ཧའོ་ཅ་རྫོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-24 10:08ལ་འགྲུབ།

ཧའོ་ཅ་རྫོང་།

ཧའོ་ཅ་རྫོང་།
ཧའོ་ཅ་རྫོང་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག113-3962-113-44-20དང་། བྱང་གི་འཕྲེད་ཐིག35-9-34-35-15-37བར་དུ་ཡོད། སྤྱི་ལོ2014ལོར་ཧའོ་ཅ་རྫོང་ཁོངས་སུ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ473དང་། གྲོང་རྡལ8ཤང3 ཞིང་ཆེན་རིམ་པའི་ཐོན་ལས་གཅིག་སྡུད་ཁུལ1 སྲིད་འཛིན་གྲོང་ཚོ219བཅས་ཡོད་པའི་ནང་ཧའོ་ཅ་རྫོང་གྲོང་གི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ24དང་སྤྱི་ལོ2012ལོར་ཧའོ་ཅ་རྫོང་གི་མི་འབོར་བསྡོམས་འབོར་ཁྲི43ཡོད། ཧའོ་ཅ་རྫོང་ནི་དྲོད་རླངས་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས། སྤྱི་ལོ1986ལོ་ནས་སྤྱི་ལོ2004ལོའི་བར་ལོ་རེའི་ཆ་སྙོམས་དྲོད་ཚད་ནི14.6℃དང་། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན221.2 ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི557.2 ལོ་རེར་ཆ་སྙོམས་ཀྱི་ཁ་བ་འབབ་ཉིན14.1 ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད2058.4བཅས་ཡིན། ཧའོ་ཅ་རྫོང་གི་གཏེར་རྫས་ཐོན་ཁུངས་གཙོ་བོར་རྡོ་ཐལ་བྲག་རྡོ་དང་། ལྕགས་གཏེར། ཧ་ཡང་རྡོ། རྡོ་སོལ་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
获嘉县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ8དང་ཞང3ཡོད།
སྲིད་གཞུང་གི་ས་གནས།
ཁྲེང་ཀོན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453800
ས་གནས།
ཧྭ་དབུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ473.15ཡོད།
མི་གྲངས།
མི་ཁྲི43ཡོད།(སྤྱི་ལོ2018ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410724
GDP
སྒོར་དུང་ཕྱུར113.9ཡོད།(སྤྱི་ལོ2018ལོར)
1 འཛུགས་སྐྲུན་གྱི་འཕེལ་རིམ།       

ཆིན་རྒྱལ་རབས་སྔོན་གྱི221ལོར་ས་ཁོངས་དེར་ཞིའུ་ཝུའུ་རྫོང་ཞེས་འབོད་པ་དང་། སན་ཁྲོན་ཅུན(ད་ལྟའི་ལུའོ་དབྱང་གྲོང་ཁྱེར་གྱི་བྱང་ཤར)ཝེ་ཀྲོའུ(དེང་གི་ཝེ་ཧུའེ་གྲོང་ཁྱེར)རུ་གཏོགས།     

ཧན་རྒྱལ་རབས་ནུབ་མ། སྤྱི་ལོའི་སྔོན་གྱི205ལོར་ས་ཁོངས་ཞིའུ་ཝུའུ་རྫོང་དུ་གཏོགས་ཤིང་། སི་ལི་པུའུ་ཧོ་ནེ་ཅུན(ད་ལྟའི་ཝུའུ་ཡན་ལྷོ་ནན)ཁོངས་སུ་གཏོགས།     

སྤྱི་ལོ220ལོར་ས་ཁོངས་ཝེ་རྒྱལ་ཁབ་ཀྱི་སི་ཀྲོའུའི་ཁོངས་སུ་གཏོགས། (ད་ལྟའི་ལུའོ་དབྱང)      

རྒྱལ་རབས་ལྷོ་མར(སྤྱི་ལོ420-589)ས་ཁོངས་ནི་རྒྱལ་རབས་བྱང་མ་སྐབས་ཀྱི་ཝེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོསག།     

ཐང་རྒྱལ་རབས་ཀྱི་སྤྱི་ལོ621ལོར་ཧའོ་ཅ་རྫོང་གི་མཁར་ནང་དུའང་དབྱིན་ཀྲོའུ་བཙུགས་པ་དང་། དེའི་ཁོངས་སུ་ཅ་དང་། ཞིའུ་ཝུའུ། གུང་རྫོང་། ཞིན་ཞང་། ཝུའུ་ཆི་བཅས་རྫོང་ལྔ་ཡོད།     

སྤྱི་ལོ627ལོར་དབྱིན་ཀྲོའུ་རྩིས་མེད་དུ་བཏང་ཞིང་། ཅ་རྫོང་ཁོངས་སུ་ཧོའེ་ཀྲོའུ་དང་ལི་ཧོ་པེ་ཏའོ་བཙུགས།     

སུང་རྒྱལ་རབས་ཀྱི་དུས་འགོར། (སྤྱི་ལོ960-1279) ས་ཁོངས་ཧོ་པེ་ལུའུ་ཧོའེ་ཀྲོའུ་རུ་གཏོགས། སྤྱི་ལོ1026ལོར་ཧོ་པེའི་ལུའུ་ཝེ་ཀྲོའུ་རུ་བསྒྱུར།     

ཡོན་གྱི་སྐབས་སུ(སྤྱི་ལོ1206-1368)ཧའོ་ཅ་རྫོང་ནི་ཞིན་ཀྲུང་ཧྲུའུ་ཞིང་ཆེན་ཡན་ནན་ཧོ་པེ་ཏའོ་ཝེ་ཧུའེ་ལམ་གྱི་ཁོངས་སུ་གཏོགས།     

ཆིན་རྒྱལ་རབས1645ལོར་ཧི་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས།

2  སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།    

སྤྱི་ལོ2018ལོའི་བར་ཧའོ་ཅ་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ9དང་། ཤང2ཞིང་ར3དོ་དམ་ཨུ་ལྷན1བཅས་ཡོད་པ་སྟེ། དེ་དག་ནི་ཁྲེང་ཀོན་གྲོང་རྡལ་དང་། ཀྲའོ་ཅིང་གྲོང་རྡལ། ཧོང་ཏི་གྲོང་རྡལ། ཀྲུང་ཧོ་གྲོང་རྡལ། ཞུས་དབྱིང་གྲོང་རྡལ། ཧྥེང་ཀྲོང་གྲོང་རྡལ། ཁང་ཁང་གྲོང་རྡལ། ཧྲི་ཀྲོང་གྲོང་རྡལ། གནས་གྲོང་རྡལ། ཏ་ཤིན་ཀྲོང་ཤང་། ཐའེ་ཧྲན་གྲོང་རྡལ། དེ་སྔའི་ལག་རྩལ་ར་བ། ཞིང་ར། ཤིས་ཀུང་ཆུས་དོ་དམ་ཨུ་ཡོན་ལྷན་ཁང་བཅས་རེད།   

3 ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།     

ཧའོ་ཅ་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་བྱང་རྒྱུད་དང་། ཞིན་ཞང་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཆགས་ཡོད། བྱང་དུ་ཐའེ་ཧང་རི་བོ་དང་། ལྷོ་རུ་རྨ་ཆུར་ཐུག་ཡོད། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ473ཡོད།     

3_2 ནམ་ཟླ     

ཧའོ་ཅ་རྫོང་ནི་དྲོད་འཇམ་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཁོངས་སུ་གཏོགས། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན221.2དང་ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི557.2  ལོ་རེར་ཆ་སྙོམས་ཁ་བ་འབབ་ཉིན14.1 ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད2058.4བཅས་ཡིན།     

3_3 ས་བབ།   

ཧའོ་ཅ་རྫོང་གི་ས་བབ་ནི་ཁོད་སྙོམས་པའི་ལྷོ་བྱང་རི་བོའི་མཐའ་འཁོར་དུ་གནས་པ་དང་། ས་བབ་མཐོ་ཚད་ལ་སྨི1356དང་ཆ་སྙོམས་ས་བབ་མཐོ་ཚད་སྨི357ཡས་མས། ཞིང་ལས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི58790ཡས་མས་ཡིན།     

4 རང་བྱུང་ཐོན་ཁུངས།      
4_1 ས་ཞིང་གི་ཐོན་ཁུངས།     

ཧའོ་ཅ་རྫོང་གི་མངའ་ཁོངས་སུ་གསར་སྤེལ་བེད་སྤྱོད་བྱས་ཆོག་པའི་ཞིང་ལས་དང་། ནགས་ཚལ། རྩྭ་འདེབས་བཅས་ལ་འཚམ་པའི་ས་རྒོད་མུའུ་ཁྲི137ལྷག་ཙམ་དང་། ཞིང་སྤྱོད་རྨོ་ཞིང་མུའུ་ཁྲི57ཡོད།   

4_2 གཏེར་རྫས་ཐོན་ཁུངས།     

ཧའོ་ཅ་རྫོང་གི་གཏེར་རྫས་ཐོན་ཁུངས་གཙོ་བོར་རྡོ་ཐལ་བྲག་རྡོ་དང་། ལྕགས་གཏེར། ཧ་ཡང་རྡོ། རྡོ་སོལ་སོགས་དང་རྡོ་སོལ་ཐོན་ཁུངས་གསོག་ཚད་ཏུན་དུང་ཕྱུར8དང་རྡོ་སོལ་ཆགས་རིམ་གྱི་སོལ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར200ཡོད།   

4_3 ཆུའི་ཐོན་ཁུངས།     

ཧའོ་ཅ་རྫོང་ནི་རྨ་ཆུ་དང་ཧའེ་ཧོ་གཙང་པོའི་འབབ་རྒྱུད་དུ་གནས་ཤིང་། མངའ་ཁོངས་སུ་སེང་ཆེན་ཞོད་སྐྱོན་གཙང་པོ་དང་། གུང་ཁྲན་རིང་ལུགས་ཀྱི་ཆུ་ཡུར། ཏ་ཧྲ་ཆུ་བོ། ཤིས་མོང་ཅང་བུད་མེད་ཆུ་བོ། མི་དམངས་ཧྲེང་ལི་ཆུ་ཡུར། ཝུའུ་ཅ་མ་ཡུར་བཅས་ཡོད་པ་དེ་དག་ཚང་མ་ལྷོ་ནུབ་ནས་བྱང་ཤར་རྒྱུད་ཀྱི་ཧའོ་ཅ་རྫོང་དུ་བཞུར་ཞིང་། “ལྷོ་ཆུ་བྱང་འདྲེན”གྱི་དབུས་རྒྱུད་ལས་གྲྭ་རྫོང་གི་མངའ་ཁོངས་དང་ཐག་ཉེ་བས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།     

5 མི་འབོར་དང་མི་རིགས།    

སྤྱི་ལོ2018ལོར་ཧའོ་ཅ་རྫོང་གི་མི་འབོར་བསྡོམས་འབོར་ཁྲི43ཡོད། དེའི་ནང་དུ་རྒྱ་རིགས་དང་། ཧུའེ་རིགས། སོག་རིགས། མན་ཇུ་རིགས། བོད་རིགས། ཨུ་རུ་སུ་རིགས། ལི་རིགས། ཞི་པོ་རིགས། པུའུ་དབྱི་རིགས། དབྱིས་རིགས། མིའོ་རིགས། ཐུའུ་ཅ་རིགས། པའེ་རིགས། ཁྲའོ་ཞན་རིགས། ཡུ་གུར་རིགས། མའོ་ནན་རིགས། ཀྲོང་རིགས། ཧོར་རིགས་སོགས་མི་རིགས18ཡོད།

6 འགྲིམ་འགྲུལ་སྐྱེལ་འདྲེན།     

ཧའོ་ཅ་རྫོང་ཅིང་ཀོང་ལྕགས་ལམ་དེ་ཧའོ་ཅ་རྫོང་གི་ལྷོ་བྱང་དུ་ཁྱབ་པ་དང་ས་ཁོངས་སུ་ཁང་ཚུན་དང་། ཀྲུང་དབྱི། ཧོ་ཅ། སེང་གེ་ཡིང་བཅས་མེ་འཁོར་བབས་ཚུགས་བཞི་ཡོད་པ་རེད། ཅི་ཏུང་མྱུར་བགྲོད་ལྕགས་ལམ་དང་ཧྲི་ཐའེ་ལྕགས་ལམ་གཉིས་ཤར་ནུབ་འཕྲེད་དུ་བཅད་ཡོད་ཅིང་། དེ་ནི་ཞིན་ཞང་དང་ཅའོ་ཙུའོ་གཉིས་ཀྱི་སྦྲེལ་མཐུད་དུ་བརྒྱུད་དགོས་ངེས་ཀྱི་ས་ཁུལ་དང་། ཅིན་ཧའེ་རྡོ་སོལ་ཕྱིར་གཏོང་དང་ནན་ཐའེ་ཧང་ཡུལ་སྐོར་གྱི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན།     

7 ཆབ་སྲིད།     

རྫོང་ཨུད་ཀྱི་ཧྲུའུ་ཅི། ཝང་ཡུང་ཅི།     རྫོང་དཔོན། ལིའུ་ཅུན་ཝེ། 

8 དཔལ་འབྱོར།     
8_1 ཐོན་ལས་དང་པོ།     

སྤྱི་ལོ2010ལོར་ཧའོ་ཅ་རྫོང་གི་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར12ཡོད་པ་དེ་དུས་མཚུངས་ལས4.8%འཕར་བ་དང་།  ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི202925ཡོད་པ་དེ་དུས་མཚུངས་ལས4.8%འཕར་བ། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི117960ལེགས་གྲུབ་ཟིན་པ་དེ་སྤྱི་ལོ2009ལོ་ལས2.8%འཕར་བ། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི2128ཡོད་པ་དེ3.7%འཕར་བ། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི74581ཡོད་པ་དེ6.4%འཕར་བ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི2732ལེགས་གྲུབ་བྱུང་ནས14.7%འཕར་བ། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི5525ལེགས་གྲུབ་བྱུང་ནས14.3%བཅས་འཕར་ཡོད།     སྤྱི་ལོ2010ལོར་ཧའོ་ཅ་རྫོང་གི་ཐོན་རྫས་གཙོ་བོའི་ཐོན་འབབ་ཁྲོད་ཕག་པ་དང་། བ་གླང་། ལུག་བཅས་ལག་ཡོད་མགོ་གྲངས་ཁྲི18.4དང་། ཁྲི2.28 ཁྲི4.8བཅས་སོ་སོར་ཟིན་ནས་སྤྱི་ལོ2009ལོའི་དུས་མཚུངས་དང་བསྡུར་ན0.4%དང་། 2.5% 4.9%བཅས་སོ་སོར་འཕར་བ། ཕག་པ་དང་། བ་གླང་། ལུག ཁྱིམ་བྱ་བཅས་བཤས་གཏོང་ཚད་མགོ་གྲངས་ཁྲི23.2དང་། ཁྲི་1.6 ཁྲི5.1ཁྲི451.1བཅས་སོ་སོར་ཟིན་ནས6.2%དང་། 5.4% 3.2% 10%བཅས་སོ་སོར་འཕར་ཡོད། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན26900ཡིན་ཞིང་། བརྒྱ་ཆའི11.2འཕར་སྣོན་བྱུང་། བྱ་སྒོང་ཐོན་ཚད་ཏུན24148ཟིན་ནས་4.3%འཕར་ཡོད།     སྤྱི་ལོ2010ལོར་ཧའོ་ཅ་རྫོང་གི་སྟོན་འབྲུ་འདེབས་ཁྱོན་མུའུ་ཁྲི39.2ཡོད་པ་པ་དེ་དུས་མཚུངས་ལས6.6%འཕར་བ་དང་། དེའི་ནང་འབྲས་མུའུ་ཁྲི12.6ཡོད་པ་དེ་དུས་མཚུངས་ལས19.1%འཕར་བ། མ་རྨོས་ལོ་ཏོག་གི་རྒྱ་ཁྱོན་མུའུ་ཁྲི25.6ཡོད་པ་དེ་དུས་མཚུངས་ལས་2.2%འཕར་བ། ཞོག་ཁོག་མངར་མོའི་རྒྱ་ཁྱོན་མུའུ་ཁྲི0.43ཡོད་པ་དེ2.9%འཕར་བ། སྣུམ་རྒྱུའི་རྒྱ་ཁྱོན་མུའུ་ཁྲི0.41ཡོད་པ་དེ3.8%འཕར་བ། སྲིང་བལ་གྱི་རྒྱ་ཁྱོན་མུའུ་ཁྲི1.5ཡོད་པ་དེ11.9%ཆག་པ། སྔོ་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི8.51ཡོད་པ་དེ2%ཆག་པ། ཀྭ་རིགས་ཀྱི་རྒྱ་ཁྱོན་མུའུ་ཁྲི0.11ཡོད་པ་དེ2.7%ཆག་པ། དབྱར་བསྡུའི་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི14.4ཡོད་པ་དེ0.7%འཕར་བ་དང་དབྱར་འབྲུའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ468.4ཡོད་པ་དེ་དུས་མཚུངས་ལས0.45%བཅས་འཕར་ཡོད།     

8_2 ཐོན་ལས་གཉིས་པ།     

སྤྱི་ལོ2010ལོར་ཧའོ་ཅ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་རིན་ཐང་འཕར་མ་སྒོར་ཁྲི197547ཟིན་ནས13%འཕར་བ་དང་། འཕར་ཚད་དུས་ཚིགས་གསུམ་པ་ལས་བརྒྱ་ཆའི་གྲངས2.5ཆག་པ་དེ་ཟླ་བཅུ་གཅིག་པའི་བར་བརྒྱ་ཆའི་གྲངས1ཆག་པ། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི925505ཡོད་པ་དེ་དུས་མཚུངས་ལས23.6%འཕར་བ་དང་འཕར་ཚད་དུས་ཚིགས་གསུམ་པ་ལས་བརྒྱ་ཆའི་གྲངས1.2འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི86214.7ཡོད་པ་དེ་དུས་མཚུངས་ལས6.7%འཕར་ཡོད།     སྤྱི་ལོ2010ལོར་ཧའོ་ཅ་རྫོང་གི་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི68116བྱུང་ནས12.2%འཕར་བ་དེ་ཟླ11པ་ལས་བརྒྱ་ཆའི་གྲངས1.5འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི129431ཟིན་ནས13.4%འཕར་བ་དེ་ཟླ11པ་ལས་བརྒྱ་ཆའི་གྲངས2.3ཆག་ཡོད། སྤྱི་ལོ2010ལོར་ཧའོ་ཅ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆེ་འབྲིང་གི་རིན་ཐང་འཕར་མ་སྒོར་ཁྲི60097བྱུང་ནས7.7%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མའི་བསྡུར་ཚད་ཀྱི30.4%བཟུང་ཡོད། སྤྱི་ལོ2010ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་ཁྲི781229ཡོད་པ་དེ་དུས་མཚུངས་ལས13.7%འཕར་བ་དང་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད96.9% ཡོད།     

8_3 ཐོན་ལས་གསུམ་པ།     

སྤྱི་ལོ2010ལོར་ཧའོ་ཅ་རྫོང་དུ་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར19.01ཡོད་པ་དེ་དུས་མཚུངས་ལས19.3%འཕར་བ་དང་།  དེའི་ནང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར14.37ཡོད་པ་དེ་དུས་མཚུངས་ལས21.3%འཕར་བ། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར3.24ཡོད་པ་དེ་དུས་མཚུངས་ལས14.8%འཕར་བ། ཚོང་ལས་སིལ་ཚོང་འཕར་ཚད་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་ལས་བརྒྱ་ཆའི་གྲངས6.5ཡིས་མགྱོགས་པ་རེད། སྤྱི་ལོ2010ལོའི་ཟླ12པའི་ཟླ་མཇུག་ཏུ་དངུལ་རྩའི་ལས་ཁུངས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར46.87ཡིན་པ་དེ11.9%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དངུལ་བཅོལ་ལྷག་གྲངས་སྒོར་དུང་ཕྱུར36.87ཟིན་ནས9.5%འཕར་བ་དང་།  དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར23.07ཟིན་ནས6.9%ཆག་ཡོད།

9 སྤྱི་ཚོགས་ལས་དོན།     
9_1 རིག་གནས་ལས་དོན།     

སྤྱི་ལོ2010ལོར་ཧའོ་ཅ་རྫོང་གྲོང་དུ་གློག་བརྙན་ཟློས་གར་ཁང1དང་། གློག་བརྙན་ཁང2ཤང་གྲོང་དུ་གློག་བརྙན་ཟློས་གར་ཁང8བཅས་ཡོད་པ་རེད། ཧའོ་ཅ་རྫོང་དུ་གློག་བརྙན་སྟོན་མཁན་རུ་ཁག134དང་། ཅ་རྫོང་གི་ཆེད་ལས་ཟློས་གར་ཚོགས་པ1ལས་ཞོར་ཟློས་གར་ཚོགས་པ170བཅས་ཡོད་པ་དང་འཁྲབ་སྟོན་པ1500ལྷག་ཙམ་ཡོད། སྤྱི་ལོ1986ལོ་ནས་སྤྱི་ལོ2000ལོའི་བར་འཁྲབ་སྟོན་ཟློས་གར་གཙོ་བོར་ཡུས་ཅུས་ཟློས་གར་དང་ཅིང་ཅུས་ཟློས་གར་ཡོད་ལ། ལོ་རེར་ཐེངས230ལ་འཁྲབ་སྟོན་བྱེད་ཀྱིན་ཡོད། རིག་གནས་ཁང་གིས་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ1500ཟིན་པ་དང་འགྲེམས་ཁང4བཙུགས་ཡོད། རྟ་ལྤགས་ཞབས་བྲོ་དང་། དབྱུག་པ་རྒྱག་པ། རྐང་པ་གཅིག་ལས་མཐོ་བ་སོགས་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ནང་བཅུག་ཡོད།    

9_2 སློབ་གསོའི་བྱ་གཞག    

སྤྱི་ལོ2010ལོར་ཧའོ་ཅ་རྫོང་སློབ་གསོ་སྡེ་ཚན་གྱིས་དམའ་རིམ་སློབ་འབྲིང་གཉེར་བ་དེ་སྔའི46ནས26བར་ཕྱིར་འཐེན་དང་ཟླ་སྒྲིལ་བཏང་བ་དང་། སློབ་ཆུང་དེ་སྔའི217ནས106བར་ཕྱིར་འཐེན་བྱས་པ། སློབ་ཆུང་གི་སློབ་ཁྲིད་ས་ཚིགས་དེ་སྔའི42ནས41བར་ལེགས་སྒྲིག་དང་ཟླ་སྒྲིལ་བཏང་ཡོད། སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད98.6%ཟིན་ཡོད། རྒྱ་རྫོང་གིས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་བཏང་བ་དང་། སློབ་གྲྭ་ཁག་གིས“གཅིག་མེད་གཉིས་མེད”དང“ཆ་འགྲིག་དྲུག”མངོན་འགྱུར་བྱུང་ཡོད། 

9_3 ཚན་རྩལ་བྱ་གཞག     

སྤྱི་ལོ2011ལོར་ཧའོ་ཅ་རྫོང་ལ་ཞིང་ཆེན་རིམ་པ་ཡན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཁག17ཐོབ་པ་དང་གྲོང་ཁྱེར་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ་ཁག42ཐོབ་ཡོད། གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རྩལ་གྲུབ་འབྲས་རྣམ་གྲངས31འགན་འཁུར་བའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས3 ཞིང་ཆེན་རིམ་པའི་རྣམ་གྲངས17 གྲོང་ཁྱེར་རིམ་པའི་རྣམ་གྲངས11བཅས་ཡོད་པ་དང་། ཚན་རྩལ་གྲུབ་འབྲས་ཀྱི་ཆེད་ཁེ83ཐོབ་ཡོད། ཞིང་ཆེན་རིམ་པའི་ཚན་རྩལ་དཔེ་སྟོན་ཤང་གྲོང1དང་། གྲོང་ཁྱེར་རིམ་པའི་ཚན་རྩལ་དཔེ་སྟོན་གྲོང་ཚོ25ཚན་རྩལ་ཆེད་ལས་གྲོང་ཚོ་སྣ་ཚོགས73བཅས་བསྐྲུན་ཡོད།     

9_4 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2010ལོར་ཧའོ་ཅ་རྫོང་དུ་གློག་དཔར་འཕྲུལ་ཆས་དང་། གློག་པར་ཚོན་ཁྲ་ཅན་གྱི་རྩ་འཕར་ཏོ་ཕུའུ་ལེ་བརྟག་དཔྱད་ཡོ་བྱད། འཇར་མན་ཤིས་མོན་ཙེ་དུང་འཁྱིལCTBསྒྲ་རླབས་བརྟག་དཔྱད། གློག་རྡུལ་ཕོ་ཤེལ། མིས་བཟོས་མཁལ་ཤེལ། སྐེ་རུས་ཏུའོ་ཕུའུ་ལེ་སྒྲ་རླབས་བརྟག་དཔྱད་ཡོ་ཆས་སོགས་ཚན་རྩལ་མཐོ་བའི་ཡོ་བྱད་དང་སྒྲིག་ཆས་ཁྱོན100ལྷག་ཙམ་ཡོད་པ་རེད། ལོ15ཡི་ནང“རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་རང་འབབ་ཆུ་ཀ་ལ་ཁྱབ་གདལ་གཏོང་བའི་རྫོང”དང་། “ཀྲུང་གོའི་དམའ་རིམ་འཕྲོད་བསྟེན་འཕྲོད་སྦྱོར་གྱི་ཚད་ལོན་རྫོང”“གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་འཛུགས་སྐྲུན་ཁྱབ་གདལ་གཏོང་བའི་རྫོང”སོགས་ཀྱི་མཚན་སྙན་ཐོབ་ཡོད།     སྤྱི་ལོ2010ལོར་ཧའོ་ཅ་རྫོང་དུ་འཆར་ཡོད་བུ་བཙའི་བྱེད་ཚད98.5%ཟིན་པ་དང་མི་འབོར་སྐྱེ་ཚད་དང་རང་བྱུང་འཕར་ཚད10.13%དང་3.56%བར་ཚོད་འཛིན་ཐུབ་ནས་ཧོ་ནན་ཞིང་ཆེན་གྱི་འཆར་ཡོད་བུ་བཙའི་རིགས་དང་པོའི་རྫོང་དུ་གྱུར་ཡོད།

9_5 ལུས་རྩལ་བྱ་གཞག     

སྤྱི་ལོ2011ལོར་ཧའོ་ཅ་རྫོང་དུ་ལུས་རྩལ་བྱེད་སྒོ་སྤེལ་ཡུལ532ཡོད་པའི་ནང་ལན་ཆིའུ་སྤོ་ལོ་ཐང224དང་། མཆོང་རྒྱུག་ཐང62ཆུ་རྐྱལ་རྫིང་བུ3སྒོ་མོའི་སྤོ་ལོ་ཐང22ཕྱོགས་བསྡུས་སྦྱོང་བརྡར་ཐིང་དང་ཁང4ནུས་མང་ཚད་ལྡན་ཕྱོགས་བསྡུས་ལུས་སྦྱོང་སྦྱོང་བརྡར་བྱེད་ས1བཅས་ཡོད་པ་རེད། སྤྱི་ལོ1986ལོ་ནས་སྤྱི་ལོ2000ལོ་བར་ས་གནས་ཁག་ཏུ་གཉེར་བའི་རིམ་པ་ཁག་དང་རིགས་ཁག་གི་གདན་ཞུ་དང་མཉམ་ལས་འགྲན་བསྡུར་ལ་ཐེངས44ཞུགས་པ་དང་། ཕིང་ཕང་སྤོ་ལོ་དང་། སྦེ་ག་མཉེན་རྩལ། ཁུ་ཚུར་སྣུན་རྩལ། མདའ་འཕེན། ཐའེ་ཆོན་དྲག་རྩལ་སོགས་ཀྱི་རྣམ་གྲངས་ལ་བྱ་དགའ་ཐེངས20ལྷག་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།