ལུང་ཡིའུ་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:29ལ་འགྲུབ།

ལུང་ཡིའུ་རྫོང་།

ལུང་ཡིའུ་རྫོང་།
ལུང་ཡིའུ་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཆུས་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀྲེ་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་ཅིན་ཡིའུ་གཞོང་སའི་དབུས་རྒྱུད་དུ་གནས་ཡོད། ས་ཁམས་གནས་ཚད་ནི། འཕྲེད་ཐིག་བྱང་མའི 28°44′—29°17′དང་། གཞུང་ཐིག་ཤར་མའི 119°02′—119°20′བར་ཡིན། བྱང་དུ་ཅན་ཏེ་དང་། ཤར་དུ་ཅིན་ཧྭ་གྲོང་ཁུལ་དང་། ལན་ཞི། ལྷོ་རུ་སུའེ་ཁྲང་། ནུབ་ཏུ་ཆུས་ཅང་ཆུས་བཅས་དང་འབྲེལ་ཞིང་། དེའི་ཁོངས་སུ་སྲང་ལམ2དང་། གྲོང་རྡལ6 ཡུལ་ཚོ7ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1143ཡོད། སྤྱི་ལོ2010ལོར་རྒྱུན་སྡོད་མི་འབོར་ཁྲི36.24དང་། གྲངས་ཉུང་མི་རིགས23ཡོད་ཅིང་གྲངས་ཉུང་མི་རིགས་ཀྱི་མི་འབོར10700ཡོད། ཀྲེ་ཅང་ཞིང་ཆེན་གྱི་ལོ་རྒྱུས་ཐོག་གི་རྫོང་འཛུགས་སྔ་ཤོས་ཀྱི་རྫོང13གྱི་གྲས་ཤིག་དང་། ཀྲེ་ཅང་གི་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་ཅང་ཞི་དང་། ཨན་ཧུའེ། ཧྥུའུ་ཅན་བཅས་ཞིང་ཆེན་གསུམ་དང་སྦྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་སྲོལ་རྒྱུན་ཞིང་ལས་རྫོང་ཞིག་བཅས་རེད། སྤྱི་ལོ2014ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར188.2ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ལོ2013ལོར8%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར15.7ཟིན་པའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.2ཟིན་པ་དེ་ལོ་སྔོན་མ་ལས་སོ་སོར10.9%དང་13.5%འཕར་བ་རེད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར127བཏང་བ་དེ་ལོ་སྔོན་མ་ལས19.4%འཕར་བ་རེད། སྤྱི་ལོ2018ལོའི་ཟླ11པར། ལུང་ཡིའུ་རྫོང་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་ལྡན་པའི་རྫོང་བརྒྱའི”གྲས་སུ་ཚུད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙游县
མིང་གཞན།
姑蔑,龙城
ཕྱི་ཡིག་གི་མིང་།
LongYouCountry
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1143ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི36.71(2016ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཆུ་ཀྲོའུ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ2དང་གྲོང་རྡལ6ཡུལ་ཚོ7བཅས་ཡོད།
མེ་འཁོར་ས་ཚིགས།
ལུང་ཡིའུ་མེ་འཁོར་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0570
རླངས་འཁོར་ཚབ་ཨང་།
浙H
སྦྲག་སྲིད་ཨང་རྟགས།
324400
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330825
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིང་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ལུང་ཡིའུ་རྫོང་ནི་ཐད་ཀར་ཀྲེ་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས།     མིང་གོའི་སྲིད་ལོ་གསུམ་པ་ནས་བཅོ་ལྔའི་བར་(སྤྱི་ལོ1914ལོ་ནས་སྤྱི་ལོ1926ལོའི་བར) ཅིན་ཧྭ་ཏའོ་ཡི་ཁོངས་སུ་གཏོགས།     མིང་གོའི་སྲིད་ལོ་བཅུ་དྲུག་པ་ནས་ལོ་ཉེར་གཅིག་པའི་བར(སྤྱི་ལོ1927ལོ་ནས་སྤྱི་ལོ1932ལོའི་བར་)ཐད་ཀར་ཀྲེ་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས།  སྤྱི་ལོ1949ལོའི་ཟླ5པའི་ཚེས12ཉིན། ལུང་ཡིའུ་རྫོང་མཁར་བཅིངས་འགྲོལ་བྱས་ཏེ། ལུང་ཡིའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཙུགས། སྤྱི་ལོ1949ལོའི་ཟླ6པའི་ཚེས8ཉིན། ལུང་ཡིའུ་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར། སྤྱི་ལོ1959ལོའི་ཟླ12པའི་ཟླ་མཇུག་ཏུ། ལུང་ཡིའུ་རྫོང་མེད་པར་བཟོས་ནས་ཆུས་རྫོང་ཁོངས་སུ་བཅུག སྤྱི་ལོ1962ལོར། ལུང་ཡིའུ་རྫོང་གི་ལམ་ལུགས་སླར་གསོ་བྱས།

སྤྱི་ལོ1973ལོར། ལུང་ཡིའུ་རྫོང་པར་མེད་པར་བཟོས།

སྤྱི་ལོ1983ལོའི་ཟླ9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ལུང་ཡིའུ་རྫོང་གི་སྒྲིག་གཞི་སླར་གསོ་བྱས་ཤིང་། ཅིན་ཧྭ་ས་ཁུལ་དུ་གཏོགས། སྤྱི་ལོ1985ལོའི་ཟླ5པར། ཅིན་ཧྭ་ས་ཁུལ་མེད་པར་བཟོས་ཤིང་། ཅིན་ཧྭ་དང་ཆུས་ཀྲོའུ་སོ་སོར་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་བཙུགས། གྲོང་ཁྱེར་གྱིས་རྫོང་ལ་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས་པ་དང་། ལུང་ཡིའུ་རྫོང་ཁོངས་ཆུས་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས། སྤྱི་ལོ1997ལོར་ལུང་ཡིའུ་རྫོང་ཁོངས་སུ་གྲོང་རྡལ9དང་ཡུལ་ཚོ12ཡོད། སྤྱི་ལོ2005ལོའི་ཟླ12པར། ཆུས་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ལུང་ཡིའུ་རྫོང་གི་ཁོངས་གཏོགས་སྲང་ལམ2དང་། གྲོང་རྡལ6 ཡུལ་ཚོ7བཅས་སུ་བསྒྱུར་ཡོད། སྤྱི་ལོ2008ལོའི་ཟླ8པར། ལུང་ཡིའུ་རྫོང་གི་སྲིད་འཛིན་གྲོང་ཚོའི་གཞི་ཁྱོན་ལེགས་སྒྲིག་བྱས་པ་དང་། སྲིད་འཛིན་གྲོང་ཚོའི་གྲངས་འབོར་དེ་སྔའི432ནས262བར་ལེགས་སྒྲིག་བྱས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོར། ལུང་ཡིའུ་རྫོང་གི་སྲིད་འཛིན་གྲོང་ཚོ་གཞི་ཁྱོན་ལེགས་སྒྲིག་བྱས་ནས་སྲང་ལམ2དང་། གྲོང་རྡལ6 ཡུལ་ཚོ7 སྲིད་འཛིན་གྲོང་ཚོ་262བཅས་ཡོད།

ལུང་ཀྲོའུ་སྲང་ལམ། ཏུང་ཧྭ་སྲང་ལམ། ཧུའུ་ཀྲེན་གྲོང་རྡལ་དང་། ཧེང་ཧྲན་གྲོང་རྡལ། ཐ་ཧྲི་གྲོང་རྡལ། ཞའོ་ནན་ཧའེ་གྲོང་རྡལ། ཞི་ཁོའུ་གྲོང་རྡལ། ཀྲན་ཅ་གྲོང་རྡལ། མོ་ཧོན་ཡུལ་ཚོ་དང་། ཧྲི་ཧྥུ་ཡུལ་ཚོ། ཧྲེ་དབྱང་ཡུལ་ཚོ། ལུའོ་ཡུལ་ཚོ། མིའོ་ཞ་གཡུལ་ཚོ། མུའུ་ཁྲེན་ཧྲེ་རིགས་ཡུལ་ཚོ། ཏ་ཅེ་ཡུལ་ཚོ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཀྲེ་ཅང་ཞིང་ཆེན་གྱི་ནུབ་རྒྱུད་དང་ཅིན་ཡིའུ་གཞོང་སའི་དབུས་རྒྱུད་དུ་གནས་ཡོད། ས་ཁམས་གནས་ཚད་ནི། འཕྲེད་ཐིག་བྱང་མའི 28°44′—29°17′དང་། གཞུང་ཐིག་ཤར་མའི 119°02′—119°20′བར་ཡིན། བྱང་དུ་ཅན་ཏེ་དང་། ཤར་དུ་ཅིན་ཧྭ་གྲོང་ཁུལ་དང་། ལན་ཞི། ལྷོ་རུ་སུའེ་ཁྲང་། ནུབ་ཏུ་ཆུས་ཅང་ཆུས་བཅས་དང་འབྲེལ་ཞིང་།   རྫོང་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ61.5དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ29.37ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1143ཡོད།

3_2 ས་གཤིས་དང་ས་རྣམ།

ལུང་ཡིའུ་རྫོང་ནི་ཀྲེ་ཅང་ཞིང་ཆེན་གྱི་ནུབ་རྒྱུད་ཀྱི་ཅིན་ཧྭ་དང་ཆུས་ཀྲོའུ་གཤོངས་སར་གནས་ཡོད། ལུང་ཡིའུ་རྫོང་ཁོངས་ཀྱི་རི་རྒྱུད་དང་། རི་མ་ཐང་། བདེ་ཐང་། ཆུ་བོ་བཅས་ཐམས་ཅད་འཛོམས་ཡོད། ལྷོ་ཡི་ཤན་ཞ་ལིན་གྱི་རི་རྒྱུད་ལྷག་མ་དང་། བྱང་གི་ཆན་ལི་ཀང་རི་རྒྱུད་དང་རི་ཐང་གི་རྒྱུད་ལྷག་མ། དབུས་ཀྱི་ཅིན་ཧྭ་དང་ཆུས་ཀྲོའུ་གཤོངས་ས། ནུབ་ངོས་ནས་ཤར་ངོས་ཀྱི་དབུས་རྒྱུད་འཕྲེད་དུ་བཅད་པ་བཅས་ཀྱི་བརྒྱུད་རིམ་སྤྱི་ལེ་28ཡོད། ས་བབ་ལྷོ་དང་བྱང་མཐོ་ཞིང། དབུས་རྒྱུད་དམའ་བ་སྟེ་རྟ་སྒའི་དབྱིབས་སུ་མངོན་པ་ཡིན། ས་བབ་མཐོ་ཤོས་ནི་རྫོང་གི་ལྷོ་ནུབ་ཀྱི་མའོ་ཧྲན་ས་དོང་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1442ཡོད། ཆེས་དམའ་བའི་གནས་ནི་ཧུའུ་ཀྲེན་གྲོང་རྡལ་གྱི་ཞ་ཐུང་གྲོང་ཚོ་ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི33ཡིན།

3_3 ནམ་ཟླ།

ལུང་ཡིའུ་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཁུལ་དུ་གནས་པ་དང་། དེར་མངོན་གསལ་དོད་པའི་གཤོང་སའི་ཁྱད་ཆོས་ལྡན་པ་དང་། འོད་འཕྲོ། དྲོད་ཚད། ཆར་འབབ། དྲོད་ཚད་བརླན་ཚད་སོགས་གནམ་གཤིས་ཀྱི་རྐྱེན་ཆ་ཚང་མར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། དེའི་ཁྱད་ཆོས་ནི་དྲོད་ཚད་རན་པོ་ཡོད་པ་དང་། འོད་ཕོག་ཚད་མང་བ། ཆར་ཆུ་འབེལ་བ། ཐན་ཞོད་མངོན་གསལ་དོད་པ་བཅས་རེད། དྲང་འཕྱང་གི་ཁྱད་པར་མངོན་གསལ་ཡིན་པ་དང་། དཔྱིད་འགོ་དང་སྟོན་ཁ་ཐུང་བ། དབྱར་དགུན་རིང་། ལུང་ཡིའུ་རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚ་17.1℃དང་། ཚ་ཤོས་ཀྱི་ཟླ་བའི་ཆ་སྙོམས་དྲོད་ཚད28.8℃དང་། གྲང་ཤོས་ཀྱི་ཟླ་རེའི་ཆ་སྙོམས་དྲོད་ཚད5.0℃དང་། ཐལ་སྐྱོད་ཀྱི་དྲོད་ཚད་མཐོ་ཤོས41.0℃དང་། ཐལ་སྐྱོད་ཀྱི་དྲོད་ཚད་དམའ་ཤོས-11.4℃བཅས་ཡིན། ལོ་ཧྲིལ་པོར་སད་མེད་དུས་ཉིན257ཡིན། 10℃ཡི་འགུལ་སྐྱོད་དྲོད་ཚད5441℃ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1602.6ཟིན་པ་དང་། ལོ་རེར་ཆ་སྙོམས་རླན་ཚད79%ཡིན། ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ནི་ཆུ་ཚོད1761.9ཡིན་པ་དང་། སྤྱིའི་འགྱེད་འཕྲོ་བྱེད་ཚད་སྨི110དང་ལི་སྨི110ཟིན་ཡོད།

3_4 ཆུ་དཔྱད།

ཆུས་ཅང་གཙང་པོ་དང་ལིང་ཧྲན་གཙང་པོ་བརྒྱུད་དེ་གྲོང་ཁྱེར་བརྒལ་ཞིང་། ཆུས་ཅང་གྲུ་གཟིངས་བཟོ་གྲྭ་ཧྲ་ཀྲོའུ་དང་བྲག་ཕུག་ཧྲ་ཀྲོའུ་རྫོང་གྲོང་གི་ཤར་ནུབ་ཏུ་ཁྱབ་ཡོད།

3_5 ས་རྒྱུ།

ལུང་ཡིའུ་རྫོང་གི་མངའ་ཁོངས་སུ་བྲག་རྡོའི་རང་བཞིན་རྙོག་འཛིང་ཆེ། ས་ངོས་ཆགས་ཚུལ་རིགས་མང་པོ་ཡོད་པ་དང་། གསར་སྤེལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ས་རྒྱུའི་རིགས་སྣ་མང་བ་ཆགས་ཡོད། ལུང་ཡིའུ་རྫོང་གི་ས་རྒྱུ་ནི་ས་དམར་པོས་གཙོ་བོ་བྱེད་པ་དང་ཁྱབ་ཚུལ་མངོན་གསལ་དོད་པོས་དྲང་འཕྱང་གི་ས་རྒྱུད་རང་བཞིན་ལྡན་ཡོད། དེའི་ཁྱབ་ཚུལ་གྱི་ཆོས་ཉིད་སྤྱིར་ན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི600ནས650ཡན་གྱི་ཀྲུང་ཧྲན་དམའ་བ་གཞི་རྩའི་ཆ་ནས་ཧོང་དབྱང་ཡིན་པ་དང་། སྨི600ནས650མན་གྱི་རི་འབུར་དམའ་བ་མང་ཆེ་བ་ནི་ས་དམར་ཡིན་པ་དང་། ས་བབ་མཐོ་ཚད་སྨི100མན་གྱི་ལུང་གཞུང་གི་བདེ་ཐང་ནི་མཚོ་རླབས་དང་ཆུ་འབྲས་ཞིང་ཡིན།

4 རང་བྱུང་ཐོན་ཁུངས།
4_1 རྩི་ཤིང་ཐོན་ཁུངས།

ལུང་ཡིའུ་རྫོང་ནི་ནགས་ཚལ་སྔོ་ཁེབས་ཁུལ་གྱི་ཚ་ཁུལ་ཕལ་བའི་ཤར་རྒྱུད་ཀྱི་རྒྱུན་ལྗང་ལོ་ཆེན་ནགས་ཚལ་ཁུལ་གྱི་ཁོངས་སུ་གཏོགས། ལྷོ་བྱང་གི་འོད་དྲོད་ཆ་རྐྱེན་མི་འདྲ་བའི་དབང་གིས་སྔོ་ཁེབས་ཁུལ་གཉིས་སུ་དབྱེ་ཡོད། བྱང་རྒྱུད་ཀྱི་ཀྲེ་ཝན་རི་བོའི་ཆིའུ་ཆིང་ཀང་དང་ཁུའུ་ཡན་སྔོ་ཁེབས་ཁུལ་དང་། ལྷོ་རྒྱུད་ཀྱི་ཀྲེ་ཅང་དང་ཧྥུ་ཅན་ཧྲན་ཆིའུ་ཐན་དང་མུའུ་ཧོ་སྔོ་ཁེབས་ཁུལ། རང་བྱུང་ལོ་མ་ཆེ་བའི་ནགས་ཚལ་དུ་བསྐྱར་སྐྱེས་རྣམ་པ་མངོན་པ་དང་། རྩི་ཤིང་གི་རིགས་གཙོ་བོ་ཕལ་ཆེར་རིགས9ཡོད།

4_2 སྲོག་ཆགས་ཐོན་ཁུངས།

སྤྱི་ལོ1989ལོར་སྲོག་ཆགས་མཐུན་ཚོགས་ཀྱི་ཀྲུའུ་ཀེ་རྟོག་ཞིབ་ཚོགས་ཆུང་གིས་ལུང་ཡིའུ་རྫོང་དུ་རྟོག་ཞིབ་བྱེད་སྐབས་དཔལ་འབྱོར་གྱི་རིན་ཐང་ལྡན་པའི་རི་སྐྱེས་སྲོག་ཆགས་རིགས35(རི་དྭགས་རིགས31དང་བྱ་རིགས4)ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ལ་སྟག་དང་། ཤྭ་བ་ནག་པོ་སོགས་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2010ལོར། ལུང་ཡིའུ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི36.24ཟིན་པ་དེ་སྤྱི་ལོ2000ལོའི་ཟླ11ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་གྱི་མི་ཁྲི36.82དང་བསྡུར་ན་ལོ་བཅུའི་ནང་མི་ཁྲི0.58ཉུང་དུ་ཕྱིན་ནས1.58%ཆག་ཡོད། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་རྫོང་ཕྱིའི་མི་འབོར་ཁྲི3.06ཟིན་པ་དེས8.44%བཟུང་ཡོད།     སྤྱི་ལོ2010ལོར་ལུང་ཡིའུ་རྫོང་གི་རྒྱུན་སྡོད་མི་འབོར་ལ་ཁྱོན་ཁྱིམ་ཚང་ཁྲི12.87ཡོད་པ་དང་། ཁྱིམ་ཚང་གི་མི་འབོར་ཁྲི32.79ཡོད་པ་རེད། ཁྱིམ་ཚང་རེར་ཆ་སྙོམས་མི་འབོར2.55ཡོད་པ་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པའི་མི2.99ལས0.44ཉུང་དུ་ཕྱིན་ཡོད་པ་རེད།     ལུང་ཡིའུ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར་ཁྲི18.86ཟིན་པ་དེས52.04%བཟུང་བ་དང་། བུད་མེད་མི་འབོར་ཁྲི17.38ཟིན་པ་དེས47.96%བཟུང་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི111.61ནས108.52བར་ཆག་ཡོད།

5_2 མི་རིགས།

སྤྱི་ལོ2007ལོའི་ཟླ12པར། ལུང་ཡིའུ་རྫོང་ལ་གྲངས་ཉུང་མི་རིགས23དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར10700ཡོད། རྒྱ་རིགས་མང་ཤོསདང་དེ་ནས་ཧྲེ་རིགས། ད་དུང་སོག་རིགས་དང་། ཧུའེ་རིགས། མིའོ་རིགས། ཀྲོང་རིགས། མན་ཇུ་རིགས། ཧྲུའེ་རིགས། དབྱིས་རིགས། ཐུའུ་ཅ་རིགས། ལི་རིགས། ཧོར་རིགས། མའོ་ནན་རིགས། བོད་རིགས། ཡུ་གུར་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་སུའུ་རིགས། དབའ་རིགས། ཀེ་ལའོ་རིགས་བཅས་ཡོད།

6 དཔལ་འབྱོར།

སྤྱི་ལོ2016ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར209.9ཟིན་པ་དེ་སྤྱི་ལོ2011ལོའི་ལྡབ1.5ཡིན་པ་དང་ལོ་རེར་ཆ་སྙོམས8.7%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར20.1མངོན་འགྱུར་བྱུང་བ་དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར14ཟིན་ནས་ལོ་རེར་ཆ་སྙོམས་སོ་སོར12.5%དང་14.6%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར161.4དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར128.5ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར4.8བཅས་ལེགས་གྲུབ་ཟིན་ནས་ལོ་རེར་ཆ་སྙོམས་སོ་སོར11.7%དང་། 12.3% 13.1%བཅས་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར37334དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18621ཟིན་ནས་ལོ་རེར་ཆ་སྙོམས་སོ་སོར10.9%དང10.6% འཕར་ཡོད།

7 འགྲིམ་འགྲུལ།

སྤྱི་ལོ1998ལོ་ནས་སྤྱི་ལོ2005ལོའི་བར་ལུང་ཡིའུ་རྫོང་གི་འགྲིམ་འགྲུལ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་ཡོད། སྤྱི་ལོ2006ལོའི་ལོ་མཇུག་ཏུ་ལུང་ཡིའུ་རྫོང་གི་འགྲིམ་འགྲུལ“གཞུང་གཉིས་འཕྲེད་གཅིག་མུ་འབྲེལ་བཅུ”ལེགས་གྲུབ་ཟིན་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར40ལྷག་ཙམ་བཏང་བ་རེད། རྫོང་ཁོངས་སུ་ཁྱོན་མྱུར་བགྲོད་གཞུང་ལམ1དང་སྤྱི་ལེ24.6ཡོད། རྒྱལ་ལམ1སྤྱི་ལེ30.77ཡོད། ཞིང་ཆེན་རིམ་པའི་ལམ3སྤྱི་ལེ63.154ཡོད། རྫོང་ལམ21སྤྱི་ལེ268.938ཡོད། ཡུལ་ཚོའི་ལམ་29སྤྱི་ལེ160.091ཡོད། ཆེད་སྤྱོད་གཞུང་ལམ7སྤྱི་ལེ21.658ཡོད། གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ544.617བཅས་ཟིན་ཡོད།

8 གཟི་བརྗིད་མཚན་སྙན།

ལུང་ཡིའུ་རྫོང་ལ་སྔ་རྗེས་སུ་ཞིང་ཆེན་རིམ་པའི་ཤེས་དཔལ་རྫོང་གྲོང་དང་། ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་གྲོང་། ཞིང་ཆེན་རིམ་པའི་སློབ་གསོའི་སྟོབས་ཆེའི་རྫོང་། རྒྱལ་ཁབ་རིམ་པའི་སྣོད་བཅུད་དཔེ་སྟོན་ཁུལ། ཀྲུང་གོའི་ཚོང་རོགས་མ་འཇོག་འོས་སྦྱོར་གྲོང་ཁྱེར་ཆེ་གྲས་བཅུ། རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་བརྒྱའི་གྲོང་ཁྱེར་འབྲིང་ཆུང་སོགས་ཀྱི་མཚན་སྙན་ཐོབ་པ་རེད།     སྤྱི་ལོ2008ལོའི་ལུང་ཡིའུ་ཀྲེ་ཅང་ཞིང་ཆེན་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་ཁྱེར་ཆེ་གྲས་བཅུ་ལ་བདམས་པ་རེད།    སྤྱི་ལོ2014ལོར་ལུང་ཡིའུ་རྫོང་དེ་ཀྲེ་ཅང་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་རྫོང་གྲོང་བཅུ་ལ་བདམས་པ་རེད།     སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་རྫོང་བརྒྱ་རུ་བདམས་པ་རེད།   སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱ།   སྤྱི་ལོ《2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་རྫོང་བརྒྱའི》ཨང12པ། སྤྱི་ལོ2019ལོར་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱ་བཅས་སུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།