ཧྥེང་ཆོན་ཆུས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-03-19 10:48ལ་འགྲུབ།

ཧྥེང་ཆོན་ཆུས།

ཧྥེང་ཆོན་ཆུས།
ཧྥེང་ཆོན་ཆུས་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ115.6དང་། ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་དང་སྤྱི་ལེ99ཙམ་ཡོད། ཆུས་ནང་ཁུལ་དུ་ལུའུ་པའོ་ལུང་ཧྲན་རིག་གནས་དང་། ཧོ་ཐུན་དབྱང་ཧྲའོ་རིག་གནས། འབྲོག་སྡེའི་དམག་ཆེན་སོགས་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་དང་། ད་ཆ་རྒྱལ་ཡོངས་ཀྱི་རྒྱལ་པོའི་བང་སོ་ཆེ་ཤོས་ཏེ་དབྱིན་ཝང་བང་སོ་དེ་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་གཞུང་ནང་བཅུག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凤泉区
སྲིད་འཛིན་ཁུལ་གྱི་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཞིན་ཞང་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ2ཤང2གྲོང་རྡལ1བཅས་ཡོད།
སྲིད་གཞུང་གི་ས་གནས།
པའོ་ཞི་སྲང་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0373
སྦྲག་སྲིད་ཨང་རྟགས།
453011
ས་གནས།
ཞིན་ཤང་གྲོང་ཁྱེར་གྱི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ115.6ཡོད།
མི་གྲངས།
ཁྲི14ཡོད།(སྤྱི་ལོ2016)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་རང་བཞིན་གྱི་ནམ་ཟླ།
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང་།
453011
རླངས་འཁོར་ཚབ་ཨང་།
ཡུས (豫)G
མི་རེའི་ཆ་སྙོམསGDP
སྒོར་ཁྲི6.6ཡོད།(སྤྱི་ལོ2017ལོར)
GDP
སྒོར་དུང་ཕྱུར92.7ཡོད།(སྤྱི་ལོ2017ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།     

སྤྱི་ལོ1949ལོའི་ཟླ5པར་ཞིན་ཞང་བཅིངས་འགྲོལ་བཏང་།     

སྤྱི་ལོ1949ལོའི་ཟླ8པར། བདེ་ཐང་ཞིང་ཆེན་མི་དམངས་སྲིད་གཞུང་བཙུགས་པ་དང་། བྱང་ཚིགས་ནི་བདེ་ཐང་ཞིང་ཆེན་ཞིན་ཞང་ཀྲོན་ཆུས་ཞིན་ཞང་རྫོང་གི་ཆུས་དང་པོ་ཡིན།     

སྤྱི་ལོ1952ལོའི་ཟླ11པར། བདེ་ཐང་ཞིང་ཆེན་ནས་ཕྱིར་འཐེན་བྱས་ཤིང་། བྱང་ཚིགས་དེ་ཧོ་ནན་ཞིང་ཆེན་ཞིན་ཞང་གི་ཀྲོན་ཡོན་ཀུང་ཧྲུའུ་ཞིན་ཞང་རྫོང་དུ་བཅུག     

སྤྱི་ལོ1955ལོར་ཆུས་མེད་པར་བཟོས་ཏེ་ཤང་བཙུགས་པ་དང་བྱང་ཚུགས་ནི་ཀུན་ཧོང་ཤང་ཡིན།     

སྤྱི་ལོ1958ལོའི་ཟླ8པར། ཞིན་ཞང་རྫོང་ཀུན་ཧོང་མི་དམངས་ཀུང་ཧྲེ་བཙུགས།     

སྤྱི་ལོ1958ལོའི་ཟླ12པར་ཞིན་ཞང་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག    

སྤྱི་ལོ1949ལོའི་ཟླ12པ་ནས་སྤྱི་ལོ1959ལོའི་ལོ་མཇུག་བར་ས་ཁོངས་དེ་ཐེངས5ཆུང་དུ་ཕྱིན་ནས་འབབ་ཚུགས་བྱང་མའི་ས་ཁོངས་སུ་གྱུར་ཡོད།     

སྤྱི་ལོ1960ལོར་ཞིན་ཞང་གྲོང་ཁྱེར་ཀེང་ཧོང་མི་དམངས་ཀུང་ཧྲེར་གྲོང་ཁྱེར་བྱང་ཚུགས་མི་དམངས་ཀུང་ཧྲེར་མིང་བསྒྱུར།     

སྤྱི་ལོ1963ལོའི་ཟླ5པར་གྲོང་ཁྱེར་ཀེང་ཧོང་མི་དམངས་ཀུང་ཧྲེའི་མིང་སླར་གསོ་བྱས།     

སྤྱི་ལོ1969ལོའི་ཟླ9པར། ཞིན་ཞང་གྲོང་ཁྱེར་ཧུང་ཆི་ཆུས་བྱང་ཚུགས་དོན་གཅོད་ཁང་བཙུགས། ལོ་དེར་ཀེང་ཧོང་མི་དམངས་ཀུང་ཧྲེ་ལུའུ་ཝང་ཧྥིན་དང་མཉམ་དུ་ཞིན་ཞང་བྱང་ཚུགས་སུ་མིང་བསྒྱུར། མིང་ལ་ཞིན་ཞང་གྲོང་ཁྱེར་ཉེ་འདབས་ཀྱི་པེ་ཀྲན་མི་དམངས་ཀུང་ཧྲེ་ཞེས་བཏགས།     

སྤྱི་ལོ1982ལོའི་ཟླ4པར་བྱང་ཚུགས་ཆུས་འཛུགས་རྒྱུའི་ཆོག་མཆན་བཀོད། ཤིན་ཤང་གྲོང་ཁྱེར་ཧུང་ཆི་ཆུས་བྱང་ཚུགས་དོན་གཅོད་ཁྲུའུ་དང་བྱང་ཚུགས་མི་དམངས་ཀུང་ཧྲེ་དེ་བྱང་ཚུགས་ཁུལ་གྱི་ཁོངས་གཏོགས་སུ་དབྱེ་ཡོད།     

སྤྱི་ལོ2004ལོའི་ཟླ1པོའི་ཚེས1ཉིན། བྱང་ཚིགས་ཆུས་ཀྱི་མིང་དེ་ཧྥེང་ཆོན་ཆུས་སུ་བསྒྱུར། སྔོན་གྱི་ཞིན་ཞང་རྫོང་གི་ཏ་ཆི་གྲོང་རྡལ་དེ་ཧྥེང་ཆོན་ཆུས་ཀྱི་ཁོངས་སུ་བགོས།

2  སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

སྤྱི་ལོ2018ལོའི་བར་ཧྥེང་ཆོན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང2དང་། གྲོང་རྡལ1ཤང2བཅས་ཡོད་པ་སྟེ། དེ་དག་ནི་པའོ་ཤིས་ཁྲོམ་གཞུང་དང་། པའོ་ཏུང་ཁྲོམ་གཞུང་། ཏ་ཆི་གྲོང་རྡལ། ལུའུ་ཝང་ཧྥིན་ཤང་། ཀེང་ཧོང་ཤང་བཅས་ཡིན།     

3 ས་ཁམས་ཁོར་ཡུག     
3_1 ས་གནས།     

ཧྥེང་ཆོན་ཆུས་ནི་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་གྱི་བྱང་རྒྱུད་དང་ཐའེ་ཧང་རི་བོའི་རྒྱུད་ཀྱི་ཧྥུང་ཧོང་རི་བོའི་འདབས་སུ་ཆགས་ཡོད། བྱང་ཤར་ནི་ཝེ་ཧུའེ་གྲོང་ཁྱེར་གྱི་ས་མཚམས་དང་། ལྷོ་རུ་ཞིན་ཞང་གྲོང་ཁྱེར་གྱི་མུའུ་ཡེ་ཁུལ། ནུབ་ཏུ་ཞིན་ཞང་རྫོང་། ནུབ་བྱང་དུ་ཧུའེ་རྫོང་གྲོང་ཁྱེར་བཅས་དང་འབྲེལ་ཡོད།

3_2 ས་དབྱིབས།     

ཧྥེང་ཆོན་ཆུས་ཀྱི་ས་དབྱིབས་ཅུང་གྲུ་བཞི་ཡིན་པ་དང་། ས་བབ་བྱང་མཐོ་ལ་ལྷོ་དམའ་བ། བྱང་ཕྱོགས་ཀྱི་རི་མ་ཐང་དེ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་ལྕེ་དབྱིབས་ཀྱི་ས་ཁུལ་དུ་བསྲིངས་ཡོད་པ་དང་། གཟར་ཚད་ནི0.01-0.015ཡིན། ལྷོ་རྒྱུད་ཀྱི་ས་བབ་ཁོད་སྙོམས་པ་དང་། ཅུང་ཙམ་ཤར་ལྷོའི་ཕྱོགས་སུ་གསེག་པ། གཟར་ཚད་སྨི0.0015-0.002དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི68.9-292.7བཅས་ཡིན།     

3_3 ནམ་ཟླ།     

ཧྥེང་ཆོན་ཆུས་ནི་དཔེ་མཚོན་གྱི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི14℃ཡིན། དུས་བཞིའི་དབྱེ་བ་གསལ་པོ་ཡོད་ཅིང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི14℃ཡིན། ཟླ7པར་ཚ་བ་ཆེ་ཤོས་ཡིན་པ་དང་ཆ་སྙོམས་སུ27.3℃དང་ཟླ1པོར་ཆེས་གྲང་བ་དང་ཆ་སྙོམས་སུ0.2℃ཡིན།  དྲོད་ཚད་མཐོ་ཤོས་ནི42.7℃(སྤྱི་ལོ1951ལོའི་ཟླ6ཚེས20ཉིན། )དང་དྲོད་ཚད་དམའ་ཤོས་ནི-21.3℃(སྤྱི་ལོ1951ལོའི་ཟླ1པོའི་ཚེས13ཉིན། ) ལོ་རེར་ཆ་སྙོམས་བཞའ་ཚན68%དང་འཁྱགས་སའི་གཏིང་ཚད་ཆེ་ཤོས280mmཡིན།     

4 རང་བྱུང་ཐོན་ཁུངས།     
4_1 གཏེར་རྫས་ཐོན་ཁུངས།     

མངའ་ཁོངས་སུ་རྡོ་ཐལ་བྲག་རྡོ་དང་། འདམ་ཐལ་བྲག་རྡོ། དཀར་རག་ས་སོགས་གཏེར་ཁ་ཡོད་པ་དང་། དཀར་རག་ས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2ཡན་ཟིན་ཡོད།     ཆུ་བེད་ཐོན་ཁུངས།     རང་རྒྱལ་གྱི་ས་འོག་ཆུའི་འབྱུང་ཁུངས་ཕུན་སུམ་ཚོགས་ཤིང་། སེ་དང་སེའུ་འདུས་པའི་རང་བྱུང་གཏེར་མོད་པོ་ཡོད།

4_2 མི་འབོར།     

སྤྱི་ལོ2016ལོའི་ལོ་མཇུག་བར་ཧྥེང་ཆོན་ཆུས་སུ་མི་འབོར་བསྡོམས་འབོར་ཁྲི14.5དང་རྒྱུན་སྡོད་མི་འབོར་ཁྲི15.54ཡོད་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི8.1དང་གྲོང་གསེབ་ཀྱི་མི་འབོར་ཁྲི6.4ཡོད། ཆུས་ཡོངས་སུ་རྒྱ་རིགས་ཕུད། གྲངས་ཉུང་མི་རིགས7གྱི་མི་གྲངས476ཡོད་པའི་ནང་ཧུའེ་རིགས་མི་གྲངས422དང་། མན་ཇུ་རིགས་ཀྱི་མི་གྲངས40 སོག་རིགས་ཀྱི་མི་གྲངས5 ཀྲོང་རིགས་ཀྱི་མི་གྲངས2 མིའོ་རིགས་ཀྱི་མི་གྲངས1 ཁྲའོ་ཞན་རིགས་ཀྱི་མི་གྲངས1 ཅིང་ཕོ་རིགས་ཀྱི་མི་གྲངས1བཅས་གྲོང་ཁྱེར་དང་གྲོང་གསེབ་ཟུང་འབྲེལ་ཁུལ་དུ་ཐར་ཐོར་དུ་གནས་ཡོད།

5  དཔལ་འབྱོར། 
5_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ཧྥུང་ཆོན་ཆུས་ཀྱི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.04ཡོད་པ་དེ་དུས་མཚུངས་ལས4.5%འཕར་བ་དང་ཐོན་ལས་དང་པོསGDPཡི་བསྡུར་གྲངས་བཟུང་ཚད3.3%ཟིན་ཡོད། ཞིང་ལས་འཕར་ཐང་སྒོར་ཁྲི20476ཡོད་པ་དེས་ཐོན་ལས་དང་པོའི་འཕར་ཐང་གི67%དང་ནགས་ལས་ཀྱི་འཕར་ཐང་སྒོར་ཁྲི155ཡོད་པ་དེས0.5%  འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི9605ཡོད་པ་དེས31.4% ཉ་ལས་ཀྱི་འཕར་ཐང་སྒོར་ཁྲི144ཡོད་པ་དེས0.5%  ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི194ཡོད་པ་དེས0.6% ཞིང་ལས་དང་འབྲོག་ལས་ནི་ཐོན་ལས་དང་པོའི་འཕར་ཐང་གི་གྲུབ་ཆ་གཙོ་བོ་ཡིན་པ་དང་དེས98.6%བཅས་ཟིན་ཡོད།     

5_2 ཐོན་ལས་གཉིས་པ།    

སྤྱི་ལོ2017ལོར་ཧྥེང་ཆོན་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར15.1ཡོད་པ་དེ་དུས་མཚུངས་ལས11.3%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། ཆུས་ཡོངས་ཀྱི་བཟོ་ལས་རིགས་ཆེན་པོ18ནང་ལས་རིགས13གྱི་རིམ་རྩིས་འཕར་ཚད་དངོས་སུ་འཕར་ནས་འཕར་ཚད72.22%ཟིན་པ་དང་ཁྱོན་ཆུས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་བརྒྱ་ཆའི་གྲངས11.6འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། དེའི་ནང་བཟའ་བཅའི་བཟོ་སྐྲུན་ལས་རིགས་དང་། འགྱིག་དང་འགྱིག་གི་བཟོས་རྫས་ལས་རིགས། ཀུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས། འཁེལ་འཐག་ལས་རིགས། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས། རླངས་འཁོར་བཟོ་སྐྲུན་ལས་རིགས། གློག་རྡུལ་དང་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་ཤོས་ཡིན་པ་དང་། ལས་རིགས8པོ་དེ་དག་སོ་སོར39.2%དང་། 21.7% 20.1% 17.4% 17.2% 16%བཅས་འཕར་ནས་ཁྱོན་ཆུས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལ་ལེགས་སྐྱེས་འབུལ་ཚད84%ཡིན་པ་དང་ཆུས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི་གྲངས9.5འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད། མཐོ་གསར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་འཕར་ཐང14.6%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་འཕར་ཚད་ལས་བརྒྱ་ཆའི་གྲངས3.3མཐོ་བ། ཟད་གྲོན་ཆེ་བའི་ལས་རིགས་ཀྱི་འཕར་ཚད་ཅུང་ཆག་ནས་ཤོག་བུ་བཟོ་བའི་ལས་རིགས་དང་། རྫས་འགྱུར་མ་བཅོས་རྒྱུ་ཆ། རྫས་འགྱུར་བཟོས་རྫས་ཀྱི་བཟོ་སྐྲུན་ལས་རིགས། ཨར་འདམ་བཟོ་སྐྲུན་ལས་རིགས། མདོག་ནག་ལྕགས་རིགས་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས་ལས་རིགས་ཀྱི་བསྡུར་གཞི་ཡོད་པའི་རིན་ཐང་དུས་མཚུངས་ལས4%འཕར་བ་དེ་སྤྱི་ལོ2016ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས1.8ཆག་ཡོད།     

5_3 ཐོན་ལས་གསུམ་པ།     

སྤྱི་ལོ2017ལོར་ཧྥེང་ཆོན་ཆུས་སུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར36.03བཏང་བ་དེ་དུས་མཚུངས་ལས10.4%འཕར་ཡོད། ཐོན་ལས་ཀྱི་རིགས་ལ་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར1.15བཏང་བ་དེ་དུས་མཚུངས་ལས100%འཕར་བ་དང་ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར15.6བཏང་བ་དེ་དུས་མཚུངས་ལས9.3%ཆག་པ། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར19.24བཏང་ནས་དུས་མཚུངས་ལས25%འཕར་ཡོད། མ་འཇོག་རིགས་ལ་བལྟས་ན། ཆུས་ཡོངས་སུ་བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར15.63བཏང་བ་དེ་དུས་མཚུངས་ལས9.3%ཆག་པ་དང་། རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར6.14བཏང་བ་དེ་དུས་མཚུངས་ལས85.3%འཕར་བ། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར0.75བཏང་བ་དེ་དུས་མཚུངས་ལས87.7%ཆག་ཡོད། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི6.6ཡོད་པ་དེ་དུས་མཚུངས་ལས4.9%འཕར་བའི་ནང་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་ནི་དུས་མཚུངས་ལས8.5%འཕར་བ་དང་། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར2.3ཡོད་པ་དེ་དུས་མཚུངས་ལས26.4%འཕར་བ་དེའི་ནང་སྡོད་ཁང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས36%འཕར་ཡོད་པ་རེད། རྣམ་གྲངས་འཛུགས་སྐྲུན་ཐད་ནས་བལྟས་ན། གསར་དུ་ལས་འགོ་བཙུགས་པའི་རྣམ་གྲངས་མཛོད་འཇུག་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། སྤྱི་ལོ2017ལོའི་ལོ་ཧྲིལ་པོར་ཆུས་ཡོངས་སུ་མཛོད་འཇུག་རྣམ་གྲངས104གསར་དུ་ལས་འགོ་ཚུགས་ནས་སྤྱི་ལོ2016ལོའི་དུས་མཚུངས་ལས79མང་དུ་ཕྱིན་པ་དེ་དུས་མཚུངས་ལས316%འཕར་ཡོད།     

6 སྤྱི་ཚོགས་ལས་དོན།     
6_1 ཚན་རྩལ།      

སྤྱི་ལོ2012ལོར་ཆུས་ཡོངས་སུ་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས11རེ་ཞུ་བྱས་ནས་ལག་རྩལ་འབྲེལ་མཐུད་དང་གྲུབ་འབྲས་གཞན་སྒྱུར་ཁག7མངོན་འགྱུར་བྱུང་ཡོད། “སྤུས་ཚད་ལ་བརྟེན་ནས་ཆུས་འཛུགས་པའི”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཁེ་ལས5ལ“ཧྥེང་ཆོན་ཆུས་ཀྱི་སྤུས་ཚད་བྱ་དགའ”ཐོབ་པ་རེད།     

6_2 སློབ་གསོའི་བྱ་གཞག     

སྤྱི་ལོ2013ལོར“ལོ་ལྔ་ཚན་བཅུ་གཅིག་པའི”རིང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི3860བཏང་ནས་སློབ་ཁྲིད་ཐོག་ཁང14ཡི་སློབ་ཁྲིད་ཐོག་ཁང་སྨི་ངོས་གྲུ་བཞི་མ་ཁྲི4.6ཡོད་པ་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཉེན་ཡོད་སྡོད་ཁང་སྨི་ངོས་གྲུ་བཞི་མ་ཁྲི3.6སྒྱུར་བཀོད་བྱས་ཡོད།     

6_3 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2012ལོར་ཆུས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི3200བཏང་ནས་སྨི་ངོས་གྲུ་ཁྲི1.8བཏང་བའི་ཧྥེང་ཆོན་ཕྱོགས་བསྡུས་སྨན་ཁང་གི་རྣམ་གྲངས་བྱེད་པོ་ལས་མཇུག་འགྲིལ་ནས་གྲོང་ཁྱེར་རིམ་པའི་སྨན་ཁང་དང་མཉམ་ལས་ཀྱི་ལས་དོན་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཆུས་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་ཚད99.99%ཟིན་ཡོད།     

6_4 སྤྱི་ཚོགས་འགན་སྲུང་།     

སྤྱི་ལོ2013ལོར་ཆུས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས2464མང་དུ་ཕྱིན་པ་དང་། ལས་བྲལ་ལས་ཤོར་མི་སྣ262བསྐྱར་དུ་ལས་ཞུགས་ཐུབ་པ། གྲོང་གསེབ་ཀྱི་ངལ་ནུས་མི་ཁྲི1.2ལས་ཞུགས་གཞན་སྒྱུར་ཐུབ་པ། ལས་ཞུགས་བསྐྱར་མའི་གྲངས་ཉུང་ཁག་ཐེག་དངུལ་བུན་སྒོར་ཁྲི2000སྤྲད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི། སྐབས་བསྟུན་ལས་ཞུགས་མི་སྣ་བཅས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི5.6ལྷག་ཙམ་ཟིན་པ་དང་རིགས་ཁག་གི་རྒན་གསོའི་འགན་བཅོལ་དང་ལས་ཤོར་འགན་བཅོལ་དུས་ཐོག་ཏུ་འདང་ངེས་སྤྲོད་ཚད་དང་སྤྱི་ཚོགས་ཅན་དུ་འགྱུར་བའི་སྤྲོད་ཚད་ཚང་མ་100%ཡོད།     

6_5 རྨང་གཞིའི་སྒྲིག་བཀོད།     

སྤྱི་ལོ2013ལོར་ཆུས་ཡོངས་སུ་ཤིན་ཀྲུང་ལམ་ཆེན་ནས་ཧྥུང་ཧོང་ཧྲན་བར་དང་། མུའུ་ཡེ་ལམ་ཆེན་གྱི་བྱང་ངོས་ཀྱི་ཡན་ཅིན་ཡོན་ལམ། ཧྥེང་ཆོན་ཆུས་ཀྱི་བཙོག་ཆུ་མདོང་ལམ་སོགས་ཀྱི་ལས་གྲྭ་ལེགས་སྒྲུབ་བྱས་པ་དང་། ཞང་དང་གྲོང་ཁྱེར་གསར་པའི་མཐའ་སྐོར་གྱི་ཧྥེང་ཆོན་ཁུལ་གྱི་དུམ་བུ་དང་། པིན་ཧོ་ལྷོ་ལམ། ལུང་ཐན་ལམ། ཆུས་ཧྥུའུ་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། གཉིས་ནི་གྲོང་ཁྱེར་ནང་གི་གྲོང་སྡེ་དང་སྤྱིལ་ཁྱིམ་ཆུས་བསྒྱུར་བཀོད་དང་ས་ཁང་བདག་ཁོངས་གསར་སྤེལ་གྱི་གོམ་སྟབས་རྒྱུན་མ་ཆད་པར་ཇེ་མགྱོགས་སུ་བཏང་། ཀེང་ཀྲོང་དང་། ཧྲང་ཅེ། དབྱང་ཅིའུ་ཐུན། ཧོ་ཐུན་ཁྲེང་གྲོང་གི་གྲོང་ཚོ་སྒྱུར་བཀོད་རྣམ་གྲངས་བདེ་བླག་ངང་སྤེལ་བ་དང་། ཞིན་ཞང་བཙོན་ཁང་གི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ཝུའེ་པེ་གླིང་ཁུལ་གྱི་སྤྱི་པའི་བོགས་གཏོང་ཁང་པའི་རྣམ་གྲངས། ཧུང་མིང་དུས་རབས་ཐང་ཆེན་དང་། དུས་རབས་ཧྭ་ཐིང་། དུས་རབས་སྤྱི་ཁང་། ལུའེ་དབྱིན་གཙང་པོའི་ངོགས་ཀྱི་དུས་ཐེངས་གསུམ་པ། ཤིན་ཧུའུ་མེ་ཏོག་ལྡུམ་རའི་དུས་གསུམ་པ་སོགས་ས་ཁང་བདག་ཁོངས་རྣམ་གྲངས་འཕེལ་རྒྱས་བདེ་བླག་བྱུང་ཡོད།     

6_6 འགྲིམ་འགྲུལ།     

གྲོང་ཁྱེར་ལྟེ་གནས་དང་སྤྱི་ལེ10ཙམ་དང་། ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་ནས་སྤྱི་ལེ99ཙམ་ཡོད། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་དེ་ས་ཁོངས་ཧྲིལ་པོ་དང་། ཤར་ངོས་སུ་ཅིང་ཀྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་107ཡོད། ཅི་ཏུང་མྱུར་བགྲོད་གཞུང་ལམ་དང་ཞིན་ཅིན་མྱུར་བགྲོད་གཞུང་ལམ་དེ་མངའ་ཁོངས་ནང་བརྒྱུད་ཐུབ།     སྤྱི་ལོ2010ལོའི་བར་ཆུས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་ལ་སྤྱི་ལེ292.5ཡོད་པ་དེས་ཆུས་ཡོངས་ཀྱི་གཞུང་ལམ(སྤྱི་ལེ302)བསྡུར་ཚད་ཀྱི96.8%ཟིན་པ་དང་གཞུང་ལམ་གྱི་སྟུག་ཚད་ལ་སྤྱི་ལེ་ངོས་གྲུ་བཞི་མ་བརྒྱ་རེར་སྤྱི་ལེ200ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས།