ཐུན་ལིའུ་ཆུས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-24 09:41ལ་འགྲུབ།

ཐུན་ལིའུ་ཆུས།

ཐུན་ལིའུ་ཆུས།
ཐུན་ལིའུ་ཆུས་ནི་ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་ཆགས། སྤྱི་ལོ2018ལོ་བར་ཐུན་ལིའུ་ཆུས་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ4 གསར་སྤེལ་ཁུལ3 བཟོ་ལས་ཁུལ1བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
屯留区
སྦྲག་སྲིད་ཨང་རྟགས།
046100
དབྱིན་ཡིག་གི་མིང་།
Tunliu District
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1142ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
མི་གྲངས།
ཁྲི27.30
ས་ཁོངས་ཁ་པར་ཨང་རྟགས།
0355
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཅིནD(晋D)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
140405
1 ​ས་ཁམས་ཁོར་ཡུག
1_1 གནས་ཡུལ།

ཐུན་ལིའུ་ཆུས་ནི་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས་པ་དང་ཧྲང་ཏང་གཞོང་སའི་ནུབ་ངོས་སུ་ཡོད་ཅིང་། ཤར་ངོས་ཁྲང་ཀྲི་གྲོང་ཁྱེར་དང་འབྲེལ་ཞིང་ལྷོ་ངོས་སུ་ཁྲང་ཙི་རྫོང་དང་ནུབ་ངོས་སུ་ཨན་ཙེ་རྫོང་དང་ཞང་ཡོན་རྫོང་བཅས་སུ་འབྲེལ་ཞིང་མངའ་ཁོངས་ནི་ཤར་གྱི་གཞུང་ཐིག112°28′~113°03བར་དང་བྱང་གི་འཕྲེད་ཐིག36°13′~36°30བར་དུ་གནས། ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ལྷོའི་དམའ། ནུབ་རྒྱུད་དུ་རི་མང་ཞིང་ས་རྒྱ་ཆེ་ལ་མི་གྲངས་ཉུང་ཞིང་ཤར་རྒྱུད་བདེ་སྙོམས་དང་། ལྷོ་དང་བྱང་གི་ཞེང་ཚད་ལ་སྤྱི་ལེ25དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ60དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1142ཡོད།  

1_2 ས་དབྱིབས།   

ཐུན་ལིའུ་ཆུས་ནི་གྲུ་བཞི་ནར་མོའི་དབྱིབས་ལྟར་ཆགས་ཡོད་པ་དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ25དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ60ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1142(མུའུ1713000)ཡོད་ལ་ས་བབ་ཡོངས་ནུབ་མཐོ་ལ་ཤར་དམའ་བས་ནུབ་ནས་ཤར་ལ་གསེག་སྟེ། རང་ཤུགས་སུ་རི་ཁུལ་དང་རི་མ་ཐང་། ཕིང་ཁྲོན་བཅས་རིགས་མི་འདྲ་བའི་ས་ཁོངས་གསུམ་ཆགས་ཡོད། ས་བབ་མཐོ་ཤོས་སྨི1575ཟིན་པ་དང་དམའ་ཤོས་སྨི900ཟིན་གྱིན་ཡོད། 

1_3 ནམ་ཟླ།    

ཐུན་ལིའུ་ཆུས་ནི་ས་སེར་མཐོ་སྒང་གི་སྐམ་སའི་རང་བཞིན་གྱི་དྲོ་འཇམ་ཁུལ་གྱི་ནམ་ཟླའི་ཁུལ་ཡིན་པ་དང་དེར་དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད་པ་དང་། དུས་ཚིགས་ཀྱི་རླུང་ཤུགས་ཆེ་ཞིང་དགུན་དུས་རིང་བ་དང་དབྱར་ཁ་ཐུང་། དཔྱིད་དུས་རླུང་ཆེ་བ་དང་གནམ་གཤིས་སྐམ་ཤས་ཆེ་བ། དབྱར་དུས་ཚ་བ་ཆེ་ཞིང་དང་ཆར་ཆུ་འབབ་ཚད་གཅིག་སྡུད་ཡིན་པ། སྟོན་དུས་བསིལ་ཞིང་ས་གནས་རང་བཞིན་གྱི་རླུང་ཤུགས་ཆེ། ཉི་འོད་ཕོག་པ་ལེགས་པས་ཆར་པ་བབས་ཚད་དཔྱིད་དུས་ལས་མང་ཞིང་བརླན་གཤེར་ཆེ་བ་བཅས་ཡོད། དགུན་དུས་གྲང་ངར་ཆེ་ལ་ཁ་བ་བུ་ཡུག་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན། 

2 མི་གྲངས། 

སྤྱི་ལོ2018ལོའི་ལོ་མཇུག་བར་བཅའ་སྡོད་ཁུལ་གྱི་མི་འབོར་བསྡོམས་འབོར273729ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི710འཕར་ནས་ཕོ་མོའི་བསྡུར་ཚད106.11ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད42.9%ཟིན་ནས་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས1.24འཕར་ཡོད། ལོ་ཧྲིལ་པོར་ཆུས་ཡོངས་སུ་གསར་སྐྱེ་མི་འབོར2474ཡོད་པ་དང་མི་འབོར་སྐྱེ་ཚད9.05སྟོང་ཆ་དང་ཚེ་ལས་འདས་ཚད6.2སྟོང་ཆ་ཟིན། རང་བྱུང་གི་འཕར་ཚད2.85སྟོང་ཆའི6ལ་སླེབས་པ་རེད།   

3 དཔལ་འབྱོར།  

སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1280059ཟིན་པ་དེ་སྤྱི་ལོ2017ལོ་ལས7.4%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི67325ཟིན་ནས0.2%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི5.26%བཟུང་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི919305ཟིན་ནས7.7%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི71.82%བཟུང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི293429ཟིན་ནས8.6%འཕར་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད22.92%ཟིན་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་ཁྲི48631ཟིན་ནས2.1%འཕར་བ་དང་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི22341ཟིན་ནས3.1%འཕར། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི5628ཟིན་ནས3.5%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་སྤྱི་ལོ2017ལོའི6.24:70.44:23.32ནས་5.26:71.82:22.92ལ་ལེགས་སྒྲིག་བྱས་པ་རེད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར46824ཡིན་པས7.1%འཕར་རྒྱུ་དང་། སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི541173བཏང་ནས18.3%འཕར་ཡོད་ལ། དེའི་ནང་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཐད་མ་དངུལ་སྒོར་ཁྲི276873བཏང་ནས14.8%འཕར་བ་དང་རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་མ་དངུལ་སྒོར་ཁྲི264300བཏང་ནས22.2%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོར་མ་དངུལ་སྒོར་ཁྲི5996བཏང་ནས5.2%འཕར་བ་དང་ཐོན་ལས་གཉིས་པར་མ་དངུལ་སྒོར་ཁྲི350291བཏང་ནས42%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་ཁྲི184886བཏང་ནས9.9%མར་ཆག་ཡོད།  སྤྱི་ལོ2018ལོར་བཅའ་སྡོད་ཁུལ་དུ་སྐྲུན་བཞིན་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས100ཡོད་པའི་ནང་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས49དང་། ས་ཁང་བདག་ཁོངས་ཀྱི་རྣམ་གྲངས20བཅས་ཡོད་ལ་ལོ་ཧྲིལ་པོར་ཆུས་ཡོངས་སུ་སྐྲུན་བཞིན་པའི་གཏན་འཇགས་རྒྱུ་ནོར་གྱི་འཆར་གཞིར་ཁྱོན་མ་དངུལ་སྒོར་དུང་ཕྱུར279.4བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར54.1བཏང་ཡོད་པ་རེད། སྤྱི་ལོ2018ལོར་ཐུན་ལིའུ་ཆུས་རིམ་པའི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི321895ཟིན་ནས17.87%འཕར་བ་དང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་ཁྲི127260ཟིན་ནས16.63%འཕར་ཡོད་ལ། དེའི་ནང་རྒྱལ་ཁབ་ཁྲལ་དོན་སྡེ་ཚན་གྱིས་སྒོར་ཁྲི43228བཏང་ནས2.35%མར་ཆག་པ་དང་ས་གནས་ཁྲལ་དོན་སྡེ་ཚན་གྱིས་སྒོར་ཁྲི72794ཟིན་ནས39.44%འཕར། ནོར་སྲིད་སྡེ་ཚན་གྱིས་སྒོར་ཁྲི11238བཏང་ནས11.07%མར་ཆག་ཡོད།    སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16109ཟིན་པ་དེ་ལོ་སྔོན་མ་ལས9.4%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27524ཟིན་པ་དེ་ལོ་སྔོན་མ་ལས7.1%འཕར།     

3_1 ཐོན་ལས་དང་པོ།  

སྤྱི་ལོ2018ལོར་ཐུན་ལིའུ་ཆུས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང34317.8ཟིན་ཡོད། ལོ་ཧྲིལ་པོར་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང32401.1ཟིན་པའི་ནང་དབྱར་ཁའི་འབྲུ་རིགས(གྲོ)འདེབས་པའི་རྒྱ་ཁྱོན་སྤྱི་ཆིང623.7ཟིན་ནས0.83%ཉུང་དུ་ཕྱིན་པ་དང་སྟོན་ཁའི་འབྲུ་རིགས་སྤྱི་ཆིང31777.4ཟིན་ནས1.05%ཉུང་དུ་ཕྱིན། མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང30845.2ཟིན་ནས0.36%ཉུང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང2052.6ཟིན་པའི་ནང་སྔོ་ཚལ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང1916.7ཟིན་ནས14.73%འཕར་ཡོད། སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་འབྲུ་རིགས་ཐོན་ཚད་ཏུན236441.2ཟིན་ནས་ཐོན་ཚད9.67%མར་ཆག་ཡོད་ལ། དེའི་ནང་དབྱར་ཁའི་འབྲུ་རིགས་ཏུན3679.5ཟིན་ནས་ཐོན་ཚད4.42%མར་ཆག་པ་དང་སྟོན་ཁའི་འབྲུ་རིགས་ཏུན232761.7ཟིན་ནས9.75%མར་ཆག་ཡོད། མ་རྨོས་ལོ་ཏོག་ཐོན་ཚད་ཏུན229352ཟིན་ནས་ཐོན་ཚད9.28%མར་ཆག ལོ་ཧྲིལ་པོར་སྔོ་ཚལ་སྤྱིའི་ཐོན་འབོར་ཏུན91140.4ཟིན་ནས9.1%འཕར་ཡོད་ལ།     སྤྱི་ལོ2018ལོར་ཐུན་ལིའུ་ཆུས་སུ་ཕག47242ཡོད་པ་དང་བཤས་གཏོང་ཚད94099ཟིན་པ་དང་ནོར་གྱི་ལག་ཡོད་གྲངས4308དང་གྲངས4268ཡོད། ལུག98744ཡོད་པ་དང99156བཤས་ཟིན། ཁྱིམ་བྱ་ཁྲི93ཡོད་པ་དང་བཤས་ཚད་ཁྲི90ཟིན་ཡོད།    སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་ཤ་རིགས་སྤྱིའི་ཐོན་འབོར་ཏུན11182.73ཟིན་པའི་ནང་ཕག་དང་ནོར་ལུག་གི་ཤ་ཏུན9831.71དང་ལོ་ཧྲིལ་པོར་སྒོ་ངའི་ཐོན་ཚད་ཏུན10943ཟིན་ཡོད།  སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་ཞིང་སྤྱོད་རྫས་ལུད་སྤྱོད་ཚད་ཏུན22940ཟིན་པ་དང་ཞིང་སྤྱོད་འགྱིག་ཤོག་སྲབ་མོ་སྤྱོད་ཚད་ཏུན131.01ཟིན། གྲོང་གསེབ་ཏུ་གློག་སྤྱོད་ཚད་སྟོང་ཝ་ཁྲི8082.33དང་ཞིང་སྤྱོད་ཁྲའེ་ཡིའུ་སྣུམ་སྤྱོད་ཚད་ཏུན3840.64ཟིན། ཞིང་སྨན་སྤྱོད་ཚད་ཏུན90.46བཅས་ཟིན་པ་རེད། སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི127168.4ཟིན་ནས0.28%མར་ཆག་ཡོད་ལ། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི82173.6ཟིན་ནས3.29%མར་ཆག་པ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི3268.2ཟིན་ནས3.9%མར་ཆག འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི33521.6ཟིན་ནས7.52%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི605ཟིན་ནས1.5%འཕར། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི7600ཟིན་ནས2.01%འཕར།     

3_2 ཐོན་ལས་གཉིས་པ།  

སྤྱི་ལོ2018ལོའི་ལོ་མཇུག་བར་ཐུན་ལིའུ་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས35ཡོད་པ་དང་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་ཁྲི800974ཟིན་ནས8.49%འཕར་ཡོད། དེའི་ནང་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི26592ཟིན་ནས22.07%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི774382ཟིན་ནས9.61%འཕར། བཟོ་ལས་ཐོན་རྫས་ཕྱིར་འཚོང་བྱེད་ཚད94.97%ཟིན་ནས4.74%མར་ཆག་ཡོད་ལ། སྤྱི་ལོ2018ལོར་ཐུན་ལིའུ་ཆུས་ཀྱི་སྤྱི་ཚོགས་ཡོངས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི1166.19ཟིན་ནས2.92%མར་ཆག་པ་དང་། རྡོ་སོལ་བཀྲུས་ཚད་ཏུན་ཁྲི469.17ཡིན་ཞིང་བརྒྱ་ཆའི7.49འཕར་སྣོན་བྱུང་། སོལ་བ་ཏུན་ཁྲི180.46ཟིན་ནས20.42%མར་ཆག་ཡོད་ལ། སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི1627061ཟིན་ནས8.38%འཕར་བ་དང་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི287285ཟིན་ནས3.34%མར་ཆག ཁེ་སྤོགས་སྒོར་ཁྲི134741ཟིན་ནས7.92%མར་ཆག་ཡོད་ལ། སྤྱི་ལོ2018ལོར་ཐུན་ལིའུ་ཆུས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི263688ཟིན་པ་དེ་ལོ་སྔོན་མ་ལས0.14%འཕར་ཡོད། ཨར་སྐྲུན་ལས་རིགས་ཀྱི་འོས་ཐོབ་རིམ་པ་ལྡན་པའི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་ལས་གཉེར་ཁེ་སྤོགས་སྒོར་ཁྲི4670.2བྱུང་ནས15.7%འཕར་ཡོད། སྤྱི་ལོ2018ལོར་བཅའ་སྡོད་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་ཚད་ལྡན་རྡོ་སོལ་ཏུན་ཁྲི209.78ཟིན་པ་དེ་ལོ་སྔོན་མ་ལས6.66%འཕར་བ་དང་མ་བཅོས་རྡོ་སོལ་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་འཛད་སྤྱོད་བྱེད་ཚད་ཏུན་ཁྲི844.95ཟིན་པ་དེ་ལོ་སྔོན་མ་ལས16.19%འཕར། རྡོ་སོལ་བཀྲུས་ནས་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་འཛད་སྤྱོད་བྱེད་ཚད་ཏུན246.73ཟིན་པ་དེ་ལོ་སྔོན་མ་ལས19.8%མར་ཆག  

3_3 ཐོན་ལས་གསུམ་པ།    

སྤྱི་ལོ2018ལོར་ཐུན་ལིའུ་ཆུས་ཀྱིས་ཡིག་ཟམ་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི1047.61ལེགས་སྒྲུབ་བྱས་པ་དང་སྦྲག་སྲིད་ལས་སྒོའི་ཡོང་འབབ་སྒོར་ཁྲི1462.06ཟིན་པ་དང་། སྦྲག་སྲིད་ཀྱི་ལམ་ཐག་རྐྱང་པའི་རིང་ཚད་སྤྱི་ལེ170དང་གྲོང་གསེབ་ཀྱི་སྦྲག་སྐྱེལ་ལམ་ཐིག་རྐྱང་པའི་རིང་ཚད་ལ་སྤྱི་ལེ1200ཡོད་པ་རེད། སྤྱི་ལོ2018ལོར་ཐུན་ལིའུ་ཆུས་ཀྱིས་རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ399ལ་སྣེ་ལེན་ཞུས་པ་དང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི493.27ལ་སྣེ་ལེན་ཞུས་པར1%དང19%སོ་སོར་འཕར་ཡོད། ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི22.44ཟིན་ནས14%མར་ཆག་ཡོད་ལ། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར47.96ཟིན་ནས20%འཕར། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར47.98ཟིན་ནས19%འཕར་ཡོད། སྤྱི་ལོ2018ལོར་ཐུན་ལིའུ་ཆུས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི186851.5ཟིན་ནས11.1%འཕར་ཡོད་ལ། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི81645.5ཟིན་ནས10.8%འཕར་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི105206ཟིན་ནས11.3%འཕར་ཡོད། སྤྱི་ལོ2018ལོར་ཐུན་ལིའུ་ཆུས་ཀྱི་སྡེབ་ཚོང་སིལ་ཚོང་ལས་རིགས་ལ་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི35612.5ཟིན་ནས7.9%འཕར་བ་དང་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི18908.9ཟིན་ནས8.1%འཕར་ཡོད་པ་རེད།  སྤྱི་ལོ2018ལོའི་ལོ་མཇུག་བར་བཅའ་སྡོད་ཁུལ་གྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་ཁྲི980792ཟིན་པ་དེ་ལོ་སྔོན་མ་དང་བསྡུར་ན་སྒོར་ཁྲི80885འཕར་ཡོད་ལ། དེའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་སྒོར་ཁྲི828231ཟིན་པ་དེ་ལོ་སྔོན་མ་ལས་སྒོར་ཁྲི88310མང་དུ་ཕྱིན་པ་དང་དངུལ་རྩ་མིན་པའི་ཁེ་ལས་ཀྱི་བཅོལ་དངུལ་སྒོར་ཁྲི83773ཟིན་པ་དེ་ལོ་སྔོན་མ་ལས་སྒོར་ཁྲི12518མང་དུ་ཕྱིན་ཡོད། དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི496797ཟིན་པ་དེ་ལོ་སྔོན་མ་ལས་སྒོར་ཁྲི78979མང་དུ་ཕྱིན་ཡོད་ལ། དེའི་ནང་དུད་ཚང་ལ་དངུལ་བུན་སྒོར་ཁྲི199554གཡར་བ་དེ་ལོ་འགོ་ལས་སྒོར་ཁྲི39798མང་དུ་ཕྱིན་པ་དང་དངུལ་རྩའི་ཁེ་ལས་མིན་པ་དང་དེ་བཞིན་ལས་ཁུངས་དང་ཚོགས་པའི་དངུལ་བུན་སྒོར་ཁྲི297242ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི39181འཕར། 

4 སྤྱི་ཚོགས་ལས་རིགས། 
4_1 སློབ་གསོའི་བྱ་གཞག    

སྤྱི་ལོ2018ལོའི་ལོ་མཇུག་བར་ཐུན་ལིའ་ཆུས་སུ་སློབ་གྲྭ209ཡོད་ལ། དེའི་ནང་ཆ་ཚང་སློབ་འབྲིང1དང་མཐོ་རིམ་སློབ་འབྲིང1 ལས་རིགས་སློབ་འབྲིང1 སྤྱིར་བཏང་གི་དམའ་རིམ་སློབ་འབྲིང8(དེའི་ནང་དམངས་གཉེར་སློབ་གྲྭ1)ལོ་དགུའི་འོས་འགན་ལམ་ལུགས་ཅན་གྱི་སློབ་གྲྭ1 རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ1(དམངས་གཉེར་སློབ་གྲྭ1)དགེ་རྒན་ཟབ་སྦྱོང་སློབ་གྲྭ1 སློབ་ཆུང102(དེའི་ནང་སློབ་ཁྲིད་ས་ཚིགས68) བུ་བཅོལ་ཁང93(དེའི་ནང་དམངས་གཉེར་བུ་བཅོལ་ཁང49དང་ཁེ་ལས་ཀྱིས་བུ་བཅོལ་ཁང1བཅས་བཙུགས་ཡོད། ) ཆུས་ཡོངས་སུ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ41640(དེའི་ནང་བུ་བཅོལ་ཁང་དུ་ཡོད་པའི་ཕྲུ་གུ9364)དང་དགེ་རྒན་ལས་བཟོ་བ(བུ་བཅོལ་ཁང་ཚུད)3410ཡོད་པའི་ནང་ཆེད་བསྐོས་དགེ་རྒན2771 དགེ་རྒན་ཟབ་སྦྱོང་སློབ་གྲྭ27 གློག་ལས་སློབ་གསོ་ཁང་གི་སློབ་མ26 སློབ་གསོ་ཚན་རྩལ་ཅུའུ་ཡི་མི89བཅས་ཡོད། སྤྱི་ལོ2018ལོའི་མཐོ་རྒྱུགས་ཀྱི་ལ་ཞུགས་མཁན་མི་གྲངས704ཡོད།     

4_2 རིག་གནས་ལས་རིགས།

སྤྱི་ལོ2018ལོའི་ལོ་མཇུག་བར་བཅའ་སྡོད་ཁུལ་དུ་རིག་གནས་ཁང1དང་སྤྱི་པའི་དཔེ་མཛོད་ཁང1བཅས་ཡོད་པ་དང་གྲོང་གསེབ་ཀྱི་དཔེ་དེབ་ཁང293སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད་ལ། ཆུས་ཡོངས་སུ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས1དང་ལོ་མཇུག་ཏུ་ཆུས་ཡོངས་སུ་གྲངས་འཛིན་བརྡ་རྟགས་སྤྱོད་མཁན་དུད་ཚང55000ཟིན།     

4_3 སྨན་བཅོས་འཕྲོད་བསྟེན།     

སྤྱི་ལོ2018ལོའི་ལོ་མཇུག་བར་བཅའ་སྡོད་ཁུལ་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི387ཡོད་ལ། དེའི་ནང་ཕྱོགས་བསྡུས་སྨན་ཁང6དང་ཀྲུང་ལུགས་གསོ་རིག་སྨན་ཁང1 ཀྲུང་ལུགས་ཕྱི་ལུགས་གསོ་རིག་ཟུང་འབྲེལ་སྨན་ཁང1 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས1 སྒོ་བསྟེན་སྨན་བཅོས་པུའུ1 བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སྒྲིག་གཞི1 གྲོང་ཚོའི་འཕྲོད་བསྟེན་ཁང338 སྨན་བཅོས་ཁང21བཅས་ཡོད་པ་དང་ཆུས་ཡོངས་སུ་ནད་ཁྲི1070ཟིན་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ1071ཡོད་པ་དང་དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ406ཡོད་པ་དང་ནད་གཡོག431ཐོ་འགོད་བྱས་ཡོད།     

4_4 ལུས་རྩལ་བྱ་གཞག   

སྤྱི་ལོ2018ལོའི་ལོ་མཇུག་བར་ཐུན་ལིའུ་ཆུས་སུ་ཡུལ་ཚོ་དང་གྲོང་རྡལ་ལུས་རྩལ་ལས་དོན་ས་ཚིགས14དང་། རིགས་ཁག་གི་ལུས་རྩལ་མཐུན་ཚོགས(སྤྲོ་སྐྱིད་ཁང་ཚུད་པ)34གཞི་རིམ་ལུས་སྦྱོང་ཟུར་ཁྲིད་ས་ཚིགས294 རིམ་པ་ཁག་གི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ730བཅས་བཙུགས་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་རིམ་པ་ཡན་གྱི་བྱེད་སྒོའི་འགྲན་བསྡུར་ཐེངས16ལ་ཞུགས་པ་དང་རིགས་ཁག་གི་བྱ་དགའ36ཐོབ་ཡོད་ལ། དེའི་ནང་རྒྱལ་ཁབ་རིམ་པ5དང་ཞིང་ཆེན་རིམ་པ6 གྲོང་ཁྱེར་རིམ་པ25བཅས་ཚུད་ཡོད།     

4_5 སྤྱི་ཚོགས་འགན་སྲུང་།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཐིན་ལིའུ་ཆུས་སུ་མ་མཐའི་འཚོ་བའི་འགན་ལེན་དབུལ་སྐྱོབ་མི་གྲངས1158ཐོབ་པ་དང་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་གྲོང་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི700.8སྤྲད་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན་གྲོང་མི6753ཡོད་པ་དང་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི2186.5སྤྲད་པ་རེད། ལོ་མཇུག་ཏུ་ཆུས་ཡོངས་སུ་རྒན་གསོ་ཁང3དང་ཉལ་ཁྲི206 མི་95དང་ཉལ་ཁྲི40 མི4བཅས་ཡོད་པ་རེད། སྤྱི་ལོ2018ལོའི་ལོ་མཇུག་བར་དུ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན239694ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན17385དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན222309ཡོད་པ་རེད། 

དཔྱད་གཞིའི་ཡིག་ཆ།