ཆིང་ཨན་རྫོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-24 09:06ལ་འགྲུབ།

ཆིང་ཨན་རྫོང་།

ཆིང་ཨན་རྫོང་།
ཆིང་ཨན་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། ཧེ་ལུང་ཅང་ཞིང་ཆེན་དབུས་རྒྱུད་ཀྱི་སུང་ནེན་བདེ་ཐང་དང་ཞིང་ཨན་ལིང་ཆུང་བའི་རི་རྒྱུད་དུ་གནས་ཤིང་། ཧུའུ་ལན་ཆུ་བོའི་འབབ་རྒྱུད་ཀྱི་སྟོད་རྒྱུད་དུ་གཏོགས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5469ཟིན་པ་དང་དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ14དང་གྲོང་ཚོ93ཡོད་པ་དང་ཁྱོན་མི་འབོར་ཁྲི41.2ཡོད། ཧ་ཅ་ལྕགས་ལམ་དང་། ཧ་དབྱི་གཞུང་ལམ། ཅི་ནན་གཞུང་ལམ་བཅས་བརྒྱུད་དེ་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ170ཡོད་པ་དང་། རྒྱལ་ཁབ་ཀྱི་ལྗང་མདོག་བཟའ་བཅའAརིམ་པའི་ཆུ་འབྲས་ཐོན་སྐྱེད་ཀྱི་རྟེན་གཞི་ཡིན་པས“ཀྲུང་གོའི་ལྗང་མདོག་བཟའ་བཅའི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། སྤྱི་ལོ2019ལོའི་ཟླ1པོའི་ཚེས25ཉིན་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“བདེ་འཇགས་ཞིང་ལས་འཕྲུལ་ཆས”གྱི་དཔེ་སྟོན་རྫོང་དུ་བདམས་པ་ཡིན། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི་རྫོང་ཡོངས་ཀྱི་སྐུལ་འདེད་ཚོད་ལྟའི་ལས་ཁུངས་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
庆安县
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
ཆིང་ཨན་གྲོང་རྡལ། ཏ་ལུའོ་གྲོང་རྡལ། ཕིང་ཨན་གྲོང་རྡལ།
སྲིད་གཞུང་གནས་ཡུལ།
ཆིང་ཨན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0455
སྦྲག་སྲིད་ཨང་རྟགས།
152400
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ5607ཡོད།
མི་གྲངས།
ཁྲི38ཡོད།
གནམ་གཤིས།
གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)M
སྲིད་འཛིན་ཚབ་ཨང་།
231224
1 ​ངོ་སྤྲོད།

ཆིང་ཨན་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། ཧེ་ལུང་ཅང་ཞིང་ཆེན་དབུས་རྒྱུད་ཀྱི་སུང་ནེན་བདེ་ཐང་དང་ཞིང་ཨན་ལིང་ཆུང་བའི་རི་རྒྱུད་དུ་གནས་ཤིང་། ཧུའུ་ལན་ཆུ་བོའི་འབབ་རྒྱུད་ཀྱི་སྟོད་རྒྱུད་དུ་གཏོགས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5469ཟིན་པ་དང་དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ14དང་གྲོང་ཚོ93ཡོད་པ་དང་ཁྱོན་མི་འབོར་ཁྲི41.2ཡོད། ཧ་ཅ་ལྕགས་ལམ་དང་། ཧ་དབྱི་གཞུང་ལམ། ཅི་ནན་གཞུང་ལམ་བཅས་བརྒྱུད་དེ་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ170ཡོད། 

ཆིང་ཨན་རྫོང་ནི་རྒྱལ་ཁབ་ཀྱི་ལྗང་མདོག་བཟའ་བཅའAརིམ་པའི་ཆུ་འབྲས་ཐོན་སྐྱེད་ཀྱི་རྟེན་གཞི་ཡིན་པས“ཀྲུང་གོའི་ལྗང་མདོག་བཟའ་བཅའི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། སྤྱི་ལོ2019ལོའི་ཟླ1པོའི་ཚེས25ཉིན་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“བདེ་འཇགས་ཞིང་ལས་འཕྲུལ་ཆས”གྱི་དཔེ་སྟོན་རྫོང་དུ་བདམས་པ་ཡིན། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི་རྫོང་ཡོངས་ཀྱི་སྐུལ་འདེད་ཚོད་ལྟའི་ལས་ཁུངས་བཅས་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1914ལོའི་ཟླ2པའི་ཚེས5ཉིན་ཆིང་ཁྲེང་རྫོང་དུ་བསྒྱུར། 

སྤྱི་ལོ1929ལོའི་ཟླ2པར། ལམ་ལུགས་མེད་པར་བཟོས་ཏེ། ཞིང་ཆེན་ཐད་གཏོགས་སུ་བསྒྱུར། བྱང་ཤར་དགྲ་ལག་ཏུ་ཤོར་རྗེས་ཐོག་མར་ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས། 

སྤྱི་ལོ1934ལོའི་ཟླ12པར་ལི་པིན་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་བསྒྱུར། 

སྤྱི་ལོ1939ལོའི་ཟླ6པར། ཡང་པེ་ཨན་ཞིང་ཆེན་གྱི་མངའ་འོག་ཏུ་གསར་དུ་བཙུགས། 

སྤྱི་ལོ1943ལོའི་ཟླ7པའི་ཚེས1ཉིན་ཆིང་ཁྲེང་དང་ཐེ་ཆི་རྫོང་གཉིས་དངོས་སུ་ཟླ་སྒྲིལ་བཏང་ནས་ཆིང་ཨན་རྫོང་དུ་བསྒྱུར། རྫོང་མཁར་ཆིན་ཨན་ཁྲོམ་ལམ་དུ་བསྒྱུར། 

སྤྱི་ལོ1945ལོར“དགུ་གསུམ”འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ཆིང་ཨན་རྫོང་ཧེ་ལུང་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས། 

སྤྱི་ལོ1946ལོའི་ཟླ6པར། དེ་སྔའི་ཐའེ་ལི་ས་ཁུལ་ནས་ཕྱིར་འཐེན་བྱས་ཏེ་ཐའེ་ལི་རྫོང་སླར་གསོ་བྱས། 

སྤྱི་ལོ1947ལོའི་ཟླ2པར། ཆིང་ཨན་རྫོང་ཧེ་ནེན་མཉམ་འབྲེལ་ཞིང་ཆེན་གྱི་ས་ཁུལ་དང་པོའི་མངའ་འོག་ཏུ་གཏོགས། ལོ་དེའི་ཟླ9པར་ཧེ་ནེན་མཉམ་འབྲེལ་ཞིང་ཆེན་ཁ་གྱེས་རྗེས་སྔར་བཞིན་ཧེ་ལུང་ཅང་ཞིང་ཆེན་གྱི་ཐད་གཏོགས་ཁོངས་སུ་གཏོགས།      

སྤྱི་ལོ1956ལོའི་ཟླ3པར་སུའེ་ཧྭ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བཅུག       

སྤྱི་ལོ1958ལོའི་ཟླ8པར་སུང་ཧྭ་ཅང་ས་ཁུལ་གྱིས་བདག་སྐྱོང་བྱས། 

སྤྱི་ལོ1958ལོའི་ཟླ9པའི་ཚེས5ཉིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེའེ་ལི་རྫོང་མེད་པར་བཟོས་ནས་ཆིང་ཨན་རྫོང་དུ་འབྱོར། 

སྤྱི་ལོ1962ལོའི་ཟླ10བའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ། སྔོན་ཆད་ཆིང་ཨན་རྫོང་གི་ཐའེ་ལི་ས་ཁུལ་སོ་སོར་བགོས་ནས་ཐའེ་ལི་རྫོང་སླར་གསོ་བྱས། 

སྤྱི་ལོ1965ལོའི་ཟླ6པར་སུང་ཧྭ་ཅང་ཆེད་ཁུལ་དེ་སུའེ་ཧྭ་ཆེད་ཁུལ་དུ་བསྒྱུར་ཞིང་། ཆིང་ཨན་རྫོང་སུའེ་ཧྭ་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས། 

སྤྱི་ལོ1999ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ས་ཁུལ་རིམ་པའི་སུའེ་ཧྭ་གྲོང་ཁྱེར་བཙུགས་པ་དང་། ཆིང་ཨན་རྫོང་སུའེ་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2014ལོ་བར་རྫོང་ཡོངས་སུ་ཡུལ་ཚོ་དང་གྲོང་རྡལ14དང་། སྲིད་འཛིན་གྲོང་ཚོ93 ཁྲོམ་ལམ་སྡེ་ཁུལ12 རྒྱལ་གཉེར་ནགས་ར8བཅས་ཡོད།

3 གནས་ཡུལ།

ཆིང་ཨན་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་དབུས་རྒྱུད་ཀྱི་སུང་ནེན་བདེ་ཐང་དང་ཞིང་ཨན་ལིང་ཆུང་བའི་རི་རྒྱུད་དུ་གནས་ཤིང་། ཧུའུ་ལན་ཆུ་བོའི་འབབ་རྒྱུད་ཀྱི་སྟོད་རྒྱུད་དུ་གཏོགས། ནུབ་ཏུ་ཞིང་ཆེན་ལྟེ་གནས་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ170དང་། ཤར་དུ་དབྱི་ཁྲུན་དང་བར་ཐག་སྤྱི་ལེ178 བྱང་དུ་སྒོ་དབྱེའི་གྲོང་ཁྱེར་ཧེ་ཧོ་དང་བར་ཐག་སྤྱི་ལེ470 རྡོ་སོལ་གྲོང་ཁྱེར་ཧོ་ཀང་དང་བར་ཐག་སྤྱི་ལེ280བཅས་ཡོད། 

4 གནམ་གཤིས།

གནམ་གཤིས་ཀྱི་ཁྱད་ཆོས་ནི་གྲང་ངར་ཆེ་བའི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞི་གསལ་བ་དང་། དཔྱིད་ཀར་རླུང་མང་ཞིང་ཐན་པ་ཆེ་བ། དབྱར་དུས་ཚ་བ་ཆེ་ལ་ཆར་ཆུ་མང་བ། སྟོན་དུས་དྲོ་ཞིང་བསིལ་བ། དགུན་དུས་གྲང་ཞིང་སྐམ་ཤས་ཆེ། ཆིང་ཨན་རྫོང་གི་ལོ་རེའི་ཆ་སྙོམས་ཉི་འོད་ཕོག་པའི་དུས་ཚོད་ནི་ཆུ་ཚོད2599ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད་ནི1.69℃ཡིན། སད་མེད་དུས་ཀྱི་ཉིན128ཡས་མས་ཡིན། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི577ཟིན་ཡོད། 

5 མི་གྲངས།

སྤྱི་ལོ2014ལོའི་བར་སྤྱིའི་མི་འབོར་ཁྲི41.2ཡོད་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི31ཡོད།

6 དཔལ་འབྱོར།

སྤྱི་ལོ2004ལོའི་ཟླ10པར་ཧེ་ལུང་ཅང་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་དཔེ་སྟོན་རྟེན་གཞི་ཐོག་མ་དེ་བསྐྲུན་པ་དང་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྡུ་ལེན་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ནས་རྟེན་གཞིའི་ཁེ་ལས57ཟིན་ཡོད། ཐོན་ལས་ཆེ་གྲས་ལྔ་ཕུད། གློག་ཤུགས་དང་། བཟའ་བཅའ། འཕྲུལ་ཆས། རྫས་འགྱུར་བཟོ་ལས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ལྷག་པར་དུ་ཉེ་བའི་ལོ་གཉིས་ནང་མ་དངུལ་སྒོར་དུང་ཕྱུར1.25བཏང་བའི་ཏི་ཧྲེང་གཏེར་ལས་དང་། སྒོར་དུང་ཕྱུར1.5བཏང་བའི་ཀྲུང་ཐེ་དབྱིན་ཆོན་གྱིས་ཤོག་བུ་བཟོ་བ། སྒོར་དུང་ཕྱུར3.3བཏང་བའི་རྒྱལ་ནུས་སྐྱེ་དངོས་ཀྱིས་གློག་འདོན་ཚད་སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས་ཆེན་པོ3ཡོད་པས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། སྤྱི་ལོ2006ལོར་ཁ་ཞེང་གསར་པའི་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི20,590མངོན་འགྱུར་བྱུང་བ་དང་། ཁྲལ་སྒོར་ཁྲི2,747མངོན་འགྱུར་བྱུང་བ། ཕྱོགས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི40%ཙམ་བཟུང་བ། བཟོ་ལས་དཔལ་འབྱོར་དེ་རྫོང་ཁོངས་དཔལ་འབྱོར་གྱི་གཙོ་ཁྲིད་སྟོབས་ཤུགས་སུ་གྱུར་ཡོད།      སྤྱི་ལོ2007ལོ་ནས་བཟུང་ལོ་ལྔའི་རིང་རིམ་རྩིས་བྱས་ན་འཛུགས་སྐྲུན་རྣམ་གྲངས232གསར་སྤེལ་བྱས་པ་དང་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར19.6བཏང་བ་དང་། སྤྱི་ལོ2011ལོ་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི3,000ཡན་བཏང་བ། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར39.2ཟིན་པ། མ་འཇོག་སྒོར་དུང་ཕྱུར12.1ལེགས་གྲུབ་བྱུང་བ། དེའི་ནང་མ་འཇོག་སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས་ཆེན་པོ12ཡོད་པ་དང་སྒོར་ཁྲི5,000ལས་བརྒལ་བའི་རྣམ་གྲངས5ཡོད། སྲོལ་རྒྱུན་གྱི་སྨན་དང་། ཨ་རག འབྲས། ཤིང་ཆ། ཨར་ལས་རྒྱུ་ཆ་བཅས་ཀྱི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་། གསར་དར་གྱི་གཏེར་རྫས་ནུས་རྒྱུ་དང་མཐོ་གསར་ཚན་རྩལ་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་པ། སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར12.4ཟིན་ནས26.5%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར1.95ཟིན་ནས13.3%འཕར་བ། བཟོ་ལས་དཔལ་འབྱོར་གྱིས་རྫོང་ཡོངས་ཀྱི་དཔལ་འབྱོར་གྱི་ཐོབ་སྐལ་བཟུང་ཚད་ཟམ་མི་ཆད་པར་མང་དུ་སོང་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.5བཏང་ནས་ཚད་གཞི་མཐོ་བའི་བཟོ་ལས་གླིང་ཁུལ་བཏོད་པས་གླིང་ཁུལ་གྱི་ཐེག་ནུས་ནུས་པ་ཆེ་རུ་ཕྱིན་པ་དང་གླིང་ཁུལ་གྱི་བཟོ་ལས་རྣམ་གྲངས115ཟིན་ནས“ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔེ་སྟོན་རྟེན་གཞིར”བདམས།

7 སྤྱི་ཚོགས་ལས་འགན།
7_1 སློབ་གསོ།

ཆིང་ཨན་རྫོང་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ200ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི5ལྷག་ཙམ་ཡོད། 

7_2 ཚན་རིག

ཆིང་ཨན་རྫོང་ལ་ཚན་རྩལ་མི་སྣ6835ཡོད། སྤྱི་ལོ1978ལོ་ནས་བཟུང་ཆིང་ཨན་རྫོང་ལ་ཚན་རྩལ་གྲུབ་འབྲས་ཁག260ཐོབ་པ་དང་། ཁེ་བེད་བདག་ཐོབ་ཁག120རེ་ཞུ་བྱས་པ། ཞིང་ཆེན་རིམ་པ་ཡན་གྱི་ཚན་རྩལ་རྣམ་གྲངས་ཁག60ཡི་འགན་འཁུར་བ། རིན་མེད་མ་དངུལ་སྒོར་ཁྲི2000ལྷག་ཙམ་བརྩོན་ལེན་བྱས་པ། ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས8གསོ་སྐྱོང་བྱས་པ། ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཐོན་རྫས་ཁག7བདེན་དཔང་ར་སྤྲོད་བྱས་པ། ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་དེ་སྔའི19.3%ནས48%བར་མཐོ་རུ་ཕྱིན་ཡོད། 

7_3 རིག་གནས།

ཆིང་ཨན་རྫོང་དུ་ད་ཡོད་རིག་གནས་ཁང་དང་། དཔེ་མཛོད་ཁང་། རིག་དངོས་དོ་དམ་ཁང་། དཔྱད་བསྡུར་ཟློས་གར་ཚོགས་པ། གློག་བརྙན་ཁང་། མི་གཉིས་བརྒྱུད་སྒྱུར་ཟློས་གར་ཚོགས་པ1བཅས་ཡོད་པ་དང་གྲོང་གསེབ་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཚང་མར་རིག་གནས་ས་ཚིགས་བཙུགས་ཡོད། སྤྱི་ལོ2000ལོར་སྐུད་ཡོད་བརྙན་འཕྲིན་དང་། སྐུད་མེད་བརྙན་འཕྲིན། ཟློས་སྒྲིག་རླུང་འཕྲིན། རླབས་ཕྲན་ལམ་མང་འཕེན་གཏོང་། རླབས་འབྲིང་འཕེན་གཏོང་བཅས་གཙོ་བོར་བྱས་པའི་རླུང་འཕྲིན་བརྙན་འཕྲིན་ལྟེ་གནས་བསྐྲུན་ཡོད། མཐོ་ཚད་སྨི131ཡོད་པའི་བརྙན་འཕྲིན་རླབས་ཕྲན་འཕེན་གཏོང་མཐོ་ལྕོག་དེ་རྫོང་ཁོངས་ཡོངས་ལ་ཁྱབ་ཡོད། སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ཅན་དང་གྲངས་འཛིན་ཅན་མངོན་འགྱུར་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཡོང་མཁན་དུད་ཚང9500དང་དུད་ཚང31000སོ་སོར་ཟིན་པ་དང་དུད་ཚང་དུ་སྐྱོད་ཚད་ཀྱི63%དང51%སོ་སོར་ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང36དང་སྐུད་ཡོད་བརྙན་འཕྲིན་ལེ་ཚན17སོ་སོར་མཐོང་རྒྱུ་ཡོད།

7_4 འཕྲོད་བསྟེན།

ཆིང་ཨན་རྫོང་དུ་སྨན་བཅོས་འཕྲོད་བསྟེན་ཚན་པ124ཡོད་པའི་ནང་རྫོང་ཐད་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཚན་པ6དང་གྲོང་གསེབ་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང18ཡོད་པ་དང་། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ974ཡོད་པ་དང་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན5ཡོད། མཐོ་རིམ་གཞོན་པའི་གོ་མིང་མི31ཡོད། འབྲིང་རིམ་གོ་མིང་མི221བཅས་ཡོད། 

7_5 ལུས་རྩལ།

ཁང་པའི་ཕྱི་ནང་གི་འགྱིག་བཟོས་དྲ་བའི་སྤོ་ལོ་ཐང3དང་། ཕིང་ཕང་སྤོ་ལོའི་བྱེད་སྒོ་ཁང183 ཚད་ལྡན་ཨར་འདམ་ལན་ཆིའུ་སྤོ་ལོ་ཐང127 སྤྲོ་གསེང་ཐང་ཆེན་ཆེ་གྲས3 གྲོང་གསེབ་ཀྱི་ལུས་རྩལ་རིག་གནས་སོས་དལ་ཐང་ཆེན103 འབྲས་ཞིང་གི་འཁྱག་ཤུད་ར་བ54  ལུས་རྩལ་མི་འབོར་གྱིས་རྫོང་ཡོངས་ཀྱི་མི་འབོར་གྱི41%ཡན་བཟུང་ཡོད། འཛམ་གླིང་རིམ་པའི་འགྲན་བསྡུར་ལ་ཐེངས1ཞུགས་པ་དང་། རྒྱལ་ཁབ་རིམ་པའི་འགྲན་བསྡུར་ཐེངས1 ཞིང་ཆེན་རིམ་པའི་འགྲན་བསྡུར་ཐེངས5 ས་ཁུལ་རིམ་པའི་འགྲན་བསྡུར་ཐེངས7 ཁྱོན་བྱ་དགའ65ཐོབ་པ་བཅས་ཀྱི་ནང་གསེར་གྱི་རྟགས་མ35དང་། དངུལ་གྱི་རྟགས་མ17 ཟངས་ཀྱི་རྟགས་མ13བཅས་ཡོད་པ་མ་ཟད། མི3གྱིས་རྒྱལ་ཡོངས་ཀྱི་ཟིན་ཐོ་ལས་ཐེངས8བརྒལ་ཡོད་། རིམ་པ་གོང་མའི་ལུས་རྩལ་སློབ་གྲྭར་ཕུལ་བྱུང་ལུས་རྩལ་པ3བཏང་བ་དང་ཧ་སག་སི་ཐན་ལུས་རྩལ་སློབ་གླིང་གི་ལུས་རྩལ་རྩལ་འགྲན་སློབ་གྲྭར་ལུས་རྩལ་པ13བཏང་བ་དང་། གསེར་གྱི་རྟགས་མ10དང་། དངུལ་གྱི་རྟགས་མ4 ཟངས་ཀྱི་རྟགས་མ2 གཟེངས་བསྟོད་རྟགས་མ2བཅས་ཐོབ་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྗོངས་ཡོངས་ཀྱི་ལེགས་སྐྱེས་འགྲན་བསྡུར་ཐོག་ཆིང་ཨན་རྫོང་གི་རུ་མི3ལ་སྤྱི་རྒྱ48རིམ་པ་དང་། ཁེ53རིམ་པ། ཁེ58རིམ་པ་བཅས་ཀྱི་ཨང་དང་པོ་ཐོབ་པ་དང་རྒྱལ་ཡོངས་ཀྱི་ལོ་ཆུང་བུད་མེད་ཀྱི་ལྗིད་འདེགས་ཟིན་ཐོ་ཐེངས8བཏོད།

7_6 འཛུགས་སྐྲུན།

གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར20བཏང་ཡོད། གསར་དུ་གསར་སྤེལ་བྱས་པའི་ས་ཁང་བདག་ཁོངས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ139.1ཟིན་པ་དང་། ཚད་ལྡན་ཅན་གྱི་སྡོད་ཁང་ཁུལ་ཆུང96ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་གྲུ་བཞི་མ22.31ནས་གྲུ་བཞི་མ31.64བར་མཐོ་རུ་ཕྱིན་པ། ཆུ་མཁོ་འདོན་མདོང་དྲ་སྒྱུར་བཀོད་དང་། ཚ་གློག་བཟོ་གྲྭའི་ཁྲོ་ཐབ་འབར་སླ་བའི་སྐྱེ་དངོས་སྒྱུར་བཀོད། དྲོད་མཁོ་འདོན་མདོང་དྲ་སྒྱུར་བཀོད། བཙོག་ཆུ་གཙང་གསིང་བཟོ་གྲྭ་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་ལེགས་གྲུབ་ཟིན་ནས་དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི210ཟིན་པ་དང་། རང་འབབ་ཆུ་ཀ་ལ་ཁྱབ་ཚད་དང་ཆུ་འབུད་ཚད་ཀྱི80%ཟིན་པ། གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་དང་། གྲོང་ཁྱེར་སྔོ་འགྱུར། དྭངས་གསལ། མཛེས་བཟོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་། འགྲོ་ལམ་ཆེ་ཆུང35བསྐྲུན་པ་དང་བསྐྱར་སྐྲུན་བྱས་པ། འགྲོ་ལམ་མཁྲེགས་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་7.9ཟིན་པ། གྲོང་ཁུལ་ནང་གི་འགྲོ་ལམ་གྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི42.1ཟིན་པ། སྔོ་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི25.6ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་བྱེད་ཚད་ཀྱི39.02%ཟིན་པ། དྭངས་སུ་གྱུར་ཚད་ཀྱི100%ཟིན་པ། སྔོ་འགྱུར་བྱེད་ཚད་དང“ལོ་ལྔའི་འཆར་འགོད་བཅུ་པའི”དུས་མཇུག་ལས27.85%དང5.26%སོ་སོར་མཐོ་རུ་ཕྱིན་ཡོད། 


དཔྱད་གཞིའི་ཡིག་ཆ།