ཆིང་ཀང་རྫོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-24 11:07ལ་འགྲུབ།

ཆིང་ཀང་རྫོང་།

ཆིང་ཀང་རྫོང་།
ཆིང་ཀང་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་སུང་ནེན་བདེ་ཐང་གི་དབུས་སུ་གནས་ཡོད། ལྷོ་ཞིང་ཆེན་གྲོང་ཁྱེར་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ120ཡོད་པ་དང་། ནུབ་ཏུ་སྣུམ་གྲོང་ཏ་ཆིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ90ཡོད་པ། ཤར་དུ་ཧའེ་ལུན་གྲོང་ཁྱེར་དང་ཝང་ཁུའེ་རྫོང་དང་ཐུང་ཁན་གཙང་པོ་དང་ཁ་གཏད་དུ་གནས་ཡོད། སུའེ་ཧྭ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ88ཡོད་པ། བྱང་དུ་ཧེ་ཧོ་གྲོང་ཁྱེར་དང་སྦྲེལ་ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2685ཟིན་པ་དང་ཁྱོན་རྨོ་ཞིང་མུའུ་ཁྲི256དང་། རྩྭ་ཐང་མུའུ་ཁྲི61.65 ནགས་ས་མུའུ་ཁྲི62བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青冈县
ཕྱི་ཡིག་མིང་།
Qinggang
ཁོངས་གཏོགས་ས་ཁུལ།
བྱང་ཤར་ས་ཁུལ། ཀྲུང་གོ་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
ཡུལ་ཚོ་དང་གྲོང་རྡལ15 ཁྲོམ་གཞུང་དོན་གཅོད་ཁྲུའུ4 སྲིད་འཛིན་གྲོང་ཚོ165 སྡེ་ཁུལ10
སྲིད་གཞུང་གནས་ཡུལ།
ཆིང་ཀང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0455
སྦྲག་སྲིད་ཨང་རྟགས།
15600
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2685ཡོད།
མི་གྲངས།
ཁྲི51.3ཡོད།
གནམ་གཤིས།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
231223
1 ​ངོ་སྤྲོད།

ཆིང་ཀང་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དང་སུང་ནེན་བདེ་ཐང་གི་དབུས་སུ་གནས་ཡོད། ལྷོ་ཞིང་ཆེན་གྲོང་ཁྱེར་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ120ཡོད་པ་དང་། ནུབ་ཏུ་སྣུམ་གྲོང་ཏ་ཆིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ90ཡོད་པ། ཤར་དུ་ཧའེ་ལུན་གྲོང་ཁྱེར་དང་ཝང་ཁུའེ་རྫོང་དང་ཐུང་ཁན་གཙང་པོ་དང་ཁ་གཏད་དུ་གནས་ཡོད། སུའེ་ཧྭ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ88ཡོད་པ། བྱང་དུ་ཧེ་ཧོ་གྲོང་ཁྱེར་དང་སྦྲེལ་ཡོད། 

ཆིང་ཀང་རྫོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2685ཟིན་པ་དང་ཁྱོན་རྨོ་ཞིང་མུའུ་ཁྲི256དང་། རྩྭ་ཐང་མུའུ་ཁྲི61.65 ནགས་ས་མུའུ་ཁྲི62བཅས་ཡོད་པ་དང་ས་བབ་མཐོ་ཚད་སྨི123ནས563བར་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི457ཡས་མས་ཟིན་ཡོད། ཆིང་ཀང་རྫོང་ནི་སྐམ་སའི་དབུས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དཔྱིད་དུས་ཐན་པ་ཆེ་ལ་རླུང་བུ་མང་བ་དང་། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། སྟོན་དུས་བསིལ་ཞིང་སྐམ་ཤས་ཆེ་བ། དགུན་དུས་གྲང་ངར་ཆེ་བ་དང་ཁ་བ་ཉུང་བ། དུས་བཞི་ཁ་གསལ་བ། ལོ་ཧྲིལ་པོར་སད་མེད་དུས་ཉིན130ཡས་མས་ཡིན། 

སྤྱི་ལོ2018ལོར་ཆིང་ཀང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར74.5ཟིན་པ་དེ་དུས་མཚུངས་ལས5.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་སྒོར་དུང་ཕྱུར39.4དང་། སྒོར་དུང་ཕྱུར24.8 སྒོར་དུང་ཕྱུར10.3བཅས་མངོན་འགྱུར་བྱུང་ཡོད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.4མངོན་འགྱུར་བྱུང་བ་དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.95མངོན་འགྱུར་བྱུང་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར1.5ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར17872དང་སྒོར11009ཟིན། 

སྤྱི་ལོ2015ལོའི་ཟླ11པར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གཉིས་པའི་གྲས་སུ་བཅུག་ཡོད། སྤྱི་ལོ2016ལོའི་ཟླ7པར་ཆིང་ཀང་རྫོང་ལ“ཀྲུང་གོའི་གླང་ཆེན་གཏུམ་པོའི་ཕ་ཡུལ”ཞེས་པའི་མཚན་སྙན་སྤྲད། སྤྱི་ལོ2017ལོའི་ཟླ11པར་ཆིང་ཀང་རྫོང་ལ“ཀྲུང་གོའི་རྒྱ་གསོ་ཐོན་ལས་དཔེ་སྟོན་རྫོང”གི་མཚན་སྙན་སྤྲད་པ། སྤྱི་ལོ2018ལོའི་ཟླ10བའི་ཚེས22ཉིན་སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོའི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ1པོའི་ཚེས25ཉིན་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“བདེ་འཇགས་ཞིང་ལས་འཕྲུལ་ཆས”གྱི་དཔེ་སྟོན་རྫོང་དུ་བདམས། སྤྱི་ལོ2019ལོའི་ཟླ2པར་ཆིང་ཀང་རྫོང་ལ“རྒྱལ་ཁབ་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང”གི་མཚན་སྙན་སྤྲད་པ་ཡིན། སྤྱི་ལོ2020ལོའི་ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོ། ཧེ་ལུང་ཅང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཝང་ཝུན་ཐའོ་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་བརྙན་ལམ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆིང་ཀང་རྫོང་གི་དབུལ་ཞྭ་ཕུད་ནས་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུར་ཆོག་མཆན་སྤྲད།

2 ལོ་རྒྱུས་འཕེལ་རིམ།

ཆིང་ཀོང་ཞུས་སྲིད་ལོ30ལོའི་ཟླ12ཚེས24ཉིན། རྒྱལ་ཡུམ་ཚི་ཞི་དང་གོང་མ་ཀོང་ཞུས་ཀྲུའུ་ཡིས་ཆོག་མཆན་བཀོད་དེ་ཆིང་ཀང་རྫོང་དངོས་སུ་བཙུགས། 

ཆིང་ཀང་རྫོང་བཙུགས་རྗེས། སྤྱི་ལོ1923ལོར་ཧེ་ལུང་ཅང་ཞིང་ཆེན་གྱི་བཀའ་བཀོད་ལྟར་བྱང་ཕྱོགས་དང་པའེ་ཆོན་རྫོང་གི་ས་མཚམས་འབྲེལ་བའི་ས་ཞིང་མུའུ་ཁྲི120གསར་དུ་བཙུགས་པའི་མིང་ཧྲུའེ་རྫོང་ཕུད། རྫོང་ཁོངས་སུ་སླར་ཡང་འགྱུར་ལྡོག་བྱུང་མེད། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོར་ཆིང་ཀང་རྫོང་གིམཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ13ཡོད་པ་སྟེ། ཆིང་ཀང་གྲོང་རྡལ་དང་། ཀྲུང་ཧོ་གྲོང་རྡལ། ལུའུ་ཧོ་གྲོང་རྡལ། ཤིན་ཧྭ་གྲོང་རྡལ། ཡུང་ཧྥུང་གྲོང་རྡལ། ཆུས་ཞང་ཡུལ་ཚོ། ཁྲང་ཧྲེང་ཡུལ་ཚོ། ཁྲུའུ་ཀང་ཡུལ་ཚོ། ཁྲེང་ཅའོ་ཡུལ་ཚོ། མིང་ཀྲེན་ཡུལ་ཚོ། ཏེ་ཧྲེང་ཡུལ་ཚོ། ཧྥུའུ་མིང་ཡུལ་ཚོ། ལའོ་ཏུང་ཡུལ་ཚོ། ཡིང་ཁྲུན་ཡུལ་ཚོ། ལན་ཧྥུང་ཡུལ་ཚོ། པེ་ཤིང་ཡུལ་ཚོ། ཞིན་ཚུན་ཡུལ་ཚོ། ཅན་ཧྲེ་ཡུལ་ཚོ། ཧུའུ་ཀྲུའུ་ཡུལ་ཚོབཅས་ཡིན།    

སྤྱི་ལོ2016ལོར་ཆིང་ཀང་རྫོང་གིམཁོངས་སུ་གྲོང་རྡལ8དང་ཡུལ་ཚོ10ཡོད་པ་སྟེ། ཆིང་ཀང་གྲོང་རྡལ་དང་། ཀྲུང་ཧོ་གྲོང་རྡལ། ལུའུ་ཧོ་གྲོང་རྡལ། ཤིན་ཧྭ་གྲོང་རྡལ། ཡུང་ཧྥུང་གྲོང་རྡལ། ཆུས་ཞང་གྲོང་རྡལ། ཏེ་ཧྲེང་གྲོང་རྡལ། ལའོ་ཏུང་གྲོང་རྡལ། ཁྲང་ཧྲེང་ཡུལ་ཚོ། ཁྲུའུ་ཀང་ཡུལ་ཚོ། ཁྲེང་ཅའོ་ཡུལ་ཚོ། ཧྥུའུ་མིང་ཡུལ་ཚོ། ཡིང་ཁྲུན་ཡུལ་ཚོ། ལེན་ཧྥུང་ཡུལ་ཚོ། པེ་ཤིང་ཡུལ་ཚོ། ཞིན་ཚུན་ཡུལ་ཚོ། ཅན་ཧྲེ་ཡུལ་ཚོ་བཅས་ཡིན། 

4 གནས་ཡུལ།

ཆིང་ཀང་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་། སུང་ནེན་བདེ་ཐང་གི་དབུས་སུ་གནས་ཡོད། ལྷོ་རུ་ཞིང་ཆེན་གྲོང་ཁྱེར་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ120ཡོད་པ་དང་། ནུབ་ཏུ་སྣུམ་གྲོང་ཏ་ཆིང་གྲོང་ཁྱེར་དང་སྤྱི་ལེ90ཡོད་པ། ཤར་དུ་ཧའེ་ལུན་གྲོང་ཁྱེར་དང་ཝང་ཁུའེ་རྫོང་དང་ཐུང་ཁན་གཙང་པོ་དང་ཁ་གཏད་དུ་གནས་ཡོད། བྱང་དུ་ཧེ་ཧོ་གྲོང་ཁྱེར་དང་འབྲེལ་ཡོད། ཆིང་ཀང་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2685ཡོད། 

5 གནམ་གཤིས།

ཆིང་ཀང་རྫོང་ནི་སྐམ་སའི་དབུས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དཔྱིད་ཀར་ཐན་པ་ཆེ་ཞིང་རླུང་བུ་མང་བ་དང་། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། སྟོན་དུས་བསིལ་ཞིང་སྐམ་ཤས་ཆེ་བ། དགུན་དུས་གྲང་ངར་ཆེ་བ་དང་ཁ་བ་ཉུང་བ། དུས་བཞིར་གསལ་བ་བཅས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད2.4℃-2.6℃Cཡིན། ཆེས་གྲང་བའི་ཟླ་བར་ཆ་སྙོམས་དྲོད་ཚ-20.9℃དང་། ཆེས་ཚ་བའི་ཟླ་བར་ཆ་སྙོམས་དྲོད་ཚད22.1:Cཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི477དང་། ཤར་རྒྱུད་དུ་ཧའོ་སྨི491.6 ནུབ་རྒྱུད་དུ་ཧའོ་སྨི389.2བཅས་ཡོད། ལོ་ཧྲིལ་པོར་སད་མེད་དུས་ཀྱི་ཉིན130ཡས་མས་ཡིན། 

6 དཔལ་འབྱོར།

སྤྱི་ལོ2018ལོར་ཆིང་ཀང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར74.5ཟིན་པ་དེ་དུས་མཚུངས་ལས5.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་སྒོར་དུང་ཕྱུར39.4དང་། སྒོར་དུང་ཕྱུར24.8 སྒོར་དུང་ཕྱུར10.3བཅས་མངོན་འགྱུར་བྱུང་ཡོད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.4མངོན་འགྱུར་བྱུང་བ་དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར2.95མངོན་འགྱུར་བྱུང་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར1.5ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར17872དང་སྒོར11009ཟིན། 

སྤྱི་ལོ2018ལོར་ཆིང་ཀང་རྫོང་གི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་དུང་ཕྱུར11.36ཟིན་ནས་ལོ16བསྟུད་མར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཆེ་བའི་རྫོང་ཆེ་གྲས་སུ་བདམས་པ་དང་། ཐོན་ཚད་དང་སྤུས་ཚད་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ། “ཆག་པ་གསུམ”དང་ལྗང་མདོག་སྐྱེ་ལྡན་བཟའ་བཅའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་རྒྱ་ཁྱོན་མུའུ་ཁྲི80དང་མུའུ་ཁྲི126.6ཟིན་པ། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞིའི་རྒྱ་ཁྱོན་ཁྱོན་ཡོངས་ལ་ཁྱབ་པ། ཞིང་ལས་ཐོན་རྫས་སྣ་ཁ20ལྷག་ཙམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པ། ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་ཀྱི96%ཟིན་པ་བཅས་བྱས་ནས“རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོའི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་དཔེ་སྟོན་རྫོང”ལ་བདམས། 

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

ཧ་དགེ་འོས་སློབ་ཆེན་ཆིང་ཀང་ཚོད་ལྟའི་སློབ་འབྲིང་ནི་ཆིང་ཀང་རྫོང་དང་ཧ་ཨེར་པིན་དགེ་འོས་སློབ་ཆེན་དབར་འཐབ་ཇུས་མཉམ་ལས་དང་ཐུན་མོང་ཐོག་བཙུགས་པའི་མཐོ་རིམ་སློབ་འབྲིང་དཀྱུས་མ་ཞིག་ཡིན་པ་དང་སྤྱི་ལོ2014ལོའི་ཟླ8པའི་ཚེས21ཉིན་སློབ་གྲྭ་དངོས་སུ་སློབ་འགོ་ཚུགས་པ་ཡིན། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི23ཟིན་པ་དང་། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི6.5ཟིན་པ། སློབ་ཁྲིད་འཛིན་གྲྭ72དང་སློབ་མ3600ཤོང་ཐུབ། སློབ་གྲྭར་དགེ་རྒན་དང་ལས་བཟོ214ཡོད་པའི་ནང་དམིགས་བསལ་རིམ་པའི་དགེ་རྒན2དང་། མཐོ་རིམ་དགེ་རྒན47 རིམ་པ་དང་པོའི་དགེ་རྒན116 ཞིབ་འཇུག་སློབ་མ9བཅས་ཡོད། ད་ལྟ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ3300ཡོད་པ་དང་། སློབ་ཁྲིད་འཛིན་གྲྭ60ཡོད་པ་དང་། དེའི་ནང་སློབ་ལོ20རེ་དང་། སྒྱུ་རྩལ་དང་ལུས་རྩལ་གྱི་ཁྱད་ཆོས་འཛིན་གྲྭ1རེ་ཡོད་། 

7_2 འཕྲོད་བསྟེན།

སྤྱི་ལོ2019ལོའི་ལོ་སྟོད་དུ་ལྟེ་གནས་དེས་ཁྱོན་ནད་པ་མི་ཐེངས1362ལ་སྨན་བཅོས་བྱས་པའི་ནང་སྐྲན་ནད་ཚན་ཁག་མི་ཐེངས6172དང་གཤགས་བཅོས129བྱས་པ་དང་། སྙིང་ནད་ཚན་པར་ཞུགས་ནས་ཁྱོན་མི་ཐེངས745ལ་སྨན་བཅོས་དང45གཤགས་བཅོས་བཅས་བྱས།


དཔྱད་གཞིའི་ཡིག་ཆ།