ཞིན་ཞང་རྫོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-20 14:48ལ་འགྲུབ།

ཞིན་ཞང་རྫོང་།

ཞིན་ཞང་རྫོང་།
ཞིན་ཞང་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་བྱང་རྒྱུད་དང་། ཐའེ་ཧང་རི་བོའི་ལྷོ་ངོས། ཝེ་ཧོ་ཆུ་བོའི་སྟོད་རྒྱུད་བཅས་སུ་ཆགས་ཡོད། ཤར་ངོས་སུ་ཡན་ཅིན་དང་། ནུབ་ངོས་སུ་ཧོ་ཅ། ལྷོ་ངོས་སུ་ཡོན་དབྱང་། བྱང་ངོས་སུ་ཧོ་ནན་ཞིང་ཆེན་ཞིན་ཞང་རྫོང་གི་ཤར་ལྷོ་ནུབ་གསུམ་བཅས་དང་འབྲེལ་ཡོད། ཞིན་ཞང་རྫོང་ནི་སུའེ་རྒྱལ་རབས་ནས་བཟུང་ད་བར་ལོ1400ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། སྤྱི་ལོ1958ལོར་ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་དངོས་སུ་ཞིན་ཞང་རྫོང་དུ་གཟིགས་ཞིབ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཅང་ཙེ་རྨིན་དང་། ཧུའུ་ཅིན་ཐའོ། ཝུའུ་པང་གོ། ཝུན་ཅ་པའོ་སོགས་ཀྱང་སྔ་རྗེས་སུ་ཞིན་ཞང་རྫོང་ལ་གཟིགས་ཞིབ་དུ་ཕེབས། ཞིན་ཞང་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་། ཤང1ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1སྲིད་འཛིན་གྲོང་ཚོ178 རྒྱུན་སྡོད་མི་འབོར་ཁྲི35(སྤྱི་ལོ2016ལོ)བཅས་དང་རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ375ཡོད་། སྤྱི་ལོ2017ལོར་ཞིན་ཞང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་210ཡོད། སྤྱི་ལོ2019ལོའི་ཟླ3པར་སྐབས་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ས་ཁུལ་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་ཚུད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新乡县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧེ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར།
མངའ་ཁོངས།
ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1དང་གྲོང་རྡལ6དང་ཤང1 སྲིད་འཛིན་གྲོང་ཚོ178བཅས་ཡོད།
སྲིད་གཞུང་གི་ས་གནས།
ཞའོ་ཅི་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453700
ས་གནས།
ཧོ་ནན་ཞིང་ཆེན་གྱི་དབུས་རྒྱུད་དང་། ཐའེ་ཧང་རི་བོའི་ལྷོ་འདབས། ཆུ་བོའི་སྟོད་རྒྱུད་བཅས་ཡིན།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ375ཡོད།
མི་གྲངས།
མི་ཁྲི35ཡོད(2016ལོ)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410721
GDP
སྒོར་དུང་ཕྱུར210(2017ལོར)
མི་རེའི་ཆ་སྙོམས་ཀྱིGDP
ཁྲི600000(2017ལོར)
ནོར་སྲིད་ཡོང་སྒོ།
སྒོར་དུང་ཕྱུར8ཡོད(2017ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།     

ཞ་རྒྱལ་རབས་ཀྱི་སྐབས་སུ་ཅི་ཀྲོའུ་ལ་གཏོགས།     

ཀྲོའུ་རྒྱལ་རབས་ཀྱི་སྐབས་སུ། ཝུའུ་ཝང་གིས་ཧྲང་བསྣུབས་རྗེས། ཧྲང་ཏུའུ་ནང་ཁུལ་དུ་དབྱེ་དང་དབྱིན། ཝེ་བཅས་རྒྱལ་ཁབ་གསུམ་དུ་བགོས་ཤིང་། འདི་ནི་དབྱིན་རྒྱལ་ཁབ་ཏུ་གཏོགས།     

ཆིན་རྒྱལ་རབས་ཀྱི་སྲིད་ལོ་བཅུ་གསུམ་པར(སྤྱི་ལོའི་སྔོན་གྱི225ལོར)ཝེ་རྩ་མེད་དུ་བཏང་ཞིང་། ས་ཆ་འདི་ནི་ཆིན་རྒྱལ་རབས་ཀྱི་ཁོངས་སུ་གཏོགས།     

རྒྱལ་རབས་ལྔའི་དུས་སྐབས་སུ་ཀྲོའུ་ཡིས་རྫོང་གཅིག་གྱུར་བྱས་པ་དང་། ཞང་གསར་པ་དང་རྫོང་གི་ཁོངས་གཏོགས་ཝེ་ཀྲོའུ་ཡིན།     

ཅིན་གྱི་སྐབས་སུ་ཞིན་ཞང་རྫོང་ནི་ཧོ་པེའི་ནུབ་ལམ་ཝེ་ཀྲོའུ་ཧོ་ཕིན་དམག་གི་ཁོངས་སུ་གཏོགས།     

ཡོན་ཧྲི་ཙུའུ་ནས་ཡོན་ལོ་བཅུ་དྲུག་པར(སྤྱི་ལོ1279ལོར)ཀྲུང་ཧྲུའུ་ཧྲེང་བཙུགས།     

ཆིན་ཧྲུན་ཀྲི་ཁྲི་ལོ་དང་པོ(སྤྱི་ལོ1644ལོར) ཞིན་ཞང་རྫོང་ནི་ཧོ་ནན་ཞིང་ཆེན་ཝེ་ཧུའེ་ཧྥུ་ཡི་ཁོངས་སུ་གཏོགས། རྗེས་སུ་ཡང་ཀྲང་ཧོའེ་ཏའོ་ཝེ་ཧུའེ་ཧྥུ་རུ་བསྒྱུར།      

མིན་གོའི་སྲིད་ལོ་གཉིས་པ(སྤྱི་ལོ1913ལོར)སྲིད་གཞུང་དང་། ཀྲོའུ། ཐིང་བཅས་ལམ་དུ་བསྒྱུར་ཅིང་། ཞིན་ཞང་རྫོང་ནི་ཧོ་ནན་ཞིང་ཆེན་ཁོངས་ཧོ་ནན་བྱང་རྒྱུད་ལམ་གྱི་ཁོངས་སུ་གཏོགས་པ་དང་། རྗེས་སུ་ཧོ་པེའི་ལམ་དུ་ཡང་བསྒྱུར་པ་རེད།    

མིན་གོའི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོའི)ཟླ2པའི་ཚེས17ཉིན་ཞིན་ཞང་རྫོང་མཁར་ལ་འཇར་དམག་གིས་གནོད་འཚེ་བཏང།   

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པར(སྤྱི་ལོ1947ལོའི)ཟླ3པར་ཀྲུང་གུང་གིས་ཞིན་ཞང་རྫོང་མི་དམངས་དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ཀྲུང་གུང་ཐའེ་ཧང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཆུས་ལྔ་པའི་ཁོངས་སུ་གཏོགས།       

མིན་གོའི་སྲིད་ལོ38པར(སྤྱི་ལོ1949ལོའི)ཟླ8པའི་ཚེས20ཉིན་ཕིན་ཡོན་ཞིང་ཆེན་མི་དམངས་སྲིད་གཞུང་བཙུགས།      

སྤྱི་ལོ1952ལོའི་ཟླ11པའི་ཚེས30ཉིན། ཕིན་ཡོན་ཞིང་ཆེན་མེད་པར་བཏང་བ་དང་། ཞིན་ཞང་རྫོང་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།      

སྤྱི་ལོ1959ལོའི་ཟླ4པའི་ཚེས23ཉིན་ཞིན་ཞང་རྫོང་གི་སྒྲིག་གཞི་མེད་པར་བཟོས་ནས་ཞིན་ཞང་གྲོང་ཁྱེར་གྱི་ཁོངས་སུ་བཅུག     

སྤྱི་ལོ1983ལོའི་ཟླ9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིན་ཞང་རྫོང་ཞིན་ཞང་གྲོང་ཁྱེར་དུ་བགོ་རྒྱུར་ཆོག་མཆན་བཀོད།      

སྤྱི་ལོ2012ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་ནས་ཞིན་ཞང་རྫོང་གི་གནས་ཡུལ་དེ་ཞིན་ཞང་གྲོང་ཁྱེར་ཧུང་ཆི་ཆུས་ནས་ཞའོ་ཅི་གྲོང་རྡལ་དུ་སྤོས་པ་རེད།     

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

སྤྱི་ལོ2009ལོའི་བར་ཞིན་ཞང་རྫོང་ཁོངས་གཏོགས་སུ་གྲོང་རྡལ6ཡོད།  དེ་དག་ནི་ཞའོ་ཅི་གྲོང་རྡལ་དང་། ཀྲའེ་ཕོ་གྲོང་རྡལ། ཆི་ལི་ཡིང་གྲོང་རྡལ། ལང་ཀུང་མིའོ་གྲོང་རྡལ། ཀུའུ་ཀུའུ་ཀྲའེ་གྲོང་རྡལ། ཏ་ཀྲའོ་ཡིང་གྲོང་རྡལ་བཅས་དང་། ཞང1ནི་ཧོ་ཧོ་ཞང་། ཞིན་ཞང་གི་དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད།

3  ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།     

ཞིན་ཞང་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་བྱང་རྒྱུད་དང་། ཐའེ་ཧང་རི་བོའི་ལྷོ་ངོས། ཝེ་ཧོ་ཆུ་བོའི་སྟོད་རྒྱུད་བཅས་སུ་ཆགས་ཡོད། ཤར་ནི་ཡན་ཅིན་དང་། ནུབ་ནི་ཧོ་ཅ། ལྷོ་ནི་ཡོན་དབྱང་། བྱང་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་རྫོང་དང་གྲོང་ཁུལ་གྱི་ཤར་ལྷོ་ནུབ་གསུམ་བཅས་དང་འབྲེལ་ཡོད། རྫོང་ཁོངས་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ32.7དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ29.1 རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ375ཡོད།(སྤྱི་ལོ2009ལོར)     

3_2 ས་རྒྱུ།     

ཞིན་ཞང་རྫོང་གི་ས་གཤིན་མ་རྒྱུ་ནི་གསར་སྐྱེས་རིགས་ཀྱི་སྡེ་ཁག་བཞི་བ་ཡིན་པ་དང་། དེ་ནི་ཐའེ་ཧང་རི་བོའི་མདུན་གྱི་ཆུ་ལོག་བསགས་དངོས་དང་རྨ་ཆུ་དང་ཆིན་ཧོ་ཆུ་བོས་བསགས་པའི་དངོས་རྫས་དིམ་བསགས་བྱས་པ་ལས་གྲུབ་པ་ཡིན། རྫོང་ཁོངས་སུ་བྱེ་མ་དང་། ས་རྒྱུ། འབྱར་རྒྱུ་བཅས་རིམ་པ་གསུམ་པའི་ས་རྒྱུ་གྲུབ་ནས་མ་རྒྱུའི་འཕྲུལ་ཆས་རིགས་དྲུག་གྲུབ་ཡོད། མངའ་ཁོངས་ཀྱི་རྨ་ཆུའི་ཆུ་ལམ་རྙིང་པ་ནི་བྱིང་བྱེ་ལས་གྲུབ་པ་དང་། རྒྱལ་ཡོངས་ཀྱི་ས་རྒྱུ་རིགས་དབྱེའི་གནས་སྐབས་གཏན་འབེབས་གཞིར་བཟུང་ནས་ཤང་དང་རྫོང་གསར་པར་རིགས་དང་པོ4དང་། རིགས་གཉིས་པ7ཡུལ་ཁོངས13ཡུལ་རྒྱུད35བཅས་སུ་དབྱེ་ཆོག     

3_3 ནམ་ཟླ     

ཤང་གསར་པ་དང་རྫོང་ཁོངས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད། དཔྱིད་དུས་ཐན་པ་ཆེ་ལ་རླུང་བུ་མང་བ། དབྱར་དུས་ཆར་པ་མང་བ་དང་སྟོན་དུས་གནམ་གཤིས་དྲོད་བ། དགུན་དུས་གྲང་ངར་ཆེ་བ་བཅས་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད14.1℃དང་། ཟླ་དང་པོར་ཆེས་གྲང་བ་དང་ཆ་སྙོམས་ཀྱི་དྲོད་ཚད0.7℃ ཟླ7པར་ཆེས་ཚ་བ་དང་ཆ་སྙོམས་ཀྱི་དྲོད་ཚད27.1℃ཡིན། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི548.3དང་མང་ཆེ་བ་ཟླ7པ་དང8པའི་ནང་གཅིག་སྡུད་བྱས་ཡོད། ལོ་རེར་ཆ་སྙོམས་རླངས་པར་འགྱུར་ཚད་ནི་ཧའོ་སྨི1908.7དང་ལོ་རེར་ཆ་སྙོམས་ཀྱི་ཉི་འོད་ཆུ་ཚོད2407.7ཡིན།

3_4 ཆུ་དཔྱད།     

མངའ་ཁོངས་སུ་གཙོ་བོ་ཝེ་ཧོ་དང་། ཏུང་མེང་ཅང་། མོ་ཧོ། ཞི་མེང་ཅང་། མོ་ཧོ་ཆུ་བོ། པའེ་ཆོན་ཆུ་བོ། གུང་ཁྲན་རིང་ལུགས་ཀྱི་ཆུ་ཡུར། མི་དམངས་ཀྱི་ཧྲེང་ལི་ཆུ་ཡུར། དམངས་འཚོའི་ཆུ་ཡུར་སོགས་ཆུ་ཡུར་ཆེ་གྲས7དང་། ཆུ་ཡུར་ཆུང་གྲས17བཅས་ཡོད།     

4 འགྲིམ་འགྲུལ་སྐྱེལ་འདྲེན།     

ཅིན་ཀོང(ཀོང་ཀྲོའུ)དང་། ཞིན་ཐའེ(ཐའེ་ཡོན) ཞིན་ཧོ(ཧྲན་ཏུང་ཧོ་ཙེ)བཅས་ཀྱི་ལྕགས་ལམ་དེ་འདི་གར་འགག་གནད་དུ་གྱུར་ཡོད་ལ། ཅིན་ཀྲོའུ(ཀྲུའུ་ཧའེ)དང་རྒྱལ་ལམ107བརྒྱུད་དེ་ལྷོ་ངོས་སུ་ཞིང་ཆེན་ལྟེ་གནས་ཀྲེན་ཀྲོའུ་དང་གནམ་ཐང་གི་བར་ཐག་སྐར་མ60ལས་མེད་པ་དང་གཞན་ཡང་ཞིང་ཆེན་རིམ་པའི་གཞུང་ལམ6ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཡོད། དེའི་ནང་པེ་ཅིང་དང་། ཐེན་ཅིན། ཝུའུ་ཧན། ཤིས་ཨན། ཧྲི་ཅ་ཀྲོང་། ཐའེ་ཡོན་ཅི་ནན་སོགས་ཡོད།     

5 མི་གྲངས་དང་མི་རིགས།     
5_1 མི་གྲངས།     

སྤྱི་ལོ2010ལོར་ཞིན་ཞང་རྫོང་གི་རྒྱུན་སྡོད་མི་འབོར339918ཡོད།     

5_2 མི་རིགས།     

ཞིན་ཞང་རྫོང་ལ་ཧུའེ་རིགས་དང་། སོག་རིགས། ཡུ་གུར་རིགས། མིའོ་རིགས། ཁྲའོ་ཞན་རིགས། ལི་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས་བདུན་ལྷག་ཡོད།    

6 དཔལ་འབྱོར།     
6_1 ཐོན་ལས་དང་པོ།     

སྤྱི་ལོ2009ལོར་ཞིན་ཞང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར13.2བཏང་བའི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་མུའུ་ཁྲི་ཡི་ཚོད་ལྟའི་རྟེན་གཞིའི་རྣམ་གྲངས་ནང་འདྲེན་བྱས་ཡོད། གྲོའི་ས་བོན་གསོ་སྤེལ་བྱེད་པའི་རྒྱ་ཁྱོན་གྱིས་གྲོ་འདེབས་ཀྱི་སྤྱིའི་རྒྱ་ཁྱོན་གྱི60%ཟིན་པ་དང་། ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་གིས་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད40.4%ཟིན་པ། སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད2གསར་སྣོན་དང་། སྤྱི་གནོད་མེད་པའི་ཕྱུགས་ལས་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ཁེ་ལས4གསར་སྣོན། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་སྣེ་འདྲེན་ཁེ་ལས24ཡོད་པ་དེ3གསར་དུ་འཕར་བ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར19.7ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས10.7%འཕར་ཡོད།     

6_2 ཐོན་ལས་གཉིས་པ།     

སྤྱི་ལོ2009ལོར་ཞིན་ཞང་རྫོང་ཡོངས་ཀྱི་བཟོ་ལས་རིན་ཐང་འཕར་མ་སྒོར་དུང་ཕྱུར100.2ཡོད་པ་དེས་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི73.4%ཟིན་ཡོད། ཀ་རྟེན་ཐོན་ལས་ཆེ་གྲས་ལྔའི་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི75.8%ཟིན་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས6.1མཐོ་རུ་ཕྱིན་ཡོད། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས41ཡོད་པའི་ནང་སྒོར་དུང་ཕྱུར་ལྔ་ལས་བརྒལ་བའི་ཁེ་ལས16ཡོད། ཁེ་སྤོགས་སྒོར་བྱེ་བ་ལྷག་ལས་བརྒལ་བའི་ཁེ་ལས25ལ་སླེབས་ཡོད།     

6_3 ཐོན་ལས་གསུམ་པ།     

སྤྱི་ལོ2009ལོར་ཞིན་ཞང་རྫོང་གི་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར19.7ཡོད་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས10.7%འཕར་ཡོད། ཁྲང་ཐུང་ཟོག་འགྲེམས་དང་ཧུའེ་དབྱང་ཚོང་དོན་སྨན་བཅོས་ཟོག་འགྲེམས་སོགས་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས་ཁག་གཅིག་ནང་འདྲེན་དང་ལག་བསྟར་བྱས་ཡོད།

7 སྤྱི་ཚོགས་ལས་དོན།     
7_1 ཚན་རིག་ལག་རྩལ།     

སྤྱི་ལོ2009ལོར་ཞིན་ཞང་རྫོང་གིས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཚན་རྩལ་རྣམ་གྲངས་ཁག4དང་། ཁག5 ཁག17གསར་དུ་བཅུག་པ་དང་ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ལྟེ་གནས2དང་གྲོང་ཁྱེར་རིམ་པའི་རྣམ་གྲངས7གསར་དུ་བཅུག་ཡོད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དེ་ཧོ་ནན་ཞིང་ཆེན་གྱི་མདུན་གྲལ10ཟིན་པ་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་འཕར་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད་ཀྱི18.9%ཟིན་པ་དེ་སྤྱི་ལོ2008ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས2མཐོ་རུ་ཕྱིན་པ། རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་དཔེ་སྟོན་རྫོང་ཁག་གསུམ་པ་དང་ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དངོས་ ས་ཁོངས་སུ་གཏན་འཁེལ་བྱས་ཡོད།      

7_2 སློབ་གསོ།     

སྤྱི་ལོ2009ལོར་ཞིན་ཞང་རྫོང་གི་སློབ་འབྲིང་དང་པོའི་སློབ་ཁུལ་གསར་པ་སྤྱོད་འགོ་ཚུགས་པ་དང་། རྫོང་ལག་རྩལ་སློབ་གྲྭ་དང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་བསྡུ་སྒྲིལ་བྱས་ནས་རྫོང་ལས་རིགས་སློབ་གསོའི་ལྟེ་གནས་སུ་སྤོས་ཡོད། ཤང་གསར་པ་དང་རྫོང་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ161ཡོད་པའི་ནང་སློབ་ཆུང124དང་། དམའ་རིམ་སློབ་འབྲིང27མཐོ་རིམ་སློབ་འབྲིང5འབྲིང་རིམ་ལས་རིགས་སློབ་གྲྭ2བཅས་ཡོད། ཁྱོན་བསྡོམས་པའི་དགེ་རྒན་དང་ལས་བཟོ་པ3371དང་། འབྲིང་རིམ་ལས་རིགས་སློབ་གྲྭ205ཆེད་བསྐོས་དགེ་རྒན2992སློབ་མ51886བཅས་ཡོད།     

7_3 རིག་གནས།     

སྤྱི་ལོ2009ལོར་ཞིན་ཞང་རྫོང་གི་ཀྲང་ཆིང་སོགས་སྡེ་ཁུལ4ཞིང་ཆེན་ཡོངས་ཀྱི་རིག་གནས་བྱེད་སྒོའི་སྔོན་ཐོན་སྡེ་ཁུལ་ཁག་དང་པོའི་གྲས་སུ་བདམས་པ་རེད། ཤང་དང་རྫོང་དུ་དཔེ་མཛོད་ཁང་དང་། རིག་གནས་ཁང་། ཤིན་ཧྭ་དཔེ་ཚོང་ཁང་། བརྙན་འཕྲིན་ལས་ཁུངས། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཡོད། ཤང་དང་གྲོང་རྡལ་ཁག་ཏུ་རིག་གནས་ས་ཚིགས་དང་། གཙོ་གནད་གྲོང་ཚོ་ཁག་གཅིག་ཏུ་བྱེད་སྒོ་ཆ་ཚང་བའི་རིག་གནས་སྒོ་ར་བསྐྲུན་པ། རྫོང་ཡོངས་ཀྱི་ཤང(གྲོང་རྡལ་དང་ཆུས)8ལ་སྐུད་ཡོད་བརྙན་འཕྲིན་དྲ་བ་ཤར་གཏོང་ཐུབ་པ། འོད་འཁྲིད་ཚི་སྐུད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ300ལྷག་ཙམ་དང་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད30% སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང15000ཡོད་པ་བཅས་རེད། 

7_4 འཕྲོད་བསྟེན།     

སྤྱི་ལོ2009ལོརH1N1ཆམ་རིམས་ཀ་པ་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་ནས་རྫོང་ཡོངས་སུ་ནད་ལྕི་མོ་ཕོག་མེད་པ་དང་ཤི་བའི་ནད་དཔེ་ལྟར་མི་འབོར་སྐྱེ་ཚད་དུས་མཚུངས་ལས1.26%ཆག་ཡོད། སྨན་བཅོས་འཕྲོད་བསྟེན་ཚན་པ13ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང5དང་། ཤང་གྲོང་འཕྲོད་བསྟེན་ཁང་། འཕྲོད་བསྟེན་ལག་རྩལ་མི་སྣ1663ཉལ་ཁྲི665བཅས་ཡོད་པ་རེད། སྲིད་འཛིན་གྲོང་ཚོ170ཚང་མར་སྒྲིག་གཞི་ཅུང་ཆ་ཚང་བའི་འཕྲོད་བསྟེན་ཁང་རེ་ཡོད། སྤྱི་ལོ2003ལོར་རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་མཉམ་ལས་སྨན་བཅོས་གསར་པའི་ཚོད་ལྟའི་རྫོང་དུ་གཏན་འཁེལ་བྱས།     

7_5 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2009ལོར་ཞིན་ཞང་རྫོང་གིས་རོགས་སྐྱོབ་མ་དངུལ་སྒོར་ཁྲི1800ལྷག་ཙམ་སྤྲད་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད98.64%ཟིན་ནས་ཞིང་པར་སྨན་རིན་སྒོར་ཁྲི3931རྩིས་ཞུ་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྲི1.95སྨན་བཅོས་འགན་བཅོལ་ནང་ཞུགས་པ་དེས་གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་ལས་འགན་གྱི195%ཟིན་པ་དང་མ་དངུལ་སྒོར་ཁྲི3000བཏང་བའི་ཁང་གླ་ཁེ་བའི་སྡོད་ཁང་གི་རྣམ་གྲངས་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།