ལན་ཞི་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་པ་དང་། ས་ཁམས་གནས་ཚད་ནི་འཕྲེད་ཐིག་བྱང་མའི46°12′57″ནས46°18′2″དང་ཤར་ཕྱོགས་ཀྱི་གཞུང་ཐིག126°22′12″ནས126°28′6″བར་ཡིན། གྲང་ངར་ཆེ་བའི་ས་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་རྣམ་པའི་ནམ་ཟླའི་ཁོངས་སུ་གཏོགས། བྱང་ཕྱོགས་ཆིང་ཀང་རྫོང་དང་ཝང་ཁུའེ་རྫོང་དང་འབྲེལ་བ། ཤར་ངོས་པེ་ལིན་ཆུས་དང་འབྲེལ་བ། ནུབ་ཀྲའོ་ཏུང་གྲོང་ཁྱེར་དང་འབྲེལ་བ། ནུབ་བྱང་ཨན་ཏ་གྲོང་ཁྱེར་དང་འབྲེལ་ཞིང་། ཞིང་ཆེན་ལྟེ་གནས་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ67ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2499ཟིན་པ་དང་སྤྱི་ལོ2010ལོ་བར་ལན་ཞི་རྫོང་ལ་རྨོ་ཞིང་མུའུ་ཁྲི216དང་། རྩྭ་ཐང་མུའུ་ཁྲི34ཆུ་ངོས་མུའུ་ཁྲི10.63བཅས་ཡོད། སྤྱིའི་མི་འབོར་ཁྲི53(སྤྱི་ལོ2013ལོ)ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི38.8ཟིན་པ་དང་མི་རེའི་ཆ་སྙོམས་རྨོ་ཞིང་མུའུ5.6ཟིན་ཡོད། རྫོང་ཡོངས་སུ་གྲོང་གསེབ་ཀྱི་ཡུལ་ཚོ་དང་གྲོང་རྡལ15དང་། སྲིད་འཛིན་གྲོང་ཚོ105 རང་བྱུང་གྲོང་ཚོ773བཅས་ཡོད།
སྤྱི་ལོ2013ལོར་ལན་ཤིས་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར46.7མངོན་འགྱུར་བྱུང་བ་དང་། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3.74མངོན་འགྱུར་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10237ཟིན་པ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5877ཟིན་ཡོད། ལན་ཞི་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ནི་ཞན་ཡིའུ་ཕོ་བྲང་དང་ཏུང་ལིན་དགོན་པ། ཁྱད་ཐོན་དངོས་རྫས་གཙོ་བོ་ནི་ལན་ཞི་ཞང་ཀྭ་དང་ལན་ཞི་ཡིས་ཀྭ་ཆན་གཉིས་ཡིན། སྤྱི་ལོ2019ལོའི་ཟླ5པའི་ཚེས5ཉིན་ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་གིས་ལན་ཞི་རྫོང་དབུལ་པོའི་རྫོང་གི་གྲས་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད། སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད།
སྤྱི་ལོ1949ལོ་ནས་སྤྱི་ལོ1956ལོའི་བར་ལན་ཞི་རྫོང་ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས།
སྤྱི་ལོ1956ལོ་ནས་སྤྱི་ལོ1958ལོའི་ཟླ8པའི་ཚེས26ཉིན་བར་ལན་ཞི་རྫོང་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་ཚུད།
སྤྱི་ལོ1958ལོའི་ཟླ8པའི་ཚེས27ཉིན་ནས་སྤྱི་ལོ1965ལོའི་ཟླ7པའི་ཚེས10ཉིན་བར་ཧེ་ལུང་ཅང་ཞིང་ཆེན་སུང་ཧྭ་ཅང་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་ཚུད།
སྤྱི་ལོ1965ལོའི་ཟླ7པའི་ཚེས11ཉིན་ནས་སྤྱི་ལོ1985ལོའི་བར་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་སྲིད་འཛིན་ལས་ཁུངས་ཀྱི་མངའ་འོག་ཏུ་བཅུག
སྤྱི་ལོ1992ལོར་ལན་ཞི་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་རྒྱུད་དང་ནུབ་རྒྱུད། སུང་ནེན་བདེ་ཐང་གི་ཤར་རྒྱུད་བཅས་སུ་གནས་ཡོད། རྫོང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ནི་ལན་ཞི་གྲོང་རྡལ་ཡིན།
སྤྱི་ལོ2015ལོའི་ཟླ3པའི་ཚེས་ཝ11ཉིན་ཧེ་ལུང་ཅང་ཞིང་ཆེན་དམངས་སྲིད་ཐིང་གིས་སུའེ་ཧྭ་གྲོང་ཁྱེར་གྱིས་ལན་ཞི་རྫོང་ཧུང་ཀོང་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ་དུ་བསྒྱུར་བ་དང་། ཧུང་ཀོང་ཡུལ་ཚོའི་སྲིད་འཛིན་ས་ཁོངས་ནི་ཧུང་ཀོང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་དེ་སྔའི་ཁོངས་གཏོགས་ཀྱི་འབྲེལ་བ་དང་སྲིད་གཞུང་གནས་ཡུལ་ལ་འགྱུར་ལྡོག་མི་གཏོང་བའི་མོས་མཐུན་བྱས།
སྤྱི་ལོ2014ལོའི་ལོ་འགོར་ལན་ཞི་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ་དང་ཡུལ་ཚོ11ཡོད་པ་སྟེ། གྲོང་རྡལ་དག་ནི། ལན་ཞི་གྲོང་རྡལ། ཡུས་ལིན་གྲོང་རྡལ། ཅང་ཅང་གྲོང་རྡལ། ཕིང་ཧྲན་གྲོང་རྡལ་བཅས་ཡིན། ཡུལ་ཚོ་དག་ནི། ཁང་རོང་ཡུལ་ཚོ། ལན་ཧོ་ཡུལ་ཚོ། ཁྲང་ཀང་ཡུལ་ཚོ། ཧུང་ཀོང་ཡུལ་ཚོ། པེ་ཨན་ཡུལ་ཚོ། ཧུང་ཤིན་ཡུལ་ཚོ། ཡོན་ཏ་ཡུལ་ཚོ། ཧོང་ཡོན་ཡུལ་ཚོ། ཤིན་ཧོ་ཡུལ་ཚོ། ཤིན་ཧོ་ཡུལ་ཚོ་བཅས་ཡིན།
ལན་ཞི་རྫོང་གི་བྱང་ཕྱོགས་ཆིང་ཀང་རྫོང་དང་ཝང་ཁུའེ་རྫོང་དང་འབྲེལ་བ། ཤར་ངོས་སུའེ་ཧྭ་རྫོང་དང་འབྲེལ་བ། ནུབ་མཚམས་ཀྲའོ་ཏུང་གྲོང་ཁྱེར་དང་འབྲེལ་བ། ནུབ་བྱང་ས་ཁུལ་ཨན་ཏ་གྲོང་ཁྱེར་དང་འབྲེལ་ཞིང་། ཞིང་ཆེན་ལྟེ་གནས་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ67ཡོད།
ལན་ཞི་རྫོང་ནི་གྲང་ངར་ཆེ་བའི་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླ་ཡིན། དུས་རླུང་གི་ཤུགས་རྐྱེན་ཐེབས་ནས་དཔྱིད་དུས་ཐན་པ་དང་། དབྱར་དུས་ཐུང་ཞིང་ཚ་བ། སྟོན་དུས་སད་སྔ་བ། དགུན་དུས་གྲང་ངར་ཆེ། ལོའི་ཆ་སྙོམས་དྲོད་ཚད་ཏུའུ2.9ཡིན་པ་དང་ཚ་བ་ཆེ་ཤོས་ནི་ཟླ7པར་ཡིན་པ་དང་། ཆ་སྙོམས་དྲོད་ཚད་ཏུའུ22.6ཟིན་པ། ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས་ཏུའུ37.6ཟིན་པ་དེ་སྤྱི་ལོ1980ལོའི་ཟླ6པའི་ཚེས26ཉིན་ཐོན་པ་དང་། ཟླ་དང་པོར་གྲང་ཤོས་ཡིན་པ་དང་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ20.3ཟིན་པ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཏུའུ39ཟིན་གྱི་ཡོད། བྱེད་སྒོའི་དྲོད་ཚད་ཏུའུ2711ཟིན་པ་དང་། སད་མེད་དུས་ཀྱི་དུས་ཡུན་རིང་ཤོས་ནི་སྤྱི་ལོ1972ལོར་ཉིན160རིང་བ། ལོ་ཐུང་ཤོས་ནི་སྤྱི་ལོ1967ལོར་ཉིན115བཅས་ཡིན། ལན་ཞི་རྫོང་གི་ལོ་རེའི་ཉི་མའི་འགྱེད་འཕྲོའི་སྤྱི་འབོར་ནི་སྟོང་སྨི་རེར་ལི་སྨི་སྟོང15.7ཡིན་པ་དང་། ཟླ6པར་ཆེས་མང་ན་སྟོང་སྨི་རེར་སྟོང་སྨི14.9ཡིན་པ་དང་། ཟླ12པར་ཆེས་ཉུང་ན་སྟོང་ཁེ/ལི་སྨི་སྟོང3.9ཡིན་པ་དང་། ཟླ6པ་ནས་ཟླ8པའི་བར་རིན་ཐང་ཅུང་མཐོ་བ་དང་ཆུ་ཚ་དུས་མཚུངས་ཡིན་པ་དང་། ལོ་ཏོག་སྣ་ཚོགས་སྐྱེས་འཕེལ་ཆེན་པོ་བྱུང་བས་འོད་ནུས་བེད་སྤྱོད་བྱེད་པར་ཕན་ཐོགས་ཡོད།
སྤྱི་ལོ2007ལོར་ལན་ཞི་རྫོང་གི་མི་འབོར་བསྡོམས་འབོར483674ཡོད་པ་དང་མི་འབོར་རང་ཤུགས་སུ་འཕར་ཚད་ཀྱི6.7སྟོང་ཆ་ཟིན་ཡོད། ལོ་ཧྲིལ་པོར་ཚུར་སྤོར་མི་གྲངས4505ཡོད་པ་དང་། ཕྱིར་སྤོ་མི་གྲངས2975ཡོད། མི་འབོར་བསྡོམས་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར86571ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི17.9%བཟུང་བ་དང་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.1མཐོ་རུ་ཕྱིན་ཡོད།
སྤྱི་ལོ2013ལོར་ལན་ཞི་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར46.7བྱུང་བ་དང་། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3.74བྱུང་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར44བཏང་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར10.1བྱུང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར17ཟིན་པ། བཟོ་ལས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི6012ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10237ཟིན་པ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5877ཟིན་ཡོད།
སྤྱི་ལོ2010ལོར་ལན་ཞི་རྫོང་དུ་ཕྱོགས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི7070བྱུང་བ་དེ་ལོ་གོང་མ་ལས11.6%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི3502ཟིན་པ་དེ་དུས་མཚུངས་ལས7%འཕར་བ། བཟོ་ཚོང་ཁྲལ་འབབ་སྒོར་ཁྲི5741བཏང་ནས་སྔ་ལོ་ལས20.4%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་གཏོང་སྒོ་སྒོར་ཁྲི58580ཟིན་པ་དེ་ལོ་གོང་མ་ལས26.9%འཕར་བའི་ནང་ཞིང་ལས་ཀྱི་གཏོང་སྒོ་སྒོར་ཁྲི8855ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི6362འཕར་བ་དང་། སྤྱི་ཚོགས་འགན་སྲུང་གི་གཏོང་སྒོ་སྒོར་ཁྲི13795ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི9166འཕར་བ་དང་། སྲིད་འཛིན་དོ་དམ་གྱི་འགྲོ་གྲོན་སྒོར་ཁྲི9364བཏང་བ་དེ་ལོ་གོང་མ་ལས་སྒོར་ཁྲི2173འཕར་བ་དང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་བྱ་གཞག་གི་གཏོང་སྒོ་སྒོར་ཁྲི17726ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི4153འཕར་བ། ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་སྒོར་ཁྲི80ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི64མང་དུ་ཕྱིན་ཡོད། སྤྱི་ལོ2010ལོར་ལན་ཞི་རྫོང་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་ཁག་བསྡོམས་སྒོར་ཁྲི160902ཟིན་ནས15.2%འཕར་ཡོད། དེའི་ནང་ནོར་སྲིད་རང་བཞིན་གྱི་བཅོལ་དངུལ་སྒོར་ཁྲི4443ཟིན་པ་དེ་ལོ་གོང་མ་ལས27%འཕར་བ་དང་། གྲོང་མིའི་བཅོལ་དངུལ་སྒོར་དུང་ཕྱུར12.9ཟིན་པ་དེ་ལོ་གོང་མ་ལས12%འཕར་བ། ཞིང་ལས་ཀྱི་བཅོལ་དངུལ་སྒོར་ཁྲི9034ཟིན་པ་དེ་ལོ་གོང་མ་ལས8.7%འཕར་བ། ཁེ་ལས་ཀྱི་བཅོལ་དངུལ་སྒོར་ཁྲི7173ཟིན་པ་དེ་ལོ་གོང་མ་ལས100.5%འཕར་བ། ལས་ཁུངས་ཚོགས་པའི་བཅོལ་དངུལ་སྒོར་ཁྲི7870ཟིན་པ་དེ་ལོ་གོང་མ་ལས60%འཕར་ཡོད། དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི188543ཟིན་པ་དེ་ལོ་གོང་མ་ལས8.3%ཆག་ཡོད། དེའི་ནང་དུས་ཐུང་དངུལ་བུན་སྒོར་ཁྲི176750བཏང་བ་དེ་ལོ་གོང་མ་ལས6.6%ཆག་པ། དུས་ཡུན་འབྲིང་རིང་གི་དངུལ་བུན་སྒོར་ཁྲི11792ཟིན་ནས30.8%ཆག་ཡོད། དུས་ཐུང་དངུལ་བུན་ཁྲོད་ཞིང་ལས་དངུལ་བུན་སྒོར་ཁྲི17794ཟིན་ནས་ལོ་གོང་མ་ལས26.8%འཕར་བ། ཨར་སྐྲུན་ལས་རིགས་ཀྱི་དངུལ་བུན་སྒོར་ཁྲི200བཏང་ནས་སྔ་ལོ་དང་མཉམ་པ་དང་། ཚོང་ལས་དངུལ་བུན་སྒོར་ཁྲི107412བཏང་བ་དེ་ལོ་གོང་མ་ལས15.6%ཆག་པ། སྒེར་གཉེར་ཁེ་ལས་དང་དེ་བཞིན་ཁེར་རྐྱང་གི་དངུལ་བུན་སྒོར་ཁྲི115བཏང་ནས་སྔ་ལོ་ལས་སྒོར་ཁྲི1262ཉུང་དུ་ཕྱིན་ཡོད།
སྤྱི་ལོ2013ལོར་ལན་ཞི་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.1བཏང་ནས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང54ཡི་མེ་ཐབ་སྒྱུར་བཀོད་མཚོན་བྱེད་དུ་བྱས་པའི་གསར་སྐྲུན་རྣམ་གྲངས8ལེགས་གྲུབ་བྱུང་ཡོད། སྤྱི་ལོ2014ལོའི་ལོ་འགོར་ལན་ཤིས་རྫོང་དུ་སློབ་འབྲིང་དཀྱུས་མ34ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ27682ཡོད་པ་དེ་ལོ་གོང་མ་ལས7.8%ཉུང་དུ་ཕྱིན་པ་དང་དམའ་རིམ་སློབ་འབྲིང་དུ་འཕར་ནས་སློབ་འབྲིང་དུ་ཞུགས་ཚད67%ཟིན་ཡོད་པ་དང་། སློབ་ཆུང136དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ27346ཡོད་པ་དེ་ལོ་གོང་མ་ལས6.1%ཉུང་དུ་ཕྱིན་ཡོད། དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ3དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ845ཡོད་པ་དེ་ལོ་གོང་མ་ལས15.4%འཕར་ཡོད། ལས་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ1483ཡོད་པ་དེ་ལོ་གོང་མ་ལས84.5%འཕར་ཡོད།
སྤྱི་ལོ2013ལོར་ལན་ཞི་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི23དང་། ཉལ་ཁྲི397སྨན་བཅོས་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ973བཅས་ཡོད་པ་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས10དང་ཆེད་ལས་ལག་རྩལ་མི་སྣ30ཡོད་པ། ཁེར་རྐྱང་སྒོ་བསྟེན་སྨན་བཅོས་ཁང11དང་ཆེད་ལས་ལག་རྩལ་མི་སྣ22བཅས་ཡོད།
སྤྱི་ལོ2013ལོར་ལན་ཞི་རྫོང་གིས་ས་ཁང་བདག་ཁོངས་གསར་སྤེལ་སྨི་གྲུ་བཞི་མ་ཁྲི37བྱས་པའི་ནང་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྨི་གྲུ་བཞི་མ་ཁྲི15ལེགས་སྒྲུབ་བྱས་པ་དང་། ཡུལ་མི་དུད་ཚང316ལ་གནས་སྤོ་བྱས་པ། ཁང་གླ་ཁེ་བའི་སྡོད་ཁང36བཀོད་སྒྲིག་བྱས་པ། མ་དངུལ་སྒོར་དུང་ཕྱུར3.1བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་སྡོད་ཁང་ཐོག་ཁང་སྨི་གྲུ་བཞི་མ་ཁྲི16.3བསྐྲུན་ཡོད། དེ་དང་ཆབས་ཅིག་ལན་ཞི་རྫོང་གིས་ཞིང་པའི་སྡོད་ཁང7816སྒྱུར་བཀོད་བྱས།
སྤྱི་ལོ2013ལོར་ལན་ཞི་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.48བཏང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་མཁོ་འདོན་ལས་གྲྭར་ཆུ་མཁོ་འདོན་བྱེད་འགོ་ཚུགས་པ་དང་། མ་དངུལ་སྒོར་ཁྲི8718བཏང་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྣམ་གྲངས་དབུས་ཤར་ཚོགས་པའི་གཉེར་སྐྱོང་དོ་དམ་ལ་མངགས་བཅོལ་བྱས་པ། མ་དངུལ་སྒོར་ཁྲི9000བཏང་ནས་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ལག་ལེན་བསྟར་བ་དང་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི90ཟིན་པ་དང་ལན་ཞི་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི254ཟིན་པ། མ་དངུལ་སྒོར་ཁྲི835བཏང་ནས་སྟར་པ26དང་སྨི་གྲུ་བཞི་མ་ཁྲི11.2ཡོད་པའི་ཁང་པའི་ནུས་རྒྱུ་བསྲི་ཚགས་དང་སྒྱུར་བཀོད་ཀྱི་ལས་འགན་ལེགས་སྒྲུབ་བྱས།
སྤྱི་ལོ2013ལོར་ལན་ཞི་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་ཁྲི6.5མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པ་དང་། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་ཀྱི60%ཡན་ཟིན་པ། འགན་ལེན་ལྔའི་ཁྱིམ་གཞིས་དང་སྡེ་ཁུལ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། སྨི་གྲུ་བཞི་མ6200ཟིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་ཕན་བདེའི་ལྟེ་གནས་སྤྱོད་འགོ་ཚུགས་པ། མི6096ལས་ཞུགས་གསར་སྣོན་བྱས་པ། མ་དངུལ་སྒོར་ཁྲི1565གཤམ་སྤྲོད་བྱས་པ། མི3351ལ་རོགས་སྐྱོར་བྱས།