ཐོན་ལས་གཉིས་པ།     

སྤྱི་ལོ1998ལོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི114180ཟིན་ཡོད། ཐོན་རྫས་གཙོ་བོ་ནི་ཧ་ཡང་བསྲེས་ལྕགས་ཀྱི་དྲ་མའི་སེང་རས་དང་། ཀོ་བ། བལ་རྩི། ཨ་རགགནོན་ཤུགས་སྣོད་ཆས། ཨར་འདམ། སྙིང་རུས་འཕྲེད་གཅོད་ཀྱི་འཁོར་རྟེན་ལྷུ་ལགཔོན་རྨེ་ལུད་སོགས་ཡིན། སྤྱི་ལོ1998ལོར་ཤང་གྲོང་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི136800ཡོད། སྤྱི་ལོ2010ལོར་ཧྥེང་ཆིའུ་རྫོང་གི་བཟོ་ལས་ལ་ཨར་ལས་རྒྱུ་ཆ་དང་། རྫས་འགྱུར་བཟོ་ལས། ཟས་རིགས་ལས་སྣོན། ཆང་སྙོལ་བ། འཕྲུལ་ཆས་བཟོ་སྐྲུན་སོགས་ལས་རིགས་མང་པོ་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་གཞི་རྩའི་ཆ་ནས་ཆགས་ཡོད།     སྤྱི་ལོ2010ལོར་གསར་དུ་བཅའ་སྡོད་བྱེད་པའི་ཁེ་ལས23ཡོད་པ་དང་། བསྡོམས་འབོར47ཟིན་ནས་ལོ་ཧྲིལ་པོར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར5.03ལེགས་གྲུབ་བྱུང་བ་དང་། ཁེ་སྤོགས་སྒོར་ཁྲི6002ཟིན་ནས20.9%དང56.8%སོ་སོར་འཕར་ཡོད།     

6_4 ཐོན་ལས་གསུམ་པ།

སྤྱི་ལོ2010ལོར་ཧྥེང་ཆིའུ་རྫོང་ལ་ཚོང་ལས་དང་། བཟའ་བཏུང་། ཞབས་ཞུའི་དྲ་ཚིགས་དང་ལས་ཁུངས3700ལྷག་ཙམ་ཡོད་པ་དང་། ཉོ་ཚོང་ཁྲོམ་ར་སྣ་ཚོགས32ཡོད་པའི་ནང་གཞི་ཁྱོན་ཅུང་ཆེ་བའི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཆེད་ལས་ཅན་གྱི་ཁྲོམ་ར4ཡོད་པ་དེས་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་བལ་བསྡུ་འགྲེམས་ལྟེ་གནས་ཤིག་ཆགས་ཡོད། རིམ་པ་ཅུང་མཐོ་བའི་མགྲོན་ཁང་དང་ཨར་ཁང་བཅུ་གྲངས་ཁ་ཤས་ཡོད། ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི38960ཡོད།      

7 སྤྱི་ཚོགས་ལས་དོན།     
7_1 སློབ་གསོའི་བྱ་གཞག     

སྤྱི་ལོ2005ལོའི་ལོ་མཇུག་བར་ཧྥེང་ཆིའུ་རྫོང་ལ་སློབ་གྲྭ་ཆུང་འབྲིང407དང་། དགེ་རྒན5952སློབ་གྲྭར་ཡོད་པའི་སློབ་མ122534བཅས་ཡོད། སྤྱི་ལོ2011ལོ་བར་ཁྱོན་མ་དངུལ་སྒོར་ཁྲི2525བཏང་ནས་སློབ་གྲྭ་འབྲིང་ཆུང་གིDརིམ་པའི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱས་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི7ཙམ་ཡོད་པ་རེད།     སྤྱི་ལོ2007ལོ་ནས་ སྤྱི་ལོ2012ལོ་བར་ཧྥེང་ཆིའུ་རྫོང་གི་ནོར་སྲིད་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར12.6ཟིན་ནས་ལོ་རེར་ཆ་སྙོམས18.4%འཕར་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་ཉེན་མེད་ལས་གྲྭ་ལག་བསྟར་བྱས་པ་དང་། སློབ་གྲྭའི་ཁང་པ་སྨི་གྲུ་བཞི་མ་ཁྲི11གསར་སྐྲུན་བྱས་ཡོད།     

7_2 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2012ལོར་བར་རྫོང་གྲོང་དུ་མི་དམངས་སྨན་ཁང་དང་། ཀྲུང་ལུགས་སྨན་ཁང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང་། མིག་ནད་སྨན་ཁང་། གཞང་འབྲུམ་སྨན་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས། གཞུང་བཅོས་སྒོ་བསྟེན་སྨན་བཅོས་སོགས་སྨན་བཅོས་སྒྲིག་གཞི་སྣ་ཚོགས་བཙུགས་ཡོད་པ་དང་། ཤང་ཚང་མར་འཕྲོད་བསྟེན་ཁང་དང་། གྲོང་ཚོ་ཚང་མར་སྨན་བཅོས་ཁང་ཡོད།

7_3 འགྲིམ་འགྲུལ་རགས་བཤད།     

ཧྥེང་ཆིའུ་རྫོང་ནི་ཤིན་ཤང་གྲོང་ཁྱེར་ཤར་ལྷོའི་སྤྱི་ལེ60ཡི་མཚམས་སུ་གནས་པ་དང་། ཧྲན་ཏུང་ཞིང་ཆེན་ཧྲི་ཁོ་གྲུ་ཁར་ཐད་གཏོང་བའི་ཤིན་ཧོ་ལྕགས་ལམ་དང་། ཤིན་ཁའེ་གཞུང་ལམ་དང་རྒྱལ་ལམ106 ལྷོ་ནས་ལུང་ཧའེ་ལྕགས་ལམ་བར་སྤྱི་ལེ50དང་། ནུབ་ནས་ཅིང་ཀོང་ལྕགས་ལམ་བར་སྤྱི་ལེ60 རྒྱལ་ལམ107བར་སྤྱི་ལེ30ལས་མེད་པ་བཅས་རེད།     རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་གྱི“7918ལས་གྲྭའི”འཆར་འགོད་ཀྱི་གཞུང་ཕྱོགས་དོན་ཚན་ལྔ་པའི་ཏ་ཀོང་མྱུར་བགྲོད་གཞུང་ལམ་དེ་རྫོང་དེ་བརྒྱུད་དགོས་པ་དང་ཁའེ་ཧྥེང་ཟམ་ཆེན་ནི་རྨ་ཆུ་སྒྲོལ་བའི་གཞུང་ལམ་ཟམ་པ་ཆེན་པོ་ཞིག་རེད།     ཧྥེང་ཆིའུ་རྫོང་ཁྲེང་ཀོན་གྲོང་རྡལ་ནས་ཐོན་ཏེ་མྱུར་བགྲོད་གཞུང་ལམ་བརྒྱུད་སྤྱི་ལེ120བསྐྱོད་ཚེ་ཀྲེང་ཀྲོའུ་རྒྱལ་སྤྱིའི་གནམ་ཐང་དུ་ཐད་ཀར་སྐྱོད་ཐུབ། ཞིང་ཆེན་དང་གྲོང་ཁྱེར་གྱི་གཞུང་ལམ་རིམ་པ་དང་པོ་དང་གཉིས་པ་དང་ས་གནས་ཀྱི་སྣུམ་ནག་གཞུང་ལམ་སྤྱི་ལེ300ལྷག་ཙམ་ཟིན་ནས་ཧྥེང་ཆིའུ་རྫོང་དང་རྒྱལ་ཡོངས་ས་གནས་ཁག་གི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་པ་དང་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་ཡོད།

7_4 ཚན་རྩལ་གོང་སྤེལ།     

སྤྱི་ལོ1983ལོར་ཀྲུང་གོའི་ཚན་རིག་ཁང་གིས་ཧྥེང་ཆིའུ་རྫོང་ཕན་ཏན་དུ་ཀྲུང་གོའི་ཚན་རིག་ཁང་གི་ཧྥེང་ཆིའུ་ཞིང་ལས་སྐྱེ་ཁམས་ཚོད་ལྟའི་ས་ཚིགས(ཀྲུང་གོའི་ཚན་རིག་ཁང་ནན་ཅིང་ས་གཤིས་ཞིབ་འཇུག་ཁང་གི་ཁོངས་སུ་གཏོགས)བཙུགས་པ་མ་ཟད། སྤྱི་ལོ1988ལོར་ཀྲུང་གོའི་ཚན་རིག་ཁང་གི་བྱེས་བགྲོད་སྒོ་འབྱེད་སྟེགས་བུ་དང་ས་ཚིགས་ཁག་དང་པོ་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་དངོས་སུ་སྒོ་འབྱེད་བྱས།      སྤྱི་ལོ2010ལོར་ཚན་རྩལ་རྣམ་གྲངས་གསུམ་ལ་མ་དངུལ་སྒོར་ཁྲི198བཏང་ནས་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་རྣམ་གྲངས18རེ་ཞུ་བྱས་པར་ཞིང་ཆེན་ཚན་རྩལ་ཐིང་དང་རྒྱལ་ཁབ་ཚན་རྩལ་པུའུ་ཡིས“ཚན་རྩལ་དམངས་ཕྱུག་འདུ་འགོད་ཀྱི་དཔེ་སྟོན་རྫོང”དང“ཚན་རྩལ་ཁྲིད་སྟོན་དཔེ་སྟོན་རྫོང”ཞེས་མིང་བཏགས་ཡོད།      

7_5 ལུས་རྩལ་བྱ་གཞག     

སྤྱི་ལོ2013ལོའི་ཟླ5པའི་ཚེས11ཉིན་ཧྥེང་ཆིའུ་རྫོང་གི་སྐབས་དང་པོའི་དམངས་ཡོངས་ལུས་རྩལ་འགྲན་ཚོགས་ཧྥེང་ཆིའུ་སློབ་འབྲིང་དང་པོའི་སློབ་ཁུལ་གསར་པའི་ལུས་རྩལ་ཐང་དུ་གཉེར་བ་དང་ཧྥེང་ཆིའུ་རྫོང་གི་ལས་རིགས་ཁག་ནས་ཁྱོན་འཐུས་མི་རུ་ཁག70དང་ལུས་རྩལ་པ3880ཡོད་པ་རེད།     སྤྱི་ལོ2014ལོའི་ཟླ3པའི་ཚེས19ཉིན་ནས་ཚེས21ཉིན་བར་འཛམ་གླིང་སྤོ་ལོ་གདན་ཞུའི་འགྲན་བསྡུར་དང་ཀྲུང་གོའི་ཡོངས་བསྒྲགས་འགྲན་བསྡུར་སྐབས་ལྔ་པ་ཧྥན་ཆིའུ་རྫོང་དུ་གཉེར་རྒྱུ་དང་། རྒྱལ་ཁབ་དང་ས་ཁུལ15ཡི་འཐུས་མི44འགྲན་བསྡུར་ནང་ཞུགས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།