ཧའེ་ལུན་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-24 08:58ལ་འགྲུབ།

ཧའེ་ལུན་གྲོང་ཁྱེར།

ཧའེ་ལུན་གྲོང་ཁྱེར།
ཧའེ་ལུན་གྲོང་ཁྱེར་ནི་སུའེ་ཧྭ་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར3གྱི་གྲས་ཤིག་ཡིན་པ་དང་། ས་ནག་པོ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཚོད་ལྟའི་ཁུལ་ཡིན། ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་རྒྱུད་དང་སུའེ་ཧྭ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་། ལྷོ་སུའེ་ཧྭ་གྲོང་ཁྱེར་གྱི་པེ་ལིན་ཆུས་དང་འབྲེལ་བ། བྱང་ངོས་པེ་ཨན་གྲོང་ཁྱེར་དང་འབྲེལ་བ། ལྷོ་ངོས་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ214དང་། བྱང་ངོས་ཧེ་ཧོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ376 ནུབ་ངོས་ཆི་ཆི་ཧ་ཨེར་གྲོང་ཁྱེར་དང་བར་ཐག་སྤྱི་ལེ268བཅས་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4667ཟིན་པ་དང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི441ཟིན་ཡོད། སྤྱིའི་མི་འབོར་ཁྲི84.7ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི65ཟིན་ཡོད། དེའི་ཁོངས་སུ་གྲོང་རྡལ13དང་ཡུལ་ཚོ10གཏོགས་ཡོད། ཧའེ་ལུན་གྲོང་ཁྱེར་ནི་གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཤིག་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4667ཡོད་པ་དང་མི་འབོར་ཁྲི84.7(སྤྱི་ལོ2011ལོ)ཡོད་པའི་ནང་གྲོང་ཁྱེར་གྱི་མི་འབོར་ཁྲི13ཡོད་པ་དང་མི་འབོར་དང་རྒྱ་ཁྱོན་གཉིས་ཀ་ཧེ་ལུང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་གི་ཨང་བདུན་པར་སླེབས་ཡོད། ཀྲུང་གོའི་སྤུས་ལེགས་སྲན་ཆེན་གྱི་ཕ་ཡུལ་དང་། ཀྲུང་གོའི་སིང་ཕྱེ་མཐོ་བའི་མ་རྨོས་ལོ་ཏོག་གི་ཕ་ཡུལ། ཀྲུང་གོའི་མངར་བའི་ཤ་མོང་ཉང་གི་ཕ་ཡུལ། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ། ཀྲུང་གོའི་མངར་ཚལ་གྱི་ཕ་ཡུལ། ཀྲུང་གོའི་ངང་པའི་ཕ་ཡུལ“ཡུལ་ཚོ་དྲུག”ཅེས་པའི་མཚན་སྙན་སོགས་ཡོད། དེ་ནི་རྒྱལ་ཁབ་ཀྱི་ཚོང་འབྲུ་རྟེན་གཞིའི་རྫོང་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海伦市
ཕྱི་ཡིག་གི་མིང་།
Hailun City
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ13 ཡུལ་ཚོ10
སྲིད་གཞུང་གནས་ཡུལ།
ཧའེ་ལུན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0455
སྦྲག་སྲིད་ཨང་རྟགས།
152300
གནས་ཡུལ།
སུའེ་ཧྭ་གྲོང་ཁྱེར་གྱི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4667ཡོད།
མི་གྲངས།
ཁྲི84.7ཡོད།
གནམ་གཤིས།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མེ་འཁོར་འབབ་ཚུགས།
སུའེ་ཧྭ་འབབ་ཚུགས། ཧའེ་ལིན་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)M
སྲིད་འཛིན་ཚབ་ཨང་།
231283
1 ​ངོ་སྤྲོད།

ཧའེ་ལུན་གྲོང་ཁྱེར་ནི་སུའེ་ཧྭ་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར3གྱི་གྲས་ཤིག་ཡིན་པ་དང་། ས་ནག་པོ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཚོད་ལྟའི་ཁུལ་ཡིན། ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་རྒྱུད་དང་སུའེ་ཧྭ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་། ལྷོ་སུའེ་ཧྭ་གྲོང་ཁྱེར་གྱི་པེ་ལིན་ཆུས་དང་འབྲེལ་བ། བྱང་ངོས་པེ་ཨན་གྲོང་ཁྱེར་དང་འབྲེལ་བ། ལྷོ་ངོས་ཧ་ཨེར་པིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ214དང་། བྱང་ངོས་ཧེ་ཧོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ376 ནུབ་ངོས་ཆི་ཆི་ཧ་ཨེར་གྲོང་ཁྱེར་དང་བར་ཐག་སྤྱི་ལེ268བཅས་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4667ཟིན་པ་དང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི441ཟིན་ཡོད། སྤྱིའི་མི་འབོར་ཁྲི84.7ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི65ཟིན་ཡོད། དེའི་ཁོངས་སུ་གྲོང་རྡལ13དང་ཡུལ་ཚོ10གཏོགས་ཡོད། ཧའེ་ལུན་གྲོང་ཁྱེར་ནི་གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཤིག་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4667ཡོད་པ་དང་མི་འབོར་ཁྲི84.7(སྤྱི་ལོ2011ལོ)ཡོད་པའི་ནང་གྲོང་ཁྱེར་གྱི་མི་འབོར་ཁྲི13ཡོད་པ་དང་མི་འབོར་དང་རྒྱ་ཁྱོན་གཉིས་ཀ་ཧེ་ལུང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་གི་ཨང་བདུན་པར་སླེབས་ཡོད། ཀྲུང་གོའི་སྤུས་ལེགས་སྲན་ཆེན་གྱི་ཕ་ཡུལ་དང་། ཀྲུང་གོའི་སིང་ཕྱེ་མཐོ་བའི་མ་རྨོས་ལོ་ཏོག་གི་ཕ་ཡུལ། ཀྲུང་གོའི་མངར་བའི་ཤ་མོང་ཉང་གི་ཕ་ཡུལ། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ། ཀྲུང་གོའི་མངར་ཚལ་གྱི་ཕ་ཡུལ། ཀྲུང་གོའི་ངང་པའི་ཕ་ཡུལ“ཡུལ་ཚོ་དྲུག”ཅེས་པའི་མཚན་སྙན་སོགས་ཡོད། དེ་ནི་རྒྱལ་ཁབ་ཀྱི་ཚོང་འབྲུ་རྟེན་གཞིའི་རྫོང་གལ་ཆེན་ཞིག་ཡིན། 

སྤྱི་ལོ2014ལོའི་ཟླ3པར་ཧའེ་ལུན་གྲོང་ཁྱེར་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་དཔེ་སྟོན་གྲོང་ཁྱེར་ཁག་དང་པོར་བདམས་པ་ཡིན། སྤྱི་ལོ2019ལོའི་ཟླ11པར་ཧའེ་ལུན་གྲོང་ཁྱེར་ལ“སི་ཧའོ་གྲོང་གསེབ་གཞུང་ལམ”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་ཞེས་མིང་བཏགས་ཡོད། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཁུལ)གི་མིང་ཐོ་ཁག་གཉིས་པའི་ནང་ཚུད་ཡོད། སྤྱི་ལོ2020ལོའི་ཟླ2པའི་ཚེས26ཉིན་ཧའེ་ལུན་གྲོང་ཁྱེར་གྱི་དབུལ་ཞྭ་ཕུད་ནས་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས་པ། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན་རྒྱལ་ཁབ་བཙུགས་རྗེས་ཧའེ་ལུན་རྫོང་ནི་ཐོག་མཐའ་བར་གསུམ་དུ་ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1985ལོར་རྫོང་ཁོངས་སུ་གྲོང་རྡལ7དང་ཁྲོམ་གཞུང10 ཡུལ་ཚོ22 གྲོང་ཚོ360བཅས་ཡོད། 

སྤྱི་ལོ1989ལོའི་ཟླ12པའི་ཚེས23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧའེ་ལུན་རྫོང་མེད་པར་བཟོས་ནས་ཧའེ་ལུན་གྲོང་ཁྱེར(རྫོང་རིམ)བཙུགས་པ་དང་། ཧའེ་ལུན་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཧའེ་ལུན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། སྔར་བཞིན་སུའེ་ཧྭ་ས་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1990ལོའི་ཟླ1པོའི་ཚེས11ཉིན་དངོས་སུ་རྫོང་ཕྱིར་འཐེན་བྱས་ཏེ་གྲོང་ཁྱེར་དུ་བསྒྱུར།    

སྤྱི་ལོ2016ལོའི་ཟླ8པར་ཧའེ་ལུན་གྲོང་ཁྱེར་ཁྲང་ཧྥ་ཡུལ་ཚོ་དང་། ཡུང་ཧྥུའུ་ཡུལ་ཚོ། ཞང་རུང་ཡུལ་ཚོ་བཅས་ཀྱི་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ་དུ་བསྒྱུར་བ་དང་། དེ་སྔའི་སྲིད་འཛིན་ས་ཁོངས་དང་། དེ་སྔའི་ཁོངས་གཏོགས་འབྲེལ་བ། སྲིད་གཞུང་གནས་ཡུལ་བཅས་འགྱུར་མེད། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོ་བར་ཧའེ་ལུན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ13དང་ཡུལ་ཚོ10ཡོད་པ་སྟེ། ཧའེ་ལུན་གྲོང་རྡལ་དང་། ཧའེ་པེ་གྲོང་རྡལ། ལུན་ཧོ་གྲོང་རྡལ། ཀུང་ཧོ་གྲོང་རྡལ། ཧའེ་ཤིན་གྲོང་རྡལ། ཞང་ཧྥུའུ་གྲོང་རྡལ། ཏུང་ཧྥུང་གྲོང་རྡལ། པའེ་ཞང་གྲོང་རྡལ། ཆན་ཅིན་གྲོང་རྡལ། ཞང་རུང་གྲོང་རྡལ། ཁྲང་ཧྥ་གྲོང་རྡལ། ཏུང་ལིན་ཡུལ་ཚོ། ཧའེ་ནན་ཡུལ་ཚོ། ཀུང་རུང་ཡུལ་ཚོ། ཡའོ་མིང་ཡུལ་ཚོ། ཧྥེང་ཧྲན་ཡུལ་ཚོ། ཡུང་ཕུའུ་གྲོང་རྡལ་། ལན་ཧྥ་གྲོང་རྡལ། ཡུང་ཧོ་ཡུལ་ཚོ། ཨའེ་མིང་ཡུལ་ཚོ། ཀྲ་དབྱིང་ཧོ་ཡུལ་ཚོ། ཧྲོང་ལུའུ་ཡུལ་ཚོ། རྒྱལ་གཉེར་ནགས་ར་དྲུག ཏུང་ཧྥང་ཧུང་ཆུ་མཛོད། ཧའེ་ལུན་ཞིང་ར། ཧུང་ཀོང་ཞིང་ར་བཅས་དྲུག་ཡོད། སྲིད་འཛིན་གྲོང་ཚོ243དང་། ཁྲོམ་གཞུང་དོན་གཅོད་ཁང5 སྡེ་ཁུལ20བཅས་ཡོད། ཧའེ་ལུན་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཧའེ་ལོན་གྲོང་རྡལ་གྱི་ལམ་ཆེན་གསར་པར་བཅའ་སྡོད་བྱས་ཡོད། 

4 གནས་ཡུལ།

ཧའེ་ལུན་གྲོང་ཁྱེར་ནི་སུང་ནེན་བདེ་ཐང་གི་བྱང་ཤར་སྣེ་དང་། ཞིང་ཨན་ལིང་ཆུང་བའི་ནུབ་འདབས་སུ་གནས་པ་དང་། འཕྲེད་ཐིག་བྱང་མའི་ཏུའུ46དང་སྐར་མ58ནས་ཏུའུ47དང་སྐར་མ52དང་ཤར་གྱི་གཞུང་ཐིག་ཏུའུ126དང་སྐར་མ14ནས127དང་སྐར་མ45བར་ཡིན། ས་དབྱིབས་ནི་རི་མ་ཐང་དང་སྒང་གྲམ་ཡིན་པ་དང་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི239ཡོད། དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། སད་མེད་དུས་ཀྱི་ཉིན120ཡས་མས་དང་། ནུས་ལྡན་དྲོད་ཚད2200ནས2400℃བར། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི500ནས600བར་ཡིན། མངའ་ཁོངས་སུ་ཐུང་ཁེན་གཙང་པོ་དང་། ཀྲ་དབྱིན་ཆུ་བོ། ཁེ་དབྱིན་ཆུ་བོ། ཧའེ་ལོན་ཆུ་བོ། སན་ཏའོ་ཝུའུ་ལུང་ལུང་ཤུར་བཅས་ཆུ་བོ་གཙོ་བོ5ཡོད། 

5 མི་གྲངས།

སྤྱི་ལོ2011ལོའི་ལོ་མཇུག་བར་ཧའེ་ལུན་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི84.7ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི65ཡོད།     ཧའེ་ལུན་མངའ་ཁོངས་སུ་མི་རིགས་ཀྱི99.5%ནི་རྒྱ་རིགས་ཡིན་པ་དང་། ད་དུང་མན་ཇུ་རིགས་དང་། ཁྲའོ་ཞན་རིགས། སོག་རིགས། ཧུའེ་རིགས། ཏའེ་རིགས། ཐུའུ་ཅ་རིགས། དབྱིས་རིགས། ཀྲོང་རིགས། ལི་རིགས། ཞི་པོ་རིགས། མིའོ་རིགས། བོད་རིགས། ཏ་ཝོར་རིགས། ཨོ་ལུན་ཁྲུན་རིགས་སོགས་གྲངས་ཉུང་མི་རིགས་ཀྱང་ཡོད།      མི་རིགས་གྲོང་ཚོར2ཡོད་པ་སྟེ། བཀྲ་དབྱིན་ཧོ་ཡུལ་ཚོ་ཏུང་ཐའེ་ཁྲའོ་ཞན་རིགས་གྲོང་ཚོ་དང་ཏུང་ཧྥེང་གྲོང་རྡལ་པའོ་ཞིན་ཁྲའོ་ཞན་རིགས་གྲོང་ཚོ་བཅས་ཡིན། 

6 དཔལ་འབྱོར།

སྤྱི་ལོ2013ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར108ཟིན་པ་དེ་དུས་མཚུངས་ལས12.5%འཕར་བ། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར6.32ཟིན་པ་དེ་དུས་མཚུངས་ལས22.3%འཕར་བའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3.25བྱུང་བ་དེ་དུས་མཚུངས་ལས28.5%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར68.5ཟིན་པ་དེ་དུས་མཚུངས་ལས34.3%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར53.5བཏང་བ་དེ་དུས་མཚུངས་ལས31.4%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སོ་སོར་སྒོར13053དང་སྒོར6682ཟིན་པ་དེ་དུས་མཚུངས་ལས16.8%དང10.3%འཕར་ཡོད།      སྤྱི་ལོ2015ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར124བྱུང་བ་དེ་དུས་མཚུངས་ལས8%འཕར་བ། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར7.7བྱུང་ནས3.9%འཕར་བ་དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.1བྱུང་ནས7%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར18.1བྱུང་ནས5.8%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར53.9བཏང་ནས15.3%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར45.2ཟིན་ནས11%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17,852དང་སྒོར་8,250སོ་སོར་ཟིན་ནས8.2%དང10.2%སོ་སོར་འཕར་ཡོད།

སྤྱི་ལོ2013ལོའི་ལོ་ཧྲིལ་པོར་ཐོན་ལས་རྣམ་གྲངས95གཅིག་སྡུད་ཐོག་ལས་འགོ་ཚུགས་པ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར108.9ཟིན་པ་དང་། ལོ་གསུམ་གྱི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ། གླིང་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གླིང་ཁུལ་སྤྱི་ལེ་གྲུ་བཞི་མ1.11གསར་སྐྲུན་བྱས་པ་དང་བསྐྲུན་ཟིན་པའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4.11ཟིན་པ། གླིང་ཁུལ་དུ་རྣམ་གྲངས40གསར་དུ་བཅའ་སྡོད་བྱས་པ་དང་། རྣམ་གྲངས་བསྡོམས་འབོར88ཟིན་པ། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར132བཅས་ཟིན་ཡོད།     སྤྱི་ལོ2013ལོར་ཁེ་ལས15མང་དུ་བཏང་བ་དང་ཁེ་ལས་ཁྱོན39ཟིན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར15.8ཟིན་པ་དེ་དུས་མཚུངས་ལས28.7%འཕར་བ། ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར66.5ཟིན་པ་དེ་དུས་མཚུངས་ལས32%འཕར་བ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར་2.71ཟིན་པ་དེ་དུས་མཚུངས་ལས47.8%འཕར་ཡོད། 

སྤྱི་ལོ2013ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར36.1ཟིན་པ་དེ་དུས་མཚུངས་ལས15.3%འཕར་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི196ཟིན་པ་དེ་དུས་མཚུངས་ལས30%འཕར་བ། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི2000དངོས་སུ་སྤྱད་པ། མ་དངུལ་སྒོར་དུང་ཕྱུར10བཏང་བའི་དར་རྒྱས་ཁྱིམ་ཚང་ཆེ་མོའི་ཟོག་ཉོའི་ལྟེ་གནས་རྣམ་གྲངས་དང་མ་དངུལ་སྒོར་དུང་ཕྱུར12བཏང་བའི་ཅིན་ཅང་གྲོང་ཁྱེར་གྱི་ཐང་ཆེན་རྣམ་གྲངས་སྐྲུན་འགོ་ཚུགས་པ། ཁེར་རྐྱང་བཟོ་ཚོང་དུད་ཚང1200གསར་དུ་འཕར་བ། ཞིང་ལས་རྒྱུ་ཆ་དང་། ཨར་ལས་རྒྱུ་ཆ། བཟའ་བཅའ། སྨན་རྫས་སོགས་ཀྱི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ཟོག་འཁོར་རྒྱུག་གི་ཁོར་ཡུག་ཚད་ལྡན་དང་གོ་རིམ་ལྡན་པ་ཞིག་ཡོང་བ་བྱས།

7 སྤྱི་ཚོགས་ལས་དོན།

སྤྱི་ལོ2013ལོར་ལས་ཞུགས་མི་གྲངས5700འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི4.2%ནང་ཚུན་དུ་ཚོད་འཛིན་བྱས་པ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དངུལ་སྒོར་ཁྲི1240སྤྲད་པ་དང་འབྲེལ་ཁྱོན་མི5800ཡོད་པ། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི3846མང་དུ་ཕྱིན་པ་དང་། མ་མཐའི་འཚོ་བ་འགན་ལེན་དང་འགན་ལེན་ལྔ་བྱ་ཡུལ་མི་ཐེངས86478མཉམ་འདྲེས་ནང་ཞུགས་པ་དང་། ཉེན་འགོག་ནང་ཞུགས་པ། འགན་བཅོལ་ནང་ཞུགས་པ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས302ལ་རོགས་སྐྱོབ་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་གྲོན་དངུལ་འཇལ་བའི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས1མཐོ་རུ་གཏོང་བ་དང་། ལས་བཟོ་པ་སྒེར་གྱི་སྨན་བཅོས་འགན་བཅོལ་ཐོ་ཁོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ཐེབས་རྩའི་ཁོངས་སུ་འཇུག་པའི་བསྡུར་ཚད་བརྒྱ་ཆའི1བར་མཐོ་རུ་གཏོང་བ། ནད་གཞི་དཀྱུས་མ་དང་སྨན་བཅོས་འགྲོ་གྲོན་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་ཁྲི5ཟིན་པ། གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་གྱི་ནད་ལྗིད་རིགས་ལ་རོགས་སྐྱོབ་བྱེད་ཚད་སྒོར5000ནས་སྒོར7000བར་མཐོ་རུ་གཏོང་བ། མ་དངུལ་སྒོར་དུང་ཕྱུར1.36བཏང་ནས་སློབ་གསོའི་རྨང་གཞིའི་ལས་གྲྭ་ཁག13གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང“ཞོར་སྐྱེལ་རླངས་འཁོར”131ལGPSགནས་ཐིག་གཏན་འཁེལ་མ་ལག་སྒྲིག་སྦྱོར་བྱས་པ། གྲོང་ཁྱེར་འཕྲོད་བསྟེན་ལྟ་སྐུལ་སུའོ་ཡི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་ཤང་གྲོང་འཕྲོད་བསྟེན་ཁང2བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་པ། ལུས་རྩལ་ཐང་སྒྱུར་བཀོད་ཀྱི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་ནས་གྲོང་གསེབ་ཀྱི་ལུས་རྩལ་རིག་གནས་སོས་དལ་ཐང་ཆེན4དང་གྲོང་ཁྱེར་ནང་གི་རིག་གནས་བྱེད་སྒོ་ལྟེ་གནས1གི་རྣམ་གྲངས་བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། མ་དངུལ་སྒོར་ཁྲི1485བཏང་ནས་གྲོང་ཚོ་དབུལ་པོ25ཡི་ཐོན་ལས་གསར་སྤེལ་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་ཕན་བྱ་གཞག་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། 


དཔྱད་གཞིའི་ཡིག་ཆ།