ཆིན་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-25 10:43ལ་འགྲུབ།

ཆིན་རྫོང་།

ཆིན་རྫོང་།
ཆིན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར་ཁོངས་སུ་གཏོགས་ཤིང་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་གྱི་ཐའེ་ཧང་རི་བོ་དང་ཐའེ་ཡུའེ་རི་བོ་གཉིས་ཀྱི་བར་དུ་གནས་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1318ཡོད་པ་དང་དེའི་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ7 སྲིད་འཛིན་གྲོང་ཚོ306 སྤྱིའི་མི་འབོར་ཁྲི18ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
沁县
མི་གྲངས།
ཁྲི18
དབྱིན་ཡིག་གི་མིང་།
Qin County
ཡུལ་སྐད།
ཅིན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
དྲོད་ཁུལ་ཕྱེད་ཙམ་དང་བརླན་གཤེར་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0355
རླངས་འཁོར་ཚབ་ཨང་།
ཅིནD(晋D)
སྦྲག་སྲིད་ཨང་རྟགས།
046400
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1946ལོར་ཆིན་རྫོང་བཅིངས་འགྲོལ་བཏང་བ་དང་སྤྱི་ལོ1949ལོར་ཁྲང་ཀྲི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།     

སྤྱི་ལོ1958ལོར་ཞང་ཡོན་རྫོང་དང་ཟླ་སྒྲིལ་བཏང་ནས་ཆིན་རྫོང་དུ་བསྒྱུར།

སྤྱི་ལོ1967ལོར་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་དུ་གཏོགས།     

སྤྱི་ལོ1985ལོར་ཁྲང་ཀྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། 

2 སྲིད་འཛིན་ས་ཁོངས།

སྤྱི་ལོ2018ལོ་བར་ཆིན་རྫོང་ཁོངས་གཏོགས་དུ་གྲོང་རྡལ6ཡོད་དེ། ཏིང་ཁྲང་གྲོང་རྡལ་དང་། ཀུའོ་ཚོ་གྲོང་རྡལ། ཀུའུ་རྫོང་གྲོང་རྡལ། ཤིན་ཏན་གྲོང་རྡལ། ཀྲང་ཡོན་གྲོང་རྡལ། ཏོན་ལིའུ་ཡུལ་ཚོ་དང་། སུང་ཚུན་ཡུལ་ཚོ། ཚེ་ཚུན་ཡུལ་ཚོ། ཉིའུ་སི་ཡུལ་ཚོ། ནན་ལི་ཡུལ་ཚོ། ནན་ཆོན་ཡུལ་ཚོ། དབྱང་ཨན་ཡུལ་ཚོ། སྲིད་འཛིན་གྲོང་ཚོ306བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 ས་དབྱིབས།

ཆིན་རྫོང་ནི་ས་སེར་དེའུ་འབུར་རི་ཁུལ་དུ་གཏོགས་ཤིང་ས་ཁོངས་ཡོངས་ཀྱི་ས་བབ་ཕྱོགས་བཞིར་འབུར་ཞིང་དབུས་རྒྱུད་དམའ། ས་བབ་ཡོངས་ནུབ་བྱང་མཐོ་ལ་ཤར་ལྷོའི་དམའ། ཆ་སྙོམས་ས་བབ་མཐོ་ཚད་སྨི1000དང་མཐོ་ཤོས་ནི་ནུབ་རྒྱུད་དུ་གནས་པའི་རི་བོ་ཡིན་པ། མཚོ་ངོས་མཐོ་ཚད་སྨི1745.5ཟིན།

3_2 ནམ་ཟླ།    

དྲོད་ཁུལ་བརླན་གཤེར་ཕྱེད་ཙམ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2474.7དང་སད་མེད་དུས་ཉིན170ལྷག་ཙམ། ལོ་རེའི་ཆ་སྙོམས་དྲོད་ཚད8.9℃དང་རྫོང་ཁོངས་ཀྱི་ས་དབྱིབས་མང་ཆེ་བ་ས་སེར་ས་མཐོའི་རི་མ་ཐང་གི་ཁོངས་སུ་གཏོགས་པ་དང་། ཆ་སྙོམས་ས་བབ་མཚོ་ངོས་ལས་མཐོ་ཚད་སྨི1000ཙམ་ཟིན།

4 མི་འབོར་དང་མི་རིགས།
4_1 མི་འབོར།   

སྤྱི་ལོ2010ལོར་ཆིན་རྫོང་གི་རྒྱུན་སྡོད་མི་འབོར172205ཟིན་པ་དང་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར89893ཡོད་པ་དེས52.2%བཟུང་བ་དང་། བུད་མེད་མི་འབོར82312ཡོད་པ་དེས47.8%བཟུང་ཡོད། ལོ0ནས14བར་གྱི་མི་འབོར31904ཡོད་པ་དེས18.53%བཟུང་། ལོ15ནས64བར་གྱི་མི་འབོར126322ཟིན་པ་དེས73.36%བཟུང་། ལོ65དང་དེ་ཡན་གྱི་མི་འབོར13979ཡོད་པ་དེས8.12%བཟུང་ཡོད། 

4_2 མི་རིགས།    

ཆིན་རྫོང་དུ་རྒྱ་རིགས་དང་ཧུའེ་རིགས། མན་ཇུ་རིགས། སོག་རིགས། བོད་རིགས། ཡུ་གུར་རིགས། ཀྲོང་རིགས། ཐུའུ་ཅ་རིགས་སོགས་ཡོད།     

5 དཔལ་འབྱོར།

སྤྱི་ལོ2013ལོར་ཆིན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར16.2ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས8.1%འཕར་བ་དང་ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.6ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས15.1%འཕར་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.46ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས11.3%འཕར་བའི་ནང་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི7241ཟིན་པ་དེ་སྤྱི་ལོ2012ལོ་ལས18.1%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར38.9བཏང་བ་དེ་སྤྱི་ལོ2012ལོ་ལས32.8%འཕར། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར7.5ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས13.8%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14118ཟིན་ནས་སྤྱི་ལོ2012ལོ་ལས9.8%འཕར། ཞིང་པ་མི་རེའི་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར4325ཟིན་པ་དེ་སྤྱི་ལོ2012ལོ་ལས་12.7%འཕར་ཡོད།     

5_1 ཐོན་ལས་དང་པོ།    

སྤྱི་ལོ2013ལོར་ཆིན་རྫོང་གི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྤྱི་ལོ2012ལོ་ལས6.1%འཕར་ཡོད། ཆིན་ཀྲོའུ་ཧོང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི2དངསྒྲིག་བཀོད་སྔོ་ཚལ་མུའུ6000 སྟར་ཁའི་དཔལ་འབྱོར་ནགས་ཚལ་མུའུ་ཁྲི2འབྲུ་མུའུ་ཁྲི1 ཀྲུང་ལུགས་སྨན་རྒྱུ་མུའུ5000 སྒོ་ཕྱུགས་དང་ཁྱིམ་བྱའི་གྲངས་ཁྲི589 འབྲུ་རིགས་སྤྱིའི་ཐོན་འབོར་སྤྱི་རྒྱ་དུང་ཕྱུར1.8བཅས་ཟིན་ཡོད།

5_2 ཐོན་ལས་གཉིས་པ།    

སྤྱི་ལོ2013ལོར་ཆིན་རྫོང་གི་ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྤྱི་ལོ2012ལོ་ལས15%འཕར་ཡོད། ཆིན་ཀྲོའུ་ཧོང་ཚུའུ་ཡེ་ཏུན་ཁྲི་ཡི་འབྲས་ཚུའུ་དང་ཆིན་ཡོན་ཁྲུན་གཏེར་ཆུ་ཚད་ཡོད་ཀུང་སི་ཏུན་ཁྲི་བརྒྱ་ཡི་གཏེར་ཆུ་གསར་སྤེལ་བྱས་ཤིང་། ཞང་གཏེར་ཚོགས་པ་ཧྭ་ཨན་རྡོ་སོལ་སྲེག་སྒྱུར་ཀུང་སིའི་སྲེག་ཐབ་ཐེངས་གཉིས་པ་བཅས་ལག་བསྟར་བྱས། རྣམ་གྲངས་ཁག་གཅིག་ལ་ལས་འགོ་ཚུགས་པའི་ཐོན་སྐྱེད་ཆ་རྐྱེན་ཡང་འཛོམས་ཡོད་པ་རེད། ཀྲུང་གོ་ཚན་རིག་ཁང་རྒྱུད་འཛིན་དང་སྐྱེ་དངོས་ཞིབ་འཇུག་སུའོ་དང་། པི་ཆུ་འགོའི་ཀུང་སི། ཞེ་ཤིན་ལུའུ་ཨན་གློག་ཤུགས་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པ། ཧྥེན་ཆང་ཚོགས་པ་བཅས་དང་མཉམ་ལས་ཀྱི་འདོད་འདུན་གྲུབ་པ་རེད། 

5_3 ཐོན་ལས་གསུམ་པ།    

སྤྱི་ལོ2013ལོར་ཆིན་རྫོང་གི་ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྤྱི་ལོ2012ལོ་ལས7.2%འཕར་ཡོད། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་དམངས་སྲོལ་རིག་གནས་དུས་ཆེན་སྐབས་སྤྱི་ཚོགས་ཀྱི་ཚོང་ཟོག་སིལ་ཚོང་ཡོང་འབབ་སྒོར་ཁྲི1020སྐུལ་ཁྲིད་བྱས་ནས་མ་འཇོག་འདོད་མཐུན16བཞག་པ་དང་། དམངས་སྲོལ་མཐུན་ཚོགས་དང་སྙན་འཇེབས་ལྡན་པའི་ཟློས་གར་ཁང་སོགས་རིག་གནས་ཚོགས་པར་བརྟེན་ནས་རི་མོ་དང་། ཤིང་བརྐོས། རྡོ་བརྐོས། ཟློས་གར་གྱི་ཁྲབ་རྨོག་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་ཁག་གཅིག་གསར་སྤེལ་བྱས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཟོག་འགྲེམས་ཞབས་ཞུའི་མ་ལག་གཏོད་རྒྱུ་ཁ་ཕྱོགས་སུ་བྱས་ཏེ་པའོ་ཡོན་ཀུང་སིས་ཞིང་ལས་ཞབས་ཞུའི་མ་ལག་དང་། དབན་ཆང་ཚོང་དོན་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས། ལུང་ཧྥེ་སྔོ་ཚལ་ཀུང་སིའི་རླངས་སྒྱུར་མཛོད་ཏུན500སོགས་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་དང་འབྲེལ་ལག་བསྟར་ཡང་བྱས་པ་རེད།     

6 སྤྱི་ཚོགས་ལས་རིགས། 
6_1 སློབ་གསོ།    

སྤྱི་ལོ2013ལོར་ཆིན་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་སློབ་མ་སློབ་ཞུགས་བྱེད་ཚད90%ཟིན་པ་དང་སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད71%ཟིན་པ་དང་གྲོང་ཚོ་རིམ་པའི་བུ་བཅོལ་ཁང8བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་རེད། འབྲིང་རིམ་ཆེད་ལས་སློབ་གྲྭ་སྟེ། ཆིན་རྫོང་དགེ་འོས་དང་ལས་རིགས་སློབ་འབྲིང་། ཆིན་རྫོང་འཕྲོད་བསྟེན་སློབ་གྲྭ་བཅས་དང་། སློབ་འབྲིང་རིགས་ཀྱི་སློབ་གྲྭ་སྟེ། ཆིན་རྫོང་སློབ་འབྲིང་དང་། ཆིན་རྫོང་སློབ་འབྲིང་གཉིས་པ། ཁྲེང་ཀོན་སློབ་འབྲིང་སོགས་མང་།

6_2 འཕྲོད་བསྟེན།    

སྤྱི་ལོ2013ལོར་ཆིན་རྫོང་གི་གཞི་རྩའི་སྨན་རྫས་ལམ་ལུགས་ཡུལ་ཚོ་དང་གྲོང་ཚོ་རིམ་པ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཁྱབ་པ་དང་རྫོང་སྨན་ཁང་དང་ཀྲུང་ལུགས་སྨན་ཁང་། མ་བུ་འཕྲོད་བསྟེན་ས་ཚིགས། འཆར་ལྡན་བུ་བཙའི་ཞབས་ཞུའི་ས་ཚིགས་སོགས་སྨན་བཅོས་སྒྲིག་གཞི4ཡོད་པ་རེད།     

6_3 སྤྱི་ཚོགས་འགན་སྲུང་།    

སྤྱི་ལོ2013ལོར་ཆིན་རྫོང་གི་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དུད་ཚང1000གི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱས་པ་དང་ཡུལ་གཞན་དུ་གནས་སྤོས་བྱས་པའི་དུད་ཚང95ཡི་མི299ཡོད། སྲིད་འཛིན་གྲོང་ཚོ210ཡི་ལས་འགན་དང་དེ་བཞིན་གྲོང་གསེབ་ཀྱི་འཕྲོད་བསྟེན་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན། ལས་ཞུགས་མི་གྲངས1825འཕར་སྣོན་བྱུང་བ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས3308གནས་སྤོ་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཟླ་རེར་སྒོར15མཐོ་རུ་གཏོང་རྒྱུ་དང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་བརྒྱ་ཆ10མཐོ་བཏང་།

དཔྱད་གཞིའི་ཡིག་ཆ།