མིང་རྒྱལ་རབས་ཀྱི་དུས་འགོར་ཧྲན་ཞིའི་པུའུ་ཀྲེང་ཧྲི་སི་ཅི་ནན་ཏའོ་ལུའུ་ཀྲོའུ་རུ་གཏོགས།
ཆིང་རྒྱལ་རབས་སྐབས་སུ་ཧྲན་ཞི་ཞིང་ཆེན་དུ་གཏོགས།
ཀྲུང་ཧྭ་མིན་གོའི་སྲིད་ལོ་དང་པོར་ཧྲན་ཞི་ཞིང་ཆེན་ཅི་ཉིང་ཏའོ་རུ་གཏོགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཁྲང་ཀྲི་ཀྲོན་ཆུས་སུ་གཏོགས།
སྤྱི་ལ1959ལོར་ཧྲན་ཞིའི་ཤར་ལྷོའི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།
སྤྱི་ལོ1974ལོར་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་དུ་གཏོགས།
སྤྱི་ལོ1979ལོའི་ལོ་མཇུག་ཏུ་ཧྲན་ཞིའི་ཤར་ལྷོའི་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1985ལོའི་ཟླ4པའི་ཚེས30ཉིན་ཁྲང་ཀྲི་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།
སྤྱི་ལོ2018ལོ་བར་ཧུའུ་ཀོན་རྫོང་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ7གསར་སྤེལ་ཁུལ1བཅས་ཡོད་པ་སྟེ། ལུང་ཆོན་གྲོང་རྡལ་དང་། པའེ་ཁྲི་གྲོང་རྡལ། ཚོང་ཁང་ཧྲང་གྲོང་རྡལ། ཅིན་ཀྲོང་གྲོང་རྡལ། ཧྲུའུ་ཀྲང་གྲོང་རྡལ་བཅས་དང་། ཧོང་ཧྲན་ཡུལ་ཚོ། ཏུང་ཅིང་ལིང་ཡུལ་ཚོ། ཧྲི་ཕོ་ཡུལ་ཚོ། ཝུའུ་ལུང་ཧྲན་ཡུལ་ཚོ། ཆའོ་ཧྲང་ཡུལ་ཚོ། ཧུའུ་ཀོན་དཔལ་འབྱོར་གསར་སྤེལ་ཁུལ་བཅས་རེད། ཧུའུ་ཀོན་རྫོང་མི་དམངས་སྲིད་གཞུང་གི་ཆན་ཅེ་སྲང་ལམ་ཨང17པ་རུ་བཅའ་སྡོད་བྱས་ཡོད།
ཧུའུ་ཀོན་རྫོང་ནི་ཧྲན་ཞིའི་ཤར་ལྷོའི་རྒྱུད་དུ་གནས་ཤིང་ཤར་ངོས་ཧོ་ནན་ཞིང་ཆེན་ལིན་ཀྲོའུ་གྲོང་ཁྱེར་དང་ཧུའེ་རྫོང་གྲོང་ཁྱེར་གཉིས་ཀར་འབྲེལ་ཞིང་ནུབ་ངོས་གྲོང་ཁྱེར་གྱི་ཧྲང་ཏང་ཆུས་དང་ལུའུ་ཀྲོའུ་ཆུས་དང་འབྲེལ་ཡོད། བྱང་ངོས་གྲོང་ཁྱེར་གྱི་ཕིང་ཧྲུན་རྫོང་དང་ལྷོ་ངོས་ཅིན་གྲོང་ཁྱེར་གྱི་ལིན་ཁྲོན་རྫོང་གི་ས་མཚམས་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག113°10′—113°40′བར་དང་བྱང་གི་འཕྲེད་ཐིག35°51′─36°13′བར་དུ་གནས། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི46དང་ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི42སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1008བཅས་ཡོད།
ཧུའུ་ཀོན་རྫོང་ཁོངས་ཀྱི་ས་བབ་ཤར་མཐོ་ནུབ་དམའ་ཡིན་པ་དང་ས་གཤིས་རིགས་ནི་ཨའོ་ཐའོ་ཅི་རྡོ་ཐལ་བྲག་གིས་གཙོ་བོ་བྱེད་ཅིང་། དཔེ་མཚོན་གྱི་རྡོ་སྐམ་རི་ཁུལ་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི1252ཟིན་ཡོད། རི་ཁུལ་དང་ཐན་སྐྱུར་ཚྭའི་ས་ཁོག མདོག་སྐྱའི་སྤང་ས་བཅས་རིགས་གཉིས་པ6ཡོད།
ཧུའུ་ཀོན་རྫོང་ནི་དྲོ་ཁུལ་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཁུལ་ཡིན་ལ་ལོ་ཧྲིལ་པོར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2630.1ཟིན་པ་དང་ཉི་འོད་ཕོག་ཚད60%ཟིན་ཡོད། རྒྱལ་ནང་གི་ལོ་རེའི་ཆ་སྙོམས་དྲོད་ཚད8.9℃ཡིན་པ་དང་ཟླ་དང་པོར་གྲང་ཤོས་ཡིན། ཆ་སྙོམས་དྲོད་ཚད-6.5℃ཡིན་པ་དང་ཟླ7པར་ཚ་བ་ཆེ་ཤོས་ཡིན། ཆ་སྙོམས་དྲོད་ཚད22.1℃དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི574.5ཡས་མས་དང་ལོ་ཧྲིལ་པོར་སད་མེད་དུས་ཀྱི་ཉིན153ཙམ་ཡོད།
ཧུའུ་ཀོན་རྫོང་ཁོངས་ཀྱི་ཆུ་རྒྱུན་ལ་ཐའོ་ཆིན་གཙང་པོ་དང་ཅའོ་ཀུའུ་གཙང་པོ། ཧྲི་ཙི་གཙང་པོ། པའེ་ཆོན་གཙང་པོ། སང་ཡན་གཙང་པོ་བཅས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་གི་མི་འབོར་ཁྲི29.9261ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི670འཕར་ཡོད། སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་དུ་སྐྱེས་པའི་མི་འབོར2793ཡོད་པ་དང་མི་འབོར་སྐྱེ་ཚད9.34%ཟིན་པ་དང་འཆི་བའི་མི་གྲངས2123ཡོད་པ་དང་། ཚེ་ལས་འདས་ཚད་ནི7.1དང་རང་བྱུང་འཕར་ཚད2.24%ཟིན་ནས་ཕོ་མོའི་བསྡུར་ཚད(བུད་མེད=100)ནི100.88=4ཡིན།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར54.0683ཟིན་ནས་འགྱུར་མེད་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས9.4%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.409ཟིན་ནས3.1%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར23.9882ཟིན་ནས11%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར24.6711ཟིན་ནས9%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་སྔོན་མའི11.3:43.2:45.5ནས10:44.4:45.6བར་ལེགས་སྒྲིག་བྱས། ཐོན་ལས་གསུམ་པའི་བསྡུར་ཚད་ལོ་སྔོན་མའི་དུས་མཚུངས་ལས0.1%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར18088ཟིན་པ་དེ་སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར2678.4ཡིན།
གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར27.8670བཏང་བ་དེ་ལོ་སྔོན་མ་ལས10.4%འཕར་ཡོད་ལ། དེའི་ནང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་སྒོར་དུང་ཕྱུར4.3778དང་རྒྱལ་ཁབ་ལ་དབང་བ་མིན་པའི་མ་རྐང་ཚོད་འཛིན་སྒོར་དུང་ཕྱུར23.4892ཟིན་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར8703བཏང་བ་དང་ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར19.5302བཏང་། ཐོན་ལས་གསུམ་པའི་མ་དངུལ་སྒོར་དུང་ཕྱུར7.4665བཏང་།
ནོར་ཁྲལ་གཏོང་སྒོ།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་ལ་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར3.1529བྱུང་བ་དེ་ལོ་སྔོན་མ་ལས4.05%མར་ཆག་ཡོད་ལ། དེའི་ནང་རྒྱལ་ཁབ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར1.5375ཟིན་ནས33.79%འཕར་བ་དང་ས་གནས་དཔྱ་ཁྲལ་གྱི་ཡོང་འབབ་སྒོར་ཁྲི9687ཟིན་ནས13.73%མར་ཆག ནོར་སྲིད་སྡེ་ཚན་ལ་སྒོར་ཁྲི6467ཟིན་ནས36.22%མར་ཆག་ཡོད་ལ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར1.7685ཡིན་པས16.11%མར་ཆག་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར18.9588ཡིན་པས་བརྒྱ་ཆ10.61འཕར་ཡོད་ལ། དེའི་ནང་སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར1.3942ཟིན་པ་དེ་ལོ་སྔོན་མ་ལས8.96%འཕར་བ་དང་ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་དུང་ཕྱུར3.9130ཟིན་པ་དེ་ལོ་སྔོན་མ་ལས25.73%འཕར། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར3.2171ཟིན་པ་དེ་ལོ་སྔོན་མ་ལས19%མར་ཆག་པ་དང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར3.0598ཟིན་ནས་དུས་མཚུངས་ལས2.45%མར་ཆག སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་དུང་ཕྱུར1.8192ཟིན་པ་དེ་ལོ་སྔོན་མ་ལས14.63%མར་ཆག སྡོད་ཁང་འགན་སྲུང་ཐད་ཀྱི་གཏོང་སྒོ་སྒོར་ཁྲི6191ཡིན་པས21.56%འཕར་ཡོད།
མི་དམངས་ཀྱི་འཚོ་བ།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5804ཟིན་པ་དེ་ལོ་སྔོན་མ་ལས10.7%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22022ཟིན་པ་དེ་ལོ་སྔོན་མ་ལས6.8%འཕར།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གི་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར9.4135ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས1.81%འཕར་ཡོད་ལ། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.339ཟིན་ནས0.62%འཕར་བ་དང་ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི3670.1ཟིན་ནས0.9%མར་ཆག འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.6148ཟིན་ནས3.96%འཕར་བ་དང་ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི124ཟིན། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི803ཟིན་ནས0.37%འཕར་ཡོད། སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་ཞིང་ཆེན་རིམ་པའི་ཕྱིར་གཏོང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ་དུ་བདམས།
འདེབས་འཛུགས་ལས་རིགས།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གི་འབྲུ་རིགས་པའི་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང15563.3ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང517.2ཉུང་དུ་ཕྱིན་ཡོད་ལ། དེའི་ནང་མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང14583ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང429.5ཉུང་དུ་ཕྱིན་པ་དང་གྲོ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང3ཡོད་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང1.3འཕར། སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང174.7ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང27.7ཉུང་དུ་ཕྱིན། སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང997.8ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང137.8འཕར་ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན121882.1ཟིན་པ་དེ་སྔ་ལོ་ལས་ཏུན1417.8ཉུང་དུ་ཕྱིན་ནས་ཐོན་ཚད1.1%མར་ཆག་ཡོད། དེའི་ནང་སྟོན་ཁའི་འབྲུ་རིགས་ཏུན121868.6ཟིན་པ་དེ་ལོ་སྔོན་མ་ལས་ཏུན1423.4ཉུང་དུ་ཕྱིན་ནས་ཐོན་ཚད1.2%མར་ཆག་པ་དང་དབྱར་ཁའི་འབྲུ་རིགས་ཏུན13.5ཟིན་པ་དེ་ལོ་སྔོན་མ་ལས་ཏུན5.6འཕར་ནས་ཐོན་འཕར70.9%ཟིན། སྣུམ་རྒྱུ་ཐོན་ཚད་ཏུན39.5ཟིན་པ་དེ་ལོ་སྔོན་མ་ལས་ཏུན23.7ཉུང་དུ་ཕྱིན་ནས་ཐོན་ཚད37.5%མར་ཆག སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོའི་ཐོན་ཚད་ཏུན79011.1ཟིན་པ་དེ་ལོ་སྔོན་མ་ལས་ཏུན2961.5ཟིན་ནས3.9%འཕར།
ནགས་ལས།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གིས་ཚད་ལོན་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང280ལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་མིས་བཟོས་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང213ཟིན། འགྲམ་བཞིར་སྡོང་རྐང་ཁྲི115བཙུགས་ཤིང་ལྗང་གསོའི་རྒྱ་ཁྱོན་སྤྱི་ཆིང440ཟིན་པ་བཅས་རེད།
ཕྱུགས་ལས།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གི་ཤ་རིགས་སྤྱིའི་ཐོན་འབོར་ཏུན13899.36ཟིན་པ་དེ་ལོ་སྔོན་མ་ལས9.2%འཕར་ཡོད་ལ། དེའི་ནང་ཕག་དང་ནོར་ལུག་གི་ཤ་ཏུན9738.43ཟིན་ནས0.8%མར་ཆག་ཡོད། ལོ་མཇུག་ཏུ་ཕག83816ཡོད་པ་དེ་ལོ་སྔོན་མ་ལས0.86%འཕར། ཕག་བཤས་གཏོང་ཚད127925ཟིན་པ་དེ་ལོ་སྔོན་མ་ལས0.16%འཕར། བྱ་སྒོང་ཐོན་ཚད་ཏུན11590.44ཟིན་པ་དེ་ལོ་སྔོན་མ་ལས2.3%མར་ཆག འོ་མའི་ཐོན་ཚད་ཏུན322.4ཟིན་པ་དེ་ལོ་སྔོན་མ་ལས220%འཕར།
བཟོ་ལས།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས12དང་། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་ཁྲི240144ཟིན་ནས14.24%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར107.99ཟིན་ནས་ལོ་སྔོན་མ་ལས41.98%འཕར། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར2.67མངོན་འགྱུར་བྱུང་བ་དེ་ལོ་སྔོན་མ་ལས27.84%མར་ཆག ཁེ་སྤོགས་སྒོར་དུང་ཕྱུར2.42བྱུང་བ་དེ་ལོ་སྔོན་མ་ལས19.33%མར་ཆག
བཟོ་སྐྲུན་ལས་རིགས།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི6599ཟིན་ནས་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་སྔོན་མ་ལས་8.6%ཆག་ཡོད། ཐོབ་ཐང་གི་རིམ་པ་ལྡན་པའི་སྤྱིའི་འགན་གཙང་ལེན་དང་ཆེད་ལས་འགན་གཙང་ལེན་གྱི་བཟོ་སྐྲུན་ཁེ་ལས་ལ་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་4797.1མངོན་འགྱུར་བྱུང་བ་དེ་ལོ་སྔོན་མ་ལས0.3%མར་ཆག
རྒྱལ་ནང་དཔལ་འབྱོར།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར19.9246ཟིན་པ་དེ་ལོ་སྔོན་མ་ལས7.6%འཕར་ཡོད་ལ། དེའི་ནང་བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར1.3573ཟིན་ནས8.2%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར7.1079ཟིན་ནས7.5%འཕར་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར12.8166ཟིན་ནས7.6%འཕར། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར1.6447ཟིན་ནས7.7%འཕར་བ་དང་ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར18.2799ཟིན་ནས7.6%འཕར།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གིས་མཐོ་གསར་ལག་རྩལ་ཁེ་ལས1དང་ཚན་རྩལ་ཆེད་མངགས་པ36གསར་དུ་འཕེལ་རྒྱས་བཏང་བ་དང་རིགས་ཁག་གི་ལག་རྩལ་གསོ་སྦྱོང་ཐེངས126བྱས་པ་དང་གསོ་སྦྱོང་ཐོབ་པའི་མི་གྲངས་རིམ་རྩིས་བྱས་ན་མི་ཐེངས་ཁྲི1.6ཟིན། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་རེ་ཞུའི་གྱོད་གཞི20ཡོད་པའི་ནང་ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་སྤྲད་པའི་གྱོད་གཞི8ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་དུ་མཐོ་རིམ་སློབ་འབྲིང3ཡོད་པ་དང་དམའ་རིམ་སློབ་འབྲིང21 སློབ་ཆུང23དང་བུ་བཅོལ་ཁང79དང་ལས་རིགས་མཐོ་རིམ་སློབ་འབྲིང3བཅས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ12དངརིག་གནས་ཁང1རྟེན་རྫས་བཤམས་མཛོད་ཁང1 སྤྱི་པའི་དཔེ་མཛོད་ཁང1བཅས་ཡོད་པ་རེད། སྤྱི་པའི་དཔེ་མཛོད་ཁང་གི་དཔེ་དེབ་ཁྱོན་སྟོང་ཝ118དང་བརྙན་གཏོང་ཚན་པ18 བརྙན་གཏོང་ཐེངས4680བཅས་ཡོད་པ་དང་ལྟད་མོ་བ་མི་ཐེངས་ཁྲི200ཟིན་པ་དང་རིག་དངོས་སྲུང་སྐྱོང་ཚན་པ143ཡོད་པ་རེད། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་རླུང་འཕྲིན་བརྙན་འཕྲིན་ལྟེ་བའི་ས་ཚིགས5ཡོད་པ་དང་རླུང་འཕྲིན་དང་བརྙན་འཕྲིན་ཤར་གཏོང་ཐུབ་པའི་ཡུལ་ཚོ་དང་གྲོང་རྡལ13ཡོད། རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད93%དང98%སོ་སོར་ཟིན། ལོ་མཇུག་ཏུ་སྐུད་ཡོད་རླུང་འཕྲིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང50500དང་གཞི་གྲངས་བརྡ་རྟགས་སྤྱོད་མཁན་དུད་ཚང16000ཚུད་པ་བཅས་རེད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་དུ་ལུས་རྩལ་ཐང2ཡོད་པ་དང་རིམ་ཁག་ལུས་རྩལ་འགྲན་ཚོགས་ཐེངས9གཉེར་ནས་མི15000ཞུགས་ཡོད།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི475ཡོད་པའི་ནང་སྨན་ཁང2དང་འཕྲོད་བསྟེན་ཁང12ཡོད། མ་བུ་བདེ་སྲུང་ལས་ཁུངས1དང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས1བཅས་ཡོད། དངོས་ཡོད་ཉལ་ཁྲི1098དང་འཕྲོད་བསྟེན་ལག་རྩལ་མི་སྣ1283ཡོད་པའི་ནང་ལས་གཉེར་སྨན་པ374དང་ལས་གཉེར་ལས་རོགས་སྨན་པ216ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་མི་གྲངས250129ཟིན་པ་དང་དམངས་ཡོངས་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ95ཡན་ཟིན་ཡོད།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་དུ་ཁྱོན་གྲོང་ཚོ80ཡི་དུད་ཚང7720ཡོད་པ་དང་ཡིག་ཚགས་དང་བྱང་བུ་ཅན་གྱི་དབུལ་པོ18700དུས་བཀག་ལྟར་དབུལ་སྒྲོལ་ཐུབ་ཡོད།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གྲོང་གིPM2.5དུས་མཚུངས་ལས14%མར་ཆག་པ་དང་གར་ཚད44%ནང་ཚོད་འཛིན་ཐུབ། སྦགས་བཙོག་ཆེ་བའི་གནམ་གཤིས་གྲོང་ཁྱེར་གྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ཉིན15ལས་མི་བརྒལ།
སྤྱི་ལོ2017ལོར་ཧུའུ་ཀོན་རྫོང་གིGDPསྒོར་དུང་ཕྱུར་གྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས0ཡོད་པ་རེད། ལོ་ཧྲིལ་པོར་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཁྱོན6བྱུང་ནས་མི7རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་སྐྱོན་ཕོག་པ་དང་ཐད་ཀའི་རྒྱུ་ནོར་གྱོང་གུན་སྒོར་ཁྲི9.43བྱུང་། ལོ་ཧྲིལ་པོར་མེ་སྐྱོན་ལས་འཛོལ་ཁྱོན2ཐོན་པ་དང་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི44ཟིན།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་དུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི22562ཡོད་པའི་ནང་ལས་བཟོ18988ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན29741ཟིན་པའི་ནང་ལས་བཟོ14350ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན19051དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི149772ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས3069འཕར་བ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.31%ཟིན།
སྤྱི་ལོ2017ལོའི་ལོ་མཇུག་བར་ཧུའུ་ཀོན་རྫོང་གི་རིགས་ཁག་གི་གསོ་ཉར་རང་བཞིན་གྱི་སྤྱི་ཚོགས་ཕན་བདེའི་ཚན་པ13དང་ཉལ་ཁྲི727མི512བཅས་ཡོད་པ་རེད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས1930ཟིན་པ་དང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི823.2སྤྲད། གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས17570ཟིན་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི3634.4སྤྲད་ཅིང་གྲོང་གསེབ་ཀྱི་ལྔ་སྐྱོང་འགན་གསོའི་མི་གྲངས1571ཡོད།