ཡའོ་ཀྲོའུ་ཆུས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-03-24 14:41ལ་འགྲུབ།

ཡའོ་ཀྲོའུ་ཆུས།

ཡའོ་ཀྲོའུ་ཆུས།
ཡའོ་ཀྲོའུ་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞིའི་དབུས་རྒྱུད་དང་ཝེ་བྱང་ས་མཐོའི་ལྷོ་རྒྱུད་དུ་གནས་པ་དང་། ཐུང་ཁྲོན་གྲོང་ཁྱེར་གྱི་ལྷོ་ནུབ་དང་། བྱང་ངོས་ཧྲེ་དབྱི་རྫོང་དང་འབྲེལ་ལ། ལྷོ་རུ་སན་ཡོན་རྫོང་དང་འབྲེལ་ཡོད། བྱང་ཤར་དུ་ཐུང་ཁྲོན་གྲོང་ཁྱེར་གྱི་ཝང་དབྱི་ཆུས་དང་དབྱིན་ཐའེ་ཆུས་གཉིས་ལ་འབྲེལ་ཞིང་། ཤར་ལྷོར་ཧྥུའུ་ཕིང་རྫོང་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག 108°34′—109°06′ཡིན། བྱང་གི་འཕྲེད་ཐིག 34°48′—35°19′བར་དུ་གནས། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1617ཡོད། སྤྱི་ལོ2018ལོར་ཡའོ་ཀྲོའུ་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ8རྒྱུན་སྡོད་མི་འབོར་ཁྲི23.61ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར91.63ཟིན་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར11.60ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར43.48ཟིན། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར36.55ཟིན། ཐོན་ལས་གསུམ་པོའི་གྲུབ་ཆའི་བསྡུར་ཚད12.6:47.5:39.9ཟིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར38809ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
耀州区
ཕྱི་ཡིག་མིང་།
Yaozhou District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
གནས་ཡུལ།
ཐུང་ཁྲོན་གྲོང་ཁྱེར་གྱི་ལྷོ་སྣེ།
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ1617
མངའ་ཁོངས།
སྲང་ལམ6དང་གྲོང་རྡལ8
མི་གྲངས།
མི་ཁྲི23.61(སྤྱི་ལོ2018ལོ)
སྲིད་གཞུང་གནས་ཡུལ།
ཡུང་ཨན་ལམ་གྱི་ཁྲོམ་གཞུང་།
ནམ་ཟླ།
དྲོ་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0919
མེ་འཁོར་ས་ཚིགས།
ཡའོ་རྫོང་ས་ཚིགས་དང་ཡའོ་རྫོང་ནུབ་ཚུགས།
སྦྲག་སྲིད་ཨང་རྟགས།
727100
རླངས་འཁོར་ཚང་ཨང་།
ཧྲའནB(陕B)
སྲིད་འཛིན་ཚབ་ཨང་།
610204
1 ​ངོ་སྤྲོད།

ཡའོ་ཀྲོའུ་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞིའི་དབུས་རྒྱུད་དང་ཝེ་བྱང་ས་མཐོའི་ལྷོ་རྒྱུད་དུ་གནས་པ་དང་། ཐུང་ཁྲོན་གྲོང་ཁྱེར་གྱི་ལྷོ་ནུབ་དང་། བྱང་ངོས་ཧྲེ་དབྱི་རྫོང་དང་འབྲེལ་ལ། ལྷོ་རུ་སན་ཡོན་རྫོང་དང་འབྲེལ་ཡོད། བྱང་ཤར་དུ་ཐུང་ཁྲོན་གྲོང་ཁྱེར་གྱི་ཝང་དབྱི་ཆུས་དང་དབྱིན་ཐའེ་ཆུས་གཉིས་ལ་འབྲེལ་ཞིང་། ཤར་ལྷོར་ཧྥུའུ་ཕིང་རྫོང་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག 108°34′—109°06′ཡིན། བྱང་གི་འཕྲེད་ཐིག 34°48′—35°19′བར་དུ་གནས། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1617ཡོད། སྤྱི་ལོ2018ལོར་ཡའོ་ཀྲོའུ་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ8རྒྱུན་སྡོད་མི་འབོར་ཁྲི23.61ཟིན་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར91.63ཟིན་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར11.60ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར43.48ཟིན། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར36.55ཟིན། ཐོན་ལས་གསུམ་པོའི་གྲུབ་ཆའི་བསྡུར་ཚད12.6:47.5:39.9ཟིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར38809ཟིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1950ལོ་དང་སྤྱི་ལོ1953ལོར་སྔ་རྗེས་སུ་ཞན་དབྱང་དང་ཝེ་ནན་ས་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར།

སྤྱི་ལོ1956ལོར་ཞིང་ཆེན་གྱི་ཐད་གཏོགས་རྫོང་ཡིན། སྤྱི་ལོ1958ལོའི་ལོ་མཇུག་ཏུ་རྫོང་ཕྱིར་འཐེན་བྱས་ཏེ་ཐུང་ཁྲོན་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1961ལོའི་ཟླ8པར་རྫོང་གི་ལམ་ལུགས་སླར་གསོ་བྱས་པ་དང་། ཝེ་ནན་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡིན།

སྤྱི་ལོ1980ལོའི་ཟླ1པོར་ཐུང་ཁྲོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་དུ་བསྒྱུར།

སྤྱི་ལོ2002ལོའི་ཟླ6པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་ནས་ཡའོ་རྫོང་ཕྱིར་འཐེན་བྱས་ཏེ་ཐུང་ཁྲོན་གྲོང་ཁྱེར་ཡའོ་ཀྲོའུ་ཁུལ་བཙུགས། དེ་སྔའི་ཡའོ་རྫོང་གི་སྲིད་འཛིན་སྲིད་འཛིན་ས་ཁོངས་དང་། ཆུས་མི་དམངས་སྲིད་གཞུང་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས།

3 ས་མཚམས་དབྱེ་འབྱེད་ཀྱི་ད་ལྟའི་གནས་ཚུལ།

སྤྱི་ལོ2018ལོར་ཡའོ་ཀྲོའུ་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ8ཡོད། ཡའོ་ཀྲོའུ་ཆུས་མི་དམངས་སྲིད་གཞུང་ནི་ཡུང་ཨན་ལམ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག

ཡའོ་ཀྲོའུ་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞིའི་དབུས་རྒྱུད་དང་ཝེ་བྱང་ས་མཐོའི་ལྷོ་རྒྱུད་དུ་གནས་པ་དང་། ཐུང་ཁྲོན་གྲོང་ཁྱེར་གྱི་ལྷོ་ནུབ་དང་། བྱང་ངོས་ཧྲེ་དབྱི་རྫོང་དང་འབྲེལ་ལ། ལྷོ་རུ་སན་ཡོན་རྫོང་དང་འབྲེལ་ཡོད། བྱང་ཤར་དུ་ཐུང་ཁྲོན་གྲོང་ཁྱེར་གྱི་ཝང་དབྱི་ཆུས་དང་དབྱིན་ཐའེ་ཆུས་གཉིས་ལ་འབྲེལ་ཞིང་། ཤར་ལྷོར་ཧྥུའུ་ཕིང་རྫོང་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག 108°34′—109°06′ཡིན། བྱང་གི་འཕྲེད་ཐིག 34°48′—35°19′བར་དུ་གནས། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1617ཡོད། 

5 ནམ་ཟླའི་ཁྱད་ཆོས།

ཡའོ་ཀྲོའུ་ཆུས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་བརླན་གཤེར་ཕྱེད་ཐན་གྱི་ནམ་ཟླ་ཡིན་ལ། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད2356.6དང་། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི554.5དང་ཆ་སྙོམས་དྲོད་ཚད8.4-12.3℃དང་། ཆ་སྙོམས་སད་མེད་དུས་ཉིན206-228ཡིན།

6 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡའོ་ཀྲོའུ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི23.61ཟིན་པ་དང་། སྐྱེས་ཚད10.30%ཟིན། ཚེ་འདས་ཚད6.04%ཟིན། མི་འབོར་རང་ཤུགས་སུ་འཕར་ཚད4.26%ཟིན། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད46.04%ཟིན། སྤྱི་བདེ་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལོ་མཇུག་ཏུ་ཆུས་ཡོངས་སུ་དུད་ཚང་ཁྲི7.36ཟིན་པ་དང་ཐེམ་ཐོའི་མི་འབོར་ཁྲི23.1034ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར53488དང་གྲོང་གསེབ་ཀྱི་མི་འབོར་ཁྲི17.7546ཡོད། ཐེམ་ཐོའི་ནང་སྐྱེས་པ་ཁྲི12.0404ཡོད་པ་དེས52.1%བཟུང་བ་དང་། བུད་མེད་མི་འབོར་ཁྲི11.063ཟིན་པ་དེས47.9%བཟུང་ཡོད།

7 དཔལ་འབྱོར།

སྤྱི་ལོ2018ལོར་ཡའོ་ཀྲོའུ་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར91.63བྱུང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན6.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར11.60ཟིན་ནས3.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར43.48ཟིན་ནས4.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར36.55ཟིན་ནས8.7%འཕར་ཡོད། ཐོན་ལས་གྲུབ་ཆ་ནས་བལྟས་ན། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཆའི་བསྡུར་ཚད12.6:47.5:39.9ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར38809ཟིན་ཡོད། ལོ་མཇུག་ཏུ་ཆུས་ཡོངས་སུ་རིགས་ཁག་གི་ཁྲིམས་མིའི་ལས་ཁུངས3586དང་ཐོན་ལས་བྱེད་སྒོའི་ལས་ཁུངས420ཡོད། ཆུས་ཡོངས་ཀྱི་བཟོ་ཚོང་ཐོ་འགོད་ཀྱི་སྒེར་གཉེར་ཁེ་ལས2602ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང1428དང་། ཁེར་རྐྱང་བཟོ་ཚོང་དུད་ཚང18088ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་དུད་ཚང16508དང་།ཆུས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རིན་ཐང་འཕར་མ་སྒོར་དུང་ཕྱུར48.76ཟིན་པ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི53.2%བཟུང་ཡོད།

7_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཡའོ་ཀྲོའུ་ཆུས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར20.83ཟིན་པ་དེ་དུས་མཚུངས་སུ3.3%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15.9525ཟིན་པ་དང་། ནགས་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི3704ཟིན། འབྲོག་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་3.5405ཟིན། ཉ་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི1324ཟིན། ཞིང་ནགས་འབྲོག་ཉ་བཅས་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི8314བཅས་ཟིན་ཡོད། ལོ་ཧྲིལ་པོར་ཆུ་གྲོན་ཆུང་གིས་ཞིང་ཆུ་མུའུ4500བཏང་ནས་གཞི་རྩའི་ཞིང་ཁ་མུའུ500བསྐྲུན་ཡོད། བདེ་འཇགས་འཐུང་ཆུའི་ལས་གྲྭ་ཁག62ལེགས་གྲུབ་བྱུང་ནས་གྲོང་གསེབ་ཀྱི་མི87444ཡི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པའི་ནང་མི་འབོར་དབུལ་པོ12351ཡོད།

7_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཡའོ་ཀྲོའུ་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར107.99ཟིན་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.18ཟིན་པ་དེ་དུས་མཚུངས་སུ4.3%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཁྲོད་གཞུང་ཁོངས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར21.59ཟིན་པ་དེ་དུས་མཚུངས་སུ21.4%འཕར་བ་དང་། མ་རྐང་ལམ་ལུགས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར78,48ལེགས་གྲུབ་བྱུང་བ་དེ་དུས་མཚུངས་སུ21.9%མར་ཆག་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་ཆ་ནས་བལྟས་ན། ཡང་བའི་བཟོ་ལས41.3%མར་ཆག་པ་དང་། ལྕི་བའི་བཟོ་ལས15.48%མར་ཆག་ཡོད། རྡོ་སོལ་དང་འཛུགས་སྐྲུན་རྒྱུ་ཆ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར71.34ལེགས་གྲུབ་བྱུང་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི66.1%བཟུང་བ་དེ་སྤྱི་ལོ2017ལོའི་དུས་མཚུངས་སུ6.1%འཕར་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས6གསར་འཕར་བྱུང་ནས་གཞི་ཁྱོན་ཆེ་བའི་བཟོ་ལས0.5%འཕར་ཡོད། བསྡོམས་རྩིས་བྱས་པའི་ཐོན་རྫས་གཙོ་བོ22ཁྲོད་ཐོན་རྫས་སྣ་ཁ5ཡི་ཐོན་འབོར་མུ་མཐུད་དུ་འཕར་བའི་ནང་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི1030ཟིན་པ་དེ་དུས་མཚུངས་སུ4.0%འཕར་བ་དང་ཨར་འདམ་ཐོན་ཚད་ཏུན་ཁྲི619ཟིན་ནས་དུས་མཚུངས་སུ10%མར་ཆག་པ་དང་། རྒྱུ་ཆའི་ཐོན་འབོར་ཏུན་ཁྲི531ཟིན་པ་དེ་དུས་མཚུངས་སུ20.5%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར1.65ཟིན་པ་དེ་དུས་མཚུངས་སུ28.2%མར་ཆག་ཡོད། ཁྲལ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར4.84ཟིན་པ་དེ་དུས་མཚུངས་སུ36.7%འཕར་བའི་ནང་གཞུང་ཁོངས་མ་རྐང་ཚོད་འཛིན་བཟོ་ལས་ཁེ་ལས་ཀྱི་གྱོང་གུན་སྒོར་དུང་ཕྱུར1.6ཟིན་ནས་ཁྲལ་དངུལ་སྒོར་དུང་ཕྱུར2.0ཟིན་པ་དེ་དུས་མཚུངས་སུ106.7%མར་ཆག་པ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲལ་དངུལ་བསྡོམས་འབོར་གྱི41.3%བཟུང་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར་6,95བྱུང་བ་དེ་དུས་མཚུངས་སུ30.6%འཕར་ཡོད། ལོ་ཧྲིལ་པོར་བཟོ་ལས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཕྱོགས་བསྡུས་སྟོན་གྲངས270%ཟིན་པ་དང་ལས་བཟོ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མི་རེར་སྒོར་ཁྲི35.69ཟིན་པ་དེ་དུས་མཚུངས་སུ14.4%མར་ཆག་ཡོད།

7_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཡའོ་ཀྲོའུ་ཆུས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར33.1ཟིན་ནས11.2%འཕར་ཡོད། ཁེ་ལས་གཞི་ཁྱོན་ལ་གཞིགས་ནས་དབྱེ་ན། བཅད་གྲངས་ཡན་གྱི་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར10.4ཟིན་པ་དེ་དུས་མཚུངས་སུ16.7%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་ཀྱི31.3%བཟུང་བ་དང་། བཅད་གྲངས་མན་གྱི་ཚོང་དོན་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར22.7ཟིན་པ་དེ་དུས་མཚུངས་སུ8.9%འཕར་བ་དེས་སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་ཀྱི68.7%བཟུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། གྲོང་ཁྱེར་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར25.4ཟིན་ནས0.7%འཕར་བ་དང་། གྲོང་གསེབ་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར7.7ཟིན་ནས12.8%འཕར་ཡོད། ལས་རིགས་ལ་དབྱེ་ནས་བལྟས་ན། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར26.3ཟིན་ནས11.2%འཕར་བ་དང་། ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར6.8ཟིན་ནས11.2%འཕར་ཡོད།

8 སློབ་གསོའི་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡའོ་ཀྲོའུ་ཆུས་ལ་རིགས་ཁག་གི་སློབ་གྲྭ་དང་སློབ་ཁྲིད་ས་ཚིགས48དང་། སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ19590སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་ལས་བཟོ་བ2204ཆེད་བསྐོས་དགེ་རྒན1947བཅས་ཡོད། སློབ་ཞུགས་གོང་གི་ལོ་གསུམ་ནང་བྱིས་སྐྱོང་ཁང་དུ་ཞུགས་ཚད98.09%ཟིན་ཡོད། སློབ་འབྲིང་སློབ་མ་དཀྱུས་མ8476ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ3332དང་དམའ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ5144ཡོད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ1836དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ1147ཡོད། འབྲིང་རྒྱུགས་ནང་ཞུགས་མཁན་མི་གྲངས1696ཡོད། ཡའོ་ཀྲོའུ་ཡི་མཐོ་རྒྱུགས་ནང་ཞུགས་མཁན་སློབ་མ815ཟིན།

9 འཕྲོད་བསྟེན་ལས་དོན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡའོ་ཀྲོའུ་ཆུས་སུ་རིགས་ཁག་གི་འཕྲོད་བསྟེན་སྒྲིག་གཞི27ཡོད་པའི་ནང་སྨན་ཁང10དང་། གྲོང་ཚོ་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི13འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི1རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས1བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྒྲིག་གཞི1མཉམ་བཅོས་སྨན་བཅོས1བཅས་ཡོད། འཕྲོད་བསྟེན་སྒྲིག་གཞི་ཁག་ལ་ནད་ཁྲི1338ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྱོན1727ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ477དང་སྨན་གཡོག813ཐོ་འགོད་བྱས་ཡོད། ཆུས་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་མ་དངུལ་ཚད་གཞི་མི་རེར་སྒོར690བར་མཐོ་རུ་བཏང་བ་དེ་ལོ་གོང་མ་ལས་སྒོར60མཐོ་རུ་ཕྱིན་པ་དང་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི་གྲངས232832ཟིན་ཡོད།

10 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡའོ་ཀྲོའུ་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི11.85དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི2.3ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས10308བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས8379ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས12996བཅས་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ2735གསར་འཕར་བྱུང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.21%ཟིན།

11 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་ཡའོ་ཀྲོའུ་ཆུས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡིས་རྫོང་རིམ་པའི་རྒྱལ་ཡོངས་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས།

སྤྱི་ལོ2019ལོའི་ཟླ3པར་ཆུ་བེད་པུའུ་ཡིས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)རིམ་པ་དང་པོ་ནང་བདམས།

སྤྱི་ལོ2019ལོའི་ཟླ3པར་རིམ་པ་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཡའོ་ཀྲོའུ་ཆུས།