ཧུའེ་ཞན་གྲོང་ཁྱེར།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-03-25 09:19ལ་འགྲུབ།

ཧུའེ་ཞན་གྲོང་ཁྱེར།

ཧུའེ་ཞན་གྲོང་ཁྱེར།
ཧའེ་ཞན་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་གྱི་ཁོངས་གཏོགས་དང་། ཡུས་ཅིན་གྱི་འབྲེལ་མཚམས་ས་ཁུལ་དུ་གནས་ཡོད། ཧུའེ་ཞན་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ2007དང་མི་འབོར་ཁྲི84ཡོད། དེའི་ཁོངས་སུ་ཁྲོམ་གཞུང2དང་། གྲོང་རྡལ11ཤང9བཅས་དང་ཁྱོན་སྲིད་འཛིན་གྲོང་ཚོ536ཡོད། རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་ཀྱི་འགན་བཅོལ་བྱེད་ལམ་གསར་པའི་ཚོད་ལྟའི་རྫོང་དང་། ཚན་རྩལ་ཡར་ཐོན་རྫོང་། རིག་གནས་སྔོན་ཐོན་རྫོང་། “ཀྲུང་གོའི་ལྗང་མདོག་རྫོང་གྲགས་ཅན” ཧོ་ནན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འཕེལ་རྒྱས་གཏོང་བའི་གཙོ་གནད་རྫོང་། དཔལ་འབྱོར་རྒྱ་སྐྱེད་གཏོང་བའི་རྫོང་། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཙོ་གནད་རྫོང་། ཤེས་བྱའི་ཐོན་དངོས་བདག་དབང་ཚོད་ལྟའི་རྫོང་བཅས་ཡིན་ཞིང་། རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་དེ་དབུས་རྒྱུད་ཞིང་ཆེན་དྲུག་གི་ཕུལ་བྱུང་རྫོང་བརྒྱའི་ཨང28པར་སླེབས་ཡོད། ཧུའེ་ཞན་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ནུབ་ན་ཧྲན་ཞི་ཞིང་ཆེན་གྱི་ལིན་ཁྲོན་རྫོང་དང་། བྱང་ན་ལིན་ཀྲོའུ་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན་གྱི་ཧུའུ་ཀོན་རྫོང་། ཤར་ན་ཝེ་ཧུའེ་གྲོང་ཁྱེར། ལྷོ་རུ་ཅ་རྫོང་བཅས་དང་འབྲེལ་ཡོད། གྲོང་ཁུལ་གྱི་བྱང་ངོས་ནས་པེ་ཅིང་དང་སྤྱི་ལེ600དང་། ལྷོ་ངོས་ནས་ཀྲེན་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ80 ཤར་ལྷོ་ནས་ཤིན་ཤང་གྲོང་ཁྱེར་དང་སྤྱི་ལེ20བཅས་ཡོད། གྲོང་ཁྱེར་གྱི་ནུབ་རྒྱུད་ནི་ཐའེ་ཧང་རི་རྒྱུད་དང་འབྲེལ་ཡོད་ལ་རི་བོ་རྩེ་དགུ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1732ཟིན། གྲོང་ཁྱེར་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ2007དང་དེའི་ནང་རི་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1007 རི་མ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ216 བདེ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ784བཅས་ཡོད། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་ས་ཁུལ་གྱི་མིང་ཐོའི་ནང་ཚུད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辉县市
སྲིད་འཛིན་ཁུལ་གྱི་རིགས།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧེ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ2དང་གྲོང་རྡལ11ཞང9བཅས་ཡོད།
སྲིད་གཞུང་གི་ས་གནས།
ཁྲེང་ཀོན་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453600
ས་གནས།
ཞིན་ཞང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་ངོས་གྲུ་བཞི་མ2007ཡོད།
མི་གྲངས།
སྒོར་ཁྲི4.4ཡོད།(2017ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས (豫)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
410782
GDP
སྒོར་དུང་ཕྱུར378.7ཡོད།(སྤྱི་ལོ2018ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར་ཁྲི4.4ཡོད།(2017ལོར)
དཀར་ཆག
1   ​ལོ་རྒྱུས་ཀྱི་འཕེལ་རིམ།     
2    སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     
3    ས་ཁམས་ཁོར་ཡུག   
3.1 ས་གནས།     
3.2 ས་དབྱིབས།
3.3 ཆུ་ཁམས།      
3.4 ནམ་ཟླ།     
4   རང་བྱུང་ཐོན་ཁུངས།     
4.1 གཏེར་རྫས་ཐོན་ཁུངས།     
4.2 སྐྱེ་དངོས་ཐོན་ཁུངས།     
5   མི་འབོར།     
6   དཔལ་འབྱོར།     
6.1 ཐོན་ལས་དང་པོ།     
6.2 ཐོན་ལས་གཉིས་པ།     
6.3 ཐོན་ལས་གསུམ་པ།     
7    སྤྱི་ཚོགས་ལས་དོན།     
7.1 གྲོང་ཁྱེར་འཛུགས་སྐྲུན།     
7.2 སྨན་བཅོས་འཕྲོད་བསྟེན།     
7.3 སྤྱི་ཚོགས་འགན་སྲུང་།     
7.4 སློབ་གསོའི་བྱ་གཞག     
7.5 སྡོད་དམངས་ཀྱི་ཡོང་འབབ།     
7.6 འགྲིམ་འགྲུལ།     
8   ལོ་རྒྱུས་རིག་གནས།     
8.1 ཆོས་ལུགས།     
8.2 ཤུལ་བཞག་རིག་གནས།     
9   གྲོང་ཁྱེར་གྱི་མཚན་སྙན།     
1 ​ལོ་རྒྱུས་ཀྱི་འཕེལ་རིམ།     

ཁྲུན་ཆིའུ་ནི་ཝེ་རྒྱལ་ཁབ་ཀྱི་མངའ་འོག་ཏུ་གཏོགས།     ཆིན་ཧོ་ནེ་ཅུན་གྱི་ཁོངས་སུ་གཏོགས།     

ཧན་རྒྱལ་རབས་ནུབ་མའི་སྐབས་སུ་རྫོང་ཁོངས་སུ་ཤར་རྒྱུད་ཀྱི་ཅུས་ཀུང་རྫོང་དང་ནུབ་རྒྱུད་ནི་ཧྲན་དབྱང་རྫོང་གཉིས་གཏོགས།        

སུའེ་ཁའེ་ཧོང་གི་ལོ་དྲུག་པར(སྤྱི་ལོ586ལོར)ཞིང་ཆེན་ཧྲན་དབྱང་རྫོང་ནས་གུང་ཁྲེང་རྫོང་དུ་བསྒྱུར་ཞིང་། ཅི་ཀྲོའུ་ཧོ་ནེ་ཅུན་གྱི་ཁོངས་སུ་གཏོགས།     

ཐང་ཝུའུ་ཏེ་ཁྲི་ལོ་དང་པོར(སྤྱི་ལོ618ལོར)ཀུང་ཀྲོའུ་བཙུགས་པ་དང་། ཁོངས་གཏོགས་སུ་ཀུང་ཁྲེང་། ཧྥན་ཁྲེང་བཅས་རྫོང་གཉིས་སུ་བགོས། 

ཝུའུ་ཏེ་ཡིས་ལོ་བཞི་ལ་ཀྲོའུ་མེད་པར་བཟོས་པ་མ་ཟད། གྲོང་ཁྱེར་གྱི་རྫོང་རྣམས་ཀུང་ཁྲེང་རྫོང་དུ་བསྐྱོད་ཅིང་། ཐང་ནི་ཧོ་པེ་ཏའོ་ཝེ་ཀྲོའུ་ཡི་ཁོངས་སུ་གཏོགས།     

སུང་ཙི་ཝུན་གྱིས་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ནི་ཧོ་པེའི་ནུབ་ལམ་དུ་གཏོགས།     

ཅིན་ཏ་ཏིན་ཁྲི་ལོ་ཉེར་དགུར(སྤྱི་ལོ1189ལོར)ཙུང་ཡུན་ཀུང་ལས་གཡོལ་ཏེ་ཧོ་ཕིན་རྫོང་ཞེས་མིང་བསྒྱུར་ནས་ཧོ་པེའི་ནུབ་ལམ་གྱི་ཁོངས་སུ་གཏོགས་པ་རེད། 

ཡོན་ནི་ཀྲུང་ཧྲུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་ཅིན་མིང་ཁྲང་ལོ་གསུམ་པར(སྤྱི་ལོ1192ལོར)མིང་ལ་སུའུ་མོན་རྫོང་ཞེས་པར་བསྒྱུར།     

ཡོན་རྒྱལ་རབས་ཀྱི་སྐབས་སུ་སུའུ་མོན་རྫོང་མི་དགོས་པར་བཟོས་པ་དང་། ཧྲན་དབྱང་གྲོང་བརྡལ་དུ་བསྒྱུར་ནས་ཧུའེ་ཀྲོའུ་ཞེས་ཀྱང་འབོད།     

མིང་ཧུང་ཝུའུ་ཁྲི་ལོ་དང་པོར(སྤྱི་ལོ1368ལོར)ཕེ་ཀྲོའུ་ལི་རྫོང་ནས་ཧུའེ་ཀྲོའུ་རྫོང་དུ་བསྒྱུར། ཧོ་ནན་ཞིང་ཆེན་གྱི་པུའུ་ཀྲེང་ཧྲི་སི་ཝེ་ཧུའེ་གཞུང་ཁོངས་སུ་གཏོགས།     

སྤྱི་ལོ1938ལོའི་ཟླ2པར་འཇའ་དམག་གིས་ཧུའེ་ཞན་ལ་བཙན་འཛུལ་བྱས།     

སྤྱི་ལོ1943ལོ་ནས་སྤྱི་ལོ1944ལོའི་བར་ཀྲུང་གུང་ཐའེ་ཧང་ཆུས་ཨུ་ཡིས་འཇར་འགོག་དམག་འཁྲུག་གི་གནས་བབ་ལ་གཞིགས་ནས་དེ་སྔའི་ཧུའེ་ཞན་སྔ་རྗེས་སུ་ཧུའེ་རྫོ་(རྗེས་སུ་པེ་རྫོང་དུ་བསྒྱུར་པ)དང་ཧུའེ་ཅ། ཞིན་ཞང(རྗེས་སུ་ཧུའེ་ཞན་དུ་བསྒྱུར་པ་)རྫོང་གསུམ་དུ་དབྱེ་ཡོད།     

སྤྱི་ལོ1945ལོའི་ཟླ8པར་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ།     

སྤྱི་ལོ1946ལོའི་ཟླ6པར་རྫོང་གསུམ་ཟླ་སྒྲིལ་བཏང་ནས་ཧུའེ་ཞན་དུ་བསྒྱུར།     རྒྱལ་ཁབ་བཙུགས་རྗེས། ཧུའེ་ཞན་ནི་ཞིང་ཆེན་ཞིན་ཞང་ཀྲོན་ཆུས་སུ་གཏོགས། 

སྤྱི་ལོ1952ལོའི་ཟླ11པར་ཕིན་ཡོན་ཞིང་ཆེན་དུ་ཕྱིར་འཐེན་བྱས་ཏེ། ཧོ་ནན་ཞིང་ཆེན་ཞིན་ཞང་ཀྲོན་ཆུས་སུ་བསྒྱུར།     

སྤྱི་ལོ1986ལོར་ཞིན་ཞང་ཀྲོན་ཆུས་སུ་ཕྱིར་འཐེན་བྱས་ཏེ་ཧུའེ་ཞན་ནི་ཞིན་ཞང་གྲོང་ཁྱེར་དུ་བསྒྱུར།     

སྤྱི་ལོ1988ལོའི་ཟླ10པར་ཧུའེ་ཞན་མེད་པར་བཟོས་ནས་རྫོང་རིམ་པའི་ཧུའེ་ཞན་དང་གྲོང་ཁྱེར་བཙུགས་པ་དང་། ཞང་དང་གྲོང་ཁྱེར་གསར་པའི་ཚབ་བྱས་ནས་དོ་དམ་བྱས།     

2  སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

ཧུའེ་ཞན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཤང་རིམ་པའི་སྲིད་འཛིན་ཁུལ22ཡོད་པའི་ནང་ཁྲོམ་གཞུང2དང་། གྲོང་རྡལ12ཤང8བཅས་ཚུད་ཡོད། དེ་དག་ནི་ཁྲེང་ཀོན་ཁྲོམ་གཞུང་དང་། ཧུའུ་ཆའོ་ཁྲོམ་གཞུང་། མོང་ཀྲོང་གྲོང་རྡལ། པའེ་ཆོན་གྲོང་རྡལ། པོ་པི་གྲོང་རྡལ། ཡུས་ཧོ་གྲོང་རྡལ། ནན་ཧོ་གྲོང་རྡལ། ཝུའུ་ཀྲེན་གྲོང་རྡལ། ཧྲང་པ་ལི་གྲོང་རྡལ། ཀྲན་ཀྲེན་གྲོང་རྡལ། པེ་ཡུན་མོན་གྲོང་རྡལ། ཅི་ཐོན་གྲོང་རྡལ། ནན་ཀྲའེ་གྲོང་རྡལ། ཁྲང་ཀྲེན་གྲོང་རྡལ། ཧྲ་ཡའོ་ཤང་། ཤིས་ཕིང་ལུའོ་ཤང་། ཀྲང་ཚུན་ཤང་། ཀའོ་ཀྲོང་ཤང་། ཕེ་ཧྲི་ཤང་། ཧོང་ཧྲུའེ་ཤང་། ཧུང་ཀྲོའུ་ཤང་། ཀྲའོ་ཀུའུ་ཤང་བཅས་རེད།

3  ས་ཁམས་ཁོར་ཡུག   
3_1 ས་གནས།     

ཧུའེ་ཞན་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་།   བྱང་གི་འཕྲེད་ཐིག35°17′~35°50′དང་ཤར་གྱི་གཞུང་ཐིག113°20′~113°57′བར་དུ་གནས་ཡོད། ། དེ་ནི་ཡུས་ཅིན་གྱི་འབྲེལ་མཚམས་ས་ཁུལ་དུ་གནས་པ་དང་། ནུབ་ནི་ཧྲན་ཞི་ཞིང་ཆེན་གྱི་ལིན་ཁྲོན་རྫོང་དང་། བྱང་ནི་ལིན་ཀྲོའུ་གྲོང་ཁྱེར་དང་ཧྲན་ཞི་ཞིང་ཆེན་གྱི་ཧུའུ་ཀོན་རྫོང་། ཤར་ནི་ཝེ་ཧུའེ་གྲོང་ཁྱེར། ལྷོ་ཕྱོགས་སུ་ཅ་རྫོང་བཅས་དང་འབྲེལ་ཡོད། གྲོང་ཁུལ་གྱི་བྱང་ངོས་ནས་པེ་ཅིང་དང་སྤྱི་ལེ600དང་། ལྷོ་ངོས་ནས་ཀྲེན་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ80 ཤར་ལྷོ་ནས་ཤིན་ཤང་གྲོང་ཁྱེར་དང་སྤྱི་ལེ20བཅས་ཡོད།  

3_2 ས་དབྱིབས།

ཧུའེ་ཞན་གྲོང་ཁྱེར་གྱི་ནུབ་རྒྱུད་ནི་ཐའེ་ཧང་རི་རྒྱུད་དང་འབྲེལ་བ་དང་རི་བོ་རྩེ་དགུ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1732ཟིན།  གྲོང་ཁྱེར་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ2007དང་དེའི་ནང་རི་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1007དང་རི་མ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ216 བདེ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ784བཅས་ཡོད།  ས་ངོས་ཆགས་ཚུལ་ནི་བང་རིམ་གཉིས་པ་ནས་གསུམ་པའི་བར་བརྒལ་ས་རྒྱུད་དུ་ཆགས་ཡོད་པ་དང་། ས་བབ་ནི་ནུབ་བྱང་ནས་ཤར་ལྷོའི་མཚམས་སུ་སྐས་དབྱིབས་སུ་ཆགས་ཡོད་པ་དང་། གཏིང་ཟབ་རི་ཁུལ་དང་། རི་འབུར་ཁུལ། གཤོང་ས། བདེ་ཐང་། ཀོང་ས་བཅས་ཡོད།       

3_3 ཆུ་ཁམས།      

ཧུའེ་ཞན་གྲོང་ཁྱེར་ན་ཧའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ཝེ་ཧོ་གཙང་པོའི་ཆུ་རྒྱུད་ཡིན་པ་དང་། ཆུ་བོ་གཙོ་བོའི་གྲས་སུ་ཅེ་ཧོ་གཙང་པོ་དང་། པའེ་ཆོན་གཙང་པོ། ལིའུ་ཏན་ཀན་གཙང་པོ། ཧོང་ཧྲུའེ་གཙང་པོ། ཧྲི་མོན་གཙང་པོ། ཡུས་ཧོ་གཙང་པོ། ཙི་ཧྥང་ཀོའུ་གཙང་པོ་བཅས་ཡོད། སྐྲུན་བཞིན་པའི་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭ་དེ་ནུབ་ནས་ཤར་བར་མངའ་ཁོངས་ཡོངས་སུ་ཁྱབ་པ་རེད། ཆུ་ལོག་སྔོན་འགོག་དང་ཞིང་ཆུ་འདྲེན་ཐུབ་པའི་ཆུ་མཛོད་འབྲིང་ཆུང19ཡོད། ཧུའེ་པའོ་ཆོན་དང་། ཧྲི་མོན། ཁྲེན་ཅ་ཡོན། སན་ཅའོ་ཁོའུ་བཅས་ཀྱི་ཆུ་མཛོད་སྣ་ཚོགས་ནི་ཁྱུ་མཛོད་འདུས་བཞུར་གྱི་སྤྱིའི་མ་ཡུར་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ86.5ཡོད།

3_4 ནམ་ཟླ།     

ཧུའེ་ཞན་གྲོང་ཁྱེར་གྱི་ས་ཁོངས་ནི་ཐའེ་ཧང་རི་བོ་དང་ཧྭ་པེ་བདེ་ཐང་འབྲེལ་མཚམས་སུ་གནས་པ་དང་། དེ་ནི་ཚ་ཁུལ་བྱང་མ་ནས་དྲོད་ཁུལ་གྱི་བར་བརྒལ་ཁུལ་ཡིན་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་རྣམ་པའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས། རི་རྒྱུད་ཀྱི་འཕེལ་ཕྱོགས་དང་མཚོ་ངོས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དུས་རླུང་གི་ནུས་པ་ཅུང་མངོན་གསལ་དང་། དཔྱིད་དུས་རླུང་མང་ལ་ཆར་ཆུ་ཉུང་བ། དབྱར་དུས་ཆར་ཆུ་མང་ལ་ཚ་བ་ཆེ་བ། སྟོན་དུས་གནམ་གཤིས་བསིལ་བ། དགུན་དུས་ཁ་བ་ཉུང་ཙམ་འབབ་པའི་ཁྱད་ཆོས་ལྡན།  ས་ཁོངས་སུ་གནམ་གཤིས་ཁུལ4ཡོད་པ་སྟེ། ནུབ་བྱང་རྒྱུད་ཀྱི་ཀྲུང་ཧྲན་དྲོད་ཁུལ་དུ་སད་མེད་པའི་དུས་ཡུན་ཐུང་བ་དང་ལོ་རེར་ཆ་སྙོམས་དྲོད་ཚད12℃མན་དང་ནན་ཚུན་གཞོང་ས་དང་རི་གཏིང་ཐུང་གི་དྲོད་འཇམ་ཁུལ་དུ་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ12ནས14བར། རི་སྔོན་གྱི་རི་མ་ཐང་གི་དྲོད་སྐྱིད་ཁུལ་དུ་ལོ་རེར་ཆ་སྙོམས་དྲོད་ཚད15℃ཡས་མས། བདེ་ཐང་གི་བརླན་གཤེར་ཁུལ་དུ་ལོ་རེའི་ཆ་སྙོམས་དྲོད་ཚད14℃བཅས་ཡིན། སྤྱི་ལོ1971ལོ་ནས་སྤྱི་ལོ2000ལོའི་བར་གནམ་གཤིས་དཔྱད་ཡིག་བསྡོམས་རྩིས་དབྱེ་ཞིབ་བྱས་པ་ལྟར་ན། ཟླ1པོར་གྲང་ཤོས་ཡིན་པ་དང་། ཟླ་རེར་ཆ་སྙོམས་དྲོད་ཚད-0.6℃ ཟླ7པར་ཆེས་ཚ་བ་དང་ཟླ་རེའི་ཆ་སྙོམས་དྲོད་ཚད་27.1℃ཡིན། ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས41.5℃ཡིན་པ་དེ་སྤྱི་ལོ1992ལོའི་ཟླ7པའི་ཚེས2ཉིན་ཐོན་པ་དང་དྲོད་ཚད་དམའ་ཤོས-18.3℃ཡིན་པ་དེ་སྤྱི་ལོ1990ལོའི་ཟླ1པོའི་ཚེས31ཉིན་བྱུང་བ་རེད།     

4 རང་བྱུང་ཐོན་ཁུངས།     
4_1 གཏེར་རྫས་ཐོན་ཁུངས།     

སྤྱི་ལོ2010ལོའི་བར་གྲོང་ཁྱེར་དེ་ཡོངས་ཀྱིས་རྡོ་སོལ་ཁྲོན་ཞིང་ཆེ་གྲས2དང་རྡོ་སོལ་ཁྲོན་ཞིང་ཆུང་གྲས3རྩད་ཆོད་པ་དང་རྒྱང་རིང་ཐོན་ཁུངས་ཏུན་དུང་ཕྱུར14.7ཡོད་པ་རེད། རྡོ་ཐལ་བྲག་རྡོ་ཁྱབ་ཁྱོན་ཆེ་བ་དང་། མཐུག་ཚད་ཆེ་བ། སྤུས་ཚད་ལེགས་པ་བཅས་ཡིན་པས་ཚོད་རྩིས་བྱས་ན་ཐོན་ཁུངས་བསྡོམས་འབོར་ཏུན་དུང་ཕྱུར་བརྒྱ་ཡན་ཟིན་གྱིན་ཡོད། འཛེང་རྡོའི་གཏེར་ཁ་ཁྱབ་རྒྱ་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཚོས་གཞི་མང་བ། སྤུས་ཀ་ལེགས་པ། སྔོག་འདོན་བྱེད་བདེ་བ་བཅས་ཀྱི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི15000ཟིན་ཡོད། གཏེར་ཆུ་ལ་ནན་ཕིང་དང་། པའེ་ཀན་ཆོན། དབྱང་ཀྲོང་བཅས་གསུམ་ཡོད་པ་དེ་དག་ཚང་མ་རང་བྱུང་གི་གཏེར་ཆུ་སྤུས་ལེགས་ཤ་སྟག་རེད། འདམ་སོལ་གཏེར་ཁ3ཡོད་པའི་ནང་གཏེར་ཁ་འབྲིང་གྲས1དང་གསོག་ཚད་ཏུན་ཁྲི102ཟིན་ནས་ཞིང་ཆེན་ནང་ཁུལ་དུ་མིག་སྔར་རྩད་ཆོད་ཐུབ་པའི་འདམ་སོལ་གཏེར་ཁ་ཆེ་ཤོས་ཡིན། ལྕགས་རིགས་གཏེར་ཁ་ནག་པོ་ལ་ཧྲན་ཞི་རྣམ་པའི་ལྕགས་གཏེར་གནས1དང་། མདོག་ལྡན་ལྕགས་རིགས་ལ་ཞ་ཉེ་ཏི་ཚའི་གཏེར་ཁ་དང་ཟངས་གཏེར་ཡོད། ལྕགས་བཞུའི་རམ་འདེགས་མ་བཅོས་རྒྱུ་ཆའི་གཏེར་ཁར་མེ་བཟོད་ས་མྱགས་གཏེར་ཁ་ཆུང་གྲས1དང་། གསོག་ཚད་ཏུན་ཁྲི136ཡོད་ཅིང་། ད་དུང་པེ་ཡུན་བྲག་རྡོ་གཏེར་ཁ་དང་དཀར་གོང་བྲག་རྡོ་གཏེར་ཁ་སོགས་ཡོད། རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་ལ་ལིན་རྡོའི་གཏེར་ཁུངས་གཅིག་དང་ཅཱ་ཁྲང་རྡོའི་གཏེར་གནས།  དམིགས་བསལ་གྱི་ལྕགས་རིགས་མིན་པའི་གཏེར་ཁར་ཆུ་ཤེལ་གཏེར་གནས1དང་། འཁྱགས་རོམ་རྡོའི་གཏེར་གནས1ཡོད།      

4_2 སྐྱེ་དངོས་ཐོན་ཁུངས།     

མངའ་ཁོངས་སུ་ནུབ་བྱང་རྒྱུད་དུ་སྤྲེའུ་དང་།  གཟིག ཕག་རྒོད། འཕུར་བྱི། གསེར་བྱིའུ་སོགས་རྩ་ཆེའི་སྲོག་ཆགས་བཅུ་ཕྲག་ཁ་ཤས་ཡོད་པ་དང་། ཁམ་དཀར་དང་ཙན་དན་སྔོན་པོ་སོགས་རྩ་ཆེའི་རྩི་ཤིང་སྣ་ཁ་བཅུ་ལྷག་ཙམ་ཡོད། སྐྱུ་རུ་ར་དང་། སྟར་ཀ པན་ལི། ཀུ་ཤུ། ཨ་མྲ། རྒུན་འབྲུམ། ཁམ་བུ། ཁམ་བུ། མེ་སོགས་ཤིང་འབྲས་ཐོན་གྱིན་ཡོད་པ་དང་། དེའི་ནང་སྐྱུ་རུ་ར་ཐོན་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་ཡིན་ཞིང་། དེ་ནི་རྒྱལ་ཡོངས་ཀྱི་སྐྱུ་རུ་ར་ཐོན་སྐྱེད་རྟེན་གཞི་གྲགས་ཅན་ཞིག་རེད། རི་མགོའི་ཤ་དང་། ཏུའུ་ཀྲུང་། འབུ་ཚང་སོགས་ཀྲུང་ལུགས་སྨན་རྩྭ་སྣ་ཁ600ལྷག་ཙམ་ཡོད་པ་དང་། ཆུ་བརྒྱའི་སྨན་རྩྭ་སྤེལ་རེས་ཚོགས་ཆེན་ཐོག་ཁྲོམ་རའི་རྟེན་གཞི་བཙུགས་ནས་སྨན་རྩྭ་མུའུ་ཁྲི3བཏབ་ནས་ཞིང་ཆེན་གྱི་ཁྲའེ་ཧུའུ་འདེབས་འཛུགས་དཔེ་སྟོན་རྟེན་གཞིའི་རྫོང(གྲོང་ཁྱེར)དང་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་སྨན་རྫས་དེང་རབས་ཅན་གྱི་དཔེ་སྟོན་གླིང་ཁུལ་གྱི་རྟེན་གཞིར་གཏན་འཁེལ་བྱས་པ་རེད།

5 མི་འབོར།     

སྤྱི་ལོ2012ལོར་ཧུའེ་ཞན་དང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི84ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི23.8དང་། རྒྱུན་སྡོད་མི་འབོར་ཁྲི73.9ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི29.1ཡོད། གསར་སྐྱེས་མི་འབོར་ཁྲི0.9 དང་སྐྱེས་ཚད11.0%  རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི0.5དང་ཤི་ཚད5.6% རང་ཤུགས་སུ་འཕར་ཚད་བརྒྱ་ཆའི5.4 གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད39.4%ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2མཐོ་རུ་ཕྱིན་ཡོད།     སྤྱི་ལོ2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་མི་འབོར་བསྡོམས་འབོར་ཁྲི85.51ཟིན་པ་དང་རྒྱུན་སྡོད་མི་འབོར་ཁྲི75.13ཟིན་ཡོད། གསར་སྐྱེས་མི་འབོར་ཁྲི1.13ཡོད་པ་དང་སྐྱེས་ཚད13.18%ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི0.57དང་ཤི་ཚད6.66%ཟིན་པ། རང་བྱུང་འཕོ་འགྱུར་གྱི་མི་འབོར་ཁྲི0.56ཟིན་པ་དང་རང་བྱུང་འཕར་ཚད6.52‰ཟིན།    

6 དཔལ་འབྱོར།     
6_1 ཐོན་ལས་དང་པོ།     

ཧུའེ་ཞན་དང་གྲོང་ཁྱེར་གྱི་འབྲུ་རིགས་ལོ་ཏོག་གཙོ་བོ་ནི་གྲོ་དང་། མ་རྨོས་ལོ་ཏོག ཆུ་འབྲས། ཀའོ་ལིའང་། ཞོག་ཁོག་མངར་མོ། འབྲུ་རིགས་སོགས་ཡིན་པ་དང་། དཔལ་འབྱོར་ལོ་ཏོག་གཙོ་བོ་ནི་སྲིང་བལ་དང་། སྣུམ་རྒྱུ། སོ་མའི་རིགས། སྨན་རྫས། རྡོ་ཐ་སོགས་ཡིན་པ་དང་། སྤུས་ཀ་ལེགས་པའི་གྲོ་དང་། ལྗང་མདོག་བཟའ་བཅའི་རྒྱུ་ཆ། ཤ་སྣག་ཅན་གྱི་ཕག་པ། སྒོང་བྱ། པོར་ར། བཟའ་བྱའི་ཤ་མོ། སྤྱི་གནོད་མེད་པའི་སྔོ་ཚལ་སོགས་ཐོན་སྐྱེད་རྟེན་གཞི་རགས་ཙམ་ཆགས་ཡོད། དེ་ནི་རྒྱལ་ཡོངས་ཀྱི་གྲོའི་ཐོན་སྐྱེད་རྟེན་གཞི་རྫོང(གྲོང་ཁྱེར་)གྲགས་ཅན་ཞིག་དང་། ཞིང་ལས་པུའུ་དང་ནོར་སྲིད་པུའུ་ཡིས་དམིགས་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་ཤ་སྣག་ཅན་གྱི་ཕག་ཐོན་སྐྱེད་རྟེན་གཞི་དང་སྤུས་ལེགས་བཤས་ཕྱུགས་ཐོན་སྐྱེད་རྟེན་གཞི་ཡིན།     སྤྱི་ལོ2012ལོར་གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི133.6ཡོད་པ་དེ་སྤྱི་ལོ2011ལོའི་དུས་མཚུངས་ལས་མུའུ་ཁྲི2.8འཕར་བ་དང་། ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར11ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་སྤྱི་ལོ2011ལོའི་དུས་མཚུངས་ལས་རྒྱ་མ་དུང་ཕྱུར0.4ཐོན་འཕར་བྱུང་བ་དེ་དུས་མཚུངས་ལས3.3%འཕར་བ་དང་། འབྲུ་རིགས་མུའུ་རེའི་ཐོན་ཚད་སྤྱི་རྒྱ418ཡོད་པ་དང་མུའུ་རེའི་ཆ་སྙོམས་ལོ་གོང་མ་ལས་སྤྱི་རྒྱ5མཐོ་རུ་ཕྱིན་ཡོད།     བདེ་ཐང་ས་ཁུལ་དུ“ཧོ་ནན་བྱང་རྒྱུད་འབྲུ་མཛོད”ཅེས་བརྗོད་སྲོལ་ཡོད་པ་དེ་ནི་རྒྱལ་ཡོངས་ཀྱི་ཕག་པ་ཕྱིར་གཏོང་རྫོང་ཆེན་དང་ཞིང་ཆེན་ཡོངས་ཀྱི་འབྲོག་ལས་འཕེལ་རྒྱས་ཀྱི་གཙོ་གནད་རྫོང་དང་། རྒྱལ་ཁབ་ཀྱི་སྤུས་ལེགས་གྲོ་ཐོན་སྐྱེད་རྟེན་གཞི་དང་། རྒྱལ་ཡོངས་ཀྱི་གྲོའི་སོན་བཟང་གསོ་སྤེལ་རྟེན་གཞི། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་སྔོན་ཐོན་རྫོང་། རྒྱལ་ཡོངས་ཀྱི་བཟའ་བྱའི་ཤ་མོའི་ལས་རིགས་ཀྱི་ཕུལ་བྱུང་རྟེན་གཞི་རྫོང་། རྒྱལ་ཡོངས་ཀྱི་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་མཚོན་རྟགས་ཁྱབ་གདལ་དང་ལྟ་སྐུལ་དོ་དམ་དཔེ་སྟོན་རྫོང་། ཧོ་ནན་ཞིང་ཆེན་གྱི་འབྲོག་ལས་འཕེལ་རྒྱས་ཀྱི་གཙོ་གནད་རྫོང་བཅས་རེད། ཞིང་ཆེན་དེ་ཡོངས་ཀྱི་སྤྱི་གནོད་མེད་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཡིན་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་བཟའ་བྱའི་ཤ་མོའི་སྣ་ཁ་རྐྱང་པའི་འདེབས་འཛུགས་རྟེན་གཞི་ཆེ་ཤོས་དེ་རེད།      སྤྱི་ལོ2016ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར332ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོའི་ལྡབ1.3ཡིན་པ་དང་ལོར་ཆ་སྙོམས8.5%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར236.5བཏང་བ་དང་ལོ་ལྔའི་ནང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར1215ལེགས་གྲུབ་བྱུང་བ་དེ་ལོ་གོང་མའི་ལྡབ1.7ཟིན་ནས་ལོ་རེར་ཆ་སྙོམས་3.8%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར188.3ལེགས་གྲུབ་བྱུང་བ་དང་ལོ་ལྔའི་ནང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར895ལེགས་གྲུབ་བྱུང་བ་དེ་ལོ་གོང་མའི་ལྡབ1.9ཡིན་པ་དང་ལོར་ཆ་སྙོམས10.4%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར109.2ཡོད་པ་དེ་སྤྱི་ལོ2011ལོའི་ལྡབ1.7ཡིན་པ་དང་ལོ་རེར་ཆ་སྙོམས11.5%འཕར་ཡོད། གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་རྡོ་སོལ་ལས་རིགས་མགྱོགས་མྱུར་ཆག་པའི་རྒྱབ་ལྗོངས་འོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས3.7%གྱི་འཕར་ཚད་སྔར་བཞིན་མངོན་འགྱུར་བྱུང་བ་དང་། སྤྱི་ལོ2016ལོར་སྒོར་དུང་ཕྱུར22.2ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོའི་ལྡབ1.3ཡིན་པ་དང་བསྡོམས་འབོར་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར)གི་ཨང10པར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26143དང་སྒོར13822སོ་སོར་ཡོད་པ་དེ་ལོ་རེར་ཆ་སྙོམས9.7%དང་10.8%འཕར་ཡོད།      

6_2 ཐོན་ལས་གཉིས་པ།     

སྤྱི་ལོ2012ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་དང་ཕན་འབྲས་བརྟན་པོའི་ངང་བསྐྱར་འཕར་བྱུང་བ་དང་། འཕར་ཐང་བསྡོམས་འབོར་སྒོར་དུང་ཕྱུར160ལས་བརྒལ་ཡོད། སྤྱི་ལོ2012ལོར་རྒྱལ་ཁབ་ཀྱི་བསྡོམས་རྩིས་ཁྱབ་ཁོངས་ནང་བཅུག་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས196ལ་རིམ་རྩིས་བྱས་ན་རིན་ཐང་འཕར་མ་སྒོར་དུང་ཕྱུར160ལས་བརྒལ་ནས་སྒོར་དུང་ཕྱུར163.5ཡོད་པ་དེ་དུས་མཚུངས་ལས16.2%འཕར་བ་དེ་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས5.7འཕར་ཡོད། ལོ་ཧྲིལ་པོའི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ཁེ་སྤོགས་དང་དཔྱ་ཁྲལ་སོ་སོར་སྒོར་དུང་ཕྱུར35.1དང་སྒོར་དུང་ཕྱུར50.6ཡོད་པ་དེ་ལོ་གོང་མའི་དུས་མཚུངས་ལས7%དང3.2%འཕར་བ་དང་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས3.1འཕར་ཡོད།     ནུས་ཁུངས་ལས་རིགས་དང་། ཨར་འདམ་རྒྱུ་ཆའི་ལས་རིགས། སྒྲིག་ཆས་བཟོ་སྐྲུན་ལས་རིགས། འཁེལ་འཐག་ལས་རིགས། སྨན་རྫས་བཟའ་ཆས་ལས་རིགས་སོགས་ཀ་རྟེན་ཐོན་ལས་ཆེན་པོ་ལྔ་དང་། རྫས་འགྱུར་བཟོ་ལས་དང་སྨན་རྫས་སོགས་ལས་རིགས་མང་པོ་མཉམ་སྤེལ་གྱི་བཟོ་ལས་མ་ལག་ཆགས་པར་བྱ་དགོས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས192དང་། ཁེ་ལས་སྒོར་དུང་ཕྱུར66ཡོད། ཧུའེ་ཞན་དང་གྲོང་ཁྱེར་གྱི་ཐོན་ལས་གཅིག་སྡུད་ཁུལ་ཞིང་ཆེན་གྱི་འཆར་འགོད་ནང་ཚུད་ཡོད། པའོ་ཀང་དང་། རྒྱལ་ཁབ་གློག་དྲ་ཀུང་སི་སོགས་འཛམ་གླིང་གི་ཁེ་ལས་སྟོབས་ཆེན500དང་། ཧྭ་གློག་དང་། སྐར་གཉིས། ཐེན་ཅོན། ཆར་རུན་བཅས་དང་། ཧོ་ནན་རྡོ་སོལ་རྫས་འགྱུར་བཟོ་ལས། ཅིན་ལུང་སོགས་རྒྱལ་ནང་གི་ཁེ་ལས་སྟོབས་ཆེན500ཧུའེ་ཞན་དུ་གཞིས་ཆགས་པ་རེད།     

6_3 ཐོན་ལས་གསུམ་པ།     

སྤྱི་ལོ2012ལོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར75.1ཡོད་པ་དེ་དུས་མཚུངས་ལས18%ཀྱི་མྱུར་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཤང་གསར་པའི་རྫོང(གྲོང་ཁྱེར)ཁག་ཏུ་སྤྱི་འབོར་དང་འཕར་ཚད་ཚང་མ་ཨང་དང་པོར་སླེབས་ཡོད།

7  སྤྱི་ཚོགས་ལས་དོན།     
7_1 གྲོང་ཁྱེར་འཛུགས་སྐྲུན།     

སྤྱི་ལོ2007ལོ་ནས་སྤྱི་ལོ2012ལོའི་བར་སྔ་རྗེས་སུ་གྲོང་ཁྱེར་སྨན་ཁང་གི་སྒོ་ར་གསར་པ་དང་། གློག་ཤུགས་བཀོད་གཏོང་ལྟེ་གནས། གྲོང་བྱང་སློབ་འབྲིང་། དཔེ་དེབ་ཁང་ཆེན་སོགས་མཚོན་བྱེད་རང་བཞིན་གྱི་སྐྲུན་དངོས་བསྐྲུན་ནས་སྔ་རྗེས་སུ་མོང་གློག་གི་མེ་ཏོག་ལྡུམ་ར་དང་། ཝུན་ཁྲང་མེ་ཏོག་ལྡུམ་ར། ཝེ་ལུང་རྒྱལ་སྤྱིའི་གྲོང་སོགས་ཁུལ་ཆུང་འཛུགས་སྐྲུན་བྱས་པ་དང་། ཏུང་ཤིན་ཀྲོང་དང་། ཏུང་ཧྲི་ཧོ། མེ་ཤིས་སོགས་གྲོང་དབུས་གྲོང་ཚོའི་སྒྱུར་བཀོད་རྣམ་གྲངས13མགྱོགས་སུ་བཏང་བ། ཡུས་ཅུན་ལྷ་ཁང་དང་། ཝུན་ཁྲང་ཀོ་ཐང་ཆེན། གྲོང་བྱང་ཁྲོམ་གཞུང་སྤྲོ་གསེང་གླིང་བསྐྲུན་ནས་སྤྱོད་འགོ་ཚུགས་པ། ཅ་ལན་རྒྱལ་སྤྱིའི་ཐོག་བརྩེགས་ཁང་ཆེན་གྱི་གཙོ་གཟུགས་ལེགས་གྲུབ་བྱུང་བ། རིག་གནས་ཐང་ཆེན་སྐྲུན་འགོ་ཚུགས་པ། ཆུ་བཟོ་གྲྭ་གཉིས་པ་དང་། བཙོག་ཆུ་གཙང་སེལ་བཟོ་གྲྭ། གད་སྙིགས་གཙང་བཟོའི་བཟོ་གྲྭ་བཅས་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།

7_2 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2012ལོ་བར་གྲོང་ཁྱེར་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་པ)625ཡོད་པ་རེད། དེའི་ནང་སྨན་ཁང4དང་། ཤང་གྲོང་འཕྲོད་བསྟེན་ཁང23བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི1བཅས་ཡོད་པ་དང་། འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི2475ཡོད། དེའི་ནང་སྨན་ཁང1260དང་ཤང་གྲོང་འཕྲོད་བསྟེན་ཁང974 འཕྲོད་བསྟེན་ལག་རྩལ་མི་སྣ(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་ཡོད)2856བཅས་ཡོད། ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ1242དང་། ནད་གཡོག857ཐོ་འགོད་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད་བརྒྱ་ཆའི99.98ཡིན།     

7_3 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2012ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི10.7ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི5.8དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི4.8 གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི6.5 གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི44.7བཅས་ཡོད།     གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི18དང་། ཉལ་ཁྲི893 མི834བཅས་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་སྡེ་ཁུལ་ཞབས་ཞུའི་སྒྲིག་བཀོད་སྣ་ཚོགས36བཙུགས་པའི་ནང་སྡེ་ཁུལ་ཞབས་ཞུའི་ལྟེ་གནས2ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི688.6སྤྲད་ནས་མ་མཐའི་འཚོ་བའི་འགན་ལེན་མི2941དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི3437.4སྤྲད་ནས་མ་མཐའི་འཚོ་བའི་འགན་ལེན་མི་ཁྲི2.8ཀྱིས་ལོངས་སྤྱོད་ཐུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི164.4སྤྲད་པ་དང་མི་ཐེངས་ཁྲི3.3ལ་རོགས་སྐྱོབ་བྱས་ཡོད།     

7_4 སློབ་གསོའི་བྱ་གཞག     

སྤྱི་ལོ2012ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་སློབ་འབྲིང་དཀྱུས་མ45ཡོད་པ་དང་། སློབ་མ་ཁྲི1.4 སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.3 སློབ་ཐོན་སློབ་མ་ཁྲི1.4བཅས་ཡོད། དེའི་ནང་མཐོ་རིམ་སློབ་འབྲིང་དུ་སློབ་མ་ཁྲི0.5དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི1.3 སློབ་ཐོན་སློབ་མ་ཁྲི0.4 འབྲིང་རིམ་ལས་རིགས་སློབ་གྲྭ3དང་སློབ་མ་ཁྲི0.2 སློབ་གྲྭར་ཡོད་པའི་སློབ་མ་ཁྲི0.7དང་སློབ་ཐོན་སློབ་མ་ཁྲི0.3 སློབ་ཆུང166 སློབ་མ་ཁྲི1.9 སློབ་གྲྭར་ཡོད་པའི་སློབ་མ་ཁྲི8.1 སློབ་ཐོན་སློབ་མ་ཁྲི0.8བཅས་ཡོད།     ཧུའེ་ཞན་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་སློབ་གསོ་སྒྱུར་བཅོས་ཀྱི་སྔོན་ཐོན་རྫོང(གྲོང་ཁྱེར)བཅུ་དང་། རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་ལས་དོན་གྱི་དཔེ་སྟོན་རྫོང་། (གྲོང་ཁྱེར) རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོར་སྐུལ་འདེད་གཏོང་བའི་འདུ་འགོད་ཚོད་ལྟའི་རྫོང(གྲོང་ཁྱེར)དང་དེ་བཞིན་ཧོ་ནན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སྟོབས་ཆེར་གཏོང་བའི་རྫོང་།(གྲོང་ཁྱེར) འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་དཔེ་སྟོན་རྫོང་།(གྲོང་ཁྱེར) སློབ་ཚན་སྒྱུར་བཅོས་ཀྱི་སྔོན་ཐོན་རྫོང(གྲོང་ཁྱེར)སོགས་ཡིན།  

7_5 སྡོད་དམངས་ཀྱི་ཡོང་འབབ།     

སྤྱི་ལོ2012ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19062ཡོད་པ་པ་དེ་ལོ་གོང་མ་ལས13.6%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་གཏོང་སྒོ་སྒོར11689ཡོད་པ་དེ་བརྒྱ་ཆའི16.3འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9419ཡོད་པ་དེ་ལོ་གོང་མ་ལས15.0%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར6607ཡོད་པ་དེ21.3%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཨེན་ཀེར་བཏགས་གྲངས་སོ་སོར29.9%དང32.2%བཅས་ཡིན།     

7_6 འགྲིམ་འགྲུལ།     

ཧུའེ་ཞན་ནི་ཅིན་ཡུས་འགྲུལ་ལམ་གྱི་འགག་མདོར་ཟེར་ཞིང་། “ཐའེ་ཧང་ལམ་བརྒྱད”ཀྱི་ཡ་གྱལ་ཡུས་ཧོ་ཁོའུ(ཡུལ་སྐད། “ཡའོ་ཧོ་ཁོའུ”)ཧུའེ་ཞན་གི་ནུབ་བྱང་རྒྱུད་དུ་གནས་ཡོད།     སྤྱི་ལོ2012ལོའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ143.2དང་གྲོང་གསེབ་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ2007ཡོད། ལོ་ཧྲིལ་པོར་གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི1021ཟིན་ནས9.8%འཕར་བ། དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར16.3ཟིན་ནས14.6%འཕར་ཡོད། གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི588ཟིན་ནས1.6%འཕར་བ། འགྲུལ་པ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་དུང་ཕྱུར1.5ཟིན་ནས1.6%འཕར་ཡོད།     སྤྱི་ལོ2012ལོར་ལོ་ཧྲིལ་པོར་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.8ཡོད་པ་དེ་ལོ་གོང་མ་ལས17%འཕར་བ་དང་། གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི723ཟིན་ནས5.3%འཕར་བ། དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར12.9ཟིན་ནས28.7%འཕར་བ། གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི546ཟིན་ནས20%འཕར་བ། འགྲུལ་པ་སྤྱི་ལེ་དུང་ཕྱུར1.4ཟིན་ནས20%བཅས་འཕར་ཡོད།

8 ལོ་རྒྱུས་རིག་གནས།     
8_1 ཆོས་ལུགས།     

སྤྱི་ལོ2010ལོར་གྲོང་ཁྱེར་ཡོངས་སུ་དབྱི་སི་ལན་ཆོས་ལུགས་དང་། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། སངས་རྒྱས་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་བཅས་རིགས་ལྔ་དང་། ཆོས་ལུགས་ལས་རིགས་པ10ལྷག་ཙམ། དད་ལྡན་མང་ཚོགས་ཁྲི5ལྷག་བཅས་ཡོད། དེའི་ནང་ཡེ་ཤུའི་ཆོས་ལུགས་ཀྱི་མི་ཁྲི3.5ལྷག་དང་། གནམ་བདག་ཆོས་ལུགས་ཀྱི་མི1800ལྷག་དང་། དབྱི་སི་ལམ་ཆོས་ལུགས་ཀྱི་མི5700ལྷག་དང་། སངས་རྒྱས་ཆོས་ལུགས་ཀྱི་མི་ཁྲི1ལྷག་ཡོད། ཡེ་ཤུའི་ཆོས་ལུགས་ལ་རྒན་རབས2ཡོད་པ་དང་། གནམ་བདག་ཆོས་ལུགས་ལ་ཆོས་འཆད་མཁན1ཡོད། དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན6ཡོད། ནང་བསྟན་ལ་དགེ་སློང་གི་མི3ཡོད། ཆོས་ལུགས་བྱེད་སྒོ་སྤེལ་ས63ཡོད་པའི་ནང་ཡེ་ཤུའི་ཆོས་ལུགས་ཀྱི་གནས་གཏན་འཁེལ་གྱི་གནས་གསུམ26དང་། དབྱི་སི་ལམ་ཕྱག་ཁང6སངས་རྒྱས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས25གནམ་བདག་ཆོས་ཁང6བཅས་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་དང་། ཡེ་ཤུའི་ཆོས་ལུགས་མཐུན་ཚོགས། གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ་བཅས་རྒྱལ་གཅེས་ཚོགས་པ3ཡོད།  

8_2 ཤུལ་བཞག་རིག་གནས།     

སྤྱི་ལོ2008ལོར་ཅང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་དང་། ཧོ་ནན་ཞིང་ཆེན་ཧུའེ་ཞན་གྲོང་ཁྱེར། ཧོ་ནན་ཞིང་ཆེན་ཡུས་ཀྲོའུ་གྲོང་ཁྱེར་བཅས་ཀྱིས་མཉམ་དུ་འདུན་ཞུ་བྱས་པའི“སྨན་རིགས་གྲོང་ཁྱེར(ཀྲང་ཧྲུའུ་སྨན་སྲོལ་དང་། པད་ཆོན་སྨན་ཚོགས། ཡུས་ཀྲོའུ་སྨན་ཚོགས)”ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་དང་། དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས།  “སྨན་རིགས་གྲོང་ཁྱེར(པད་ཆོན་སྨན་ཚོགས)”བཅས་ཀྱི་གྲས་སུ་ཚུད་པ་དང་ཨང་རིམ528རེད།      

9 གྲོང་ཁྱེར་གྱི་མཚན་སྙན།     

ཀྲུང་གོའི་གནས་སྡོད་དང་ལས་གཉེར་ལ་འཚམ་པའི་དཔེ་མཚོན་རྫོང་དང་། ཀྲུང་གོའི་མ་འཇོག་གི་ཡིད་དབང་འགུག་ཤུགས་ཆེ་ཤོས་ལྡན་པའི་སྐམ་སའི་དབུས་ཁུལ་གྱི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་ཀྱི་འགན་བཅོལ་ཚོད་ལྟའི་རྫོང་། རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ཚོད་ལྟའི་རྫོང་། རྒྱལ་ཡོངས་ཀྱི་ཁག་དང་པོའི་ལྗང་མདོག་ནུས་རྒྱུའི་དཔེ་སྟོན་རྫོང་། རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་གྱི་སྔོན་ཐོན་རྫོང་། ཀྲུང་གོའི་ལྗང་མདོག་གྲགས་ཅན་རྫོང་དང་སྣོད་བཅུད་ཤེས་དཔལ་རྫོང་། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་དང་ཆུ་བེད་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང་། རྒྱལ་ཡོངས་ཀྱི་འཆར་ལྡན་བུ་བཙའི་སྤུས་ལེགས་ཞབས་ཞུའི་སྔོན་ཐོན་རྫོང(གྲོང་ཁྱེར)ཧོ་ནན་ཞིང་ཆེན་གྱི་དཔལ་འབྱོར་རྒྱ་སྐྱེད་རྫོང(གྲོང་ཁྱེར)ཧོ་ནན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་གཙོ་གནད་རྫོང་། ཧོ་ནན་ཞིང་ཆེན་ཕྱི་ཕྱོགས་སྒོ་འབྱེད་གཙོ་གནད་རྫོང་། ཧོ་ནན་ཞིང་ཆེན་གྱི་ཁག་དང་པོ་འགན་བབ་སློབ་གསོའི་དོ་མཉམ་འཕེལ་རྒྱས་དཔེ་སྟོན་རྫོང་། ཀྲུང་གོའི་ཆེས་མཛེས་པའི་རྫོང་ཁུལ་སོགས་ཀྱི་མཚན་སྙན་འབྱོར་ཡོད།     སྤྱི་ལོ2019ལོའི་ཟླ10པའི་ནང་སྤྱི་ལོ2019ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཚོད་ལྟའི་རྫོང(ཆུས)གི་མིང་ཐོར་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།