སུའེ་ལིང་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་རྒྱུད་དང་། ཞིང་ཨན་ལིང་ཆུང་བའི་ལྷོ་འདབས་ཀྱི་སུའེ་ཧྭ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་སུའེ་ལིང་རྫ་ནག་ནི་རྒྱལ་ཡོངས་སུ་སྐད་གྲགས་ཆེན་པོ་ཡོད་པ་དང་། “ཀྲུང་གོའི་རྫ་ནག་གི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད།
སུའེ་ལིང་རྫོང་གི་ཤར་དུ་དབྱི་ཁྲུན་གྲོང་ཁྱེར་དང་འབྲེལ་བ། ཤར་ལྷོར་ཆིང་ཨན་རྫོང་དང་འབྲེལ་བ། ལྷོ་རྒྱུད་དང་ལྷོ་ནུབ་པེ་ལིན་ཆུས་དང་འབྲེལ་བ། ནུབ་རྒྱུད་དང་ནུབ་བྱང་གཉིས་པེ་ཨན་གྲོང་ཁྱེར་དང་ཧའེ་ལུན་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ཤར་དང་བྱང་རྒྱུད་པེ་ཨན་གྲོང་ཁྱེར་དང་ཤུན་ཁེ་རྫོང་དང་འབྲེལ་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4238ཟིན་པ་དང་དེའི་ཁོངས་སུ་གྲོང་རྡལ6དང་། ཡུལ་ཚོ5 སྲིད་འཛིན་གྲོང་ཚོ76བཅས་ཡོད་པ་དང་མི་འབོར་ཁྲི32(སྤྱི་ལོ2011ལོ)ཡོད། རྫོང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ནི་སུའེ་ལིང་གྲོང་རྡལ་ཡིན། རྫོང་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་དང་འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཡིན་པ་དང་། ཞིང་ཆེན་གྱི་ལྟེ་གནས་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ195ཡོད་པ་དང་། པིན་པེ་ལྕགས་ལམ་དང་རྒྱལ་ལམ102རྫོང་གི་ནུབ་རྒྱུད་ནས་བརྒྱུད་ཡོད། མངའ་ཁོངས་སུ་རྒྱ་རིགས་དང་། ཁྲའོ་ཞན། མན་ཇུ་རིགས། ཧུའེ་རིགས། སོག་རིགས། མིའོ་རིགས། ཀྲོང་རིགས། ཨོ་ལུན་ཁྲུན། འཇང་རིགས། ཏ་ཝོར་རིགས། ཞི་པོ། ཏུང་རིགས་སོགས་མི་རིགས12ཡོད་པ་དང་། རྫོང་ནང་ཁུལ་དུ་ཞིང་ཆེན་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སོགས་རྒྱུན་སྡོད་ལས་ཁུངས5ཡོད། སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་རྫོང་དུ་བདམས་ཡོད།
སྤྱི་ལོ1956ལོའི་ཟླ3པར་སུའེ་ཧྭ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བཅུག
སྤྱི་ལོ1958ལོའི་ཟླ8པར་སུང་ཧྭ་ཅང་ཀྲོན་ཆུས་སུ་བསྒྱུར།
སྤྱི་ལོ1965ལོའི་ཟླ6པར། སུང་ཧྭ་ཅང་ཆེད་ཁུལ་དེ་སུའེ་ཧྭ་ཆེད་ཁུལ་དུ་བསྒྱུར་ནས་སུའེ་ཧྭ་ཆེད་ཁུལ་གྱི་མངའ་འོག་ཏུ་བཅུག
སྤྱི་ལོ1980ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་མིང་ཁྱབ་བཤེར་ཚད་ལྡན་ཅན་གྱི་ཐག་གཅོད་གཏན་འཁེལ་ལྟར། “ལིང”(稜)དེ་“ལིང”(棱)དུ་བསྒྱུར།
སྤྱི་ལོ1986ལོ་ནས་སྤྱི་ལོ1999ལོའི་བར་སུའེ་ལིང་རྫོང་སུའེ་ཧྭ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ2000ལོར། སུའེ་ཧྭ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་མིང་དེ་སུའེ་ཧྭ་གྲོང་ཁྱེར་ཞེས་པར་བསྒྱུར། སུའེ་ལིང་རྫོང་སུའེ་ཧྭ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས། རྫོང་གི་མིང་ལ་འགྱུར་བ་བྱུང་མེད།
སྤྱི་ལོ2016ལོའི་ཟླ12པར་ཁག་གསུམ་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་དུ་བཅུག
སྤྱི་ལོ2015ལོའི་བར་སུའེ་ལིང་རྫོང་གི་ཁོངས་སུ་གྲོང་རྡལ་ལྔ(སུའེ་ལིང་གྲོང་རྡལ་དང་། ཧྲང་ཅི་གྲོང་རྡལ། སི་ཧའེ་ཏན་གྲོང་རྡལ། ཧྲོང་ཁྲ་ཧོ་གྲོང་རྡལ། ཀེ་ཧྲན་གྲོང་བརྡལ)དང་། ཡུལ་ཚོ6(ཕེ་ཧྲན་ཡུལ་ཚོདང་། ཧོའུ་ཐོའུ་ཡུལ་ཚོ། ཁྲང་ཧྲན་ཡུལ་ཚོ། ཁེ་དབྱིན་ཧོ་ཡུལ་ཚོ། སུའེ་ཀྲུང་ཡུལ་ཚོ། ཉི་ཨེར་ཧོ་ཡུལ་ཚོ) དང་སྲིད་འཛིན་གྲོང་ཚོ76བཅས་ཡོད།
སྤྱི་ལོ2016ལོའི་ཟླ8པར་སུའེ་ཧྭ་གྲོང་ཁྱེར་སུའེ་ལིང་རྫོང་ཁྲང་ཧྲན་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ་དུ་བསྒྱུར་བ་དང་། ཁྲང་ཧྲན་ཡུལ་ཚོའི་སྲིད་འཛིན་ས་ཁོངས་ཏེ་ཁྲང་ཧྲན་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་སུ་བྱས་པ་དང་དེ་སྔའི་ཁོངས་གཏོགས་ཀྱི་འབྲེལ་བ་དང་སྲིད་གཞུང་གནས་ཡུལ་ལ་འགྱུར་བ་མེད། གྲོང་རྡལ་སྲིད་གཞུང་ནི་ཁྲང་ཧྲན་གྲོང་ཚོར་བཅའ་སྡོད་བྱས་ཡོད། དེའི་ཁོངས་སུ་གྲོང་རྡལ6(སུའེ་ལིང་གྲོང་རྡལ་དང་། ཧྲང་ཅི་གྲོང་རྡལ། སི་ཧའེ་ཏེན་གྲོང་རྡལ། ཧྲོང་ཁྲ་ཧོ་གྲོང་རྡལ། ཀེ་ཧྲན་གྲོང་རྡལ། ཁྲང་ཧྲན་གྲོང་བརྡལ)དང་། ཡུལ་ཚོ5(ཁའོ་ཧྲན་ཡུལ་ཚོ། ཧོའུ་ཐོའུ་ཡུལ་ཚོ། ཁེ་དབྱིན་ཧོ་ཡུལ་ཚོ། སུའེ་ཀྲུང་ཡུལ་ཚོ། ཉི་ཨེར་ཧོ་ཡུལ་ཚོ)དང་། སྲིད་འཛིན་གྲོང་ཚོ76བཅས་ཡོད།
སུའེ་ལིང་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་ཤིང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4238ཡོད་པ་དང་། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མའི127°30′44″ནས127°43′00″དང་འཕྲེད་ཐིག་བྱང་མའི47°30′24″ནས47°43′40″བར་ཡིན། ཤར་དུ་དབྱི་ཁྲུན་གྲོང་ཁྱེར་དང་འབྲེལ་བ། ཤར་ལྷོར་ཆིང་ཨན་རྫོང་དང་མཚམས་འབྲེལ་བ། ལྷོ་རྒྱུད་དང་ལྷོ་ནུབ་ས་ཁུལ་གཉིས་པེ་ལིན་ཆུས་དང་སྦྲེལ་ཡོད། ནུབ་རྒྱུད་དང་ནུབ་བྱང་གཉིས་པེ་ཨན་གྲོང་ཁྱེར་དང་ཧའེ་ལུན་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ཤར་དང་བྱང་རྒྱུད་དེ་པེ་ཨན་གྲོང་ཁྱེར་དང་ཤུན་ཁེ་རྫོང་དང་འབྲེལ་ཡོད།
སུའེ་ལིང་རྫོང་ནི་དཔེ་མཚོན་ཅན་གྱི་བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། དུས་བཞི་གསལ་པོ་ཡོད་ཅིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ2.5ཡིན་པ་དང་། ཕན་ནུས་ལྡན་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ2500ལྷག་ཙམ་ཟིན་པ། ཆར་ཆུ་འབབ་ཚད་ཧའོ་སྨི600ཡས་མས་ཟིན་པ། སད་མེད་དུས་ཀྱི་ཉིན132བཅས་ཡིན།
སྤྱི་ལོ2011ལོའི་བར་སུའེ་ལིང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི32ལས་བརྒལ་ཡོད། མངའ་ཁོངས་སུ་རྒྱ་རིགས་དང་། ཁྲའོ་ཞན། མན་ཇུ་རིགས། ཧུའེ་རིགས། སོག་རིགས། མིའོ་རིགས། ཀྲོང་རིགས། ཨོ་ལུན་ཁྲུན། འཇང་རིགས། ཏ་ཝོར་རིགས། ཞི་པོ། ཏུང་རིགས་སོགས་མི་རིགས12ཡོད།
སྤྱི་ལོ2010ལོར་སུའེ་ལིང་རྫོང་གི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར30ཟིན་པ་དེ“ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”འཆར་འགོད་དམིགས་ཚད་(གཤམ་དུ“དམིགས་ཚད”ཅེས་བསྡུ་རྒྱུ)ལས་སྒོར་དུང་ཕྱུར7.2ཀྱིས་མཐོ་བ་ཡོད་པ་དེ་མྱུར་ཚད་ཀྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས6.2ཀྱིས་མཐོ་བ་ཡོད་པ་དེ“ལོ་ལྔའི་འཆར་འགོད་བཅུ་པའི”དུས་མཇུག་ལས112.3%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9654དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར7000ཡིན་པ་དེ་དམིགས་ཚད་ལས་བརྒྱ་ཆའི་གྲངས13.2དང17.3སོ་སོར་མཐོ་བ་དང་། “ལོ་ལྔའི་འཆར་འགོད་བཅུ་པའི”དུས་མཇུག་ལས153.7%དང191.5%སོ་སོར་འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར9001ཟིན་པ་དེ་“ལོ་ལྔའི་འཆར་འགོད་བཅུ་པའི་”དུས་མཇུག་ལས109.86%འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར10.7བྱུང་བ་དེ་མྱུར་ཚད་ཀྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས14.3གྱིས་མཐོ་བ་ཡོད་པ་དེ“ལོ་ལྔ་ཚན་བཅུ་པའི”དུས་མཇུག་ལས98.15%འཕར་ཡོད། ལོ་ཧྲིལ་པོར་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར1.06བྱུང་བ་དེ་མྱུར་ཚད་ཀྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས14.3གྱིས་མཐོ་བ་ཡོད་པ་དེ“ལོ་ལྔའི་འཆར་འགོད་བཅུ་པའི”དུས་མཇུག་ལས162.7%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི6315ཟིན་པ་དེ་ཐེངས་གཅིག་རང་བཞིན་གྱི་ཡོང་འབབ་ཕུད་དེ“ལོ་ལྔའི་འཆར་འགོད་བཅུ་པའི”དུས་མཇུག་ལས155.09%འཕར་ཡོད། སྤྱི་ལོ2010ལོར་ཐོན་ལས་གྲུབ་ཆ་ཐེངས་གསུམ་དེ་ལོ་ལྔའི་འཆར་འགོད་བཅུ་པའི་དུས་མཇུག་གི60.5:11.3:28.2ནས58.3:17.6:24.1བར་ལེགས་སྒྲིག་བྱས་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4ཟིན་པ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས13.33%བཟུང་ཡོད།
སྤྱི་ལོ2010ལོར་སུའེ་ལིང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད་ཀྱི70%དང65%སོ་སོར་ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལམ་གཙོ་བོ་ཚང་མ་སྲ་འགྱུར་དང་སྔོ་ལྗང་ཅན་དུ་འགྱུར་བ་བྱ་རྒྱུ། ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་སྨི་གྲུ་བཞི་མ་ཁྲི200ལྷག་ཙམ་གསར་སྤེལ་བྱས་ནས་ཁྲོམ་གཞུང་གཙོ་བོ་དང་ཐོག་བརྩེགས་ཁང་ཆེན་ཚང་མ་དཀར་ཆ་དོད་པ། ལམ་མདོ་གཙོ་བོ་དང་གཙོ་གནད་ཚན་པ་ལ་དྲ་རྒྱའི་ལྟ་སྐུལ་ཚོད་འཛིན་ཐུབ་པ་བྱེད་དགོས། རྫོང་ཡོངས་སུ་ཡུལ་ཚོ་དང་གྲོང་ཚོ་ཚང་མར་གཞུང་ལམ་སྤྱི་ལེ1538བསྐྲུན་ནས་གྲོང་ཚོ་ཚང་མར་ལམ་་ཤར་གཏོང་ཐུབ་པ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི8000ལྷག་ཙམ་བཏང་། ལུས་རྩལ་སྤྲོ་གསེང་ཐང་ཆེན་དང་། རིག་གནས་ཐང་ཆེན། རྩི་ཤིང་ལྡུམ་ར་བཅས་གསར་སྐྲུན་བྱས་ཡོད།
སྤྱི་ལོ2010ལོར་སུའེ་ལིང་རྫོང་གི་སློབ་གསོའི“གཞི་རྩའི་ཆ་གཉིས”ཀྱི་ཚད་ལོན་ལས་དོན་ལ་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་དང་མཐོ་རིམ་སློབ་འབྲིང་དངོས་གཞིའི་ཚན་ཁག་ཏུ་འཕར་ཚད་ཀྱི46.6%ཡན་ཟིན་པ་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལས་རིགས་ལག་རྩལ་སློབ་གྲྭ་དང་དངོས་སྦྱོང་རྟེན་གཞི་གསར་སྐྲུན་བྱས།
སྤྱི་ལོ2010ལོར་སུའེ་ལིང་རྫོང་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང9དང་ཡུལ་ཚོ་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས8བསྐྲུན་ཡོད། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཆར་ལྡན་བུ་བཙའི་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། མི་འབོར་རང་ཤུགས་སུ་འཕར་ཚད་ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་དམིགས་འབེན་ཁྱབ་ཁོངས་སུ་ཚོད་འཛིན་བྱས་ཡོད།
སྤྱི་ལོ2010ལོར་སུའེ་ལིང་རྫོང་གི་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བསྡོམས་འབོར་སོགས་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་དེ་ཞིང་ཆེན་དང་གྲོང་ཁྱེར་གྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ཁྱབ་ཁོངས་ནང་ཚོད་འཛིན་བྱས་པ་དང་། སྒོར་ཁྲི་ཟིན་པའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཕྱོགས་བསྡུས་ནུས་རྒྱུ་ཟད་ཚད་ཚད་ལྡན་རྡོ་སོལ་ཏུན0.925ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་ཁྱབ་ཚད་ཀྱི35%ཟིན་པ། མི་རེའི་ཆ་སྙོམས་སྤྱི་པའི་སྔོ་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ8ཟིན་པ། རྫོང་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་ཀྱི51%ཟིན་པ་དེ“ལོ་ལྔའི་འཆར་འགོད་བཅུ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས1མཐོ་རུ་ཕྱིན་ཡོད།
སྤྱི་ལོ2010ལོར་སུའེ་ལིང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་རྒན་གསོའི་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཁྱབ་ཚད་ཀྱི12.5%འཕར་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་པ་དང་། གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་གསར་པ་ཚོད་ལྟ་བྱས་པས་ཞིང་དུད་ལ་ལོ10སྔ་སྣུར་དུ་རྒན་གསོའི་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།