ཝུའུ་ཞང་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-24 14:59ལ་འགྲུབ།

ཝུའུ་ཞང་རྫོང་།

ཝུའུ་ཞང་རྫོང་།
ཝུའུ་ཞང་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཐའེ་ཧང་རི་བོའི་ནུབ་འདབས་སུ་ཆགས་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1610ཡོད་པ་དང་དེའི་ཁོངས་སུ་ཡུལ་ཚོ9དང་གྲོང་རྡལ5 ཞིང་ལས་གསར་སྤེལ་ཁུལ1 སྲིད་འཛིན་གྲོང་ཚོ328ཡོད་པ་དེར་སྤྱིའི་མི་འབོར་ཁྲི21ཡོད་པའི་ནང་ཞིང་ལས་མི་འབོར་ཁྲི17.8ལྷག་ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武乡县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1610
དབྱིན་ཡིག་གི་མིང་།
Wuxiang
མི་གྲངས།
ཁྲི21
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཡུལ་སྐད།
ཅིན་སྐད།
ཁོངས་གཏོགས་ས་ཁུལ།
ཁྲང་ཀྲི་གྲོང་ཁྱེར།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ས་ཁོངས་པ་པར་ཨང་རྟགས།
0355
རླངས་འཁོར་ཚབ་ཨང་།
ཅིནD(晋D)
སྦྲག་སྲིད་ཨང་རྟགས།
046300
སྲིད་འཛིན་ཚབ་ཨང་།
140429
1 ​སྲིད་འཛིན་ས་ཁོངས།    

ཝུའུ་ཞང་རྫོང་ཁོངས་སུ་ཡུལ་ཚོ9དང་གྲོང་རྡལ5དཔལ་འབྱོར་གསར་སྤེལ་ཁུལ1ཡོད་པ་སྟེ། ཧྥེང་ཀྲོའུ་གྲོང་རྡལ་དང་། ཆུ་ལོག་གྲོང་རྡལ། ཐན་ལུང་གྲོང་རྡལ། ཀོན་ཀྲང་གྲོང་རྡལ། ཀུའུ་ཁྲེང་གྲོང་རྡལ། མོ་ཡའོ་ཡུལ་ཚོ། ཧན་པེ་ཡུལ་ཚོ། ཏ་ཡུལ་ཚོ། ཅ་ཁོ་ཡུལ་ཚོ། ཧྲེ་པེ་ཡུལ་ཚོ། ཡུང་ཆོན་ཡུལ་ཚོ། ཧྥུན་ཧྲུའེ་ལིང་ཡུལ་ཚོ། ཝུའུ་ཞང་བཅས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཡོད་ལ་མངའ་ཁོངས་སུ་ཡོད་པའི་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ287ཡོད་པ་དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ150ཡོད། ལྷོ་བྱང་གི་ས་རྒྱུད་དོག་ཤོས་ལ་སྤྱི་ལེ10ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1610ཡོད་ཅིང་། ཝུའུ་ཞང་རྫོང་སྲིད་གཞུང་ཧྥེང་ཀྲོའུ་གྲོང་རྡལ་པའོ་ཐ་ཁྲོམ་ལམ་གྱི་སྒོ་རྟགས་ཨང7པ་རུ་བཅའ་སྡོད་བྱས་ཡོད། 

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ། 

ཝུའུ་ཞང་རྫོང་ནི་ཐའེ་ཧང་རི་བོའི་ནུབ་འདབས་དང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད། ཁྲང་ཀྲི་གྲོང་ཁྱེར་གྱི་ཆེས་བྱང་ཕྱོགས་བཅས་སུ་ཆགས་ཡོད་ཅིང་ཤར་ངོས་ལི་ཁྲེང་རྫོང་དང་ཅིན་ཀྲུང་གྲོང་ཁྱེར་གྱི་ཙུའོ་ཆོན་རྫོང་་དང་འབྲེལ་ཞིང་། ནུབ་ཕྱོགས་ཆི་རྫོང་དང་ཕིང་ཡོན་རྫོང་། བྱང་ངོས་ཡུས་ཧྲེ་རྫོང་དང་འབྲེལ་ཡོད། ལྷོ་ཕྱོགས་ཁྲང་ཀྲི་གྲོང་ཁྱེར་ཞང་ཡོན་རྫོང་དང་འབྲེལ་ཡོད་ལ་ལྷོ་ནུབ་ཆིན་རྫོང་གི་འབྲེལ་མཚམས་ཡིན། གཞུང་ཐིག་ཤར་མ112°02'6″~113°02'2″བར་དང་འཕྲེད་ཐིག་བྱང་མ36°03'9″~37°00'8″བར་དུ་གནས་ཡོད། ས་མཚམས་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ287ཡོད་པ་དང་རྫོང་ཁོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ150ཡོད། ལྷོ་བྱང་གི་ས་རྒྱུད་དོག་ཤོས་ལ་སྤྱི་ལེ10དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1610ཡོད།     

2_2 ས་དབྱིབས།  

ཝུའུ་ཞང་རྫོང་ནི་རི་བོ་ཐའེ་ཧང་དང་རི་བོ་ཐའེ་ཡུའེ་གཉིས་ཀྱི་བར་དུ་གནས་ཤིང་ས་བབ་མཐོ་ཞིང་དཀྱིལ་དམའ་བས་རྫོང་ཁོངས་ཀྱི་ཤར་རྒྱུད་ས་ཁུལ་མང་ཆེ་བའི་ས་བབ་མཐོ་ཚད་སྨི1400ཡན་ཟིན་པ་དང་རི་བོ་མཐོ་ཤོས་སྨི2008ཡོད། ནུབ་རྒྱུད་ས་ཁུལ་གྱི་ས་བབ་མཐོ་ཚད་སྨི1300ཙམ་ཟིན་པ་དང་རི་བོ་མཐོ་ཤོས་ཀྱི་ས་བབ་མཐོ་ཚད་སྨི1809ཟིན་ཡོད། བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་རི་བོ་མང་ཆེ་བ་སྨི1000ནས1300བར་ཡིན་ཞིང་དབུས་རྒྱུད་ས་བབ་ཅུང་དལ་ཞིང་། དམའ་ཤོས་ནི་ཀྲང་ཐན་ནས་ནུབ་ཁྲོན་བར་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི800ཡོད། རྫོང་ཡོངས་ལ་རྡོ་རྒྱུ་རི་ཁུལ་དང་ས་སེར་རི་མ་ཐང་ཁུལ་དང་ཅུང་ཕིང་ཁྲོན་ཁུལ་གྱི་ས་དབྱིབས་ས་ཁོངས་མི་འདྲ་བ་གསུམ་ཡོད།     

2_3 ནམ་ཟླ།     

ཝུའུ་ཞང་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་ཡིན་པ་དང་ལོ་གཅིག་དུས་བཞི་གསལ་ཞིང་དགུན་དཔྱིད་རིང་བ། སྟོན་དཔྱིད་ཐུང་ཞིང་དུས་རླུང་སྟོབས་ཆེ། དགུན་དུས་གྲང་ངར་དང་ཁ་བ་ཉུང་། དཔྱིད་དུས་སྐམ་ཤས་ཆེ་ལ་རླུང་མང་ཞིང་དབྱར་དུས་ཚ་བ་ཆེ་བ་དང་ཆར་པ་མང་། སྟོན་དུས་བསིལ་ཞིང་བསིལ་ཞིང་ལོ་རེར་ཆ་སྙོམས་སད་མེད་དུས་ཉིན150ཡས་མས་ཡིན། མངའ་ཁོངས་ཀྱི་ས་ཆ་སོ་སོའི་ས་དབྱིབས་དང་ས་བབ་ཀྱི་ཁྱད་པར་ཅུང་ཆེ་བ་དང་ལོ་རེའི་ཆར་ཆུ་འབབ་ཚད་ཀྱི་ཁྱབ་སྟངས་ཀྱང་མི་སྙོམས་པ་མངོན་གསལ་ཡིན་ཞིང་ནུབ་རྒྱུད་ས་ཁུལ་དུ་ཆར་ཆུ་འབབ་ཚད་ཅུང་མང་བ་དང་ཤར་རྒྱུད་དུ་ཆར་ཆུ་ཅུང་ཉུང་། ཆར་པ་འབབ་ཚད580-600mmདང་ཆུ་ལོག་མང་ཞིང་བྱང་རྒྱུད་དུ་ཆར་པ་འབབ་ཚད540-580m.7བར་ཡིན།     

2_4 ཆུ་དཔྱད།    

ཝུའུ་ཞང་རྫོང་ཁོངས་ཀྱི་ཆུ་བོ་གཙོ་བོ་ནི་མ་མུའུ་གཙང་པོ། ཁྲང་ཡོན་གཙང་པོ། ཡུན་ཚུང་གཙང་པོ་བཅས་ཡིན་ཞིང། དེའི་འབབ་རྒྱུད་ཀྱི་ཁོངས་གཏོགས་ལ་གཞིགས་ནས་རྨ་ཆུ་དང་ཧའེ་ཧོ་ཆུ་བོའི་འབབ་རྒྱུད་གཉིས་སུ་དབྱེ་ཡོད་པ་དང་ཧྥུན་ཧོ་ཆུ་བོ་དང་ཀྲང་ཧོ་ཆུ་བོའི་ཆུ་རྒྱུད་གཉིས་ལ་དབང་བ་རེད། ཁྲང་ཡོན་གཙང་པོའི་མངའ་ཁོངས་སུ་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ85ཡོད་པ་དེས་རྫོང་ཡོངས་ཀྱི་རྒྱ་ཁྱོན་གྱི5.3%ཟིན་པ་དང་དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་ཧྥུན་ཆུའི་ཆུ་རྒྱུད་ཡིན། དེ་བྱིངས་ཆུ་བོ་ཚང་མ་ཧའེ་ཧོ་གཙང་པོའི་རྒྱུད་ཀྱི་ཀྲང་ཧོ་གཙང་པོའི་རྒྱུད་ཡིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1525ཟིན་པ་དེས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི94.7%བཟུང་ཡོད། 

2_5 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཝུའུ་ཞང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི21ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི17.8ཡོད་པ་རེད།     

3 དཔལ་འབྱོར།

སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར57.3ཟིན་ནས7.1%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ8འཕར་ཞིང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར20.6བཏང་ནས10.4%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར4.4ལེགས་གྲུབ་བྱུང་བས་བརྒྱ་ཆ45.1འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར15.8ལེགས་གྲུབ་བྱུང་བ་དེ10.1%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24109ཟིན་ནས6.4%འཕར། ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7430ཟིན་ནས12.7%འཕར་ཡོད། 

3_1 ཐོན་ལས་དང་པོ།    

སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་མུའུ408461ཟིན་པ་དེ་སྤྱི་ལོ2010ལོ་ལས་མུའུ919ཉུང་དུ་ཕྱིན། སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་མུའུ6587ཟིན་པ་དེ་སྤྱི་ལོ2010ལོ་ལས་མུའུ744ཉུང་དུ་ཕྱིན། སྔོ་ཚལ་འདེབས་པའི་རྒྱ་ཁྱོན་མུའུ22883ཟིན་པ་དེ་སྤྱི་ལོ2010ལོ་ལས་མུའུ4859མང་དུ་ཕྱིན། ཤིང་འབྲས་འདེབས་པའི་རྒྱ་ཁྱོན་མུའུ4482ཟིན་པ་དེ་སྤྱི་ལོ2010ལོ་ལས་མུའུ98མང་དུ་ཕྱིན། འབྲུ་རིགས་ཐོན་ཚད་ཏུན94098ཡིན་ཞིང་སྤྱི་ལོ2010ལོ་ལས་བརྒྱ་ཆ2.4འཕར་ཡོད་ལ། དེའི་ནང་དབྱར་ཁའི་འབྲུ་རིགས་ཏུན2012ཡིན་པ་དེ་སྤྱི་ལོ2010ལོ་ལས60.9%འཕར་བ་དང་སྟོན་ཁའི་འབྲུ་རིགས་ཏུན92086ཟིན་པ་དེ་སྤྱི་ལོ2010ལོ་ལས1.6%འཕར་ཡོད། སྣུམ་རྒྱུ་ཐོན་ཚད་ཏུན576ཟིན་པ་དེ་སྤྱི་ལོ2010ལོ་ལས12%འཕར། སྔོ་ཚལ་ཐོན་ཚད་ཏུན29494ཟིན་པ་དེ་སྤྱི་ལོ2010ལོ་ལས40.1%འཕར། ཤིང་འབྲས་ཐོན་ཚད་ཏུན5756ཟིན་པ་དེ་སྤྱི་ལོ2010ལོ་ལས6.5%འཕར་ཡོད། སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་ཤ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན4099ཟིན་པ་དེ་སྤྱི་ལོ2010ལོ་ལས41.6%འཕར་བའི་ནང་ཕག་དང་ནོར་ལུག་གི་ཤ་ཏུན2898ཟིན་པ་དེ་སྤྱི་ལོ2010ལོ་ལས19.9%འཕར་བ་དང་བྱ་སྒོང་ཐོན་ཚད་ཏུན6889ཟིན་པ་དེ་སྤྱི་ལོ2010ལོ་ལས69.5%འཕར། འོ་མའི་ཐོན་ཚད་ཏུན523ཡིན་པ་དེ་སྤྱི་ལོ2010ལོ་ལས50%མར་ཆག་ཡོད། སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་ཚྭ་མེད་ཆུའི་གསོ་སྤེལ་རྒྱ་ཁྱོན་མུའུ8355ཟིན་པ་དང་ཆུའི་ཐོན་རྫས་ཐོན་ཚད་ཏུན410ཟིན་ཡོད།     

3_2 ཐོན་ལས་གཉིས་པ།    

སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་ཁྲི382602ཟིན་པ་དེ་སྤྱི་ལོ2010ལོ་ལས25%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་གཞུང་ཁོངས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི133165ཟིན་པ་དེ་སྤྱི་ལོ2010ལོ་ལས24.8%འཕར་བ་དང་མཉམ་སྡེབ་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི42288ཟིན་པ་དེ་སྤྱི་ལོ2010ལོ་ལས134.1%འཕར། མ་རྐང་ལམ་ལུགས་ཀྱི་ཁེ་ལས་ཀྱི་འཕར་ཐང་སྒོར་ཁྲི207149ཟིན་པ་དེ་སྤྱི་ལོ2010ལོ་ལས48.4%འཕར་ཡོད། རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི326440ཟིན་པ་དེ་སྤྱི་ལོ2010ལོ་ལས53.1%འཕར། རྡོ་སོལ་བསྲེགས་མ་བཟོ་བའི་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི22215ཟིན་པ་དེ་སྤྱི་ལོ2010ལོ་ལས56.3%འཕར། རྒྱུན་སྤྱོད་མདོག་ལྡན་ལྕགས་རིགས་བཙོ་སྦྱང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི5431ཟིན་པ་དེ་སྤྱི་ལོ2010ལོ་ལས34.7%མར་ཆག་པ་དང་གློག་ཤུགས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི28516ཟིན་པ་དེ་སྤྱི་ལོ2010ལོ་ལས4.7%མར་ཆག་ཡོད།     

3_3 ཐོན་ལས་གསུམ་པ།  

སྤྱི་ལོ2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི555.8ལ་སྣེ་ལེན་ཞུས་ནས23%འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར53.7ཟིན་ནས25%འཕར་ཡོད།     

4 འགྲིམ་འགྲུལ་སྐྱེལ་འདྲེན།

ཐའེ་ཁྲང་མྱུར་བགྲོད་ལྕགས་ལམ་དང་ཤིང་ཧྥུན་མྱུར་བགྲོད་གཞུང་ལམ། རྒྱལ་ལམ208དང་ཡུས་ཧོང་གཞུང་ལམ། ནན་ཆིན་གཞུང་ལམ། ཐའེ་ཅའོ་ལྕགས་ལམ་དང་ཝུའུ་ཙུའོ་ལྕགས་ལམ་བཅས་ཝུའུ་ཞང་རྫོང་བརྒྱུད་དེ་འགྲིམ་འགྲུལ་དྲ་བ་ཆགས་ཡོད་ཅིང་། ཐའེ་ཅའོ་མྱུར་བགྲོད་ལྕགས་ལམ་གྱི་སྦྲེལ་མཐུད་ལམ་ཐིག་དང་འབབ་ཚུགས་མདུན་གྱི་ཐང་ཆེན་རྣམ་གྲངས་སྐྲུན་འགོ་ཚུགས་ནས་མ་དངུལ་སྒོར་ཁྲི7000བཏང་ཡོད་པ་རེད། གསར་བརྗེའི་ཡུལ་སྐོར་ལམ་གྱི་དུས་ཐེངས་གཉིས་པའི་ལམ་གཞིའི་ལས་གྲྭ་ལེགས་གྲུབ་ཟིན་པ་དང་ལམ་ངོས་སྤྱི་ལེ3ལ་མ་དངུལ་སྒོར་དུང་ཕྱུར1.65བཏང་།     

5 སྤྱི་ཚོགས་ལས་རིགས།
5_1 རིག་གནས་ལས་དོན།     

སྤྱི་ལོ2007ལོར་ཝུའུ་ཞང་རྫོང་དཔེ་མཛོད་ཁང་གིས་སྔ་རྗེས་སུ་གྲོང་ཚོ་རིམ་པའི་དཔེ་དེབ་ཁང་ལ་དཔེ་དེབ་ཁྲི13ལྷག་ཙམ་སྤྲད་པ་རེད། དེའི་ནང“རིག་གནས་མ་མཐའི་འཚོ་བ་འགན་ལེན”གྲོང་ཚོ137གྱིས་དཔེ་དེབ6000ལྷག་ཙམ་སྡེབ་སྐྱེལ་བྱས་པ་དང“གྲོང་གསེབ་ཀྱི་སྐོར་སྐྱོད་དཔེ་མཛོད”226གིས་དཔེ་དེབ67800མངག་སྐྱེལ་བྱས། དཔེ་སྒམ452བཀོད་སྒྲིག་བྱས་པ་བཅས་རེད།     སྤྱི་ལོ2008ལོར་ད་དུང“གྲོང་གསེབ་ཀྱི་སྐོར་སྐྱོད་དཔེ་མཛོད”150གྲོང་ཚོ་རེར་བརྙན་ཕབ་སྒྲིག་ཆས་ཆ་ཚང་རེ་བཀོད་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག་རྫོང་དཔེ་མཛོད་ཁང་གིས་རྫོང་ཡོངས་ཀྱི་གྲོང་ཚོ་དབུལ་པོ12ལ་དཔེ་དེབ4000ལྷག་ཙམ་སྤྲད་པ་དང་རྫོང་ཡོངས་སུ་གྲོང་གསེབ་ཀྱི་དཔེ་དེབ་ཁང100བསྐྲུན་ཡོད། སྤྱི་ལོ2008ལོ་ནས་སྤྱི་ལོ2009ལོའི་བར་རྫོང་གློག་བརྙན་ཀུང་སིས་གློག་བརྙན་སྟོན་མཁན་རུ་ཁག16བཙུགས་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ377དུ་ཞིང་པར་གློག་བརྙན་སྟོན་ཐེངས8976ཟིན་པ་མ་ཟད། སྤྱི་ལོ2009ལོའི་ཟླ5པ་ནས་བཟུང་གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་སྟོན་པ་དེ་སྤྱིན་ཤོག་ནས་གྲངས་འཛིན་གློག་བརྙན་དུ་བསྒྱུར་ཡོད། སྤྱི་ལོ2006ལོ་ནས་སྤྱི་ལོ2009ལོའི་བར་ཞིང་ཆེན་ནོར་སྲིད་ནས་མ་དངུལ་སྒོར་ཁྲི140བཏང་བ་དང་གྲོང་ཚོ་རིམ་པའི་རང་གྲབས་མ་དངུལ་སྒོར་ཁྲི200ལྷག་ཙམ་བཏང་། ཞིང་ཆེན་གྱི་ལུས་རྩལ་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་སྒྲིག་ཆས་ཆ་ཚང་ལ་སྒོར་ཁྲི150ལྷག་ཙམ་བཏང་ཡོད། སྤྱི་ལོ2009ལོར་རྫོང་ཡོངས་ཀྱི་ཞིང་པའི་ལུས་རྩལ་ལུས་སྦྱོང་འདུ་འགོད་ཁྱོན་གྲོང་ཚོ285ལ་ཁྱབ་པ་དང་ལན་ཆིའུ་སྤོ་ལོ་ཐང150ལྷག་ཙམ་དང་ལུས་སྦྱོང་ཐབས་ལམ་གྲོང་ཚོ130ལྷག་ཙམ་བསྐྲུན་ཡོད། སྤྱི་ལོ2018ལོར་ཞིང་ཆེན་དང་གྲོང་ཁྱེར་གྱིས“ཐའེ་ཧང་ཡུལ་སྐོར་དུམ་བུའི”བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ“ཐའེ་ཧང”ཞེས་པའི་བར་སྣང་ཡུལ་སྐོར་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་ནས་སྐབས་བརྒྱད་པའི་དམག་སྡེ་བརྒྱད་པའི་རིག་གནས་ཡུལ་སྐོར་དུས་ཆེན་དང་། སྐབས་དང་པོའི་དམག་སྡེ་བརྒྱད་པའི་རིག་གནས་སྒྱུ་རྩལ་སྒྲོན་ཚོགས། སྐབས་དང་པོའི་རྒྱལ་ཡོངས་རྒྱལ་སྲུང་སློབ་གསོའི་འགྲན་བསྡུར་ཆེ་མོའི་མཐའ་བསྡུར་སོགས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་བ་རེད། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། དམག་སྡེ་བརྒྱད་པའི་རིག་གནས་གླིང་རྒྱ་བསྐྱེད་འཆར་འགོད་ལ་དཔྱད་ཞིབ་བྱས་པ་བརྒྱུད་ལི་ཡུས་དང་། ཀུའུ་ཐའེ། ཙའོ་ཡན་སོགས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས6ལག་བསྟར་བྱས་པ་དང་རྫོང་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྲོང་ཚོ42ལ་སླེབས་ཡོད། ཝུའུ་ཞང་གི་འབྲས་ཆུང་རྔ་བསྡུའི་དུས་ཆེན་དང་དཔོན་པོའི་ལི་ཤིང་མེ་ཏོག་དུས་ཆེན་སོགས་ཁྱད་ལྡན་བྱེད་སྒོ5སྒྲིག་འཛུགས་བྱས་ནས་དུས་ཆེན་གྱི་དཔལ་འབྱོར་ཕན་འབྲས་རགས་ཙམ་ཐོན་ཡོད། ཡུལ་སྐོར་ཐོན་རྫས་ཁག་ལྔ་ཡུལ་སྐོར་གྱི་སྤུས་ཚད་ཨང་དང་པོར་སླེབས་ཡོད་པ་རེད། གྲོང་གསེབ་ཀྱི་རིག་གནས་དྲན་ཤེས་འདུ་འགོད་ལག་ལེན་བསྟར་བར་མ་དངུལ་སྒོར་ཁྲི300ལྷག་ཙམ་བཏང་སྟེ་ཝུའེ་ཅ་ཡའོ་དང་། ཀུའུ་ཐའེ། ཙའོ་ཐ། ཀུའུ་རྫོང་སོགས་ཀྱི“གྲོང་གསེབ་ཀྱི་རིག་གནས་དྲན་ཤེས་ཁང”20ལྷག་ཙམ་བསྐྲུན་ནས་ཧྲི་ཕུའུ་ཡང“ཀྲུང་གོའི་བུད་མེད་རིག་གནས་ཀྱི་གྲོང་ཚོ་དང་པོ”བཏོད་པ་དང་གློག་བརྙན་གྱི《དཔའ་བོ་བཅོ་བརྒྱད》དང《ཀྲུའུ་ཏེའི་བྱིས་པའི་ཚོགས་པ》ཕབ་སྐྲུན་བྱས་པ་རེད། ཐའེ་ཧང་ན་གཞོན་དམག་དོན་སློབ་གྲྭ་སྒོ་བྱང་འགེལ་བའི་ལས་གཉེར་བྱས་ཤིང་། རིམ་རྩིས་བྱས་ན་རྒྱལ་ཡོངས་ས་གནས་ཁག་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་ལེན་བྱེད་མཁན་མི་ཐེངས8600ལྷག་ཙམ་ཟིན་ཡོད། གསར་བརྗེའི་གཏམ་བཤད་ཟློས་གར《ཐའེ་ཧང་གི་ནུ་མ》ཞེས་པར་ཀྲུང་གོ་རིག་དངོས་སྲུང་སྐྱོབ་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་བརྙན་འཕྲིན་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི“གསར་བརྗེའི་དྲན་ཤེསVའཆར་གཞིའི”བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།     

5_2 སློབ་གསོའི་བྱ་གཞག  

སྤྱི་ལོ2011ལོར་རྫོང་ཡོངས་སུ་སློབ་ཆུང144དང་སློབ་ཆུང་དགེ་རྒན1035སློབ་ཆུང་དུ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ14837བཅས་ཡོད་པ་དང་སློབ་ཆུང་དུ་སློབ་ཞུགས་རགས་ཚད100%ཟིན། སློབ་ཆུང་དུ་ལོ་ལྔའི་ནང་སྲ་བརྟན་བྱུང་ཚད100% སློབ་འབྲིང19དང་དམའ་རིམ་སློབ་འབྲིང་གི་དགེ་རྒན943དང་དམའ་རིམ་སློབ་འབྲིང་གི་སློབ་མ12820བཅས་ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་ལོ་གསུམ་གྱི་འགན་སྲུང་བྱེད་ཚད100%ཟིན་ཡོད། རྫོང་ཡོངས་ཀྱིས་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར5ལྷག་ཙམ་བཏང་བ་དང་མ་དངུལ་སྒོར་དུང་ཕྱུར2.7བཏང་བའི་མཐོ་རིམ་སློབ་འབྲིང་དང་། གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས། ལས་ཐོག་སློབ་འབྲིང་སློབ་མའི་ལས་ཤག་ཐོག་ཁང་། དངོས་སྦྱོང་ཐོག་ཁང་བཅས་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་ཤིང་མ་དངུལ་སྒོར་ཁྲི10684བཏང་བའི་སློབ་གྲྭ་འབྲིང་ཆུང་གི་ཉལ་ཁང་བདེ་འཇགས་ལས་གྲྭ་ལག་བསྟར་བྱས་པ་བཅས་རེད། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་སློབ་ཆུང་དང་དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད100%ཟིན་པ་དེ“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང0.8%དང1.1%མཐོ་རུ་ཕྱིན་པ་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭར་ཞུགས་ཚད80%ཟིན་ནས5%མཐོ་རུ་གཏོང་རྒྱུ་དང་། དམའ་རིམ་སློབ་འབྲིང11དང་སློབ་ཆུང146སྡེབ་སྒྲིག་དང་ཟླ་སྒྲིལ་བཏང་ཡོད།     

5_3 འཕྲོད་བསྟེན་ལས་དོན།     

སྤྱི་ལོ2008ལོའི་ཟླ12ཚེས28ཉིན་ཝུའུ་ཞང་རྫོང་ལ་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་གྲོང་ཞེས་དངོས་སུ་མིང་བཏགས་ཡོད། རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར12གྲབས་གསོག་བྱས་ནས་སྒྱུར་བཀོད་བྱས་པ་རེད། ལམ་སྒྲོན་གསལ་ཚད99.8%དང་ཁྲོམ་གཞུང་དང་སྤྱི་གླིང་དུ་ཆུ་བཤལ་རྣམ་པའི་གསང་སྤྱོད་ཆེ་གྲས12གསར་སྐྲུན་བྱས། སྔོ་འགྱུར་ཁྱབ་ཚད་སྨི་གྲུ་བཞི་མ་ཁྲི164ཟིན། འཆར་འགོད་ཁུལ་གྱི་འགྲོ་ལམ་ཚང་མ་སྲ་འགྱུར་བྱུང་བ་དང་ཆུ་སྦུག་འོག་མའི་ལམ་གྱི་ཁྱབ་ཚད95%དང་ཁྲེང་ཀོན། ཞ་ཁྲེང་བཅས་གྲོང་ཁྱེར་ནང་གི་གྲོང་ཚོ་གསུམ་གྱི་ཞིང་དུད1133གྱི་གསང་སྤྱོད་ཚང་མ་སྒྱུར་བཀོད་ཐུབ་ཡོད་པ་རེད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི398ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང17ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ460ཡོད་པའི་ནང་ལས་གཉེར་སྨན་པ151ཡོད་པ་དང་དངོས་སུ་ཉལ་ཁྲི385ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད་བརྒྱ་ཆ99.73ཟིན།     

5_4 རྨང་གཞིའི་སྒྲིག་བཀོད།

ཐའེ་ཅའོ་ལྕགས་ལམ་དང་རྒྱལ་ལམ208ཐའེ་ཁྲེང་གཞུང་ལམ་བཅས་ཀྱིས་ལྷོ་བྱང་དུ་སྦྲེལ་ཡོད། ཝུའུ་མོ་ལྕགས་ལམ་དང་། ཆིན་ལིན་གཞུང་ལམ། ཆོན་མ་གཞུང་ལམ་བཅས་ཀྱིས་ཤར་ནུབ་འཕྲེད་དུ་བཅད་ཡོད། རྫོང་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ457ཟིན་པའི་ནང་རྒྱལ་ལམ1 ཞིང་ཆེན་རིམ་པའི་གཞུང་ལམ2 རྫོང་རིམ་པའི་གཞུང་ལམ8(ཆོན་མཱ་ལྕགས་ལམ་དང་། ཀུའུ་ཧྲི་ལྕགས་ལམ། ཧྲང་ཧན་ལྕགས་ལམ། ཧྲི་ཞི་ལྕགས་ལམ་དང་། ཡུས་ཧུང་ལྕགས་ལམ། པེ་ཝང་ལྕགས་ལམ)བཅས་སྤྱི་ལེ114ཡོད་པ་དང་ཡུལ་ཚོ་རིམ་པའི་ལམ་སྤྱི་ལེ19དང219ཐོ་འགོད་བྱས་ཡོད། སྤྱི་ལོ2002ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ728ཟིན་པའི་ནང་སྣུམ་ནག་ལམ(ཨར་འདམ)ལམ་སྤྱི་ལེ419.6དང་བྱེ་ཟེགས་ལམ་དང་ས་ལམ་སྤྱི་ལེ308.4ཟིན་ཡོད། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ14དང་གསར་སྤེལ་ཁུལ1ཚང་མར་སྣུམ་ལམ་ཤར་གཏོང་ཐུབ་པ་དང་གྲོང་ཚོ372ལ་གཞུང་ལམ་ཤར་གཏོང་ཐུབ། 

དཔྱད་གཞིའི་ཡིག་ཆ།