མིང་ཧྲུའེ་རྫོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-24 11:08ལ་འགྲུབ།

མིང་ཧྲུའེ་རྫོང་།

མིང་ཧྲུའེ་རྫོང་།
མིང་ཧྲུའེ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་སུང་ནེན་བདེ་ཐང་གི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཤར་དུ་ཧའེ་ལུན་དང་འབྲེལ་བ། ནུབ་ཏུ་ལིན་ཏེན་དང་འབྲེལ་བ། ལྷོ་རུ་ཆིང་ཀང་དང་འབྲེལ་བ། བྱང་དུ་པའེ་ཆོན་དང་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་སྟོང་སྨི86དང་། ལྷོ་བྱང་གི་ཞེང་ལ་སྟོང་སྨི31.5ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2400ཡོད་པ་དང་། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི163དང་། རྩྭ་ཐང་མུའུ་ཁྲི70 ནགས་ས་མུའུ་ཁྲི54བཅས་ཡོད། མིང་ཧྲུའེ་རྫོང་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ7ཡོད་པ་དང་མི་འབོར་ཁྲི35(སྤྱི་ལོ2010ལོར) མིང་ཧྲུའེ་རྫོང་ནི་འཕྲེད་ཐིག་མཐོ་བའི་ས་ཁུལ་དུ་གནས་པ་དང་། དྲོད་འབྲིང་ཁུལ་གྱི་བརླན་གཤེར་འབྲིང་གི་ནམ་ཟླའི་ཁོངས་སུ་གཏོགས། ཆ་སྙོམས་ཀྱི་དྲོད་ཚད་ཏུའུ2.9ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི480ཡས་མས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
明水县
ཕྱི་ཡིག་མིང་།
Mingshui County
ཁོངས་གཏོགས་ས་ཁུལ།
བྱང་ཤར་ས་ཁུལ། ཀྲུང་གོ་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
གྲོང་རྡལ5 ཡུལ་ཚོ7
སྲིད་གཞུང་གནས་ཡུལ།
མིང་ཧྲུའེ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0455
སྦྲག་སྲིད་ཨང་རྟགས།
151700
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2400ཡོད།
མི་གྲངས།
ཁྲི35ཡོད།
གནམ་གཤིས།
བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)M
སྲིད་འཛིན་ཚབ་ཨང་།
231225
1 ​ངོ་སྤྲོད།

མིང་ཧྲུའེ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་སུང་ནེན་བདེ་ཐང་གི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཤར་དུ་ཧའེ་ལུན་དང་འབྲེལ་བ། ནུབ་ཏུ་ལིན་ཏེན་དང་འབྲེལ་བ། ལྷོ་རུ་ཆིང་ཀང་དང་འབྲེལ་བ། བྱང་དུ་པའེ་ཆོན་དང་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་སྟོང་སྨི86དང་། ལྷོ་བྱང་གི་ཞེང་ལ་སྟོང་སྨི31.5ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2400ཡོད་པ་དང་། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི163དང་། རྩྭ་ཐང་མུའུ་ཁྲི70 ནགས་ས་མུའུ་ཁྲི54བཅས་ཡོད། མིང་ཧྲུའེ་རྫོང་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ7ཡོད་པ་དང་མི་འབོར་ཁྲི35(སྤྱི་ལོ2010ལོར) མིང་ཧྲུའེ་རྫོང་ནི་འཕྲེད་ཐིག་མཐོ་བའི་ས་ཁུལ་དུ་གནས་པ་དང་། དྲོད་འབྲིང་ཁུལ་གྱི་བརླན་གཤེར་འབྲིང་གི་ནམ་ཟླའི་ཁོངས་སུ་གཏོགས། ཆ་སྙོམས་ཀྱི་དྲོད་ཚད་ཏུའུ2.9ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི480ཡས་མས་ཡིན། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1934ལོའི་ཟླ12པར་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག 

སྤྱི་ལོ1938ལོར་རྫོང་མཁར་མིང་ཧྲུའེ་ཁྲོམ་ལམ་དུ་བསྒྱུར། 

སྤྱི་ལོ1939ལོའི་ཟླ6པར་པེ་ཨན་ཞིང་ཆེན་གྱི་མངའ་འོག་ཏུ་བསྒྱུར། 

སྤྱི་ལོ1945ལོར“དགུ་གསུམ”འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག 

སྤྱི་ལོ1946ལོའི་ཟླ2པར། དམངས་གཙོའི་སྲིད་དབང་དང་པོ་སྟེ། མིང་ཧྲུའེ་རྫོང་མི་དམངས་སྲིད་གཞུང་བཙུགས། 

སྤྱི་ལོ1947ལོའི་ཟླ2པ་ནས་ཟླ9པའི་བར་ཧེ་ནེན་མཉམ་འབྲེལ་ཞིང་ཆེན་གྱི་ཁོངས་སུ་གཏོགས། ཧེ་ནེན་མཉམ་འབྲེལ་ཞིང་ཆེན་སོ་སོར་གྱེས་རྗེས། ཧེ་ལུང་ཅང་ཞིང་ཆེན་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1954ལོའི་ཟླ8པར། སུང་དང་ཧེ་ལུང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་རྗེས། ཧེ་ལུང་ཅང་ཞིང་ཆེན་ནས་ཐད་སྐྱོང་བྱས། 

སྤྱི་ལོ1956ལོའི་ཟླ3པར། ནེན་ཅང་ས་ཁུལ་གྱི་མངའ་འོག་ཏུ་བཅུག 

སྤྱི་ལོ1960ལོའི་ཟླ5པར་སུང་ཧྭ་ཅང་ཀྲོན་ཆུས་སུ་བསྒྱུར། 

སྤྱི་ལོ1965ལོའི་ཟླ6པར་སུའེ་ཧྭ་ཆེད་ཁུལ་དུ་གཏོགས་ནས་ད་བར་དུ་ཡིན།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ1985ལོར་གྲོང་རྡལ5དང་། ཡུལ་ཚོ10 གྲོང་ཚོ163 རང་བྱུང་གྲོང་སྡེ655བཅས་ཡོད། 

སྤྱི་ལོ2002ལོའི་ཟླ3པར་སྔར་ཡོད་ཀྱི་ཡུལ་ཚོ་དང་གྲོང་ཚོའི་སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ12དང་གྲོང་ཚོ99དང་སྡེ་ཁུལ8བཅས་སུ་བསྒྱུར་ཡོད། 

སྤྱི་ལོ2013ལོའི་ཟླ6པར་མིང་ཧྲུའེ་རྫོང་གི་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ7ཡོད་པ་སྟེ། མིང་ཧྲུའེ་གྲོང་རྡལ་དང་། ཤིན་རེན་གྲོང་རྡལ། ཡུང་ཤིན་གྲོང་རྡལ། ཁྲུང་ཏེ་གྲོང་རྡལ། ཐུང་ཏ་གྲོང་རྡལ། ཧྲོང་ཤིན་ཡུལ་ཚོ། ཡུན་ཡུན་ཡུལ་ཚོ། ཧྲུའུ་རེན་ཡུལ་ཚོ། ཀོང་རུང་ཡུལ་ཚོ། ཧྥན་རོང་ཡུལ་ཚོ། ཐུང་ཆོན་ཡུལ་ཚོ། ཡུས་ལིན་ཡུལ་ཚོབཅས་ཡིན།

4 གནས་ཡུལ།

མིང་ཧྲུའེ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་སུང་ནེན་བདེ་ཐང་གི་ནུབ་བྱང་རྒྱུད་དུ་ཆགས་ཡོད། ཤར་དུ་ཧའེ་ལུན་དང་འབྲེལ་བ། ནུབ་ཏུ་ལིན་ཏེན་དང་འབྲེལ་བ། ལྷོ་རུ་ཆིང་ཀང་དང་འབྲེལ་བ། བྱང་དུ་པའེ་ཆོན་དང་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་སྟོང་སྨི86དང་། ལྷོ་བྱང་གི་ཞེང་ལ་སྟོང་སྨི31.5ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2400ཡོད་པ་དང་། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི163དང་། རྩྭ་ཐང་མུའུ་ཁྲི70 ནགས་ས་མུའུ་ཁྲི54བཅས་ཡོད།

5 གནམ་གཤིས།

མིང་ཧྲུའེ་རྫོང་ནི་འཕྲེད་ཐིག་མཐོ་བའི་ས་ཁུལ་དུ་གནས་པ་དང་། དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་ཧ་ཅང་མངོན་གསལ་ཡིན་ལ། དྲོད་རྒྱུད་བྱང་མའི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། རྫོང་ཡོངས་ཀྱི་དྲོད་ཚད་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་མངོན་གསལ་དོད་པ་དང་། དགུན་དུས་གྲང་ངར་ཆེ་བ། དབྱར་དུས་ཚ་བ་ཆེ་བ་བཅས་ཡོད།      གནམ་གཤིས་ཀྱི་ཁྱད་ཆོས་ནི་དགུན་དུས་རིང་ཞིང་གྲང་ངར་ཆེ་བ་དང་སྐམ་ཤས་ཆེ་བ།  དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། དཔྱིད་དུས་ཆར་ཆུ་ཉུང་ལ་རླུང་ཆེན་མང་བ། སྟོན་ཁའི་ཆར་ཆུའི་རན་པ། བསིལ་ཞིང་བསིལ་བ། སད་རྒྱག་པ། ནུབ་རྒྱུད་དང་ལྷོ་རྒྱུད་ནི་ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་ཡིན་ཞིང་། རླུང་གི་མྱུར་ཚད་ཆེ་བ་དང་། དྲོད་ཚད་ཅུང་མཐོ་བ། ཆར་ཆུ་འབབ་ཚད་ཉུང་། ཤར་རྒྱུད་དང་བྱང་རྒྱུད་ནི་རི་མ་ཐང་དུ་ཆགས་པའི་ས་ཁུལ་ཞིག་ཡིན་ཞིང་། རླུང་གི་མྱུར་ཚད་ཆུང་བ་དང་། དྲོད་ཚད་ཅུང་མཐོ་བ། ཆར་ཆུ་འབབ་ཚད་མང་བ་བཅས་ཡིན།      ལོ་ལྟར་སད་མི་རྒྱག་པའི་དུས་ཚོད་ཉིན124ཡས་མས་ཡིན་པ་དང་རྫོང་ཡོངས་ཀྱི་ས་གནས་ཁག་གི་དྲོད་ཚད་འགྱུར་ལྡོག་གི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ0.3ལས་བརྒལ་གྱི་མེད། ཟླ་དང་པོར་གྲང་ཤོས་ཡིན་པ་དང་། ཟླ་རེར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ-20.9ཡིན་པ། ཟླ7པར་དྲོད་ཚད་མཐོ་བ་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ21.9ཡིན། ལོ་རེའི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ42.8ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ2.0ཡིན། ཆེས་མཐོ་བའི་ལོར་དྲོད་ཚད་ཧྲེ་ཧྲི་ཏུའུ4.0ཡིན། (སྤྱི་ལོ1975ལོ་ནས་སྤྱི་ལོ1982ལོའི་བར) ཆེས་དམའ་བའི་ལོར་དྲོད་ཚད་ཧྲེ་ཧྲི་ཏུའུ0.2 (སྤྱི་ལོ1956ལོར) ཉིན་རེའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ30ཡིན་པའི་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་ནས་ལོ་རེར་ཆ་སྙོམས་ཉིན11ཡིན་པ་དང་སྤྱིར་བཏང་དུ་ཟླ6པའི་ཟླ་མཇུག་ནས་ཟླ7པའི་ཟླ་མཇུག་བར་ཐོན་གྱི་ཡོད། ཉིན་རེའི་དྲོད་ཚད་དམའ་ཤོས་ནི་དྲོད་ཚད་ཏུའུ30ཡིན་པའི་དྲོད་ཚད་དམའ་བའི་གནམ་གཤིས་ཡིན་ཞིང་། སྤྱིར་བཏང་དུ་ཟླ12པའི་ཟླ་སྨད་ནས་ཕྱི་ལོའི་ཟླ2པའི་ཟླ་སྟོད་བར་བྱུང་བ་དང་། དུས་མཚམས་གཙོ་བོ་ཟླ་དང་པོའི་ཟླ་དཀྱིལ་དུ་གཅིག་སྡུད་བྱས་ཡོད།      ལོ་རེའི་ཉི་འོད་ཕོག་ཡུན་གྱི་ཧེ་བག་ཆུ་ཚོད་བརྒྱ་ལྷག་ཙམ་ལས་མེད་པ་དང་། ལོ་མང་རིང་ཆུ་ཚོད3066ནང་ཚུན་དུ་ལོ་ཉུང་ཤོས་ལ་ཆུ་ཚོད2664ཟིན་གྱི་ཡོད། དགུན་དུས་སུ་དུས་ཚོད་ཉུང་བ་དང་། དབྱར་དུས་སུ་དུས་ཚོད་མང་།      ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི472དང་མང་ཤོས་ལ་ཆར་ཆུ་འབབ་ཚད་ཧའོ་སྨི728(སྤྱི་ལོ1960ལོ)ཡོད་པ་དང་། ཆར་ཆུ་མང་བའི་ལོའི་ཆར་ཆུ་འབབ་ཚད་ནི་ཆར་ཆུ་ཉུང་བའི་ལོའི་ཆར་ཆུ་འབབ་ཚད་ཀྱི་ལྡབ2.4ཡིན།      དགུན་དུས་ཁ་བ་འབབ་ཚད་ཧའོ་སྨི22ཡིན་པ་དང་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི5%ཡང་ཟིན་གྱི་མེད། ལོ་རེར་གངས་བབས་པའི་ཉིན་གྲངས28.1ཟིན་པ་དེས་ལོ་ཧྲིལ་པོའི7.9%བཟུང་ཡོད། ཆ་སྙོམས་ཀྱི་ཉིན་དང་པོར་ལོ་རེའི་ཟླ10ཚེས་9ཉིན་ཡིན་པ་དང་། ཕྱི་ལོའི་ཟླ4བའིཚེས30ཉིན་དང་། ཐོག་མའི་མཇུག་མཐའི་ཉིན204ཡིན། 

6 མི་གྲངས།

སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གཞི་གྲངས་ལྟར། རྫོང་ཡོངས་ཀྱི་མི་འབོར་བསྡོམས294482ཡོད། མི་རིགས་ནི་རྒྱ་རིགས་དང་། མན་ཇུ། ཧུའེ་རིགས། སོག་རིགས་སོགས་ཡིན་ཞིང་། དེའི་ནང་གྲངས་ཉུང་མི་རིགས་ཀྱིས་བརྒྱ་ཆའི9ཙམ་ཟིན་ཡོད། 

7 དཔལ་འབྱོར།

སྤྱི་ལོ2010ལོར་འབྲུ་རིགས་སྤྱིའི་ཐོན་འབོར་སྤྱི་རྒྱ་དུང་ཕྱུར8.3ཟིན་པ་དང་འབྲས་ཤིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི0.5དང་སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་ཁྲི0.3ཟིན་ཡོད། དེའི་ནང་སྲན་མའི་གང་བུ་འདེབས་ཁྱོན་མུའུ3000ཡན་དང་སྟོན་དཔྱིད་གཉིས་ཀྱི་ཐོན་ཚད་སྤྱི་རྒྱ་ཁྲི800ལྷག་ཙམ་ཟིན་གྱི་ཡོད། 

སྤྱི་ལོ2010ལོར་མིང་ཧྲུའེ་རྫོང་གི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར25ཡིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར11.3བཏང་ཡོད། འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར8.3ཟིན་པ་དང་། བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར22.1ཟིན་པ། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར13ཟིན་པ་བཅས་ཡིན། ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར21བྱུང་བ་དང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.4བྱུང་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར4200ཡིན་པ་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར1.58ཡིན།      སྤྱི་ལོ2010ལོའི་བར། ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་རིང་ཁྱོན་མ་དངུལ་སྒོར་དུང་ཕྱུར21ནང་འདྲེན་བྱས་པ་དང་། སྒོར་ཁྲི་སྟོང་ལས་བརྒལ་བའི་རྣམ་གྲངས་ཆེ་གྲས20འཛུགས་སྐྲུན་བྱས་པ། སྤྱི་ལོ2010ལོར་བཟོ་ལས་ཁེ་ལས་ཀྱི་ཁྲལ་དངུལ་སྒོར་ཁྲི9000ལེགས་གྲུབ་ཟིན་པ། ཕྱོགས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི57%བཟུང་བ། རྫོང་ཡོངས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར30.95ཟིན་པ། འཕར་ཐང་སྒོར་དུང་ཕྱུར9.3ཟིན་པ། ཐོན་ལས་གསུམ་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། རྫོང་ཡོངས་ཀྱི་ཐོན་ལས་གསུམ་པའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5.7ཟིན་པ། འཕར་ཐང་སྒོར་དུང་ཕྱུར4.9བཅས་ཟིན་ཡོད།

སྤྱི་ལོ2013ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40.8ཟིན་པ་དེ་དུས་མཚུངས་ལས16.4%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར16.8བཏང་ནས22.3%འཕར་བ། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3.59བྱུང་ནས45.7%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5064བྱུང་ནས13.2%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7613ཟིན་ནས16.4%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ཉིན་རེ་བཞིན་ལུགས་མཐུན་དུ་གྱུར་ནས43:40:17ནས40:40:20བར་ལེགས་སྒྲིག་བྱས་ཡོད། “སྟོབས་ཆེན”རྫོང་གི་དཔལ་འབྱོར་ཐད་གོམ་སྟབས་བརྟན་པོ་སྤོས་ནས་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར35.8ཟིན་ནས23.6%འཕར་ཡོད། རྫོང་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར41.7ཟིན་ནས30.1%འཕར་ཡོད། རྫོང་གི་དཔལ་འབྱོར་གསོན་ཤུགས་རྒྱས་ནས་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར6.2མངོན་འགྱུར་བྱུང་ནས7.7%འཕར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོ།

སྤྱི་ལོ2010ལོར་མིང་ཧྲུའེ་རྫོང་དུ་འབྲིང་རིམ་དང་སློབ་ཆུང202ཡོད་པ་དང་རྫོང་གྲོང་དུ་ཁྱོན་སློབ་འབྲིང5དང་སློབ་ཆུང5ཡོད་པའི་ནང་མིང་ཧྲུའེ་སློབ་འབྲིང་དང་པོ་ནི་གཙོ་གནད་མཐོ་རིམ་སློབ་འབྲིང(དམའ་རིམ་སློབ་འབྲིང་བཙུགས་མེད་པ)ཡིན་པ་དང་ཡུལ་ཚོ་དང་གྲོང་རྡལ་ཁག་ཏུ་རང་སྒེར་གྱི་སློབ་འབྲིང་དང་སློབ་ཆུང་ཡོད། 

8_2 འཕྲོད་བསྟེན།

སྤྱི་ལོ2010ལོར་རྫོང་ཡོངས་སུ་གཅིག་སྡུད་སྨན་བཅོས་དང་ཕྱི་ལུགས་གསོ་རིག་གཞི་གཅིག་ཏུ་འདུས་པའི་སྨན་བཅོས་སྒྲིག་གཞི19དང་ནད་ཁྲི580ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང12བཅས་ཡོད།

8_3 འགྲིམ་འགྲུལ།

སྤྱི་ལོ2013ལོར་འགྲུལ་སྐྱེལ་བསྡོམས་འབོར་ཁྲི7748ཟིན་པ་དང་ཟོག་འདྲེན་བསྡོམས་འབོར་ཏུན་ཁྲི11789ཟིན་ཡོད། 


དཔྱད་གཞིའི་ཡིག་ཆ།