ཡོན་དབྱང་རྫོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-25 09:20ལ་འགྲུབ།

ཡོན་དབྱང་རྫོང་།

ཡོན་དབྱང་རྫོང་།
ཡོན་དབྱང་རྫོང་ནི་ཞིན་ཞང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། དེའི་ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག་ཏུའུ113.36~114.15 བར་དང་། བྱང་གི་འཕྲེད་ཐིག་ཏུའུ 34.55~35.11བར་ཡིན་ཞིང་། ཤར་ངོས་སུ་རི་འབུར་དང་ནུབ་ངོས་སུ་ཝུའུ་ཡུས་དང་ཀྲའོ་ཅ། ལྷོ་ངོས་སུ་ཀྲུང་ཧུའུ་དང་ཀྲེང་ཀྲོའུ་གྲོང་འདབས་བཅས་དང་འབྲེལ་ཡོད། ཁོངས་གཏོགས་སུ་གྲོང་རྡལ4དང་ཤང8 དོན་གཅོད་ཁྲུའུ2(དེའི་ནང་ཡོན་ཝུའུ་གྲོང་རྡལ་དང་། ཆའོ་པེ་ཤང་། ཀྲུའུ་ལོའུ་ཤང་། ལུང་ཡོན་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ཀྱིས་ཤིན་ཤང་གྲོང་ཁྱེར་བདེ་ཐང་ཁུལ་གསར་དོ་དམ་ཨུ་ལྷན་ལ་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་པ)སྤྱིའི་མི་འབོར་ཁྲི62(སྤྱི་ལོ2016ལོ)དང་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1022བཅས་ཡོད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ས་ཁུལ་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་ཚུད་པ་དང་། སྤྱི་ལོ2019ལོའི་ཟླ5པའི་ཚེས9ཉིན། ཞིང་ཆེན་རིམ་པའི་ཆེད་དོན་དཔྱད་དཔོག་དང་ཞིབ་བཤེར་བྱས་པ་བརྒྱུད་དབུལ་ཐར་གྱི་ཚད་གཞི་ལོན་ཡོད་པས་དབུལ་ཕོངས་རྫོང་གི་གྲས་སུ་ཕྱིར་འཐེན་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
原阳县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་དབུས།
མངའ་ཁོངས།
གྲོང་རྡལ4དང་ཤང་བརྒྱད་ཀྱི་དོན་གཅོད་ཁང2དང་སྲིད་འཛིན་གྲོང་ཚོ482བཅས་ཡོད།
སྲིད་གཞུང་གི་ས་གནས།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1022ཡོད།
མི་གྲངས།
མི་ཁྲི62ཡོད།(སྤྱི་ལོ2016ལོ)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410725
GDP
སྒོར་དུང་ཕྱུར122.58ཡོད།(2018ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར་ཁྲི1.98ཡོད།(2018ལོར)
ནོར་སྲིད་ཡོང་སྒོ།
སྒོར་དུང་ཕྱུར10.01ཡོད།(2018ལོ)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།     

ཆིན་རྒྱལ་རབས་ཀྱི་སྐབས་སུ་དབྱང་ཝུའུ་རྫོང་བཙུགས།

ཧན་རྒྱལ་རབས་ནུབ་མའི་སྐབས་སུ་ཝུའུ་རྫོང་བཙུགས།     

སུང་ཀྲེ་ཙུང་ཡོན་རྒྱལ་རབས་ཀྱི་སྐབས་སུ་ཡོན་ཝུའུ་རྫོང་དུ་བསྐྱར་འཛུགས་བྱས།     

སྤྱི་ལོ1950ལོའི་ཟླ3པར། ཡོན་ཝུའུ་དང་དབྱང་ཝུའུ་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ཡོན་དབྱང་རྫོང་དུ་གྱུར།

2  སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

སྤྱི་ལོ2012ལོར་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར། 《ཡོན་དབྱང་རྫོང་ཀྲུའུ་ལོའུ་ཤང་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ་སྲང་ལམ་དོན་གཅོད་ཁང་འཛུགས་རྒྱུའི་སྐོར་ལ་ཧོ་ནན་ཞིང་ཆེན་དམངས་སྲིད་ཐིང་གི་མཆན་འགོད་བཀའ་ལན》(ཧོ་ནན་མི་དམངས་དངུལ་ཁང་གི་ཆོག་མཆན〔2012〕ཨང6པ)གཞིར་བཟུང་། ཡོན་དབྱང་རྫོང་ཀྲུའུ་ལོའུ་ཤང་གི་ཤིན་ཀྲོང་དང་། ཤིན་ཝང་གྲོང་ཚོ། ཝང་ཚུན། ཤིན་གྲོང་། དབྱང་གྲོང་། ལིའུ་ཀྲོང་། ཧུའུ་ཐང་བཅས་སྒྲིག་གཞི་ཚང་བའི་གྲོང་ཚོ7དབྱེ་འབྱེད་བྱས་ནས་ཞིང་འབྲོག་ར་བ་དང་ཟླ་སྒྲིལ་བཏང་སྟེ་ལུང་ཡོན་ཁྲོམ་གཞུང་དོན་གཅོད་ཁྲུའུ(ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་གཞུང་ལས་གནས་ཡུལ་ལུང་ཡོན་སྡེ་ཁུལ་དུ་འཛུགས་རྒྱུ)ལ་མོས་མཐུན་བྱུང་།     

སྤྱི་ལོ2014ལོར་ཁྲེང་ཀོན་གྲོང་རྡལ་མེད་པ་བཟོས་ནས་དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་སུ་གྲོང་ཁྱེར་གྱི་དོ་དམ་སྒྲིག་སྲོལ་ལག་ལེན་བསྟར་རྒྱུ་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཛུགས་རྒྱུའི་ཞིབ་ཕྲའི་ལས་དོན་རྣམས་ཤིན་ཤང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《ཧོ་ནན་ཞིང་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཛུགས་རྒྱུའི་འབྲེལ་ཡོད་གཏན་འབེབས》ལ་གཞིགས་ནས་ཞིབ་མཆན་འགོད་རྒྱུ་མ་ཟད། ཆོག་མཆན་ཐོབ་པའི་འབྲས་བུ་ཧོ་ནན་ཞིང་ཆེན་དམངས་སྲིད་ཐིང་ལ་སྙན་ཐོ་དཔོད་དགོས།     

སྤྱི་ལོ2014ལོའི་ཟླ8པར་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡོན་དབྱང་རྫོང་སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱས་པ་དང་། ཤིན་ཤང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཡོན་ཤིན་དང་། དབྱང་། ཁྲོམ་གཞུང་དོན་གཅོད་ཁང་བཅས་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད། ཡོན་དབྱང་རྫོང་གི་ཁོངས་སུ་ཁྲོམ་ལམ་དོན་གཅོད་ཁང3དང་། ཞང་དང་གྲོང་རྡལ17ཡོད།(དེའི་ནང་གྲོང་རྡལ3དང་ཞང14ཚུད་ཡོད། )     

སྤྱི་ལོ2018ལོའི་ཟླ11པར། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་ལྟར།《ཡོན་དབྱང་རྫོང་ཏ་པིན་ཤང་ནས་ཞང་བཙུགས་གྲོང་རྡལ་དུ་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་ཧོ་ནན་ཞིང་ཆེན་དམངས་སྲིད་ཐིང་གི་མཆན་བཀོད་བཀའ་ལན》(ཧོ་ནན་དམངས་སྐྱོད་དངུལ་ཁང་གིས་ཆོག་མཆན་བཀོད་པ〔2018〕ཨང2པ)དང་། 《ཡོན་དབྱང་རྫོང་ཀོན་ཁྲང་ཤང་ནས་ཞང་བཙུགས་གྲོང་རྡལ་དུ་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་ཧོ་ནན་ཞིང་ཆེན་དམངས་སྲིད་ཐིང་གི་མཆན་བཀོད་བཀའ་ལན》(ཧོ་ནན་དམངས་སྤྱོད་དངུལ་ཁང་གིས་ཆོག་མཆན་བཀོད་པ〔2018〕ཨང7པ)བཅས་གཞིར་བཟུང་སྟེ། ཡོན་དབྱང་རྫོང་ཏ་པིན་ཤང་ནས་ཏ་པིན་གྲོང་རྡལ་བཙུགས་པ་དང་ཀོན་ཁྲང་ཤང་ནས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་བ་རེད།     

3 ས་ཁམས་ཁོར་ཡུག     

ཡོན་དབྱང་རྫོང་གི་ལྷོ་ངོས་སུ་ཞིང་ཆེན་གྱི་ལྟེ་གནས་ཀྲེང་ཀྲོའུ་དང་། བྱང་ངོས་སུ་ཞིན་ཞང་དང་འབྲེལ་བ། ནུབ་ངོས་སུ་བཟོ་ལས་ཀྱི་གྲོང་རྡལ་གཙོ་བོ་ཅའོ་ཙུའོ་དང་། ཤར་ངོས་སུ་རྒྱལ་རབས་བདུན་གྱི་གནའ་བོའི་རྒྱལ་ས་བཅས་དང་འབྲེལ་ཡོད། ཡོན་དབྱང་རྫོང་ནི་རྨ་ཆུ་དང་ཧའེ་ཧོ་གཙང་པོའི་ཆུ་རྒྱུད་ཆེན་པོ་གཉིས་བརྒལ་ཡོད་པས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། རྨ་ཆུའི་ཆུ་འདྲེན་ཁུལ་ཆེ་གྲས་གསུམ་བཙུགས་ནས་ལོ་རེར་ཆུ་འདོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1དང་། ས་འོག་གི་ཆུའི་སྤུས་ཚད་ལེགས་པ་མ་ཟད། ས་འོག་གི་ཆུ་ཚན་མང་པོ་རྫོང་དང་ཆུས་ཀྱི་མཐའ་འཁོར་དུ་ཁྱབ་ཡོད།   རྨ་ཆུའི་གྲམ་ཐང་ཁུལ་གྱི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི31%ཟིན་པ་དང་། རྨ་ཆུའི་འདམ་རའི་རྒྱ་ཁྱོན་ཞིང་ཆེན་ཡོངས་ཀྱི་ཆེ་ཤོས་དང་། ཆུ་ཁོངས་རྒྱ་ཆེ་བ། སྦགས་བཙོག་མེད་པ། ནགས་ཚལ་ཁྱབ་ཚད་ཞིང་ཆེན་ཡོངས་ཀྱི་བདེ་ཐང་ས་ཁུལ་གྱི་ཨང་དང་པོར་སླེབས་ཡོད།

4  སྤྱི་ཚོགས་ལས་དོན།     
4_1 སློབ་གསོའི་བྱ་གཞག     

ཡོན་དབྱང་རྫོང་ནི“ཧོ་ནན་ཞིང་ཆེན་གྱི་སློབ་གསོ་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་ཚན་པ”དང“ཤང་དང་གྲོང་ཁྱེར་གསར་པའི་སློབ་གསོ་ཞིབ་འཇུག་ལས་དོན་གྱི་སྔོན་ཐོན་ཚན་པ”རེད། རྫོང་ཡོངས་སུ་བུ་བཅོལ་ཁང40དང་སློབ་གྲྭ་འབྲིང་ཆུང477(དེའི་ནང་ཡོན་དབྱང་སློབ་འབྲིང་དང་པོ་ནི་གྲོང་ཁྱེར་རིམ་པའི་གཙོ་གནད་སློབ་འབྲིང་ཡིན་པ)ཡོད་པ་དང་ཆེད་བསྐོས་དགེ་རྒན70%ཙམ་ཆེད་ཚན་སློབ་ཆེན་ཡན་གྱི་རིག་གནས་ཆུ་ཚད་དུ་སླེབས་ཡོད། དེ་སྔའི་དབྱང་རྫོང་ལ་ཞིང་ཆེན་སློབ་གསོ་ཐིང་གིས་སྤྱི་ལོ2011ལོའི་སློབ་གྲྭ་འབྲིང་ཆུང་གི་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྲིག་བྱས་པའི་སྔོན་ཐོན་རྫོང་ལ་གཟེངས་བསྟོད་བྱས་པ་དང་འབྲེལ་སློབ་གསོའི་བྱ་གཞག་གི་ཆེད་དངུལ་སྒོར་ཁྲི40ཡིས་བྱ་དགའ་སྤྲད་པ་རེད།     

4_2 སྨན་བཅོས་འཕྲོད་བསྟེན།     

རྫོང་ཡོངས་སུ་གཞུང་བཙུགས་སྨན་བཅོས་སྒྲིག་གཞི28དང་། འཕྲོད་བསྟེན་སུའོ580 རིགས་ཁག་གི་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ1900 རྫོང་གྲོང་གི་སྨན་ཁང6གི་སྨན་བཅོས་སྒྲིག་ཆས་ལེགས་པ་དང་སྨན་བཅོས་ལག་རྩལ་བྱང་ཆུབ་པ། ཞབས་ཞུ་སྤུས་ལེགས་པ་བཅས་རེད། དེའི་ནང་ཡོན་དབྱང་རྫོང་མི་དམངས་སྨན་ཁང་ནི་ཧོ་ནན་ཞིང་ཆེན་འཛད་སྤྱོད་པའི་བློ་བདེའི་སྨན་ཁང་ཞིག་ཡིན་པ་དང་སྨན་བཅོས་ཞབས་ཞུའི་སྤུས་ཚད་ལོ་མང་བསྟུད་མར་ཤང་དང་གྲོང་ཁྱེར་གསར་པའི་དཔྱད་བསྡུར་ཁྲོད་ཨང་དང་པོ་ཡིན་པ་རེད།     སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས་ཡོད།      

4_3 གློག་ཤུགས།     

རྫོང་ཡོངས་སུ220KVགློག་སྒྱུར་ས་ཚིགས་གཅིག་དང་། 110KVགློག་སྒྱུར་ས་ཚིགས235KVགློག་སྒྱུར་ས་ཚིགས12བཅས་ཡོད་པ་དང་། ལོ་རེར་གློག་འདོན་ཚདKWHདུང་ཕྱུར6ཡིན། གློག་ཤུགས་མཁོ་འདོན་འདང་ངེས་བྱེད་པ་དང་གློག་རིན་དམའ་བའི་རིན་གོང་ཐོག་ནས་ཁེ་ལས་ཀྱི་མ་གནས་དམའ་བའི་གཉེར་སྐྱོང་རིན་གོང་འགན་ལེན་བྱེད་པ་དང་ཁེ་ལས་ཀྱི་མ་གནས་དམའ་བའི་གཉེར་སྐྱོང་རིན་གོང་འགན་ལེན་བྱེད་དགོས།     

4_4 སྤྱི་ཚོགས་འགན་སྲུང་།     

རྒན་གསོ་དང་ལས་ཤོར་འགན་བཅོལ་གྲོན་དངུལ་གཏོང་སྤྲོད་བྱེད་ཚད100%དང་ལས་བྲལ་ལས་ཤོར་མི་སྣ4320བཀོད་སྒྲིག་བྱས་པ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད80.5%ཟིན་པ་དང་། ཞིང་པ་ཁྲི་46.9ལ་གཞི་རྩའི་སྨན་བཅོས་འགན་སྲུང་ཐོབ་ཡོད། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་མཛོད་ནངDརིམ་པའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། བསྡུ་ཚད་མཐོ་བའི་དྲ་ཞུགས་མི་གྲངས1889ཟིན་ཡོད། འཆར་ལྡན་བུ་བཙའི་དོ་དམ་ལས་དོན་ཐད་རྫོང་རིགས་དང་པོའི་མཚན་སྙན་མུ་མཐུད་རྒྱུན་འཁྱོངས་དང་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་གཞི་རྩའི་ཆ་ནས་བསྐྲུན་པ། རྫོང་སྨན་ཁང་གི་འགོས་ནད་ཁུལ་གྱི་ལས་གྲྭ་གཙོ་བོ་གཞི་རྩའི་ཆ་ནས་ལེགས་གྲུབ་དང་སྔོན་ཆད་རིན་དོད་ཡོད་པའི་སྒོ་ནས་ཁྲག་མཁོ་འདོན་བྱེད་ཚད100%ཟིན་ཡོད།     

5 དཔལ་འབྱོར།     
5_1 ཐོན་ལས་དང་པོ།     

ཞིང་ལས་ཀྱིས་གྲོ་དང་ཆུ་འབྲས་ཀྱི་ལོ་ཏོག་ཆེན་པོ་གཉིས་གཙོ་བོར་འཛིན་དགོས། ཡོན་དབྱང་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སྤུས་ལེགས་བཞའ་ཚན་ཆེ་བའི་གྲོ་ཐོན་སྐྱེད་རྟེན་གཞིའི་རྫོང་ཡིན་པ་དང་། ཡོན་དབྱང་རྫོང་གི་སྤུས་ལེགས་གྲོ་འདེབས་ཁྱོན་མུའུ་ཁྲི50ཟིན་པ་དང་། སྤྱི་ལོ2004ལོར་ཧོ་ནན་ཞིང་ཆེན་གྱི་ཞིང་ལས་ཚད་ལྡན་དཔེ་སྟོན་རྫོང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། སྤུས་ལེགས་ཆུ་འབྲས་འདེབས་ཁྱོན་མུའུ་ཁྲི50ཡོད་པ་དང་རྨ་ཆུ་རྒྱུག་ཁུལ་དུ“ཀྲུང་གོའི་སྨི་དང་པོ”ཞེས་གྲགས་པའི་མ་གཞིའི་འབྲས་དྲངས་པས་རྒྱལ་ཁབ་ལྗང་མདོག་བཟའ་བཅའ་འཕེལ་རྒྱས་ལྟེ་གནས་ཀྱིས་ལྗང་མདོག་བཟའ་བཅའ་གཏན་འཁེལ་བྱས་པ་དང་སྤྱི་ལོ2002ལོར་ཧོ་ནན་ཞིང་ཆེན་གྱི་མ་བཅོས་འབྲུ་རིགས་རིགས་ཀྱི་ངོ་སྤྲོད་ཚོང་རྟགས་ཐོག་མ་དེ་ཐོབ་པ་མ་ཟད། “ཧོ་ནན་གྱི་གྲགས་ཅན་ཞིང་ལས་ཐོན་རྫས”ཀྱི་མཚན་སྙན་ཡང་ཐོབ་ཡོད་པ་རེད།     

5_2 ཐོན་ལས་གཉིས་པ།     

བཟོ་ལས་ཐོན་སྐྱེད་ཀྱིས་རླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་དང་། ཕྱོགས་བསྡུས་རྫས་འགྱུར་བཟོ་ལས། ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས། འོ་མའི་ཐོན་རྫས་ཐོན་སྐྱེད། སྲིང་བལ་འཁེལ་འཐགཆང་སྙོལ་བ་བཅས་གཙོ་བོར་བྱེད་པའི་བཟོ་ལས་མ་ལག་གྲུབ་ཡོད། ཡོན་དབྱང་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་རླངས་འཁོར་བཀག་གཏོང་འཕྲུལ་ཆས་ཀྱི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།     རླངས་འཁོར་གྱི་ལྷུ་ལག་ཆེ་ཆུང་ལས་རིགས་ནང་ཧོ་ནན་དབན་ཞང་མ་ལག་བཀག་གཏོང་འཕྲུལ་ཆས་ཚད་ཡོད་ཀུང་སིར་ཀྲེ་ཅང་དབན་ཞང་མ་ལག་ཚད་ཡོད་ཀུང་སིས་མ་རྐང་ཚོད་འཛིན་བྱས་པ་དང་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར3.5ཡོད་པ་དང་། ཐོན་སྐྱེད་གཙོ་བོ་ལྗིད་ཚད་དང་། འབྲིང་བ། ཡང་བ། ཆུང་བ། ལྗིད་ཚད་བཅས་ཀྱི་རླངས་འཁོར་བཀག་གཏོང་འཕྲུལ་ཆས་སྤྱིའི་ཆ་ནས་གྲུབ་པ། ཐོན་རྫས་གཙོ་བོ་ནི་རླངས་འཁོར་ཚོགས་པ་དང་པོ་དང་ཤར་རླུང་ཀུང་སི་སོགས་འཕྲུལ་འཁོར་གཙོ་བོའི་བཟོ་གྲྭ་ཡིན་ལ། ཀྲུང་གོའི་གཙོ་གནད་ཁེ་ལས500སྟེ་ཀྲེ་ཅང་དབན་ཤང་ཚོགས་པས་མ་དངུལ་སྒོར་དུང་ཕྱུར3.04བཏང་བའི“སྒུལ་གཏོང་འཕྲུལ་ཆས་བཟོ་ལས་གླིང”སྐྲུན་བཞིན་ཡོད།     ཕྱོགས་བསྡུས་རྫས་འགྱུར་བཟོ་ལས་ལས་རིགས་ཏེ་ཧོ་ནན་དབྱིན་ཐེན་ཞིབ་ཚགས་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཁིལ་པོར་དབྱི་ཆིན་གཅིན་སྐྱུར་གདོད་སྨན་ནི་རྒྱལ་ནང་དུ་ཐོག་མར་གསར་གཏོད་བྱས་པ་དང་། རྒྱལ་ཁབ་ཀྱི་ཚན་ཞིབ་གསེར་གྱི་བྱ་དགའ་ཐོབ་པ། རྒྱལ་ཁབ་ཀྱིས་མཐོ་གསར་ལག་རྩལ་ཐོན་རྫས་དང་གཙོ་གནད་ཁྱབ་གདལ་ཐོན་རྫས་ལ་ཞིབ་དཔྱད་གཏན་འཁེལ་བྱས་པ་བཅས་རེད།     སྨན་བཟོའི་ལས་རིགས་ཏེ་ཤིན་ཤང་ཙོ་འདི་ལོ་སྨན་བཟོ་མ་རྐང་ཚད་ཡོད་ཀུང་སིའི་ཡོན་དབྱང་ཡན་ལག་ཀུང་སི་དེ་ཤིན་ཁྲེང་ཆུས་བཟོ་ལས་གླིང་དུ་གནས་པ་དང་སྤྱི་ལོ2004ལོའི་ཟླ5པར་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2ཡོད།     པང་ལེབ་རྒྱུ་ཆའི་ལས་རིགས་ཏེ་ཡོན་དབྱང་རྫོང་གིས་ཞིབ་ཅིང་ཕྲ་བའི་མཉམ་འདུས་པང་ལེབ་ཚད་ཡོད་ཀུང་སི་བཙུགས་པ་དེ་རྒྱལ་ནང་གི་ཟངས་མདོང་ལས་སྣོན་ལས་རིགས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཐོན་ཚད་མཐོ་ཤོས་ཡིན་པའི་ཧོ་ནན་ཅིན་ལུང་ཞིབ་ཚགས་ཟངས་སྦུག་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་ཞིང་། ཐོན་རྫས་ཅིན་ལུང་ཀུང་སིའི་དགོས་མཁོ་སྐོང་བ་ཕུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད། ཡོན་དབྱང་རྫོང་ཧུང་ཏ་ཤིང་ལས་ཚད་ཡོད་ཀུང་སིར་རྒྱལ་ནང་གི་སྔོན་ཐོན་གྱི་སྤྱིན་སྦྱར་པང་ལེབ་ཀྱི་ཐོན་སྐྱེད་སྒྲུབ་རིམ4ཡོད་པ་དང་དེའི་ཐོན་རྫས་ཀྱིས་རྒྱལ་ནང་གི་ཁྲོམ་ར་བཟུང་བ་དང་དུས་མཚུངས་སི་ཕེན་དང་། རི་པིན། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཕྱིར་གཏོང་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།