ཝང་དབྱི་ཆུས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-24 14:41ལ་འགྲུབ།

ཝང་དབྱི་ཆུས།

ཝང་དབྱི་ཆུས།
ཝང་དབྱི་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཤིང་། སྔོན་ཐུང་ཁྲོན་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། དངུལ་རྩ། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་ཡིན་ལ་ཐུང་ཁྲོན་གྲོང་ཁྱེར་བྱང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཝང་དབྱི་ཆུས་ཀྱི་མངའ་ཁོངས་སུ་ཧོན་ཆུས་ཁྲོམ་གཞུང་དང་། ཁམ་བུའི་ལྡུམ་ར། བདུན་གཅིག་ལམ། གཞོན་ནུའི་ལམ། ཝང་ཅ་ཧོ། ཝང་དབྱི་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ་དྲུག་དང་ཧོང་པའོ་གྲོང་རྡལ་བཅས་ཡོད་པ་དང་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི19.8(སྤྱི་ལོ2015ལོ)ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ162.2ཟིན་པ་དང་།ཆུས་མི་དམངས་སྲིད་གཞུང་ནི་བདེ་ཐང་ལམ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2013ལོར་ཆུས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར73.17ཟིན་པ་དང་ཡའོ་ཀྲོའུ་རྫ་ཐབ་རྟེན་རྫས་བཤམས་མཛོད་ཁང་དང་། ཐན་ཁོའོ་གནའ་ཤུལ། ཞིན་ཡོན་དགོན་པའི་མཆོད་རྟེན་སོགས་མཛེས་ལྗོངས་གྲགས་ཅན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王益区
ཕྱི་ཡིག་མིང་།
Wangyi District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
གནས་ཡུལ།
ཧྲའན་ཞི་ཀོན་ཀྲུང་གཤོངས་སའི་བྱང་རྒྱུད།
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར།
གཞི་ཁྱོན།
སྤྱི་ལེ་གྲུ་བཞི་མ162.2
མངའ་ཁོངས།
སྲང་ལམ6དང་གྲོང་རྡལ1
མི་གྲངས།
མི་ཁྲི20.24(སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར )
སྲིད་གཞུང་གནས་ཡུལ།
བདུན་གཅིག་སྲང་ལམ་གྱི་བདེ་ཐང་ལམ།
ནམ་ཟླ།
དྲོ་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0919
གནམ་གྲུང་ཐང་།
ཞི་ཨན་ཞན་དབྱང་རྒྱལ་སྤྱིའི་གནམ་གྲུ་ཐང་།
སྦྲག་སྲིད་ཨང་རྟགས།
727000
མེ་འཁོར་ས་ཚིགས།
ཐུང་ཁྲོན་ས་ཚིགས། ཐུང་ཁྲོན་ལྷོ་ཚིགས།
རླངས་འཁོར་ཚབ་ཨང་།
ཧྲའནB(陕B)
སྲིད་འཛིན་ཚབ་ཨང་།
610202
1 ངོ་སྤྲོད།

ཝང་དབྱི་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཤིང་། སྔོན་ཐུང་ཁྲོན་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། དངུལ་རྩ། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་ཡིན་ལ་ཐུང་ཁྲོན་གྲོང་ཁྱེར་བྱང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།

ཝང་དབྱི་ཆུས་ཀྱི་མངའ་ཁོངས་སུ་ཧོན་ཆུས་ཁྲོམ་གཞུང་དང་། ཁམ་བུའི་ལྡུམ་ར། བདུན་གཅིག་ལམ། གཞོན་ནུའི་ལམ། ཝང་ཅ་ཧོ། ཝང་དབྱི་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ་དྲུག་དང་ཧོང་པའོ་གྲོང་རྡལ་བཅས་ཡོད་པ་དང་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི19.8(སྤྱི་ལོ2015ལོ)ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ162.2ཟིན་པ་དང་།ཆུས་མི་དམངས་སྲིད་གཞུང་ནི་བདེ་ཐང་ལམ་དུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ2013ལོར་ཆུས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར73.17ཟིན་པ་དང་ཡའོ་ཀྲོའུ་རྫ་ཐབ་རྟེན་རྫས་བཤམས་མཛོད་ཁང་དང་། ཐན་ཁོའོ་གནའ་ཤུལ། ཞིན་ཡོན་དགོན་པའི་མཆོད་རྟེན་སོགས་མཛེས་ལྗོངས་གྲགས་ཅན་ཡོད། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1984ལོ་དང་སྤྱི་ལོ1987ལོའི་ས་ཁུལ་གྱི་དབྱེ་འབྱེད་ཐེངས་གཉིས་བསྒྱུར་རྗེས། མངའ་ཁོངས་སུ་གྲོང་རྡལ1དང་། ཡུལ་ཚོ2སྲང་ལམ་དོན་གཅོད་ཁང4བཅས་ཡོད། གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ162.2ཡོད།

སྤྱི་ལོ2000ལོའི་ཟླ2པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གིས་ཐོང་ཁྲོན་གྲོང་ཁྱེར་གྱི་གྲོང་ཁུལ་ཝང་དབྱི་ཆུས་སུ་བསྒྱུར་བ་ཡིན། ཟླ4ཚེས18ཉིན་ཆུས་སྲིད་གཞུང་གིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ནས་ཝང་དབྱི་ཆུས་ཞེས་དངོས་སུ་མིང་བསྒྱུར།

སྤྱི་ལོ2003ལོའི་ཟླ7པའི་ཚེས28ཉིན་ཝང་དབྱི་ཆུས་ཨུད་མི་དམངས་སྲིད་གཞུང་ཧུང་ཆི་ཁྲོམ་གཞུང་དེ་གྲོང་ཁྱེར་སྲིད་གཞུང་ལས་ཁུངས་ཀྱི་ཐོག་བརྩེགས་ཁང་དུ་གནས་སྤོས།

སྤྱི་ལོ2010ལོའི་ཟླ9པའི་ཚེས26ཉིན་ཝང་ཅ་ཧོ་གྲོང་རྡལ་སྲིད་གཞུང་གི་མིང་ཝང་ཅ་ཧོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཞེས་མིང་བསྒྱུར་།

3 ​སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2015ལོའི་བར་ཝང་དབྱི་ཆུས་མངའ་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ6དང་། གྲོང་རྡལ1གྲོང་ཚོ་ཨུ་ཡོན་ལྷན་ཁང30སྡེ་ཁུལ19བཅས་ཡོད།

4 མི་གྲངས།

སྤྱི་ལོ2010ལོར་མངའ་ཁོངས་ཀྱི་མི་འབོར་ཁྲི20.79ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི17.1ལྷག་ཙམ་དང་གྲོང་གསེབ་ཀྱི་མི་འབོར་ཁྲི3.69ལྷག་ཙམ་ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་202100ཟིན་པ་དེ་སྤྱི་ལོ2012ལོའི་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར201500དང་བསྡུར་ན་མི600འཕར་ནས2.9འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར170206དང་གྲོང་གསེབ་ཀྱི་མི་འབོར31894ཡོད། ཆུས་ཡོངས་སུ་རྒྱ་རིགས་མི་འབོར་གཙོ་བོར་བཟུང་ཡོད།

5 ས་ཁམས་ཁོར་ཡུག

ཝང་དབྱི་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཤིང་། སྔོན་ཐུང་ཁྲོན་གྲོང་ཁྱེར་གྱི་ ཆབ་སྲིད་དང་། དཔལ་འབྱོར། དངུལ་རྩ། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་ཡིན་ལ་ཐུང་ཁྲོན་གྲོང་ཁྱེར་བྱང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལ། ཤར་གྱི་གཞུང་ཐིག108°57'—109°09'དང་། བྱང་གི་འཕྲེད་ཐིག34°57'—35°12'བར་དུ་གནས། གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ162.2ཡོད།

6 དཔལ་འབྱོར།

སྤྱི་ལོ2005ལོར་ཝང་དབྱི་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར20.9ཟིན་པ་དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.59ཟིན། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.26ཟིན། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར9.8ཟིན། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར2246ཟིན་ཡོད། སྤྱི་ལོ2010ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར44.21ཟིན་པ་དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.31ཟིན། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར31.36ཟིན། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར20.5ཟིན། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5453ཟིན་ཡོད།

སྤྱི་ལོ2011ལོར་ཆུས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར53.69ཟིན་པ་དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.6ཟིན། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར42.94ཟིན། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར24.08ཟིན་ལ། ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18845ཟིན། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར6878ཟིན་ཡོད།

སྤྱི་ལོ2012ལོའི་ལོ་སྟོད་དུ་ཆུས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར26.88ཟིན་པ་དང་། བཟོ་ལས་ཐོན་སྐྱེད་རིན་ཐང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར31.2ཟིན། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.53ཟིན། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར14.08ཟིན། ཆུས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10202ཟིན། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར3600ཟིན་ཡོད།

ཞིང་ལས།

སྤྱི་ལོ2006ལོ་ནས་སྤྱི་ལོ2011ལོའི་བར་ཆུས་ཡོངས་སུ་ཁྱོན་ཤིང་འབྲས་སྐམ་པོ་མུའུ་ཁྲི6.97འདེབས་འཛུགས་བྱས། སྤྱི་ལོ2011ལོར་ཆུས་ཡོངས་ཀྱི་འབྲུ་རིགས་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་མུའུཁྲི5.59ཟིན་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན9500ཟིན་པ་དང་། ཤིང་ཏོག་གི་རྒྱ་ཁྱོན་མུའུ་ཁྲི5.38ཟིན་པ་དང་ཐོན་ཚད་ཏུན37000ཟིན་ཡོད།ཆུས་ནང་ཁུལ་དུ་ཤིང་འབྲས་མུའུ་ཁྲི5.38འདེབས་འཛུགས་བྱས་པ་དང་། ཤིང་འབྲས་སྐམ་པོ་མུའུ་ཁྲི3.2འདེབས་འཛུགས་བྱས། ཀུ་ཤུ་དང་ཁམ་བུ་ལ་ཀྲུང་གོའི་དབྱང་ལིང་ཞིང་ལས་མཐོ་རིམ་སློབ་ཆེན་གྱི་བྱ་དགའ་ཐེངས་མང་ཐོབ་མྱོང་། སྤྱི་ལོ2011ལོར་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི16060ཟིན་ཡོད།

བཟོ་ལས།

སྤྱི་ལོ2011ལོ་བར་ཝང་དབྱི་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས28ཡོད་པའི་ནང་དེང་རབས་འཛུགས་སྐྲུན་རྒྱུ་ཆའི་ཁེ་ལས11དང་། སྒྲིག་ཆས་བཟོ་སྐྲུན་ཁེ་ལས8འཁེལ་འཐག་གྱོན་ཆས་ཁེ་ལས4རིགས་གཞན་གྱི་ཁེ་ལས5བཅས་ཡོད།

7 འཕྲོད་བསྟེན་ལས་དོན།

ཝང་དབྱི་ཆུས་ཀྱི་ཡུལ་ཚོ་དང་། གྲོང་ཚོ(སྡེ་ཁུལ)ཆུས་བཅས་རིམ་གསུམ་གྱི་འཕྲོད་བསྟེན་སྨན་བཅོས་ཞབས་ཞུའི་ཁུལ་འཛུགས་སྐྲུན་དང་སྨན་བཅོས་ཡོ་བྱད་སྒྲིག་སྦྱོར་ལེགས་གྲུབ་ཟིན་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ནས་མང་ཚོགས་ཀྱི་སྨན་པ་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ལ་ཐག་གཅོད་བྱས་པ་རེད། ཆུས་ཡོངས་སུ་ཁྱོན་སྨན་ཁང13ཡོད་པའི་ནང་གྲོང་ཁྱེར་རིམ་པའི་སྨན་བཅོས་སྒྲིག་གཞི5དང་། དམངས་གཉེར་སྨན་ཁང3ཆུས་རིམ་པའི་སྨན་ཁང1ཡུལ་ཚོ་འཕྲོད་བསྟེན་ཁང4བཅས་ཡོད། སྨན་ཁང13ནང་རིམ་པ་གསུམ་པའི་སྨན་ཁང་2དང་། རིམ་པ་གཉིས་པའི་སྨན་ཁང2རིམ་པ་དང་པོའི་སྨན་ཁང9བཅས་ཡོད། འཕྲོད་བསྟེན་ཁང87དང་། བཟོ་གཏེར་འཕྲོད་བསྟེན་ཁང26སྒེར་གྱི་སྨན་བཅོས་ཁང61གྲོང་ཚོའི་འཕྲོད་བསྟེན་ཁང58བཅས་ཡོད། ཉལ་ཁྲི་ཁྱོན2081ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ2038ཡོད། མི་ཁྲི་རེར་འཕྲོད་བསྟེན་ལག་རྩལ་མི་སྣ111ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་མཁན36378ཡོད། ཆུས་ཡོངས་སུ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས8དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས3བསྐྲུན། སྡེ་ཁུལ་གྱི་འཕྲོད་བསྟེན་ཁྱབ་ཚད100%ཟིན་ཡོད།

8 སློབ་གསོའི་ལས་དོན།

སྤྱི་ལོ1989ལོའི་དཔྱིད་ཀར།ཞིང་ཆེན་དང་གྲོང་ཁྱེར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཆུས་ཡོངས་སུ་ལོ་དྲུག་གི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་འགོ་བརྩམས།    སྤྱི་ལོ1996ལོའི་ཟླ9པར་ཆུས་ཡོངས་ཀྱི“གཞི་རྩའི་ཆ་གཉིས”ཀྱི་ལས་དོན་དེ་ཞིང་ཆེན་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཚོགས་པས་ཚོད་སྐོར་ཞིབ་བཤེར་རྩིས་ལེན་བྱས་པ་གྲོས་འཆམ་བྱུང་ནས“ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་བཏང་ནས་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་བའི་ས་ཁུལ”གྱི་མཚན་སྙན་ཐོབ། སྤྱི་ལོ2001ལོར་ཞིང་ཆེན་སྲིད་གཞུང་གིས་བསྐྱར་ཞིབ་རྩིས་ལེན་བྱས།    སྤྱི་ལོ2009ལོའི་ཟླ6པར་ཝང་དབྱི་ཆུས་ཀྱི“མཐོ་གཉིས་དགུ་སྤེལ”གྱི་ལས་དོན་ལ་ཞིང་ཆེན་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཚོགས་པས་ཚོད་སྐོར་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་དེ། “སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི”མཚན་སྙན་སྤྲད་དེ་ཞིང་ཆེན་ཡོངས་ཀྱི་ཨང11པ་དང་ཐུང་ཁྲོན་གྲོང་ཁྱེར“མཐོ་གཉིས་དགུ་སྤེལ”གྱི་རྫོང(ཆུས)དང་པོར་གྱུར་ཡོད།

སྤྱི་ལོ2011ལོར། ཞིང་ཆེན་རིམ་པའི་སློབ་གསོ་ཅུའུ་ཡིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ནས་ཐུང་ཁྲོན་གྲོང་ཁྱེར་གྱི་ ཞིབ་བཤེར་རྩིས་ལེན་ཐེངས་དང་པོ་བྱས་པའི་རྫོང(ཆུས)ཡིན།

སྤྱི་ལོ2012ལོའི་བར་ཝང་དབྱི་ཆུས་སུ་སློབ་ཆུང11དང་། སློབ་ཆུང་སློབ་ཁྲིད་ས་ཚིགས16དམའ་རིམ་སློབ་འབྲིང5མཐོ་རིམ་སློབ་འབྲིང3ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ཀྱི་སློབ་གྲྭ3མཐོ་རིམ་ལས་རིགས་སློབ་འབྲིང1བཅས་ཡོད། སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ9494དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ6879མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ3797ལས་རིགས་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ2865སློབ་ཆུང་གི་ཆེད་བསྐོས་དགེ་རྒན789དམའ་རིམ་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན467མཐོ་རིམ་སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན388བཅས་ཡོད།

9 ལུས་རྩལ།

སྤྱི་ལོ2005ལོ་ནས་སྤྱི་ལོ2010ལོའི་བར་རིམ་རྩིས་བྱས་ན་ལུས་རྩལ་འགྲན་ཚོགས་ཐེངས10སྤེལ་བ་དང་། ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལུས་རྩལ་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བཅས་ལ་མཐོང་ཆེན་བྱས་ནས་ཆེད་སྤྱོད་ལུས་རྩལ་སྦྱོང་བརྡར་ར་བ2བཙུགས་ཡོད། ལུས་རྩལ་གྱི་ཆེད་དོན་སྦྱོང་བརྡར་རྣམ་གྲངས2ཡོད་པ་ནི་ལག་རྩལ་སྤོ་ལོ་དང་ཕིང་ཕང་སྤོ་ལོ་གཉིས་ཡིན། མང་ཚོགས་རང་བཞིན་གྱི་ལུས་རྩལ་ཚོགས་པ་གོང་འཕེལ་དང་ཁྲིད་སྟོན་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཆུས་ཡོངས་སུ་མང་ཚོགས་རང་བཞིན་གྱི་ལུས་རྩལ་ཚོགས་པ8བཙུགས་པ་དང་དེའི་ནང་ཞུགས་མཁན་མི་གྲངས2000ཟིན་ཡོད། ཁྱོན་སྤྲོ་གསེང་ལུས་སྦྱོང་ཐང་ཆེན42བསྐྲུན་པའི་ནང་གྲོང་གསེབ་ས་ཁུལ32དང་གྲོང་ཁྱེར10ཡོད།ཁྱོན་ལུས་སྦྱོང་ཡོ་བྱད300བཀོད་སྒྲིག་བྱས་ཡོད།

10 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)རིམ་པ་གཉིས་པའི་མིང་ཐོར་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཝང་དབྱི་ཆུས།