ཡན་ཅིན་རྫོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-25 09:12ལ་འགྲུབ།

ཡན་ཅིན་རྫོང་།

ཡན་ཅིན་རྫོང་།
ཡན་ཅིན་རྫོང་ནི་རྨ་ཆུའི་བྱང་རྒྱུད་དུ་གནས་ཤིང་། ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་དུ་གཏོགས། ནུབ་ནས་ཞིན་ཞང་གྲོང་ཁྱེར་དང་སྤྱི་ལེ31དང་། ལྷོ་ནས་ཀྲེང་ཀྲོའུ་དང་སྤྱི་ལེ70ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་དང་སྤྱི་ལེ80 ཤར་ནས་ཁའེ་ཧྥེང་བར་སྤྱི་ལེ50 བྱང་ནས་ཨན་དབྱང་དང་སྤྱི་ལེ130བཅས་ཡོད། ཡན་ཅིན་རྫོང་གི་ལྷོ་བྱང་རིང་ཚད་ལ་སྤྱི་ལེ45.5དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ42.5 སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ886 སྤྱིའི་མི་འབོར་ཁྲི52(2016ལོར)བཅས་ཡོད། ཡན་ཅིན་རྫོང་ནི་ཀྲུང་གོའི་འབྲུ་རིགས་ཐོན་སྐྱེད་རྟེན་གཞིའི་རྫོང་ཡིན། མཛེས་ལྗོངས་ཁུལ་གཙོ་བོའི་གྲས་སུ་རྨ་ཆུའི་ནགས་ཚལ་སྤྱི་གླིང་དང་། ཐའེ་ཕིང་ཐེན་གོའི་དབྱིན་ཝང་ཁྲེན་ཡུས་ཁྲེང་བང་སོ། ཞིང་ཆེན་རིམ་པའི་རིག་དངོས་དབན་ཧྲོའུ་མཆོད་རྟེན་སོགས་ཡོད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ས་ཁུལ་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་ཚུད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
延津县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་དབུས།
མངའ་ཁོངས།
གྲོང་རྡལ5དང་ཞང7ཡོད།
སྲིད་གཞུང་གི་ས་གནས།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453200
ས་གནས།
ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་གྱི་དབུས་ཁུལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ886ཡོད།
མི་གྲངས།
ཁྲི51ཡོད།(2016ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
453200
GDP
སྒོར་དུང་ཕྱུར142.1ཡོད།(2018ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།     

ཆིན་རྒྱལ་རབས་ཀྱི་རྒྱལ་པོའི་སྲིད་ལོ་ལྔ་པར(སྤྱི་ལོའི་སྔོན་གྱི242ལོར)མངའ་ཁོངས་སུ་སོན་ཙའོ་རྫོང་བཙུགས།     

རྒྱལ་རབས་ལྷོ་མ་དང་བྱང་མའི་རྒྱལ་རབས་ཕྱི་མ་རྣམས་ཧོང་རྫོང་དུ་ཟླ་སྒྲིལ་བཏང་།    

སུའེ་ཁའེ་ཧོང་གི་ལོ་དྲུག་ཅུར(སྤྱི་ལོ580ལོར) སོན་ཙའོ་རྫོང་སླར་གསོ་བྱས།     

སུང་ཀྲེང་ཧོ་ཁྲི་ལོ་བདུན་པར(སྤྱི་ལོ1117ལོར)རྨ་ཆུའི་གྲུ་ཁ་ནས་ཡན་ཅིན་རྫོང་ཞེས་པར་བསྒྱུར།     

སྤྱི་ལོ1215ལོར་ཡན་ཀྲོའུ་རུ་བསྒྱུར། དེའི་ཁོངས་སུ་ཡན་ཅིན་དང་དབྱང་ཝུའུ། ཡོན་ཝུའུ་བཅས་རྫོང་གསུམ་ཡོད།    

སྤྱི་ལོ1724ལོར་རྨ་ཆུ་ཡོད་པའི་རྐྱེན་གྱིས་ཁའེ་ཧྥེང་ནས་ཝེ་ཧུའེ་ཧྥུ་རུ་བསྒྱུར།

སྤྱི་ལོ1727ལོར་དབྱིན་ཀྲིན་རྫོང་ཡན་ཅིན་རྫོང་དུ་སླེབས།    མིན་གོའི་ཐོག་མའི་སྲིད་གཞུང་མེད་པར་བཟོས་ནས་གཞུང་ལམ་བཙུགས་པ་དང་། ཡན་ཅིན་ནི་ཧོ་ནན་བྱང་རྒྱུད་ཀྱི་ལམ་དུ་གཏོགས།     

སྤྱི་ལོ1949ལོའི་རྗེས་སུ་ཡན་ཅིན་ནི་ཞིན་ཞང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1985ལོར་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་། ཡན་ཅིན་ནི་ཞིན་ཞང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།     

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།    

སྤྱི་ལོ2018ལོའི་ཟླ12བར་ཡན་ཅིན་རྫོང་ཁོངས་སུ་གྲོང་རྡལ5དང་ཤང7ཡོད་པ་སྟེ། དེ་དག་ནི་ཁྲེང་ཀོན་གྲོང་རྡལ་དང་། ཧྥེང་ཀྲོང་གྲོང་རྡལ། ཏུང་ཐུན་གྲོང་རྡལ། ཧྲི་པོ་ཀུའུ་གྲོང་རྡལ། ཝང་ལོའུ་གྲོང་རྡལ། སེན་ཀུའུ་ཤང་། ཝུའེ་ཆིའུ་ཤང་། སི་ཀྲའེ་ཤང་། མ་ཀྲོང་ཤང་། ཁྲེ་ཤང་། ཡུས་ལིན་ཤང་། ཞའོ་ཐན་ཤང་བཅས་སུ་ལོགས་སུ་ཞིང་ར2དང་བཟོ་ལས་གཅིག་སྡུད་ཁུལ2བཀོད་སྒྲིག་བྱས་ཡོད།

3 ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།     

ཡན་ཅིན་རྫོང་ནི་བྱང་གི་འཕྲེད་ཐིག35°10′དང་། ཤར་གྱི་གཞུང་ཐིག114°36′བར་དུ་ཡོད། ཧོ་ནན་ཞིང་ཆེན་གྱི་བྱང་རྒྱུད་དང་རྨ་ཆུའི་བྱང་ངོགས་སུ་གནས།   ནུབ་ངོས་ནས་ཞིན་ཤང་དང་སྤྱི་ལེ37ཡོད་པ་དང་། ལྷོ་ངོས་ནས་ཀྲེང་ཀྲོའུ་དང་སྤྱི་ལེ93ཡོད་པ། ཤར་ངོས་ནས་ཁའེ་ཧྥེང་བར་སྤྱི་ལེ50ཡོད་པ། བྱང་ངོས་ནས་ཨན་དབྱང་བར་སྤྱི་ལེ130ཡོད། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ45.5དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ42.5སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ886ཡོད།     

3_2 ནམ་ཟླ     

ཡན་ཅིན་རྫོང་ནི་དྲོད་འཇམ་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞི་གསལ་ལ་དགུན་གྲང་བ་དང་དབྱར་ཁ་ཚ་བ་ཆེ་བ། ལོ་རེའི་ཆ་སྙོམས་དྲོད་ཚད14℃དང་། ཟླ7པར་ཚ་བ་ཆེ་ཤོས་ཡིན་པས་ཆ་སྙོམས་དྲོད་ཚད27.3℃དང་ཟླ1པོར་ཆ་སྙོམས་དྲོད་ཚད0.2℃ཡིན། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི656.3mmཡིན་པ་དང་། ཟླ6པ་ནས9པའི་བར་ཆར་ཆུ་འབབ་ཚད་ཆེས་མང་བ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི70%ཟིན་པ་མ་ཟད། ཆར་ཆུ་མང་པོ་འབབ་ཀྱིན་ཡོད། སད་མེད་དུས་ཀྱི་ཉིན220དང་ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆུ་ཚོད2400ཙམ་ཟིན་གྱིན་ཡོད།

3_3 ས་ངོ།     

ཡན་ཅིན་ནི་རྨ་ཆུའི་འབབ་རྒྱུད་དུ་གནས་པ་དང་། མངའ་ཁོངས་ཡོངས་ནི་བདེ་ཐང་ཡིན་ལ་རི་ཁུལ་མེད། བྱང་རྒྱུད་དུ་མུ་འབྲེལ་འབར་འབུར་མང་པོ་ཡོད།

3_4 རང་བྱུང་ཐོན་ཁུངས།     

ཡན་ཅིན་རྫོང་ནི་རྨ་ཆུའི་ཆུ་ལམ་རྙིང་པའི་ཁུལ་དུ་གནས་པ་དང་ས་ཁོངས་སུ་གསར་སྤེལ་བྱས་མེད་པའི་གཞུང་ཁོངས་བྱེ་སྒང་དང་བྱེ་ས་མུའུ་ཁྲི20ཡོད་པས་འཛུགས་སྐྲུན་ལ་ཤིན་ཏུ་མཁོ། གཞན་བྱེ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། སྨི་གྲུ་བཞི་ལྷམ་པ་དུང་ཕྱུར2ལྷག་ཙམ་ཡོད།      

4 མི་གྲངས་དང་མི་རིགས།     

སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། ཡན་ཅིན་རྫོང་གི་མི་འབོར་བསྡོམས457771ཡོད་པའི་ནང་ཁྲེང་ཀོན་གྲོང་རྡལ་གྱི་མི་གྲངས34723དང་། ཞའོ་ཏེན་གྲོང་རྡལ་གྱི་མི་གྲངས35078ཧྥེང་ཀྲོང་གྲོང་རྡལ་གྱི་མི་གྲངས32811ཏུང་ཐུན་གྲོང་རྡལ་གྱི་མི་གྲངས30846དང་། ཟིན་ཀའོ་གྲོང་རྡལ་གྱི་མི་གྲངས34173 ཀའོ་ཀྲའེ་ཞང་ལ་མི་གྲངས19324 ཧྲི་མོ་ཀུའུ་གྲོང་བརྡལ་ལ་མི་གྲངས18579 ཆིའུ་ཞང་ལ་མི་གྲངས20991སི་ཀྲའེ་ཞང་ལ་མི་གྲངས18967 ཝང་ལོའུ་གྲོང་བརྡལ་ལ་མི་གྲངས28735ཀྲུའུ་ཀྲའེ་ཞང་ལ་མི་གྲངས20377མ་གྲོང་ཞང་ལ་མི་གྲངས25774 པན་ཆི་ཞང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་གྲངས16686ཡུས་ལིན་ཞང་གི་མི་གྲངས26408 ཞིན་ཨན་ཞང་གི་མི་གྲངས15974 ཐ་ཕུའུ་ཞང་གི་མི་གྲངས22149 ཞའོ་ཐན་ཞང་གི་མི་གྲངས་24224བཅས་ཡོད།      སྤྱི་ལོ2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞི་ལས་མངོན་པར། ཡན་ཅིན་རྫོང་ལ་རྒྱུན་སྡོད་མི་འབོར469248ཡོད།      སྤྱི་ལོ2011ལོར་ཡན་ཅིན་རྫོང་དུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས756ཡོད་པའི་ནང་ཧུའེ་རིགས་མི་གྲངས730དང་མི་རིགས་གཞན་དག26ཡོད། གྲངས་ཉུང་མི་རིགས་ཀྱི་ངལ་རྩོལ་ནུས་ཤུགས312དང་། ཞིང་ལས་གཉེར་མཁན145 བཟོ་ལས་གཉེར་མཁན97ཁེར་རྐྱང་ཆེད་ལས་ཁྱིམ་དུད60 ལས་རིགས་གཞན་དག་ལ་མི10བཅས་ཡོད།      སྤྱི་ལོ2016ལོར་ཡན་ཅིན་རྫོང་དུ་མི་འབོར་ཁྲི51ཡོད།  

5 དཔལ་འབྱོར།     
5_1 ཐོན་ལས་དང་པོ།     

སྤྱི་ལོ2011ལོར་ཡན་ཅིན་རྫོང་གི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང65651ཡོད་པ་དེ་སྤྱི་ལོ2010ལོའི་དུས་མཚུངས་ལས1.33%འཕར་བ་དང་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ལ་ཏུན་ཁྲི41.19ཡོད་པ་དེ་དུས་མཚུངས་ལས2.05%འཕར་ཡོད། དེའི་ནང་དབྱར་འབྲུའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི59.58ཡོད་པ་དེ་སྤྱི་ལོ2010ལོ་ལས0.77%འཕར་བ་དང་། སྟོན་འབྲུ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི11.61ཡོད་པ་དེ་སྤྱི་ལོ2010ལོ་ལས5.45%འཕར་ཡོད།      སྤྱི་ལོ2013ལོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི42.7ཟིན་ནས“ལོ་བཅུ་བསྟུད་མར་འཕར་རྒྱུ”མངོན་འགྱུར་བྱུང་ཡོད། གྲོ་འདེབས་ཁྱོན་མུའུ་ཁྲི95དང་སྤུས་ལེགས་གྲོ་མུའུ་ཁྲི50 སྤུས་ལེགས་གྲོ་སོན་རྟེན་གཞི་མུའུ་ཁྲི25ཟིན་ནས་ཐོན་ཚད་རྒྱ་མ་དུང་ཕྱུར2.5ཟིན། མུའུ་ཁྲི2ཀྱི་སྐྱེ་ལྡན་གྲོ་འདེབས་འཛུགས་རྟེན་གཞིར་ཁས་ལེན་དཔང་འདོན་བྱས་པ་དང་རྒྱལ་ཁབ་རིམ་པའི་སྐྱེ་ལྡན་གྲོའི་ཁས་ལེན་དཔང་འདོན་བྱས་པ། ཀྲུང་གོའི་སྤུས་ལེགས་གྲོའི་ཐོན་ལས་ཅན་གྱི་དཔེ་སྟོན་རྫོང་དུ་བདམས་ནས་ཀྲུང་གོའི་སྤུས་ལེགས་གྲོའི་ཐོན་ལས་ཅན་གྱི་དཔེ་སྟོན་རྫོང་གཅིག་པུར་གྱུར་ཡོད།      སྤྱི་ལོ2013ལོར་ཡན་ཅིན་རྫོང་དུ་ཞིང་པའི་ཆེད་ལས་མཉམ་ལས་ཁང466མང་དུ་ཕྱིན་ནས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་མུའུ4893ལེགས་གྲུབ་ཟིན་ནས་ཧོ་ནན་ཞིང་ཆེན་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྔོན་ཐོན་ཚན་པ་དང་། ཞིན་ཞང་གྲོང་ཁྱེར་གསར་པའི་ནགས་ལས་སྣོད་བཅུད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་རྫོང་། ཞིན་ཞང་གྲོང་ཁྱེར་གྱི་དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་སྔོན་ཐོན་ཚན་པར་བདམས་པ་རེད།      

5_2 ཐོན་ལས་གཉིས་པ།     

སྤྱི་ལོ2011ལོར་ཡན་ཅིན་རྫོང་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར43.87ཟིན་པ་དེ་སྤྱི་ལོ2010ལོའི་དུས་མཚུངས་ལས25.6%འཕར་བ་དང་ཞིང་ཞང་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང(གྲོང་ཁྱེར)བརྒྱད་ཀྱི་ཁྲོད་ཨང་གཉིས་པར་སླེབས་ཡོད། གཞི་ཁྱོན་ཡན་གྱི་ལས་རིགས་ཆེ་གྲས22ཁྲོད་འབྲུ་སྣུམ་བཟའ་བཅའ་ལས་སྣོན་ལས་རིགས་དང་། འཁེལ་འཐག་ལས་རིགས། རྫས་འགྱུར་རྒྱུ་ཆ་དང་དེ་བཞིན་རྫས་འགྱུར་བཟོས་རྫས་ཀྱི་བཟོ་སྐྲུན་ལས་རིགས། འཕྲུལ་ཆས་བཟོ་སྐྲུན་ལས་རིགས་སོགས་ཀ་རྟེན་ཐོན་ལས་ཆེ་གྲས་བཞིར་ཁྱོན་རིན་ཐང་འཕར་མ་སྒོར་ཁྲི330452ཟིན་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་ཀྱི75.3%བཟུང་བ་དེ་སྤྱི་ལོ2010ལོའི་དུས་མཚུངས་ལས14.2%འཕར་ཡོད།      སྤྱི་ལོ2013ལོར་ཡན་ཅིན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས108ཀྱིས་རིན་ཐང་འཕར་མ་སྒོར་དུང་ཕྱུར44.2ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་དང་བསྡུར་ན13%འཕར་ཡོད། འབྲུ་སྣུམ་བཟའ་བཅའ་ལས་སྣོན་ལས་རིགས་དང་། འཁེལ་འཐག་ལས་རིགས། རྫས་འགྱུར་རྒྱུ་ཆ་བཅས་དང་དེ་བཞིན་རྫས་འགྱུར་བཟོས་རྫས་ཀྱི་བཟོ་སྐྲུན་ལས་རིགས། འཕྲུལ་ཆས་བཟོ་སྐྲུན་ལས་རིགས་སོགས་ཀ་རྟེན་ཐོན་ལས་ཆེ་གྲས་བཞིར་འཕར་ཐང་སྒོར་དུང་ཕྱུར31.8ཡོད་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི72%བཟུང་ཡོད།

5_3 ཐོན་ལས་གསུམ་པ།     

སྤྱི་ལོ2011ལོར་ཡན་ཅིན་རྫོང་གི་ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར19.64བཏང་བ་དེ་སྤྱི་ལོ2010ལོའི་དུས་མཚུངས་ལས18.5%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར22.69ཡོད་པ་དེ་དུས་མཚུངས་ལས18.8%འཕར་བ་དང་འཕར་ཚད་ཞིན་ཞང་གྲོང་ཁྱེར་གྱི་་ཁོངས་གཏོགས་རྫོང(གྲོང་ཁྱེར)བརྒྱད་ཀྱི་ཨང3པ་ཡིན་པ་དང་། དེའི་ནང་བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་སིལ་ཚོང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར3ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2010ལོའི་དུས་མཚུངས་ལས32.1%འཕར་བ་དང་མི་སྒེར་གྱིས་སྒོར་དུང་ཕྱུར16.36ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2010ལོའི་དུས་མཚུངས་ལས14.4%འཕར་ཡོད།     

6 སྤྱི་ཚོགས་ལས་དོན།    
6_1  གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན།     

སྤྱི་ལོ2013ལོར་ཡན་ཅིན་རྫོང་གི་གྲོང་ཁུལ་རྙིང་པ་སྨི་ངོས་གྲུ་བཞི་མ་ཁྲི30སྒྱུར་བཀོད་་དང་ཚོང་སྒྱུར་ཁང་པ་སྨི་ངོས་གྲུ་བཞི་མ་ཁྲི48.6གསར་རྒྱག་བྱས་པ། གྲོང་གསེབ་ཀྱི་སྡེ་ཁུལ་གསར་པར་སྡོད་ཁང་སྨི་ངོས་གྲུ་བཞི་མ་ཁྲི114.6གསར་རྒྱག་བྱས་པ་དང་ཞིང་དུད3648ནང་སྡོད་བྱས་པ། སྡོད་ཁང་རྙིང་པ་མུའུ2050བཤིག་པ་དང་མུའུ1510བསྐྱར་སྦོལ་བྱས་ནས་ཧོ་ནན་ཞིང་ཆེན་གྱི་སྡེ་ཁུལ་གསར་པ་འཛུགས་སྐྲུན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།          

6_2 སློབ་གསོའི་བྱ་གཞག     

ཡན་ཅིན་རྫོང་ལ་རིགས་ཁག་གི་མཐོ་རིམ་སློབ་འབྲིང་དང་ལས་རིགས་ལག་རྩལ་དང་ལག་རྩལ་བཟོ་པའི་སློབ་གྲྭ10ལྷག་ཙམ་ཡོད། སྤྱི་ལོ2013ལོར། ཡན་ཅིན་རྫོང་རྒྱལ་ཁའི་ལམ་སློབ་ཆུང་དང་རྫོང་ཐད་གཏོགས་བུ་བཅོལ་ཁང་སྤྱོད་འགོ་ཚུགས་པ་དང་། ཞང་(གྲོང་རྡལ)ལྟེ་བའི་བུ་བཅོལ་ཁང5བསྐྲུན་པ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭའི་གྲུབ་ཆ་གཙོ་བོ་ལེགས་གྲུབ་བྱུང་བ། མཐོ་རྒྱུགས་ཤར་གཏོང་ཐུབ་ཚད95.6%ཟིན་ནས་ཤང་དང་གྲོང་ཁྱེར་གསར་པའི་སློབ་གསོ་སློབ་ཁྲིད་སྤུས་ཚད་ཀྱི་སྔོན་ཐོན་ཚན་པར་བདམས་པ་རེད།      

6_3 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2013ལོར་ཡན་ཅིན་རྫོང་ཀྲུང་ལུགས་སྨན་ཁང་གི་ནད་ཁང་བསྐྲུན་ཟིན་པ་དང་། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་ཚད98.6%ཟིན་པ་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཡིག་ཚགས་བཟོ་ཚད100%ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།