ལུའུ་ཁྲིན་ཆུས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-20 17:14ལ་འགྲུབ།

ལུའུ་ཁྲིན་ཆུས།

ལུའུ་ཁྲིན་ཆུས།
ལུའུ་ཁྲིན་ཆུས་ནི་ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར་ལ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་གནས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
潞城区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ615
དབྱིན་ཡིག་གི་མིང་།
Lucheng District
མི་གྲངས།
ཁྲི23.58
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
དྲོད་ཁུལ་བརླན་གཤེར་ཕྱེད་ཙམ་སྐམ་སའི་དུས་རླུང་རང་བཞིན་གྱི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0355
རླངས་འཁོར་ཚབ་ཨང་།
ཅིནD(晋D)
སྦྲག་སྲིད་ཨང་རྟགས།
047500
སྲིད་འཛིན་ཚབ་ཨང་།
140406
1 ​སྲིད་འཛིན་ས་ཁོངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའུ་ཁྲིན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང2དང་གྲོང་རྡལ4 ཡུལ་ཚོ3 དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ1བཅས་ཡོད་པ་དང་ཁྱོན་སྡེ་ཁུལ17དང་སྲིད་འཛིན་གྲོང་ཚོ191ཡོད་པ་དང་ཆུས་སྲིད་གཞུང་ལུའུ་ཧྭ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

2 ས་ཁམས་ཁོར་ཡུག    
2_1 གནས་ཡུལ།     

ཁྲང་ཀྲི་གྲོང་ཁྱེར་ལུའུ་ཁྲིན་ཆུས་ནི་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ཐའེ་ཧང་རི་བོའི་ནུབ་འདབས་སུ་ཆགས་ཤིང་ཧྲང་ཏང་གཤོངས་སའི་བྱང་ཤར་མཐའ་རུ་ཡོད། ཤར་ཕྱོགས་ཀྱི་གཞུང་ཐིག112°59′36″—113°25′40བར་དང་བྱང་གི་འཕྲེད་ཐིག36°14′00″—36°29′30བར་དུ་གནས། ཤར་ལྷོ་ནི་ཕིན་ཧྲུན་རྫོང་དང་ལྷོ་ནུབ་ནི་ཁྲང་ཀྲི་གྲོང་ཁྱེར་ལུའུ་ཀྲོའུ་ཁུལ་དང་འབྲེལ་ཞིང་། བྱང་ཤར་ནི་ཀུའུ་ཀྲང་གཙང་པོ་དང་ལི་ཁྲེང་རྫོང་བཅས་དང་ཁ་སྤྲོད་དུ་གནས་ཡོད། ཤར་ལྷོ་ནས་ཕིང་ཧྲུན་རྫོང་གྲོང་བར་སྤྱི་ལེ22ཡོད་པ་དང་ནུབ་བྱང་ནས་ཤང་ཡོན་རྫོང་གྲོང་བར་སྤྱི་ལེ34དང་བྱང་ཤར་ནས་ལི་ཁྲེང་རྫོང་གྲོང་བར་སྤྱི་ལེ36ཡོད། ལྷོ་ནུབ་ནས་ཁྲང་ཀྲི་གྲོང་ཁྱེར་ལྟེ་གནས་བར་སྤྱི་ལེ20ཡོད། ནུབ་བྱང་ནས་ཧྲན་ཞི་ཞིང་ཆེན་གྱི་ལྟེ་གནས་དང་ཐའེ་ཡོན་བར་སྤྱི་ལེ240ཡོད་པ་དང་བྱང་ཤར་ནས་རྒྱལ་ས་པེ་ཅིང་བར་སྤྱི་ལེ623ཡོད། ལུའུ་ཁྲིན་ཆུས་ཀྱི་ས་ཁོངས་ཡོངས་ཀྱི་སྤྱི་ཁོག་ནི་ངེས་གཏན་མེད་པའི་མཐའ་བཞི་དབྱིབས་ཀྱི་རྣམ་པ་ཞིག་ཡིན་པ་དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ31.5ཡོད་ཅིང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ19.5ཡོད། སྲིད་འཛིན་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ615ཡོད།     

2_2 ས་དབྱིབས།   

ལུའུ་ཁྲིན་ཆུས་ཁོངས་ཀྱི་བདེ་ཐང་དང་རི་མ་ཐང་། རི་ཁུལ་བཅས་ཀྱིས་སྤྱིའི་རྒྱ་ཁྱོན་གྱི15.6%དང62.8% 21.6%བཅས་སོ་སོར་བཟུང་ཡོད། ཤར་རྒྱུད་མང་ཆེ་བ་རི་ཁུལ་ཡིན་པ་དང་དབུས་རྒྱུད་མང་ཆེ་བ་བདེ་ཐང་། ནུབ་རྒྱུད་མང་ཆེ་བ་དེའུ་འབུར་ཡིན། ས་བབ་མཐོ་ཚད་སྨི616ནས་1316བར་དང་དམའ་ཤོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི616ནས་སྨི616བར་ཡིན།     

2_3 ཆུ་དཔྱད།

ལུའུ་ཁྲིན་ཆུས་ཀྱི་ཆུ་རྒྱུན་ཚང་མ་མཚོ་ཆུའི་འབབ་རྒྱུད་དུ་གཏོགས་ཤིང་རྒྱུན་འབབ་ཆུ་བོ་དང་དུས་ཚིགས་ཆུ་བོ་གཉིས་སུ་དབྱེ་ཆོག ཙའོ་ཀྲང་ནན་ཡོན་དང་ཙའོ་ཀྲང་ཆུ་བོ་ནི་ཁྲང་ལིའུ་ཆུ་བོ་ཡིན་པ་དང་། དེ་མིན་ཙའོ་ཀྲང་གཙང་པོའི་ལྷོ་ཁུངས་ནི་ཁྲང་ཙི་རྫོང་ཧྥ་ཆི་ཧྲན་རི་བོ་ནས་ཡིན་ཞིང་། ལྷོ་ནས་བྱང་དུ་ཁྲང་ཙི་རྫོང་དང་ཧྲང་ཏང་ཆུས། ལུའུ་ཀྲོའུ་ཆུས་ཀྱི་བདེ་སྡོད་གྲོང་ཚོ་བཅས་བརྒྱུད་ཅིང་། ལུའུ་ཁྲིན་ཆུས། ཏུང་ཐུའུ་ཡོའུ། ཧན་ཚུན། ཧུང་ལིང་། ཏེན་ཧྲང་། ཧོ་ཕའེ་ནས་ཚའོ་ཅ་ཀོའུ་གྲོང་ཚོ་བཅས་བརྒྱུད་ཅིང་། ཞང་ཡོན་རྫོང་ནས་ཀན་ལིན་གྲོང་ཚོ་བར་དང་མངའ་ཁོངས་ཀྱི་རིང་ཚད་སྤྱི་ལེ17.5ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ262.7ཟིན་ཡོད། ཀུའོ་ཀྲང་གཙང་པོ་ལ་གནའ་དུས་ལུའུ་ཧྲུའེ་དང་ལུའུ་ཁྲོན་ཟེར་ཞིང་དེའི་ཆུ་རྒྱུན་དྲག་ཏུ་བཞུར་བའི་རྐྱེན་གྱིས་ས་སེར་བྱེ་འདམ་འཁྱེར་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། ནན་ཡོན་གྱི་འབྱུང་ཁུངས་ནི་ཁྲང་ཙེ་རྫོང་ནས་ཡིན་པ་དང་རིང་ཚད་སྤྱི་ལེ133.5ཟིན་པ་དང་ཤིས་ཡོན་གྱི་འབྱུང་ཁུངས་ནི་ཆིན་རྫོང་ཀྲང་ཡོན་གྲོང་ཚོའི་ནུབ་བྱང་ཧྭ་ཧྲན་དང་ཕུའུ་ཉིའུ་ཧྲན་ནས་ཡིན་པ་དང་རིང་ཚད་སྤྱི་ལེ81.4ཟིན། ནན་ཡོན་དང་ཞི་ཡོན་གཉིས་ཞང་ཡོན་རྫོང་ཀན་ལིན་སྡེ་བ་ནས་འདྲེས།    

2_4 ནམ་ཟླ།

ལུའུ་ཁྲིན་ཆུས་ནི་དྲོད་ཁུལ་བརླན་གཤེར་ཕྱེད་ཙམ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་དུས་བཞི་གསལ་ཞིང་གནམ་གཤིས་བཟང་། ལོ་རེའི་ཆ་སྙོམས་དྲོད་ཚད9.5℃ཡིན་པ་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི503.7ཟིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2434.9དང་ལོ་རེར་སད་མེད་དུས་ཀྱི་ཉིན176ཡིན། 

3 མི་གྲངས།

སྤྱི་ལོ2017ལོའི་མི་འབོར་དཔེ་འདེམས་བརྟག་དཔྱད་བྱས་པར་གཞིགས་ན་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་མི་འབོར་བསྡོམས་འབོར235789ཟིན་པ་དེ་སྤྱི་ལོ2016ལོའི་ལོ་མཇུག་ལས་མི1235འཕར་ཡོད། ལོ་ཧྲིལ་པོར་ཆུས་ཡོངས་སུ་སྐྱེས་པའི་མི་འབོར2914ཡོད་པ་དང་མི་འབོར་སྐྱེ་ཚད12.39%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར1679དང་ཚེ་ལས་འདས་ཚད7.14%ཟིན། རང་བྱུང་འཕར་ཚད་སྟོང་ཆ5.25ཟིན་ནས་ཕོ་མོའི་བསྡུར་ཚད(བུད་མེད=100105.73.2) ཡིན།

4 དཔལ་འབྱོར།

སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར105.8ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2016ལོ་ལས10%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར4.5ཟིན་ནས2.8%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར67.5ཟིན་ནས11.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར33.7ཟིན་ནས9.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི4.3:63.8:31.9ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར44981ཟིན་པ་དེ་སྤྱི་ལོ2017ལོའི་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར6662ཡིན། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་ཁྲི132409ཟིན་པ་དེ་དུས་མཚུངས་ལས18.6%འཕར་བ་དང་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་ཁྲི70762ཟིན་པ་དེ་དུས་མཚུངས་ལས14.1%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི122458ཟིན་པ་དེ་ལོ་སྔོན་མ་ལས7.8%འཕར་ཡོད་ལ། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་ཁྲི18502ཟིན་པ་དེ་ལོ་སྔོན་མ་ལས10.4%མར་ཆག་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་ཁྲི9215ཟིན་ནས་ལོ་སྔོན་མ་ལས42.8%མར་ཆག སློབ་གསོའི་གཏོང་སྒོ་སྒོར་ཁྲི34147ཟིན་པ་དེ་ལོ་སྔོན་མ་ལས43.3%འཕར་ཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལས་གནས3444མང་དུ་ཕྱིན་པ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད0.75%ཟིན་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13089ཟིན་པ་དེ་ལོ་སྔོན་མ་ལས7.3%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27693ཟིན་པ་དེ་ལོ་སྔོན་མ་ལས7.4%འཕར།     

4_1 ཐོན་ལས་དང་པོ།   

སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང17775ཟིན་པ་དེ་དུས་མཚུངས་ལས་0.8%མར་ཆག་པ་དང་དེའི་ནང་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང16303ཟིན་ཡོད། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་ནང་མ་རྨོས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང13979དང་གྲོ་འདེབས་ཁྱོན་སྤྱི་ཆིང786ཟིན་ཡོད།     སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་འབྲུ་རིགས་ཐོན་ཚད་ཏུན124644ཟིན་པ་དེ་ལོ་སྔོན་མ་ལས3.3%འཕར་ཡོད་ལ། དེའི་ནང་དབྱར་ཁའི་དུས་སུ་འབྲུ་རིགས་ཏུན2921ཟིན་ནས22.6%འཕར་བ་དང་སྟོན་ཁའི་དུས་སུ་འབྲུ་རིགས་ཏུན121723ཟིན་ནས2.9%འཕར་ཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་ཕག་དང་ནོར་ལུག་གི་ཤའི་ཐོན་ཚད་བསྡོམས་འབོར་ཏུན8409.6ཟིན་པ་དེ་ལོ་སྔོན་མ་ལས4.0%འཕར་ཡོད་ལ། དེའི་ནང་ཕག་ཤའི་ཐོན་ཚད་ཏུན7768.7ཟིན་ནས4.0%འཕར་བ་དང་ཚགས་ཤ་ཐོན་ཚད་ཏུན98.8ཟིན་ནས6.1%འཕར། ལུག་ཤའི་ཐོན་ཚད་ཏུན542.1ཟིན་ནས3.4%འཕར། ལོ་མཇུག་ཏུ་ཕག་གྲངས55601ཡོད་པ་དེ1.7%འཕར་ནས་ཕག་པ་བཤས་གཏོང་ཚད་གྲངས103582ཟིན་ནས4.0%འཕར། འོ་མའི་ཐོན་ཚད་ཏུན2493ཟིན་ནས3.0%འཕར། བྱ་སྒོང་ཐོན་ཚད་ཏུན5161ཟིན་ནས2.8%འཕར།     

4_2 ཐོན་ལས་གཉིས་པ།    

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས34ཡོད་པ་རེད། ལོ་ཧྲིལ་པོར་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར202.7ཟིན་པ་དེ་ལོ་སྔོན་མ་ལས40.0%འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར68.1ཟིན་ནས16.4%འཕར་ཡོད། ཐོན་རྫས་གཙོ་བོའི་ཐོན་འབོར་ཁྲོད་སྤྱི་ཚོགས་ཡོངས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི51.3ཟིན་པ་དེ་ལོ་སྔོན་མ་ལས5.2%མར་ཆག་པ་དང་རྡོ་སོལ་བསྲེགས་མ་ཐོན་ཚད་ཏུན་ཁྲི473.3ཟིན་པ་དེ་ལོ་སྔོན་མལས6.7%མར་ཆག ཨར་འདམ་ཐོན་ཚད་ཏུན་ཁྲི244.5ཟིན་པ་དེ་ལོ་སྔོན་མ་ལས21.4%མར་ཆག རྫས་ལུད(100%)ཐོན་ཚད་ཏུན་ཁྲི17.7ཟིན་པ་དེ་ལོ་སྔོན་མ་ལས26.4%མར་ཆག ངར་ལྕགས་རྒྱུ་ཆས་ཐོན་ཚད་ཏུན་ཁྲི74.2ཟིན་པ་དེ་ལོ་སྔོན་མ་ལས32.2%འཕར། གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར67.6ཟིན་པ་དེ་ལོ་སྔོན་མ་ལས5.8%འཕར་ཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས3གྱིས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.4ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས28.6%འཕར་ཡོད། བསྡོམས་རྩིས་ཀྱི་ཚད་གཞི་གསར་པ་ལྟར་ན་ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར63.2བཏང་བ་དེ་ལོ་སྔོན་མ་ལས9.2%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར4.9བཏང་བ་དེ་ལོ་སྔོན་མ་ལས52.0%འཕར་བ་དང་ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར39.4བཏང་བ་དེ་ལོ་སྔོན་མ་ལས6.0%འཕར། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར18.9བཏང་ནས་ལོ་སྔོན་མ་ལས8.0%འཕར་ཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་སུ་སྐྲུན་བཞིན་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས146ཡོད་ལ། དེའི་ནང་རྣམ་གྲངས་ཁྲི5000ཡན་ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར28.3བཏང་བ་དེ་ལོ་སྔོན་མ་ལས12.3%འཕར་བ་དང་སྒོར་ཁྲི5000མན་གྱི་རྣམ་གྲངས120ལ་མ་དངུལ་སྒོར་དུང་ཕྱུར34.2བཏང་བ་དེ་ལོ་སྔོན་མ་ལས66.1%མར་ཆག་ཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར0.7བཏང་བ་དེ་ལོ་སྔོན་མ་ལས212.8%འཕར་བ་དང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི7.53ཟིན་ནས་ལས་མཇུག་འགྲིལ་བའི་ཆ་ཚང651ཡོད་པ་རེད། འགན་སྲུང་ཁང་པའི་ཐད་འདི་ལོར་མ་དངུལ་སྒོར་དུང་ཕྱུར4.5བཏང་བ་དེ་ལོ་སྔོན་མ་ལས121.1%འཕར་ཡོད། ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི41.99ཟིན་པ་དང་ལས་མཇུག་འགྲིལ་ཁྱོན་སྨི་གྲུ་བཞི་མ་ཁྲི6.35ཟིན། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང101སྒྱུར་བཀོད་བྱས་པ་དང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི138བཀོད་སྒྲིག་བྱས། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་ཐེངས་གཅིག་ནུས་རྒྱུ་ཐོན་སྐྱེད་བྱེད་ཚད་ཚད་ལྡན་རྡོ་སོལ་ཏུན་ཁྲི36.6ཟིན་པ་དེ་ལོ་སྔོན་མ་ལས5.2%མར་ཆག་པ་དང་ཐེངས་གཉིས་པའི་ནུས་རྒྱུ་ཐོན་སྐྱེད་བྱེད་ཚད་ཚད་ལྡན་རྡོ་སོལ་ཏུན་ཁྲི762.0ཟིན་པ་དེ་ལོ་སྔོན་མ་ལས11.0%མར་ཆག་ཡོད། ལོ་ཧྲིལ་པོར་ཆུས་ཡོངས་ཀྱི་སྤྱི་ཚོགས་གློག་སྤྱོད་བསྡོམས་འབོར་ཆུ་ཚོད་སྟོང་ཝ་དུང་ཕྱུར24.4ཟིན་པ་དེ་ལོ་སྔོན་མ་ལས1.4%མར་ཆག་ཡོད། དེའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར22.7ཟིན་པ་དེ་ལོ་སྔོན་མ་ལས2.7%མར་ཆག

4_3 ཐོན་ལས་གསུམ་པ།     

སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར16.6ཟིན་པ་དེ་ལོ་སྔོན་མ་ལས8.3%འཕར་བ་དང་དེའི་ནང་བཅད་གྲངས་ཡན་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར1.6ཟིན་པ་དེ་ལོ་སྔོན་མ་ལས11.4%འཕར་ཡོད། ས་ཁུལ་དབྱེ་ནས་བལྟས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར10.1ཟིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས8.4%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན་སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར15.5ཟིན་པ་དེ་ལོ་སྔོན་མ་ལས8.3%འཕར་བ་དང་ཞག་སྡོད་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1.1ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་ཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱིས་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི910ཟིན་ནས5.3%འཕར་བ་དང་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི11523ཟིན་ནས6.5%འཕར་ཡོད། ལོ་མཇུག་ཏུ་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི1.62དང་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི19.5དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི4.76བཅས་ཟིན་ཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར28.9ཟིན་པ་དེ་ལོ་སྔོན་མ་ལས23.2%འཕརཡོད། སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར109.5ཟིན་པ་དེ་ལོ་སྔོན་མ་ལས10.4%འཕར་བ་དང་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར49.9ཟིན་པ་དེ་ལོ་འགོ་ལས15.2%འཕར། 

5 སྤྱི་ཚོགས་ལས་རིགས། 
5_1 སློབ་གསོའི་བྱ་གཞག    

སྤྱི་ལོ2017ལོ་བར་ལུའུ་ཁྲིན་ཆུས་སུ་ཁྱོན་རིམ་པ་ཁག་གི་སློབ་གྲྭ173ཡོད་པའི་ནང་བུ་བཅོལ་ཁང74དང་། སློབ་ཆུང83 དམའ་རིམ་སློབ་འབྲིང10 མཐོ་རིམ་སློབ་འབྲིང4 ལས་རིགས་མཐོ་རིམ་སློབ་གྲྭ1 དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད་པ་རེད། སློབ་གྲྭ་ཁག་གི་སློབ་མ32233ཡོད་པའི་ནང་བུ་བཅོལ་ཁང་གི་སློབ་མ6198དང་སློབ་ཆུང་སློབ་མ13897 དམའ་རིམ་སློབ་འབྲིང་གི་སློབ་མ6885 མཐོ་རིམ་སློབ་འབྲིང་གི་སློབ་མ4788 ལས་རིགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་མ465བཅས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་དགེ་རྒན2880ཡོད་པའི་ནང་ཆེད་བསྐོས་དགེ་རྒན2394ཡོད་པའི་ནང་བུ་བཅོལ་ཁང་གི་དགེ་རྒན148དང་སློབ་ཆུང་དགེ་རྒན1033 སློབ་འབྲིང་གི་དགེ་རྒན626 མཐོ་རིམ་སློབ་འབྲིང་གི་དགེ་རྒན442ལས་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན145བཅས་ཡོད།    

5_2 ཚན་རིག་ལག་རྩལ།     

སྤྱི་ལོ2017ལོ་བར་ལུའུ་ཁྲིན་ཆུས་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད109ཡིན་པ་དེ་ལོ་སྔོན་མ་ལས83%འཕར།     

5_3 རིག་གནས་ལས་རིགས།     

སྤྱི་ལོ2017ལོ་བར་ལུའུ་ཁྲིན་ཆུས་སུ་རིག་གནས་བྱ་གཞག་སྒྲིག་གཞི8དང་སྤྱི་པའི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི6ཉར་ཚགས་བྱས་ཡོད། ཆུས་ཡོངས་ཀྱི་བརྙན་འཕྲིན་ལས་ཁུངས1དང་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཚད95%ཟིན་ཡོད། ལོ་མཇུག་ཏུ་ཆུས་ཡོངས་སུ་གྲངས་འཛིན་བརྡ་རྟགས་སྤྱོད་མཁན་དུད་ཚང་ཁྲི3.9ཟིན།   

5_4 སྨན་བཅོས་འཕྲོད་བསྟེན།    

སྤྱི་ལོ2017ལོ་བར་ལུའུ་ཁྲིན་ཆུས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི(སྨན་བཅོས་ཁང་ཚུད་པ)334ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང11དང་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སྒྲིག་གཞི1 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1 འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི1བཅས་ཡོད་པ་རེད། ནད་ཁྲི724ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང658ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ684ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ384དང་ནད་གཡོག228ཐོ་འགོད་བྱས། སྨན་སྦྱོར་མི་སྣ12དང་ཆུས་ཡོངས་སུ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་མཁན་མི་གྲངས155641ཡོད་པ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་ཚད96.7%ཡིན།     

5_5 ལུས་རྩལ་བྱ་གཞག     

སྤྱི་ལོ2017ལོ་བར་ལུའུ་ཁྲིན་ཆུས་ཀྱི་མི་རེའི་ཆ་སྙོམས་སྤྱི་པའི་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ1.65ཡོད།     

5_6 སྤྱི་ཚོགས་འགན་སྲུང་།   

སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི111801ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་མི36864ཟིན། ལས་ཤོར་འགན་བཅོལ་ནང་ཞུགས་མཁན27800དང་ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི43226ཡོད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི26990ཡོད་པ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་འགན་ལེན་ཁྱབ་ཚད98.6%ཟིན་ཡོད། ལོ་ཧྲིལ་པོར་ཆུས་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་ལེན་ནང་བཅུག་པའི་གྲོང་མི7693མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི2091སྤྲད་པ་རེད། དེའི་ནང་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་གྲོང་མི1350ལ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི472སྤྲད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་གྲོང་མི6343ལ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི1619སྤྲད་པ་རེད། ལོ་མཇུག་ཏུ་ཆུས་ཡོངས་སུ་ཡིག་ཚགས་དང་བྱང་བུ་ཅན་གྱི་མི་འབོར2500དབུལ་སྒྲོལ་བྱུང་།     

5_7 གྲོང་ཁྱེར་འཛུགས་སྐྲུན།     

སྤྱི་ལོ2017ལོར་ལུའུ་ཁྲིན་ཆུས་ཀྱི་གྲོང་ཁུལ་འཛུགས་སྐྲུན་ཁུལ་གྱིས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ10.5ཟིན་ཡོད། ལོ་མཇུག་ཏུ་འཛུགས་སྐྲུན་ཁུལ་གྱི་སྔོ་འགྱུར་རྒྱ་ཁྱོན་སྤྱི་ཆིང360དང་ཁེབས་ཚད45%ཟིན། སྔོ་ལྗང་དུ་འགྱུར་ཚད37%དང་མི་རེའི་ཆ་སྙོམས་སྤྱི་པའི་སྔོ་ལྗང་ཁུལ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ9.5ཟིན་པ་བཅས་རེད། 

དཔྱད་གཞིའི་ཡིག་ཆ།