ཝུའུ་དབྱི་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:35ལ་འགྲུབ།

ཝུའུ་དབྱི་རྫོང་།

ཝུའུ་དབྱི་རྫོང་།
ཝུའུ་དབྱི་རྫོང་ནི་ཀྲེ་ཅང་ཞིང་ཆེན་གྱི་ཅིན་ཧྭ་གྲོང་ཁྱེར་གྱི་ཁོང་གཏོགས་ཡིན། ཀྲེ་ཅང་ཞིང་ཆེན་གྱི་དབུས་ཁུལ་དུ་ཆགས་ཡོད་པ་དང་། འཕྲེད་ཐིག་བྱང་མའི28℃~29℃03དང་གཞུང་ཐིག་ཤར་མའི 119°27'~119°58' བར་དུ་གནས་ཡོད། ཡུང་ཁང་ནུབ་རྒྱུད་དུ་ཝུའུ་དབྱི་རྫོང་དང་ལི་ཝུའུ་ཀྲོའུ་བཙུགས་ཡོད། ཝུའུ་ཙེ་ཐེན་གྱིས་སྲིད་དབང་འཛིན་སྐབས་གསར་དུ་བཙུགས་པའི་ཅུན་རྫོང་ཚང་མར“ཝུའུ”ཞེས་པའི་མིང་དེ་བཏགས་པ་དང་། རྫོང་གི་ཤར་ངོས་སུ་པའེ་དབྱི་ཧྲན་ཡོད་སྟབས་ཝུའུ་དབྱི་རྫོང་ཞེས་བཏགས་ཡོད། ཝུའུ་དབྱི་རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་། དེ་ལས་ཐོན་པའི་དངོས་པོ་མཆོག་ཏུ་གྱུར། ཆུ་ཚན་གྱི་ཐོན་ཁུངས“ཧྭ་ཤར་གྱི་ཨང་དང་པོ་དང་རྒྱལ་ཡོངས་ཀྱི་ཨང་དང་པོ”ཞེས་པའི་མཚན་སྙན་ཡོད། སྐྱེ་ལྡན་ཇའི་ལག་ཁྱེར་སྤྲོད་པའི་རྒྱ་ཁྱོན་དང་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས“ཀྲུང་གོའི་སྐྱེ་ལྡན་ཇའི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། སྤྱི་ལོ2013ལོའི་བར་ཝུའུ་དབྱི་རྫོང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1577ཟིན་པ་དང་། མི་འབོར་ཁྲི33.74ཡོད་པ། སྲང་ལམ3དང་ཡུལ་ཚོ་དང་གྲོང་རྡལ15ཡོད་པ་རེད། སྡེ་ཁུལ་གྱི་གྲོང་མིའི་ཨུ་ཡོན་ལྷན་ཁང15 གྲོང་མིའི་ཨུ་ཡོན་ལྷན་ཁང546བཅས་ཡོད་པ་རེད། སྤྱི་ལོ2013ལོའི“མཛེས་སྡུག་གསུམ”གྱི་བུམ་པའི་ཀྲུང་གོའི་རླངས་འཁོར་འཐེན་ཤུགས་ལེགས་སྐྱེས་འགྲན་བསྡུར་གཉེར་ཡུལ་དང་། སྤྱི་ལོ2018ལོའི་ཟླ9ཚེས26ཉིན་ཝུའུ་དབྱི་རྫོང་ལ་སྤྱི་ལོ2018ལོའི“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”གཏོད་ཁུལ་གྱི་མཚན་སྙན་ཐོབ་པ་རེད། སྤྱི་ལོ2018ལོའི་ཟླ11པརསྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་རྫོང་བརྒྱའི་མིང་ཐོའི”ནང་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武义县
མིང་གཞན།
武义
ཕྱི་ཡིག་གི་མིང་།
Wuyi County
སྦྲགས་སྲིད་ཨང་རྟགས།
321200
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླའི་ཆ་རྐྱེན།
ཚ་ཁལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར།
མེ་འཁོར་ས་ཚིགས།
ཝུའུ་དབྱི་མེ་འཁོར་ས་ཚིགས།
མངའ་ཁོངས།
སྲང་ལམ3དང་ཡུལ་ཚོ་དང་གྲོང་རྡལ15ཡོད།
གནམ་ཐང་།
དབྱི་ཝུའུ་གནམ་ཐང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0579
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330723
1 ལོ་རྒྱུས་འཕེལ་རིམ།

མིང་གོའི་སྲིད་ལོ་དང་པོར་ཅིན་ཧྭ་ཏའོ་ཡི་ཁོངས་སུ་གཏོགས་པ་རེད།

མིང་གོའི་སྲིད་ལོ16པར་ཏའོ་མེད་པར་བཟོས་པ་དང་ཐད་ཀར་ཀྲེ་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མིང་གོའི་སྲིད་ལོ24(སྤྱི་ལོ1935ལོ)སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར་གཏོགས།

མིང་གོའི་སྲིད་ལོ35ལོར(སྤྱི་ལོ1946)སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པ་མེད་པར་བཟོས་ནས་སླར་ཡང་ཀྲེ་ཅང་ཞིང་ཆེན་ལ་གཏོགས་པ་ཡིན།

མིང་གོའི་ལོ37ལ(སྤྱི་ལོ1948ལོ)སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པར་གཏོགས་པ་དང་། ལོ་དེའི་ཟླ7པར་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པའི་ཁོངས་སུ་གཏོགས་ཡོད།

བཅིངས་འགྲོལ་བྱེད་སྐབས་ཝུའུ་དབྱི་རྫོང་ནི་ཅིན་ཧྭ་ཀྲོན་ཆུས་ཀྱི་ཁོངས་གཏོགས་ཡིན། ཞོན་ཕིན་རྫོང་ནི་ལི་ཧྲུའེ་ཀྲོན་ཆུས་སུ་གཏོགས་པ་དང་། སྤྱི་ལོ1952ལོར་ཆུས་ཀྲོའུ་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1954ལོར་ཆུས་ཀྲོའུ་ཀྲོན་ཆུས་མེད་པར་བཟོས་ནས་ཅིན་ཧྭ་ཀྲོན་ཆུས་སུ་གཏོགས་པར་གྱུར།

སྤྱི་ལོ1958ལོའི་ཟླ5པར་ཞོན་ཕིན་རྫོང་གི་སྒྲིག་གཞི་མེད་པ་བཟོས་ནས་རྫོང་རིམ་པའི་སྒྲིག་གཞི་དང་ཡུལ་ཚོ་དང་གྲོང་རྡལ16ཝུའུ་དབྱི་རྫོང་དུ་ཟླ་སྒྲིལ་བཏང་བ་དང་དེ་མིན་ཡུལ་ཚོ་དང་གྲོང་རྡལ5ལི་ཧྲུའེ་རྫོང་དུ་བཅུག་ཡོད།

སྤྱི་ལོ1958ལོའི་ཟླ10པར་ཝུའུ་དབྱི་རྫོང་གི་སྒྲིག་གཞི་མེད་པ་བཟོས་ནས་ཡུང་ཁང་རྫོང་དུ་ཟླ་སྒྲིལ་བཏང་བ་རེད།

སྤྱི་ལོ1961ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཝུའུ་དབྱི་རྫོང་གི་སྒྲིག་གཞི་སླར་གསོ་བྱས།

སྤྱི་ལོ1985ལོའི་ཟླ5པར། ཅིན་ཧྭ་ཀྲོན་ཆུས་དེ་ཅིན་ཧྭ་གྲོང་ཁྱེར་དུ་བསྒྱུར། ཝུའུ་དབྱི་རྫོང་ནི་ཅིན་ཧྭ་གྲོང་ཁྱེར་དུ་གཏོགས།

2 སྲིད་འཛིན་ཁོངས་བགོས།

ཝུའུ་དབྱི་རྫོང་གི་སྲིད་འཛིན་ས་ཁོངས་དེ་རྒྱལ་ཁབ་བཙུགས་རྗེས་ལེགས་སྒྲིག་ཐེངས15བྱས་པ་རེད། སྤྱི་ལོ2001ལོའི་ཟླ9པའི་བར་དུ། དེའི་ཁོངས་སུ་ལིའུ་ཁྲེང་ཧྲེ་རིགས་གྲོང་རྡལ་དང་། ལིའུ་ཐན་གྲོང་རྡལ། ཐུང་ཆིན་གྲོང་རྡལ། ཆོན་ཞི་གྲོང་རྡལ། ཞིན་ཀྲའེ་གྲོང་རྡལ། ཝང་ཀྲའེ་གྲོང་རྡལ། ཐའོ་ཞི་གྲོང་རྡལ། ཅའོ་ཏའོ་གྲོང་རྡལ་སོགས་གྲོང་རྡ་8དང་། ཏ་ཐེན་ཡུལ་ཚོ་དང་པའེ་མུའུ་ཡུལ་ཚོ། ཡུས་ཡོན་ཡུལ་ཚོ། ཐན་ཧུང་ཡུལ་ཚོ། ཞི་ལེན་ཡུལ་ཚོ། སན་ཀང་ཡུལ་ཚོ། ཏ་ཞི་ཁོའུ་ཞང་སོགས་ཡུལལ་ཚོ7དང་། པའེ་དབྱང་སྲང་ལམ་དང་། ཧུའུ་ཧྲན་སྲང་ལམ། ཆི་ཞི་སྲང་ལམ་སོགས་ཁྲོམ་ལམ3ཡོད། སྤྱི་ལོ2005ལོའི་ལོ་མཇུག་བར་རྫོང་ཡོངས་སུ་གྲོང་ཚོ་ཨུ་ལྷན544དང་། སྡེ་ཁུལ་གྲོང་ལྷན14གྲོང་མི་ཨུ་ལྷན2བཅས་བཙུགས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཝུའུ་དབྱི་རྫོང་ནི་ཀྲེ་ཅང་ཞིང་ཆེན་གྱི་ཅིན་ཧྭ་གྲོང་ཁྱེར་ལ་གཏོགས་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་དབུས་རྒྱུད་དང་ཅིན་ཧྭ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཡོད།


3_2 ས་གཤིས།

ཝུའུ་དབྱི་ས་དབྱིབས་ལྷོ་ནུབ་ཏུ་མཐོ་བ་དང་། བྱང་ཤར་དུ་དམའ་བ། ལྷོ་རྒྱུད་དང་། ནུབ་རྒྱུད། བྱང་རྒྱུད་བཅས་ཕྱོགས་གསུམ་རི་བོས་བསྐོར་བ་དང་། རི་ཕྲན་མུ་འབྲེལ་དུ་ཆགས་ཡོད།

3_3 ཆུ་དཔྱད།

ཆན་ཐང་གཙང་པོའི་ཆུ་རྒྱུད་ནི་རྫོང་མངའ་ཁོངས་ཀྱི་བྱང་རྒྱུད་ཝུའུ་དབྱི་ལུང་གཞུང་གཤོངས་སར་གནས་པ་དང་། ཆུ་གཞུང་གཙོ་བོ་གཙོ་བོ11ཡོད་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི384.4ཡོད། ཆར་པ་འབབ་ཚད་སྟོང་སྨི་ངོས་གྲུ900.4བཅས་ཡོད། ཆུ་རྒྱུད་ནི་ལྷོ་ཕྱོགས་ཀྱི་ཞོན་ཕིང་ཆུ་རོང་གཞོང་ས་རུ་ཆགས་ཡོད་པ་དང་། ཆུ་གཞུང་གཙོ་བོ18ཡོད་པ་དང་། སྤྱིའི་རིང་ཚད་ལ་སྟོང་སྨི274.6དང་། ཆར་པ་འབབ་ཚད་སྟོང་སྨི་གྲུ་བཞི་མ676.8ཡོད།

3_4 ནམ་ཟླ།

ཝུའུ་དབྱི་རྫོང་གི་ཁོངས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞི་གསལ་བ་དང་། དྲོད་འཇམ་ཞིང་བརླན་གཤེར་ཆེ་བ། ཆར་ཆུ་འབེལ་བ། སྤྱི་ལོ1962ལོ་ནས་སྤྱི་ལོ2005ལོའི་བར་གྱི་ལོ44རིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ་17.07ཟིན་པ་དང་། སད་མེད་དུས་ཀྱི་ཆ་སྙོམས་ཉིན242ཡས་མས་ཡིན་ཞིང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་1474.49ཟིན་པ་དང་། ལོ་རེའི་ཆ་སྙོམས་བརླན་ཚད80.09%ཟིན་པ་རེད། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1891.51ཟིན་པ་དང་། ལོ་རེའི་ཆ་སྙོམས་རླུང་ཤུགས་སྐར་ཆ་རེར་སྨི1.33ཟིན་པ་རེད། ལོ་ལྟར་བྱང་ཤར་གྱི་རླུང་ཤུགས་མང་བ་བཅས་རེད། དེའི་ནང་སྤྱི་ལོ1986ལོ་ནས་སྤྱི་ལོ2005ལོའི་བར་གྱི་ལོ20ཡི་རིང་ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ17.292ཟིན་པ་དང་། སད་མེད་དུས་ཀྱི་ཉིན253ཡས་མས་ཟིན་པ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1534.48ཟིན་པ་དང་། ལོ་རེའི་ཆ་སྙོམས་བརླན་ཚད་80%ཟིན་ཡོད། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1859(ཁོར་ཡུག་སྦགས་བཙོག་གི་འགལ་རྐྱེན་ཕོག་པ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པ)ཟིན་པ་རེད། ལོ་རེའི་ཆ་སྙོམས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི1.3ཟིན་གྱི་ཡོད།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།    

ཝུའུ་དབྱི་རྫོང་ལ“རྡོ་སྲིན་གྱི་ཕ་ཡུལ། ཆུ་ཚན་གྱི་གྲོང”ཞེས་པའི་མཚན་སྙན་ཡོད། རྡོ་སྲིན་གྱི་བསགས་འབོར་ཏུན་ཁྲི4000ཙམ་ཡོད་པ་དང་། འབོར་ཆེ་བ་སྤུས་ལེགས་ཡིན། ཤིས་ལི་ཆུ་ཚན་དུ་ཉིན་རེར་ཆུ་ཐོན་ཚད་ཏུན2500ལས་བརྒལ་བ་དང་ཆུའི་དྲོད་ཚད42.6-44℃ཡིན་པ་དེའི་ནང་མི་ལུས་ལ་ཕན་པའི་གཞི་རྒྱུ་ཕྲན་བུ་ཚུད་ཡོད། ད་དུང་གཏེར་ཆུ་དང་། གསེར། དངུལ། གསོར་འབིགས། མུ་ཟི་སོགས་གཏེར་ཁ་ཡོད།   ས་རྒྱུའི་ཐོན་ཁུངས།     ཝུའུ་དབྱི་རྫོང་ཁོངས་ཀྱི་ས་རྒྱུ་ལ་ས་དམར་དང་། ས་སེར། བྲག་གཤིས་ས་རྒྱུ། མཚོ་རླབས། ཆུ་འབྲས་ས་བཅས་ཡུལ་རིགས5དང་། རིགས་ཕལ་པ11དང་།ཡུལ་ཁོངས34དང་། ཡུལ་རྒྱུད75བཅས་ཡོད་པ་དང་། ས་དམར་གྱིས་རྫོང་ཡོངས་ཀྱི་ས་གཤིན་སྤྱིའི་རྒྱ་ཁྱོན་གྱི48.སྤྱི་ལོ19%ཟིན་པ་དང་། ས་སེར་གྱིས18.67%བཟུང་ཡོད། ཆུ་འབྲས་ཀྱིས18.34%བཟུང་བ་དང་། བྲག་གཤིས་ས་ཡིས13.99%བཟུང་བ་དང་མཚོ་རླབས་ཀྱིས0.81%བཟུང་བ་བཅས་རེད། 

4_2 སྐྱེ་དངོས་ཐོན་ཁུངས།     

ཝུའུ་དབྱི་རྫོང་ཁོངས་ཀྱི་ནགས་ཚལ་སྔོ་ཁེབས་ནི་ཚ་ཁུལ་དབུས་མའི་རྒྱུན་ལྗང་ལོ་མ་ཆེ་བའི་ནགས་ཚལ་ཁུལ་ཡིན་པ་དང་། ཐན་ཡན་དང་མུའུ་ཧོ་ནགས་ཁུལ་ཡིན། རྫོང་་ཡོངས་ལ་ཤིང་རིགས93དང་།  གནའ་བོའི་ཤིང་སྡོང་ལ་སྡོང་བོ8723ཡོད། ཅིན་ཧྭ་གྲོང་ཁྱེར་གྱི་རྩི་ཤིང་རིགས་ཀྱི་ཆེས་ཕུན་སུམ་ཚོགས་པའི་རྫོང་ཞིག་ཡིན། རི་སྐྱེས་སྲོག་ཆགས་ལ་སྡེ29དང་། ཚན71དང་། རིགས265ཡོད། དེའི་ནང་རྒྱལ་ཁབ་ཀྱིIརིམ་པའི་སྲུང་སྐྱོང་སྲོག་ཆགས་རིགས4དངIIརིམ་པའི་སྲུང་སྐྱོང་སྲོག་ཆགས་རིགས32ཚུད་ཡོད།     

4_3 ཆུའི་ཐོན་ཁུངས།     

ཆུ་ཤུགས་ཐོན་ཁུངས་ཀྱི་རིགས་པའི་གཞུང་ལུགས་གསོག་ཚད་སྟོང་ཝ་ཁྲི12ཟིན་པ་དང་། ཆུ་ཤུགས་གློག་ཁང134བསྐྲུན་ཟིན་པ། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་སྤྱིའི་ཤོང་ཚད་སྟོང་ཝ་ཁྲི4.62ཟིན་པ་བཅས་ནི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གློག་ཤུགས་ཅན་གྱི་ཚོད་ལྟའི་རྫོང་ཁག་དང་པོའི་གྲས་ཤིག་རེད།      ཝུའུ་དབྱི་མངའ་ཁོངས་ནང་གི་ཆུ་བོ་ནི་ཆན་ཐང་ཅང་གཙང་པོ་དང་གཙང་པོའི་ཆུ་བོའི་མ་ལག་གཉིས་སུ་དབྱེ་ཡོད། ཧྥན་ལིན་དང་ཏ་ཏེན་ལིན་གྱི་ལམ་རྒྱུད་ནི་ཆུ་འབྱེད་མཚམས་ཡིན་པ་དང་། དེའི་ཁོངས་སུ་ཆིན་ཞི་དང་། ཀུའོ་ཞི་ཁེང་། ཆི་ཞི། པའེ་ལུའུ་བཅས་ཀྱི་ཞི་ནི་ལྷོ་ནུབ་ནས་ཤར་དང་བྱང་ཕྱོགས་སུ་འབབ་པ་དང་། གསེག་རྒྱུད་བྱང་ཤར་རྒྱུད་ཀྱི་ཝུའུ་དབྱི་ཅང་དང་། པའེ་ཞི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ཝུའུ་དབྱི་ཅང་དུ་འབབ། ཞོན་ཕིན་ཞི་དང་ཅུས་ཞི་སོ་སོར་ལྷོ་ཕྱོགས་སུ་རྒྱུག་ཅིང་། ལི་ཧྲུའེ་གྲོང་ཁྱེར་གྱི་ཁོངས་སུ་གཙང་པོ་འབབ་བཞིན་ཡོད། སྔ་རྗེས་སུ་ཆུ་མཛོད་འབྲིང་གྲས་དང་ཆུང་གྲས110བསྐྲུན་པ་དང་སྤྱིའི་ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི14490ཟིན་ཡོད།  ནགས་ལས་ཐོན་ཁུངས།     ནགས་ཚལ་ཁྱབ་ཚད72%ཟིན་པ་དེ་ཅིན་ཧྭ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་ཤིང་ཆ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི160ལྷག་ཙམ་ཟིན་པ་མ་ཟད། པོ་ལེ་དང་ཧོང་ལན་སོགས་རྒྱལ་ཁབ་ཀྱི་རྩ་ཆེའི་རྩི་ཤིང་མང་པོ་ཡོད་པ་རེད། 

4_4 ས་ཞིང་ཐོན་ཁུངས།    

རྨོ་ཞིང་སྤྱི་ཆིང་ཁྲི1.59ཡོད་པའི་ནང་ཆུ་ཞིང་སྤྱི་ཆིང་ཁྲི1.48ཡོད་པ་དང་། རྨོ་འདེབས་འཕྲུལ་ཆས་ཀྱི་སྒུལ་ཤུགས་སྟོང་ཝ་ཁྲི3.18ཡོད་པ། བརྔ་བསྡུ་འཕྲུལ་ཆས་ཀྱི་སྒུལ་ཤུགས་སྟོང་ཝ་ཁྲི0.85ཡོད་པ། ཞིང་ཆུ་འདྲེན་པ་དང་རྩི་ཤིང་སྲུང་སྐྱོང་གི་སྒུལ་ཤུགས་སྟོང་ཝ་ཁྲི1.13ཡོད་པ་བཅས་རེད། ཞིང་ལས་ཐད་ཆུ་འབྲས་དང་། གྲོ། པད་ཁ་བཅས་འདེབས་རྒྱུ་གཙོ་བོར་འཛིན་དགོས། རྒྱལ་ཡོངས་ཀྱི་རྒྱུད་གཉིས་རྒྱུད་འདྲེས་ཆུ་འབྲས་དཔེ་སྟོན་རྫོང་ཡིན། སྒོ་ཕྱུགས་ཀྱི་ཐོན་རྫས་ལ་ཕག་པ་དང་ངང་པ་སྐྱ་བོ་སོགས་ཡོད། དེའུ་འབུར་དམའ་བའི་རི་མ་ཐང་དུ་སྨྱུག་མ་དང་སྨྱུག་མ་གཉིས་ཀར་སྤྱོད་པའི་ནགས་ཚལ་དང་། སྣུམ་ཇ། ཇ་ལོ་བཅས་འདེབས་རྒྱུ་ནི་ཞིང་ཆེན་གྱི་ཚོང་འབྲུ་དང་། ཕག་པ། ཇ་ལོ་བཅས་ཐོན་སྐྱེད་བྱེད་པའི་རྟེན་གཞིའི་རྫོང་གི་གྲས་ཤིག་རེད། ལིའུ་ཁྲེང་ཤོན་ལན་ནི་དེ་སྔོན་འབུལ་རྫས་ཡིན་པ་དང“ཝུའུ་དབྱང་དཔྱིད་ཆར”གྱི་ཇ་ལ་ཀྲུང་གོའི་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་གསེར་གྱི་བྱ་དགའ་ཐོབ་པ་དང“ཀྲུང་གོའི་སྐྱེ་ལྡན་ཇའི་ཕ་ཡུལ”ཞེས་མིང་བཏགས་ཡོད། ཡུལ་བབ་དང་བསྟུན་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་བཏང་སྟེ་ཇ་ལོ་དང་། རི་མཐོའི་སྔོ་ཚལ། ཅའོ་པའེ། ཞོན་ལེན། མེ་ཏོག་གི་མྱུ་གུ། ཤ་མོ། སྤྲེལ་ཁམ་སོགས་ཚང་མར་འཕེལ་རྒྱས་ཆེ་ཙམ་བྱུང་བ་མ་ཟད། གྲོང་ཚོ་རེར་སྤུས་རྟགས་རེ་ཐོན་སྐྱེད་བྱེད་པའི་རྣམ་པ་ཞིག་ཀྱང་ཆགས་ཡོད། 

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2017ལོར། ཝུའུ་དབྱི་རྫོང་གི་སྤྱིའི་མི་གྲངས344སྤྱི་ལོ209ཡོད། དེ་ལས་སྐྱེ་ཚད་མི་གྲངས5213ཡོད།མི་གྲངས་སྤྱིའི་བསྡུར་ཚད་ལས15.18‰ཟིན་ཡོད།  ཤི་གྲངས29སྤྱི་ལོ20ཡིན། མི་གྲངས་སྤྱིའི་བསྡུར་ཚད་ལས8.50‰ཟིན་ཡོད།

5_2 མི་རིགས།

སྤྱི་ལོ2000ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞིར་གཞིགས་ན། ཝུའུ་དབྱི་རྫོང་ནི་རྒྱ་རིགས་ཀྱིས་གཙོ་བོ་བྱེད་པ་དང་། གྲངས་ཉུང་མི་རིགས་ནི་ཧྲེ་རིགས་གཙོ་བོ་ཡིན་པ་དང་། དེ་མིན་མི་གྲངས100ཡན་ཡོད་པའི་མིའོ་རིགས་དང་། པུའུ་དབྱི་རིགས། ཏུང་རིགས། མི10ཡན་ཡོད་པའི་ཐུའུ་ཅ་རིགས། དབྱིས་རིགས། ཀྲོང་རིགས། སོག་རིགས། ཧུའེ་རིགས། མན་ཇུ་རིགས། ཧྲུའེ་རིགས། པའེ་རིགས། ལི་རིགས་བཅས་ཡོད། མི10མན་ཆད་ཀྱི་ཧ་ཉི་རིགས་དང་། ཀེ་ལའོ་རིགས། ཡའོ་རིགས། ཁྲའོ་ཞན་རིགས། ཡུ་གུར་རིགས། བོད་རིགས། ཏའེ་རིགས། ཧོར་རིགས། ལི་སུའུ་རིགས། (མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཕལ་བ་ཡིན་ཞིང་། མི་རིགས་ཀྱི་ལེ་ཚན24བཀོད་པའི་ཁྲོད། ཝུའུ་དབྱི་རྫོང་གིས་བསྡོམས་པས་གོང་དུ་བཤད་པའི་མི་རིགས23ཡོད། དེ་མིན་མི4ཡི“གྲངས་ཉུང་མི་རིགས་གཞན་དག”གི་ལེ་ཚན་ནང་ད་དུང་མི་རིགས་གཅིག་གི་ཐོབ་ཐང་དབྱེ་འབྱེད་བྱས་མེད།)

6 དཔལ་འབྱོར།  
6_1 ཐོན་ལས་དང་པོ།    

སྤྱི་ལོ2017ལོར་ཝུའུ་དབྱི་རྫོང་དུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར16.36ཟིན་ནས་རིན་གོང་གི་རྒྱུ་རྐྱེན་ཕུད་དོན་དངོས་ཐོག3.6%འཕར་ཡོད། 

6_2 ཐོན་ལས་གཉིས་པ།  

སྤྱི་ལོ2013ལོར་ཝུའུ་དབྱི་རྫོང་དུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར110.03བྱུང་ནས5.6%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར461.78ཟིན་ནས7.4%འཕར་ཡོད། ཐོན་རྫས་གསར་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར115.03ཟིན་ནས21.9%འཕར་ཡོད། བཟོ་ལས་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར435.79ཟིན་ནས9.4%འཕར་ཡོད། 

6_3 ཐོན་ལས་གསུམ་པ།    

སྤྱི་ལོ2017ལོར་ཝུའུ་དབྱི་རྫོང་གིས་གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི308ཟིན་པ་དང་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི1479ཟིན་པ་དང་། གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར3.24ཟིན་པ་དང་གཞུང་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་སྤྱི་ལེ་དུང་ཕྱུར2.13ཟིན་ཡོད། 

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2017ལོ་བར་ཝུའུ་དབྱི་རྫོང་དུ་བུ་བཅོལ་ཁང123ཡོད་པ་དང་། སློབ་མ5922བསྡུས་པ་རེད། བྱིས་པ18609ཡོད་པ་དང་། སློབ་ཆུང26གི་སློབ་མ4965དང་སློབ་གྲྭར་ཡོད་པའི་སློབ་མ26938ཡོད། དམའ་རིམ་སློབ་འབྲིང9ནས་སློབ་མ3709བསྡུས་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ10333ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མ3དང་སློབ་མ1301དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ3936ཡོད། ལས་རིགས་མཐོ་རིམ་སློབ་འབྲིང1དང་སློབ་མ863དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2486ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ33ཡོད། རྫོང་ཡོངས་ཀྱི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་གཏོང་ཚད་ཚང་མ100%ཟིན་པ་དང་དམའ་རིམ་སློབ་འབྲིང་ནས་ཐོན་ཚད་མཐོ་རུ་ཕྱིན་པའི་ཁྲོད་བསྡུར་གྲངས98.52%ཟིན་ཡོད་པ་རེད།

7_2 རིག་གནས།

སྤྱི་ལོ2017ལོ་བར་ཝུའུ་དབྱི་རྫོང་དུ་སྤྱི་པའི་རིག་གནས་ཁང1ཡོད་པ་དང་། རིག་རྩལ་བྱེད་སྒོ་ཐེངས96སྒྲིག་འཛུགས་བྱས་པ། གསོ་སྦྱོང་འཛིན་གྲྭ་ཐེངས65གཉེར་བ། རིག་རྩལ་ཚོགས་པ2གཉེར་བ་བཅས་རེད། སྤྱི་པའི་དཔེ་མཛོད་ཁང1དང་དེབ་ཁྲི38.85ཉར་ཚགས་བྱས་པའི་ནང་གློག་རྡུལ་དཔེ་དེབ་ཁྲི7.33ཡོད་པ་རེད། 

7_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོ་བར་ཝུའུ་དབྱི་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི92738ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི8སྤྱི་ལོ2096དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི267263ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི106769ཟིན་པ། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས46667ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་པའི་མི་གྲངས38978ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལ་ཞུགས་པའི་མི་གྲངས127384ཡོད། ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་གཞི་རྩའི་འཚོ་བའི་འགན་སྲུང་ནང་ཞུགས་མཁན་མི་གྲངས4857ཡོད་པ་དང་། གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་མིསྤྱི་ལོ2022བླངས་ཡོད། 

8 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2017ལོར་ཝུའུ་དབྱི་རྫོང་ལ་འཕྲུལ་སྒུལ་འཁོར་རིགས་སྣ་ཚོགས103453ཡོད་པ་དེ1.2%ཆག་ཡོད། དེའི་ནང་རླངས་འཁོར་ཆེ་གྲས་དང་ཆུང་གྲས87900ཡོད་པ་དེ14.7%འཕར་བ་དང་། སྦག་སྦག15213ཟིན་ནས45.3%ཆག་པ། འཕྲུལ་སྒུལ་འཁོར་རིགས་གཞན་དག340བཅས་ཡོད་པ་རེད། 

9 ཁྱད་ཐོན་གྲགས་ཅན།

ཝུའུ་དབྱི་སྲིན་རྡོ་ནི“ཧྲན་ཧྲིའི་ཕ་ས”—ཝུའུ་དབྱི་ནས་ཐོན་པ་ཡིན། དེ་ནི་རང་བྱུང་གི་གཏེར་རྡོ་ཞིག་ཡིན། དེའི་ཐོན་ཚད་མང་ཞིང་སྤུས་ཚད་མཐོ་ལ་སྤུས་ཀ་བཟང་། མཎྜལ་ནི་དྭངས་ཤིང་ལྟ་ན་སྡུག་པ་དང་། དྭངས་ཤིང་གཙང་བ། རང་བྱུང་གི་ཁ་དོག་མང་བ་བཅས་ཀྱི་དབང་གིས་ཕ་ལམ་གྱི་ཁམས་སུ“ཆུ་ཤེལ་མཉེན་མོ”ཞེས་འབོད་ཀྱི་ཡོད། སྲིན་བརྐོས་བཟོ་རྩལ་ཐོན་རྫས་ནི་རྡོ་ཡི་སྟེང་དུ་བརྐོས་པའི་བཟོ་རྩལ་ཐོན་རྫས་ཤིག་ཡིན་ལ། ཝུའུ་དབྱི་ཡི་ཁྱད་ཆོས་ལྡན་པའི་དྲན་རྟེན་དངོས་པོ་ཞིག་ཡིན།

10 གཟི་བརྗིད་མཚན་སྙན།  


སྤྱི་ལོ2013ལོའི“མཛེས་སྡུག་གསུམ”གྱི་བུམ་པའི་ཀྲུང་གོའི་རླངས་འཁོར་འཐེན་ཤུགས་ལེགས་སྐྱེས་འགྲན་བསྡུར་གཉེར་ཡུལ་དང་། སྤྱི་ལོ2018ལོའི་ཟླ9ཚེས26ཉིན་ཝུའུ་དབྱི་རྫོང་ལ་སྤྱི་ལོ2018ལོའི“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”གཏོད་ཁུལ་གྱི་མཚན་སྙན་ཐོབ་པ་རེད། སྤྱི་ལོ2018ལོའི་ཟླ11པརསྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་རྫོང་བརྒྱའི་མིང་ཐོའི”ནང་ཚུད་ཡོད། 

དཔྱད་གཞིའི་ཡིག་ཆ།