ཨན་ཏ་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-24 11:15ལ་འགྲུབ།

ཨན་ཏ་གྲོང་ཁྱེར།

ཨན་ཏ་གྲོང་ཁྱེར།
ཨན་ཏ་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་མངའ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། སུའེ་ཧྭ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད། ཨན་ཏ་ནི་མན་མོང་གི་སྐད་ལས་བྱུང་བ་དང་སོག་སྐད་ཀྱི་དོན་ནི“གྲོགས་པོ”ཞེས་པ་དེ་ཡིན་པ་དང་། སྐད་ཆའི་དོན་ནི“མགྲོན་པོ”ཞེས་པ་དེ་ཡིན་ལ་ཨན་ཁང་ཧྲུན་ཏ(安康顺达)ཞེས་པའི་དོན་ཡང་ཡོད། ཨན་ཏ་ལ“ཉིའུ་ཁྲེང”ཞེས་འབོད་སྲོལ་ཡོད། ཨན་ཏ་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་སུང་ནེན་བདེ་ཐང་གི་དབུས་སུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག124°53′-125°55′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག46°01′-47°01′བར་ཡིན། ལྷོ་ཞིང་ཆེན་གྲོང་ཁྱེར་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ120ཡོད་པ་དང་བྱང་དུ“ཧོ་གྲོང”ཆི་ཆི་ཧ་ཨེར་དབར་སྤྱི་ལེ160ཡོད་པ་དང་འཛམ་གླིང་རྡོ་སྣུམ་གྱི་གྲགས་ཅན་གྲོང་ཁྱེར་ཏ་ཆིང་དང་འབྲེལ་ཡོད་ཅིང་། ཆིང་ཀང་དང་། ལན་ཤིས། ཀྲའོ་ཏུང་། ཀྲའོ་ཀྲོའུ། ལིན་ཏན་བཅས་རྫོང་དང་གྲོང་ཁྱེར5དང་ཁྱིམ་མཚེས་ཡིན་པ། ཧ་ཏ་ཆི་དཔལ་འབྱོར་རྒྱུད་དུ་གནས་པའི་ས་གཤིས་ཡག་ཤོས་དང་ཧ་ཏ་ཆི་བཟོ་ལས་བར་ཁྱམས་ཀྱི་མཚམས་ཚིགས་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3586ཡོད་པ་དེའི་ཁོངས་སུ་གྲོང་རྡལ11དང་ཡུལ་ཚོ3 ཁྲོམ་གཞུང3བཅས་ཡོད་པ་དང་། རྒྱ་རིགས་དང་། ཧུའེ་རིགས། སོག་རིགས། ཁྲའོ་ཞན་སོགས་མི་རིགས14ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安达市
ཕྱི་ཡིག་གི་མིང་།
Anda City
ཕྱི་ཡིག་གི་མིང་།
Anda City
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང3 གྲོང་རྡལ11 ཡུལ་ཚོ3
སྲིད་གཞུང་གནས་ཡུལ།
ཨན་ཏ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0455
སྦྲག་སྲིད་ཨང་རྟགས།
151400
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་སུན་ནན་བདེ་ཐང་གི་དཀྱིལ་དབུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3586ཡོད།
མི་གྲངས།
ཁྲི52ཡོད།
གནམ་གཤིས།
བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ཐན་ཕྱེད་དུས་རླུང་གནམ་གཤིས།
མེ་འཁོར་འབབ་ཚུགས།
ཨན་ཏ་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)M
སྲིད་འཛིན་ཚབ་ཨང་།
231281
1 ངོ་སྤྲོད།

ཨན་ཏ་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་མངའ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། སུའེ་ཧྭ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད། ཨན་ཏ་ནི་མན་མོང་གི་སྐད་ལས་བྱུང་བ་དང་སོག་སྐད་ཀྱི་དོན་ནི“གྲོགས་པོ”ཞེས་པ་དེ་ཡིན་པ་དང་། སྐད་ཆའི་དོན་ནི“མགྲོན་པོ”ཞེས་པ་དེ་ཡིན་ལ་ཨན་ཁང་ཧྲུན་ཏ(安康顺达)ཞེས་པའི་དོན་ཡང་ཡོད། ཨན་ཏ་ལ“ཉིའུ་ཁྲེང”ཞེས་འབོད་སྲོལ་ཡོད། ཨན་ཏ་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་སུང་ནེན་བདེ་ཐང་གི་དབུས་སུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག124°53′-125°55′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག46°01′-47°01′བར་ཡིན། ལྷོ་ཞིང་ཆེན་གྲོང་ཁྱེར་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ120ཡོད་པ་དང་བྱང་དུ“ཧོ་གྲོང”ཆི་ཆི་ཧ་ཨེར་དབར་སྤྱི་ལེ160ཡོད་པ་དང་འཛམ་གླིང་རྡོ་སྣུམ་གྱི་གྲགས་ཅན་གྲོང་ཁྱེར་ཏ་ཆིང་དང་འབྲེལ་ཡོད་ཅིང་། ཆིང་ཀང་དང་། ལན་ཤིས། ཀྲའོ་ཏུང་། ཀྲའོ་ཀྲོའུ། ལིན་ཏན་བཅས་རྫོང་དང་གྲོང་ཁྱེར5དང་ཁྱིམ་མཚེས་ཡིན་པ། ཧ་ཏ་ཆི་དཔལ་འབྱོར་རྒྱུད་དུ་གནས་པའི་ས་གཤིས་ཡག་ཤོས་དང་ཧ་ཏ་ཆི་བཟོ་ལས་བར་ཁྱམས་ཀྱི་མཚམས་ཚིགས་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3586ཡོད་པ་དེའི་ཁོངས་སུ་གྲོང་རྡལ11དང་ཡུལ་ཚོ3 ཁྲོམ་གཞུང3བཅས་ཡོད་པ་དང་། རྒྱ་རིགས་དང་། ཧུའེ་རིགས། སོག་རིགས། ཁྲའོ་ཞན་སོགས་མི་རིགས14ཡོད། 

སྤྱི་ལོ2015ལོའི་ཟླ11པར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གཉིས་པའི་གྲས་སུ་བཅུག་ཡོད། སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར་དུ་བདམས་པ་ཡིན། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་ཅན་བརྒྱའི་རྫོང་དང་གྲོང་ཁྱེར་དུ་བདམས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1960ལོའི་ཟླ5བའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས101པའི་གྲོས་ཚོགས་ཐོག་ཨན་ཏ་རྫོང་མེད་པར་བཟོས་ནས་ཨན་ཏ་གྲོང་ཁྱེར(ས་ཁུལ་རིམ་པ)བཙུགས།

སྤྱི་ལོ1965ལོའི་ཟླ3པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས154པའི་གྲོས་ཚོགས་ཐོག་ཨན་ཏ་རྫོང་གི་སྒྲིག་གཞི་སླར་གསོ་བྱ་རྒྱུའི་ཐག་བཅད། 

སྤྱི་ལོ1984ལོའི་ཟླ11པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨན་ཏ་རྫོང་མེད་པར་བཟོས་ནས་ཨན་ཏ་གྲོང་ཁྱེར(རྫོང་རིམ་པ)བཙུགས། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོར་ཨན་ཏ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང3ཡོད་པ་ནི(ཐེ་ཤིས་ཁྲོམ་གཞུང་དང་། ཨན་ཧུང་ཁྲོམ་གཞུང་། ཤིན་ཤིན་ཁྲོམ་གཞུང་བཅས་ཡིན) གྲོང་རྡལ10ཡོད་པ་ནི(ཨན་ཏ་གྲོང་རྡལ་དང་། རེན་མིང་གྲོང་རྡལ། ཧྲེང་ཕིང་གྲོང་རྡལ། ཝན་པའོ་ཧྲན་གྲོང་རྡལ། དབྱང་ཚའོ་གྲོང་རྡལ། ཀྲུང་པིན་གྲོང་རྡལ། ཐའེ་ཕིང་ཀྲོང་གྲོང་རྡལ། ལའོ་ཧུའུ་གྲོང་རྡལ། ཁྲང་ཏེ་གྲོང་རྡལ། ཅི་ཤིན་ཀང་གྲོང་བརྡལ་བཅས་ཡིན) ཡུལ་ཚོ4ཡོད་པ་ནི(ཆིན་ཁེན་ཕའོ་ཡུལ་ཚོ་དང་། ཝོ་ལི་ཐུན་ཡུལ་ཚོ། མེ་ཧྲི་ཧྲན་ཡུལ་ཚོ། ཞན་ཡོན་ཡུལ་ཚོ་བཅས)ཡིན།

སྤྱི་ལོ2016ལོའི་ཟླ8པར། ཧེ་ལུང་ཅང་ཞིང་ཆེན་ཨན་ཏ་གྲོང་ཁྱེར་ཨོ་ལི་ཐུན་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ་དུ་བསྒྱུར་བ་དང་། ཝུའུ་ལི་ཐུན་ཤང་སྲིད་འཛིན་ས་ཁོངས་དེ་ཨོ་ལི་ཐུན་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། དེ་སྔའི་ཁོངས་གཏོགས་ཀྱི་འབྲེལ་བ་དང་སྲིད་གཞུང་གནས་ཡུལ་མི་འགྱུར་བ་དང་། གྲོང་རྡལ་སྲིད་གཞུང་ཏུང་ཆིང་གྲོང་ཚོར་བཅའ་སྡོད་བྱས་ཡོད།

4 གནས་ཡུལ།

ཨན་ཏ་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་སུང་ནེན་བདེ་ཐང་གི་དབུས་སུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག124°53′-125°55′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག46°01′-47°01′བར་ཡིན། ལྷོ་ཞིང་ཆེན་གྲོང་ཁྱེར་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ120ཡོད་པ་དང་བྱང་དུ“ཧོ་གྲོང”ཆི་ཆི་ཧ་ཨེར་དབར་སྤྱི་ལེ160ཡོད་པ་དང་འཛམ་གླིང་རྡོ་སྣུམ་གྱི་གྲགས་ཅན་གྲོང་ཁྱེར་ཏ་ཆིང་དང་འབྲེལ་ཡོད་ཅིང་། ཆིང་ཀང་དང་། ལན་ཤིས། ཀྲའོ་ཏུང་། ཀྲའོ་ཀྲོའུ། ལིན་ཏན་བཅས་རྫོང་དང་གྲོང་ཁྱེར5དང་ཁྱིམ་མཚེས་ཡིན་པ། ཧ་ཏ་ཆི་དཔལ་འབྱོར་རྒྱུད་དུ་གནས་པའི་ས་གཤིས་ཡག་ཤོས་དང་ཧ་ཏ་ཆི་བཟོ་ལས་བར་ཁྱམས་ཀྱི་མཚམས་ཚིགས་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3586ཡོད།

5 གནམ་གཤིས།

ཨན་ཏ་གྲོང་ཁྱེར་ནི་འཕྲེད་ཐིག་དཀྱིལ་མའི་བྱང་དྲོད་ཁུལ་གྱི་ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་པོའི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། བྱང་དྲོད་ཁུལ་གྱི་སྐམ་སའི་དབུས་ཁུལ་གྱི་ཕྱེད་ཐན་སྐམ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཁྱད་ཆོས་གཙོ་བོ་ནི། དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་བ་དང་། དུས་ཚོད་ཉིན200ཡན་ཟིན་པ། དབྱར་དུས་ཀྱི་ཆར་ཆུ་ཚ་བ་ཆེ་བ་དང་། དུས་ཚོད་ཐུང་བ། ཉིན120ཙམ་ཡོད། ལོ་རེར་ཆར་པ་འབབ་ཚད་ཉུང་ཞིང་རླངས་པར་འགྱུར་ཚད་ཆེ་བ་དང་། བསྡུར་ཚད་ཀྱི1:3.7ཡིན་པ། གནམ་གཤིས་ཐན་པ་ཆེ་བ། དུས་རླུང་གི་འཁོར་རྒྱུན་དང་སྦུག་དོག་གི་ནུས་སྣང་གི་སྒྲ་གྲགས་པ། སྟོན་དཔྱིད་དུས་སུ་རླུང་ཆེ་ལ་ཟློས་ཕྱོད་མཐོ། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཏུའུ3.2ཡིན། ལོ་དང་ལོའི་བར་གྱི་དྲོད་ཚད་ལ་ཁྱད་པར་ཆེན་པོ་མེད་པ་དང་། ས་ཁམས་གནས་ཡུལ་དང་ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་པས་མངའ་ཁོངས་ཀྱི་ལྷོ་ནུབ་རྒྱུད་ཀྱི་དྲོད་ཚད་ཅུང་མཐོ་བ། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་པའི་དུས་ཚོད་ནི་ཆུ་ཚོད2659བཅས་ཡིན། 

6 མི་གྲངས།

སྤྱི་ལོ1992ལོའི་ལོ་མཇུག་ཏུ་ཨན་ཏ་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི45.4ཟིན་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི14.2ཟིན་པ་དང་། མན་ཇུ་དང་། ཧུའེ་རིགས། སོག་རིགས། ཁྲའོ་ཞན་སོགས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས1.5%ཟིན་ཡོད།      སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པར་ཨན་ཏ་གྲོང་ཁྱེར་གྱི་མི་གྲངས་བསྡོམས473091ཡོད་པའི་ནང་ཨན་ཏ་གྲོང་རྡལ་གྱི་མི་གྲངས190813དང་། རེན་མིན་གྲོང་རྡལ་གྱི་མི་གྲངས24419 ཐེན་ཆོན་གྲོང་རྡལ་གྱི་མི་གྲངས22397 ཝན་པའོ་ཧྲན་གྲོང་རྡལ་གྱི་མི་གྲངས25245 ཁྲང་ཏེ་གྲོང་རྡལ་གྱི་མི་གྲངས19913 ཧྲེང་ཕིང་གྲོང་རྡལ་ལ་མི་གྲངས22811དང་། ཡང་ཚའོ་གྲོང་རྡལ་ལ་མི་གྲངས17656 ལའོ་ཧུའུ་གྲོང་རྡལ་ལ་མི་གྲངས13393 ཀྲུང་པིན་གྲོང་རྡལ་ལ་མི་གྲངས12979 ཐའེ་ཕིན་ཀྲོང་གྲོང་རྡལ་ལ་མི་གྲངས10594 ཝུན་ཧྭ་ཡུལ་ཚོ་ལ་མི་གྲངས9866། སི་ཕིང་ཧྲན་ཡུལ་ཚོ་ལ་མི་གྲངས10601  ཧོ་ཧྲི་ཧྲན་ཡུལ་ཚོ་ལ་མི་གྲངས13379དང་། ཅི་ཞིན་ཀང་ཡུལ་ཚོ་ལ་མི་གྲངས15980 ཝུའུ་ལི་ཐུན་ཡུལ་ཚོ་ལ་མི་གྲངས17518 ཆིང་ཁེན་ཐའོ་ཡུལ་ཚོ་ལ་མི་གྲངས15840 ནན་ལའེ་ཡུལ་ཚོ་ལ་མི་གྲངས15920 ཀོང་ཧྥེང་ཡུལ་ཚོ་ལ་མི་གྲངས4802 ལིའོ་ཡོན་ཡུལ་ཚོ་ལ་མི་གྲངས8965བཅས་ཡོད།      སྤྱི་ལོ2013ལོར་ཨན་ཏ་གྲོང་ཁྱེར་གྱི་མི་འབོར་ཁྲི52ཡོད་པ་དང་མི་འབོར་རང་བྱུང་འཕར་ཚད་ཀྱི1.6%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། 

7 མི་རིགས།

ཨན་ཏ་གྲོང་ཁྱེར་དུ་རྒྱ་རིགས་དང་སོག་རིགས། མན་ཇུ་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཨོ་ལུན་ཁྲུན་རིགས། ཨོ་ཝུན་ཁེ་རིགས། ཏ་ཝོར་རིགས། ཁོར་ཁེ་ཙི་རིགས། ཞི་པོ་རིགས། ཧོ་ཀྲེ་རིགས་སོགས་མི་རིགས14ཡོད། 

8 དཔལ་འབྱོར།

སྤྱི་ལོ2013ལོར་ཨན་ཏ་གྲོང་ཁྱེར་གྱིGDPསྒོར་དུང་ཕྱུར400.6ཟིན་པ་དང་། ཕྱོགས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར26.1ཟིན་པ། ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར23.6ཟིན་པ། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར16.1ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར170.1བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར92.3ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18972ཟིན་པ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར10773བཅས་ཟིན་ཡོད།

9 སྤྱི་ཚོགས་ལས་དོན།
9_1 བཟོ་གྲྭ

སྤྱི་ལོ2013ལོར་ཨན་ཏ་གྲོང་ཁྱེར་དུ་སྡོད་རྒྱུར་འཚམ་པའི་ཁུལ་ཆུང50སྒྱུར་བཀོད་བྱས་པས་གྲོང་མི་དུད་ཚང4000ལ་ཕན་པ་ཐོབ་པ་དང་། གྲོང་ཁྱེར་གྱི་དཔེ་དེབ་ཁང་གི་ཁང་གླ་ཁེ་བའི་སྡོད་ཁང་སྨི་གྲུ་བཞི་མ་ཁྲི4འཛུགས་སྐྲུན་བྱས་པ་དང་། སྡོད་དམངས་དུད་ཚང800བཅས་ཡོད།

9_2 སློབ་གསོ།

ཨན་ཏ་གྲོང་ཁྱེར་ནང་ཁུལ་གྱི་སློབ་འབྲིང10(ཨན་ཏ་སློབ་འབྲིང་དང་པོ་དང་། ཨན་ཏ་སློབ་འབྲིང་གཉིས་པ། ཨན་ཏ་སློབ་འབྲིང་གསུམ་པ། ཨན་ཏ་སློབ་འབྲིང་བཞི་པ། ཨན་ཏ་སློབ་འབྲིང་ལྔ་པ། ཨན་ཏ་སློབ་འབྲིང་དྲུག་པ། ཨན་ཏ་སློབ་འབྲིང་བདུན་པ། ཨན་ཏ་སློབ་འབྲིང་བརྒྱད་པ། ཨན་ཏ་གྲོང་ཁྱེར་ཐེན་ཅ་པིན་མཐོ་རིམ་སློབ་འབྲིང་། ཨན་ཏ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཅས)ཡོད་པ་དང་ཡུལ་ཚོ་དང་གྲོང་རྡལ་ཚང་མར་དམའ་རིམ་སློབ་འབྲིང་ཡོད། སྤྱི་ལོ2013ལོར་ཨན་ཏ་གྲོང་ཁྱེར་གྱིས་སློབ་གྲྭ8གསར་སྐྲུན་རྒྱས་སྐྲུན་དང་ཉམས་གསོ་བྱས་པ་དང་གསར་དར་སློབ་ཆུང་དེང་རབས་ཅན་གྱི་ཆུ་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་དུ་སླེབས་ཡོད། གྲོང་ཁྱེར་དང་རྫོང་རིམ་པའི་མཐོ་རིམ་སློབ་འབྲིང་གི“ཕུགས་བསམ་འཛིན་གྲྭ”བཙུགས་པ་དང་། སྤྱི་ལོ2013ལོར། ཨན་ཏ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི5000ལྷག་ཙམ་བརྩོན་ལེན་བྱས་ཏེ། རེན་མིན་སློབ་འབྲིང་དང་། ཅི་ཞིན་ཀང་སློབ་འབྲིང་དང་པོ། ཅི་ཞིན་ཀང་སློབ་ཆུང་དང་པོ། ཅི་ཞིན་ཀང་སློབ་ཆུང་གཉིས་པ། ཞན་ཡོན་སློབ་འབྲིང་གཉིས་པ། ཝོ་ལི་ཐུན་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་། ཝོ་ལི་ཐུན་སློབ་འབྲིང་གི་ཉལ་ཁང་ཐོག་ཁང་སོགས་སློབ་གྲྭའི་བདེ་འཇགས་ལས་གྲྭ7མཐུད་སྐྲུན་དང་ཕྱི་ཕྱོགས་དྲ་བ་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས། མ་དངུལ་སྒོར་ཁྲི1200བཏང་ནས་གྲོང་གསེབ་ཀྱི་སློབ་གྲྭ12ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། ལྟེ་བའི་སློབ་གྲྭ་དེ་ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་སྔོན་ཐོན་སློབ་གྲྭར་རིམ་སྤོར་བྱས། སྤྱི་ལོ2013ལོ་བར་གྲོང་ཁྱེར་དེར་ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་སློབ་གྲྭ25ཡོད་པའི་ནང་ཞིང་ཆེན་རིམ་པའི་སྔོན་ཐོན་སློབ་གྲྭ5དང་ཚད་ལོན་སློབ་གྲྭ20ཡོད།

9_3 འཕྲོད་བསྟེན།

སྤྱི་ལོ2013ལོར་ཨན་ཏ་གྲོང་ཁྱེར་གྱི་སྨན་ཁང་གཙོ་བོའི་གྲས་སུ་ཨན་ཏ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། ཨན་ཏ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་། ཨན་ཏ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་། ཨན་ཏ་གྲོང་ཁྱེར་ཧུང་ཧུའེ་སྨན་ཁང་། ཨན་ཏ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་སྨན་ཁང་། ཨན་ཏ་གྲོང་ཁྱེར་བཟོ་པའི་སྨན་ཁང་། ཨན་ཏ་གྲོང་ཁྱེར་ཚོང་ལས་སྨན་ཁང་། ཨན་ཏ་གྲོང་ཁྱེར་ཅི་རེན་སྨན་ཁང་། ཨན་ཏ་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་བཟོ་བའི་སྨན་ཁང་སོགས་ཡོད་པ་དང་། གཞན་ཡང་ཡུལ་ཚོ་དང་གྲོང་རྡག་ཁག་ལའང་འཕྲོད་བསྟེན་ཁང་བཙུགས་ཡོད། 

10 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར་ཨན་ཏ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གྲོང་ཚོའི་འཕྲོད་བསྟེན་སུའོ་ཡི་ཁ་གསབ་ལམ་སྲོལ་བཙུགས་ཏེ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་མི་སྣ60ནོར་སྲིད་དོ་དམ་བྱེད་ཁོངས་སུ་བཅུག་པ་དང་། གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་ཁྲི15.1དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་འགན་བཅོལ་ནང་ཞུགས་མཁན་ཁྲི23.1གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི2.3གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི3736དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི2359བཅས་སྤྲད་ཡོད། 


དཔྱད་གཞིའི་ཡིག་ཆ།