ཞང་ཡོན་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-24 14:57ལ་འགྲུབ།

ཞང་ཡོན་རྫོང་།

ཞང་ཡོན་རྫོང་།
ཞང་ཡོན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
襄垣
རྒྱ་ཁྟོན།
1178
དབྱིན་ཡིག་གི་མིང་།
Xiangyuan
མི་གྲངས།
27.95
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0355
རླངས་འཁོར་ཚབ་ཨང་།
ཅིནD(晋D)
སྦྲག་སྲིད་ཨང་རྟགས།
046200
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
140423
1 ​ས་ཁུལ་དབྱེ་མཚམས།   

སྤྱི་ལོ1984ལོར་ཞང་ཡོན་དུ་སྒྲིག་གཞི་སླར་གསོ་བྱས་ཤིང་དེའི་ཁོངས་སུ་གྲོང་རྡལ་དྲུག་དང་ཡུལ་ཚོ14ཡོད་དེ། གྲོང་རྡལ་དྲུག་ནི་ཁྲེང་ཀོན་དང་། ཝང་ཆའོ། ཞ་ཏེན། ཧོའུ་པའོ། ཆན་ཐིང་ཡིན། ཡུལ་ཚོ14ནི་ཧྲན་ཧྥུ་དང་། པེ་ཏི། པ་ལི་གྲོང་། ཡོན་གྲོང་། ཅིའུ་ཀྲོང་། ནན་ལིན། ཡུས་ལིན། ཧྲང་མ། ཏུང་ལིན། ཧྲི་པེ། ཝང་ཚུན། ལུང་ཝང་ཐང་། ཞ་ལིའང་བཅས་ཡིན། སྤྱི་ལོ2001ལོའི་ཟླ་དང་པོར་ཡུལ་ཚོ་དང་གྲོང་རྡལ་ཕྱིར་འཐེན་དང་ཟླ་སྒྲིལ་གཏོང་སྐབས། གྲོང་རྡལ8དང་ཡུལ་ཚོ3དུ་ཁུལ་བསྡུ་བྱས་པ་དང་པ་ལི་ཀྲོང་གྲོང་ཁྱེར་ཁྲེང་ཀོན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་ཞིང་མིང་ལ་ཀུའུ་ཧན་གྲོང་རྡལ་ཞེས་བཏགས། དེ་སྔའི་ཞང་ཝང་ཆའོ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་ཞིང་ནན་ཧན་ཡུལ་ཚོ་དང་ཅིའུ་ཀྲོང་ཡུལ་ཚོ་གཉིས་ཞ་ཏེན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཏུང་ལིང་ཤང་ནི་ཧུའེ་ཐིང་གྲོང་རྡལ་དང་། ཝང་ཚུན་ཡུལ་ཚོ། ཧྲི་པེ་ཡུལ་ཚོ། ལུང་ཝང་ཐང་ཡུལ་ཚོ་བཅས་སུ་ཟླ་སྒྲིལ་བཏང་ནས་ཝང་གྲོང་ཚོ་དང་གྲོང་རྡལ་དུ་བསྒྲིགས། ཞ་ལིའང་ཡུལ་ཚོ་དང་ཆང་ཅི་ཡུལ་ཚོ་གཉིས་ཟླ་སྒྲིལ་བཏང་སྟེ་ཞ་ལིའང་གྲོང་རྡལ་དུ་བསྒྱུར། ཡུས་ལིན་ཡུལ་ཚོ་ནི་ཧྲང་མ་ཡུལ་ཚོའི་ཁོངས་སུ་གཏོགས། ཧོའུ་པའོ་གྲོང་རྡལ་དང་ཞི་ཡིང་གྲོང་རྡལ། ཧྲན་ཧྥུ་ཡུལ་ཚོ། པེ་ཏི་ཡུལ་ཚོ་བཅས་སྔར་ཡོད་སྒྲིག་གཞི་ལྟར་གནས། 

2 ས་ཁམས་ཁོར་ཡུག
2_1 གནས་ཡུལ།     

ཞང་ཡོན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོ་རྒྱུད་དང་ཐའེ་ཧང་རི་བོའི་ནུབ་འདབས། ཧྲང་ཏང་གཞོང་སའི་བྱང་ངོས་དང་ཤར་ངོས་ལ་འབྲེལ་ཞིང་ཞན་ཐང་རི་བོ་དང་ཧོང་ཡན་རི་བོ། ལི་ཁྲེང་བཅས་ཀྱི་ས་མཚམས་སུ་ཆགས་ཡོད་ཅིང་། ལྷོ་རུ་ཝུའུ་དབྱང་ཧྲན་དང་ལུའུ་ཐའེ་ཧྲན། མོ་ཕན་ཧྲན། ཝུའུ་ཙན་ཧྲན་བཅས་སོ་སོར་ལུའུ་ཁྲེང་དང་ཁྲང་ཀྲི་ཉེ་ཁུལ། ཐུན་ལིའུ་དང་ས་མཚམས་འབྲེལ་ཞིང་བྱང་ཝུའུ་ཞང་གྲོང་མཐའ་དང་འབྲེལ་ཡོད། ཤར་གྱི་འཕྲེད་ཐིག112°42′—113°14′བར་དང་བྱང་གི་འཕྲེད་ཐིག36°23′—36°44བར་དུ་གནས་ཤིང་ཤར་ནུབ་ཀྱི་རིང་ཚད་སྟོང་སྨི48དང་ལྷོ་བྱང་གི་ཞེང་ལ་སྟོང་སྨི40ཡོད་ལ་སྤྱིའི་རྒྱ་ཁྱོན་ནི་སྟོང་སྨི་གྲུ་བཞི་མ1178ཡོད།     

2_2 ས་དབྱིབས།

ཞང་ཡོན་རྫོང་གི་ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བ་དང་རི་ཀླུང་གཅིག་ཐོག་ཉིས་བརྩེགས་ཡིན་ཞིང་གྲོག་རོང་བསྣོལ་བ། ས་གཤིས་རྙོག་འཛིང་ཆེ་ཞ་རི་ཕྱེད་རི་མ་ཐང་དུ་གཏོགས། ཆ་སྙོམས་ས་བབ་མཐོ་ཚད་སྨི4000ཡས་མས་ཡིན་པ་བཅས་སྐམ་སའི་དབུས་ཁུལ་གྱི་ས་སེར་མཐོ་སྒང་གི་ཆ་ཤས་ཤིག་ཡིན། ས་བབ་ལྟར་དབྱེ་ན་དེའུ་འབུར་གྱིས57.5%བཟུང་བ་དང་རི་ཁུལ་གྱིས31.9%དང་ཕིང་ཁྲོན་གྱིས10.6%བཅས་བཟུང་བ་རེད། ཞང་ཡོན་རྫོང་གི་གཞོང་ས་ནི་མངའ་ཁོངས་ཀྱི་གཤོང་ས་ཆེ་ཤོས་ཡིན་པ་དང་ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི10དང་ཤར་ནུབ་ཀྱི་ཞེང་ལ་སྟོང་སྨི8ཡོད། ཝུའེ་ཧུའེ་ཧྲན(ཞ་ལེའང་གྲོང་རྡལ་ཅིང་པེ་གྲོང་ཚོ)ས་བབ་མཐོ་ཚད་སྨི1725ཟིན་པ་དེ་ས་ཁོངས་ནང་གི་རི་བོ་མཐོ་ཤོས་ཡིན་པ་དང་ཧོ་ཁོའུ་ཡི་ས་བབ་མཐོ་ཚད་སྨི800ཟིན་པ་དེ་ས་ཁོངས་ནང་གི་དམའ་ཤོས་་དང་རྫོང་གྲོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི875ཟིན།     

2_3 ནམ་ཟླ། 

ཞང་ཡོན་སྐམ་རྫོང་ནི་སའི་རང་བཞིན་གྱི་ནམ་ཟླའི་ཁྱད་ཆོས་མངོན་གསལ་ཡིན་ལ་ལོ་རེའི་ཆ་སྙོམས་དྲོད་ཚད8℃-9℃ཡིན་པ་དང་། ཟླ་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཀྱི་དྲོད་ཚད་མཐོ་ཤོས་ཡིན་པ་དང་ཆ་སྙོམས་དྲོད་ཚད་ནི23.4℃ཟིན་པ་དང་། ཆེས་མཐོའི་བའི་དྲོད་ཚད་མཐོ་ཤོས38.1℃ཡིན་ཞིང་ཟླ12པ་དང་ཟླ1པོ། ཟླ2པ་བཅས་ཀྱི་དྲོད་ཚད་དམའ་ཤོས་ལ་ཆ་སྙོམས་དྲོད་ཚད་དམའ་ཤོས-8.1℃ཡིན་པ་དང་ཆེས་མཐོ་བའི་དྲོད་ཚད་ནི-29.1℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི550ཡས་མས་ཡིན་པ་དང་མང་ཆེ་བ་ཟླ7པ་དང་ཟླ8པ། ཟླ9པ་བཅས་སུ་འདུས་ཡོད། ལོ་ཧྲིལ་པོར་སད་མེད་དུས་སྤྱིར་བཏང་དུ་ཉིན166ཡས་མས་དང་ཆེས་ཐུང་ན་ཉིན118དང་ཆེས་རིང་ན་ཉིན196ཡིན།    

2_4 ཆུ་དཔྱད།    

ཞང་ཡོན་ནི་མཚོ་ཆུའི་འབབ་རྒྱུད་དུ་གཏོགས་ཤིང་དེ་ནི་ཉག་ཆུའི་སྟོད་རྒྱུད་དུ་གནས་ཡོད། ཉུའུ་ཀྲང་གཙང་པོའི་ཆུ་གཞུང་ཆེན་པོ་གསུམ་སྟེ་ཞི་ཡོན་དང་། ནན་ཡོན། པེ་ཡོན་བཅས་སོ་སོར་མངའ་ཁོངས་ནང་གི་ཧོ་ཅ་ཝན་དང་ནན་ཀུའུ། ཝུའུ་པེ་བཅས་ནས་རྒྱལ་ནང་དུ་བཞུར། ཤིས་ཡོན་དང་ནན་ཡོན་ནི་ཀུའུ་ཧན་གྲོང་རྡལ་ཀན་ཚུན་དུ་འཛོམས་ནས་པེ་ཏི་ཡུལ་ཚོ་དང་པེ་ཡོན་དུ་འདྲེས་ནས་ནས་ལི་ཁྲེང་དུ་བཞུར། མངའ་ཁོངས་སུ་ད་དུང་ཧྲི་ཧྲུའེ་དང་ཀུའོ་ཧྲུའེ། ཧའོ་ཧྲུའེ་སོགས་ཆུ་ལག་གཙོ་བོ་བཅུ་ལྷག་དང་ཆུ་ཕྲན་བརྒྱ་ཕྲག་ལྷག་ཡོད་པ་དང་ཆུ་བོ་ཆེ་ཆུང་མང་པོ་འདྲེས་ཡོད་ཅིང་། ཆུ་བོའི་སྤྱིའི་རིང་ཚད་སྟོང་སྨི90.5ཡོད། 

3 མི་གྲངས།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཞང་ཡོན་རྫོང་གི་མི་འབོར་བསྡོམས་འབོར་ཁྲི27.95ཟིན་ཡོད་ལ། དེའི་ནང་སྐྱེས་པའི་མི་འབོར་ཁྲི14.2539དང་བུད་མེད་ཀྱི་མི་འབོར་ཁྲི13.6961ཟིན་ནས། ཕོ་མོའི་དབྱེ་བའི་བསྡུར་ཚད(བུད་མེད=100)104.07མི་འབོར་འདུས་ཚད་སྟོང་སྨི་གྲུ་བཞི་མ་རེར་མི237བཅས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི14.2244ཟིན་པ་དང་གྲོང་གསེབ་ཀྱི་མི་འབོར་ཁྲི13.7256ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད50.89%ཟིན་པ་དེ་ལོ་སྔོན་མ་ལས1.24%འཕར་ཡོད། འཆར་འགོད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན་སྤྱི་ལོ2018ལོར་ཞང་ཡོན་རྫོང་དུ་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེ་རན་པའི་བུད་མེད49046ཡོད་པ་དང་སྐྱེས་པའི་མི་འབོར2206ཟིན། མི་འབོར་སྐྱེ་ཚད7.49%དང་ཚེ་ལས་འདས་ཚད1249བྱུང་ནས4.24%ཟིན་པ་དང་མི་འབོར་རང་འཕེལ་བྱུང་ཚད3.25% འཆར་ལྡན་བུ་བཙའི་ཚད་98.69%/3བཅས་ཡིན།   

4 དཔལ་འབྱོར།  

སྤྱི་ལོ2018ལོར་ཞང་ཡོན་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར228.5བྱུང་བ་དེ་ལོ་སྔོན་མ་ལས5.3%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར6.7ཟིན་ནས6.7%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར165.9ཟིན་ནས4.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར55.9ཟིན་ནས6.2%འཕར་ཡོད། ཐོན་ལས་ཀྱི་བསྡུར་ཚད་དེ་ལོ་སྔོན་མའི3.5:68.5:28ནས་2.9:72.6:24.5བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར81801ཟིན་ནས5.0%འཕར།     

གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་པ།    

སྤྱི་ལོ2018ལོར་ཞང་ཡོན་རྫོང་གིས་སྐྲུན་བཞིན་པའི་རྣམ་གྲངས153དང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས115ཡོད་པ་རེད། ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར84.1བཏང་ནས་ལོ་སྔོན་མ་ལས10.7%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར3.4བཏང་བ་དེ་ལོ་སྔོན་མ་ལས79.9%མར་ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར43.6ཟིན་པ་དེ་ལོ་སྔོན་མ་ལས22.4%འཕར། ཐོན་ལས་གསུམ་པའི་མ་འཇོག་སྒོར་དུང་ཕྱུར37ཟིན་པ་དེ་ལོ་སྔོན་མ་ལས59.3%འཕར།     

ནོར་ཁྲལ་གཏོང་སྒོ།     

སྤྱི་ལོ2018ལོར་ཞང་ཡོན་རྫོང་གི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18.25ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས12.5%འཕར་ཡོད་ལ། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར12.93ཟིན་པ་དང་ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར5.32ཟིན་ཡོད།  སྤྱི་ལོ2018ལོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར23.09ཟིན་པ་དེ་ལོ་སྔོན་མ་ལས13.2%འཕར་ཡོད་ལ། དེའི་ནང་ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་དུང་ཕྱུར2.66ཟིན་པ་དང་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར4.25ཟིན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར2.84ཟིན། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་དུང་ཕྱུར1.45དང་ནུས་རྒྱུ་སྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་སྒོར་དུང་ཕྱུར0.33ཟིན་ཡོད།     

མི་དམངས་ཀྱི་འཚོ་བ།    

སྤྱི་ལོ2018ལོར་ཞང་ཡོན་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར36141ཟིན་པ་དེ་ལོ་སྔོན་མ་ལས6.5%འཕར་བ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15852ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར།     

4_1 ཐོན་ལས་དང་པོ།    

སྤྱི་ལོ2018ལོར་ཞང་ཡོན་རྫོང་གི་ཞིང་ལ། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར9.3053ཟིན་ནས5.5%འཕར་ཡོད་ལ། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར6.5079ཟིན་ནས2.4%འཕར་བ་དང་ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི3133.7ཟིན་ནས5.3%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.6367ཟིན་ནས24.1%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི153.1ཟིན་ནས7.1%འཕར། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི8320ཟིན་ནས1.0%འཕར།     

འདེབས་འཛུགས་ལས་རིགས།     

སྤྱི་ལོ2018ལོར་ཞང་ཡོན་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང29330.2ཟིན་པ་དང་འབྲུ་རིགས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང27071.7ཟིན། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི17.0554ཟིན་ཡོད་ལ། དེའི་ནང་གྲོ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང179.9ཟིན་པ་དང་ཐོན་ཚད་ཏུན601.3ཟིན་པ་དང་མུའུ་རེའི་ཐོན་ཚད་སྤྱི་རྒྱ222.8ཟིན་ཡོད། སྟོན་ཁའི་དུས་སུ་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང26891.8ཟིན་པ་དང་ཐོན་ཚད་ཏུན་ཁྲི16.9953ཟིན་ཡོད། དེའི་ནང་མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང24147.9ཟིན་པ་དང་ཐོན་ཚད་ཏུན་ཁྲི16.1019དང་མུའུ་རེའི་ཐོན་ཚད་སྤྱི་རྒྱ444.5ཟིན་པ་བཅས་རེད། སྔོ་ཚལ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང901.5(བསྐྱར་འདེབས་ཚུད)ཟིན་པ་དང་ཐོན་ཚད་ཏུན54430.4ཟིན་ཡོད། སྣུམ་རྒྱུའི་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང959.1ཟིན་པ་དང་ཐོན་ཚད་ཏུན1107.4ཟིན།     

ཕྱུགས་ལས།  

སྤྱི་ལོ2018ལོའི་ལོ་མཇུག་བར་ཞང་ཡོན་རྫོང་གི་ཕྱུགས་རིགས་ཆེ་གྲས3663ཡོད་པའི་ནང་ཕྱུགས་རིགས་གྲངས3205ཡོད་པ་དང་ལུག47973དང་ཕག་གྲངས39714 ཁྱིམ་བྱ་ཁྲི56.3ཡོད་པ་རེད། ལོ་ཧྲིལ་པོར་ཕྱུགས་རིགས་ཆེ་གྲས2408བཤས་བའི་ནང་ཕྱུགས་རིགས2166བཤས་བ་དང་། ལུག4393939བཤས། ཕག་གྲངས57951བཤས། ཁྱིམ་བྱ་ཁྲི167.8བཤས་གཏོང་བྱས་པ་རེད། ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན8293.1ཟིན་ཡོད་ལ། དེའི་ནང་ཕག་ཤ་ཐོན་ཚད་ཏུན4514དང་ཚགས་ཤའི་ཐོན་ཚད་ཏུན327 ལུག་ཤའི་ཐོན་ཚད་ཏུན752བཅས་ཡོད་པ་རེད། ལོ་ཧྲིལ་པོར་བྱ་སྒོང་ཐོན་ཚད་ཏུན7022ཟིན།     

ཐོན་སྐྱེད་ཆ་རྐྱེན།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཞང་ཡོན་རྫོང་གི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི11.4ཟིན་ཡོད་ལ། ཞིང་སྤྱོད་རྫས་ལུད་སྤྱོད་ཚད་ཏུན9840.9ཟིན་པ་དེ་ལོ་སྔོན་མ་ལས7.2%མར་ཆག་པ་དང་ཞིང་སྤྱོད་འགྱིག་ཤོག་སྲབ་མོ་ཏུན256.9ཟིན་པ་དེ་ལོ་སྔོན་མ་ལས11.6%མར་ཆག ཞིང་སྨན་སྤྱོད་ཚད་ཏུན79.5ཟིན་པ་དེ་ལོ་སྔོན་མ་ལས5.1%མར་ཆག

4_2 ཐོན་ལས་གཉིས་པ།   

བཟོ་ལས།   

སྤྱི་ལོ2018ལོར་ཤང་ཡོན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལོ་སྔོན་མ་ལས9.6%འཕར་ཡོད་ལ། དེའི་ནང་ལྕི་བའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང9.6%འཕར་བ་དང་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར6.8%འཕར་ཡོད། བཟོ་ལས་ཕྱིར་འཚོང་གི་ཐོན་རྫས་རིན་ཐང10.6%འཕར། བཟོ་ལས་ཐོན་རྫས་ཕྱིར་འཚོང་བྱེད་ཚད95.4%ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ4.7འཕར་ཡོད་ལ། དེའི་ནང་རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས1.6%འཕར་བ་དང་རྡོ་སོལ་བསྲེགས་མ་བཟོ་བའི་ལས་རིགས7.4%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི3004.5ཡིན་ཞིང་ལོ་སྔོན་མ་ལས་བརྒྱ་ཆ1.6མར་ཆག་ཡོད། ཏུན་ཁྲི787.9ཟིན་པ་དེ་ལོ་སྔོན་མ་ལས4.8%མར་ཆག་ཡོད། རྡོ་སོལ་སྤུས་ལེགས་ཀྱི་ཐོན་ཚད་ཏུན་ཁྲི676.0ཟིན་པ་དེ་ལོ་སྔོན་མ་ལས2.2%མར་ཆག་པ་དང་རྡོ་སོལ་བསྲེགས་མ་ཐོན་ཚད་ཏུན་ཁྲི180.7ཟིན་པ་དེ་ལོ་སྔོན་མ་ལས6.0%མར་ཆག གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར20.0ཟིན་པ་དེ་ལོ་སྔོན་མ་ལས4.7%མར་ཆག་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར349.6ཟིན་པ་དེ་ལོ་སྔོན་མ་ལས11.8%འཕར་ཡོད་ལ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར80.4མངོན་འགྱུར་བྱུང་བ་དེ་ལོ་སྔོན་མ་ལས9.9%འཕར་བའི་ནང་ཁེ་སྤོགས་སྒོར་དུང་ཕྱུར39.3མངོན་འགྱུར་བྱུང་ནས13%འཕར་ཡོད།     

བཟོ་སྐྲུན་ལས་རིགས།   

སྤྱི་ལོ2018ལོར་ཞང་ཡོན་རྫོང་དུ་ཨར་སྐྲུན་ཁེ་ལས་ཀྱི་འོས་ཐོབ་རིམ་པ་ལྡན་པའི་སྤྱིའི་འགན་གཙང་ལེན་དང་ཆེད་ལས་འགན་གཙང་ལེན་གྱི་ཨར་སྐྲུན་ཁེ་ལས7ཡོད་པ་དང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི9880.3དང་ཁེ་སྤོགས་སྒོར་ཁྲི42.5བྱུང་།     

4_3 ཐོན་ལས་གསུམ་པ།     

རྒྱལ་ནང་ཉོ་ཚོང།    

སྤྱི་ལོ2018ལོར་ཤང་ཡོན་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར31.3ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་ཡོད་ལ། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར21.2ཟིན་ནས8.4%འཕར་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར10.1ཟིན་ནས8.7%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར21.2ཟིན་ནས8.4%འཕར་བ་དང་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར10.1ཟིན་ནས8.4%འཕར་ཡོད། སྡེབ་ཚོང་དང་སིལ་ཚོང་ཁེ་ལས་ཀྱིས་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར685.9ཟིན་པ་དེ་ལོ་སྔོན་མ་ལས7.1%འཕར་ཡོད། ཞག་སྡོད་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར2.3ཟིན་པ་དེ་ལོ་གོ་མ་ལས11.3%འཕར་ཡོད། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར15.0ཟིན་ནས8.1%འཕར།     

ས་ཁང་བདག་ཁོངས་ཐོན་ལས།  

སྤྱི་ལོ2018ལོར་ཞང་ཡོན་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར3.9བཏང་བ་དེ་ལོ་སྔོན་མ་ལས152.3%འཕར་ཡོད། ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10.4ཟིན་པ་དང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར3.2ཟིན། ད་ལོའི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར37.6འཕར།     

སྦྲག་ཏར་འཕྲིན་གཏོང་།   

སྤྱི་ལོ2018ལོར་ཞང་ཡོན་རྫོང་གི་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར1.5783ཟིན་ཡོད་ལ། དེའི་ནང་སྦྲག་སྲིད་ལས་སྒོའི་གྲངས་འབོར་སྒོར་ཁྲི647.95ཟིན་པ་དང་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར1.5135ཟིན་ཡོད། ལོ་མཇུག་ཏུ་དྲ་སྦྲེལ་སྤྱོད་མཁན་དུད་ཚང48064ཡོད་པ་དང་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི20.4399དང་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང20587ཡོད།     

ཡུལ་སྐོར་ལས་རིགས།  

སྤྱི་ལོ2018ལོར་ཞང་ཡོན་རྫོང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི456.06ལ་སྣེ་ལེན་ཞུས་པ་དེ་ལོ་སྔོན་མ་ལས23.17%འཕར་བ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར42.06ཟིན་པ་དེ་ལོ་སྔོན་མ་ལས25.59%འཕར།     

དངུལ་རྩའི་ལས་རིགས།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཞང་ཡོན་རྫོང་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་སྣ་ཚོགས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར248.2ཟིན་པ་དེ་ལོ་སྔོན་མ་ལས11.6%འཕར་ཡོད་ལ། དེའི་ནང་དངུལ་ཁང་ལས་རིགས་ཀྱི་བཅོལ་དངུལ་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར244.1ཟིན་པ་དེ་ལོ་འགོ་ལས12.3%འཕར་ཡོད། བཅོལ་དངུལ་ཁག་གི་ནང་ཚན་པའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར68.1ཟིན་པ་དེ་ལོ་སྔོན་མ་ལས16.4%འཕར་བ་དང་། མི་སྒེར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར179.8ཟིན་པ་དེ་ལོ་འགོ་ལས9.1%འཕར་ཡོད། རྫོང་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར205ཟིན་པ་དེ་ལོ་འགོ་ལས8.6%འཕར་ཡོད། དངུལ་བུན་ཁག་གི་ཁྲོད་ཁྱིམ་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར16ཟིན་པ་དེ་ལོ་འགོ་ལས19.4%འཕར་བ་དང་དངུལ་རྩ་མིན་པའི་ཁེ་ལས་དང་ལས་ཁུངས་ཚོགས་པའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར189ཟིན་པ་དེ་ལོ་འགོ་ལས7.8%འཕར་ཡོད། 

དཔྱད་གཞིའི་ཡིག་ཆ།