ཕིང་ཧྲུན་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-24 10:06ལ་འགྲུབ།

ཕིང་ཧྲུན་རྫོང་།

ཕིང་ཧྲུན་རྫོང་།
ཕིང་ཧྲུན་རྫོང་ནི་ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ཁྲང་ཀྲི་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ལ། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1510.3ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平顺县
ས་ཁོངས་ཁ་པར་ཨང་རྟགས།
0355
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
140425
རླངས་འཁོར་ཚབ་ཨང་།
ཅིནD(晋D)
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར།
སྦྲག་སྲིད་ཨང་རྟགས།
047400
ཡུལ་སྐད།
ཅིན་སྐད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་ཧྭ་མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོར)ཟླ11པར་ཕིན་ཧྲུན་རྫོང་ནི་ཐའེ་ཧང་ས་ཁུལ་གསུམ་གྱི་ཁོངས་སུ་བསྒྱུར།     

ཀྲུང་ཧྭ་མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པའི(སྤྱི་ལོ1946ལོར)ཟླ6པར་ཐའེ་ཧང་ཀྲོན་ཆུས་གཉིས་པར་བསྒྱུར།     

ཀྲུང་ཧྭ་མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོར)ཟླ་དང་པོར་ཐའེ་ཧང་ས་ཁུལ་གྱི་ཁོངས་སུ་བསྐྱར་དུ་གཏོགས།     

ཀྲུང་ཧྭ་མིན་གོའི་སྲིད་ལོ་སུམ་ཅུ་སོ་བརྒྱད་པའི(སྤྱི་ལོ1949ལོར)ཟླ9པར་ཕིན་ཧྲུན་རྫོང་ནི་ཁྲང་ཀྲི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1959ལོའི་ཟླ9པར་ཕིང་ཧྲུན་རྫོང་བསྐྱར་དུ་བཙུགས་པ་དང་སྔར་བཞིན་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་གྱི་ཁོངས་སུ་གཏོགས་ཡོད།     

སྤྱི་ལོ1967ལོར་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་དེ་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་དུ་བསྒྱུར་ཞིང་ཕིན་ཧྲུན་རྫོང་ཁོངས་སུ་གཏོགས།     

སྤྱི་ལོ1985ལོའི་ཟླ5པར་ཧྲན་ཞིའི་ཤར་ལྷོའི་ས་ཁུལ་ཕྱིར་འཐེན་དང་ས་ཁུལ་རིམ་པའི་ཁྲང་ཀྲི་གྲོང་ཁྱེར་འཛུགས་རྒྱུ་བྱས།

སྤྱི་ལོ2014ལོའི་བར་ཕིང་ཧྲུན་རྫོང་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ7 སྡེ་ཁུལ3 སྲིད་འཛིན་གྲོང་ཚོ262བཅས་ཡོད། 

2 ས་ཁམས་ཁོར་ཡུག   
2_1 གནས་ཡུལ།

ཕིང་ཧྲུན་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ཁྲང་ཀྲི་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། བྱང་ཕྱོགས་ནི་ལི་ཁྲེང་རྫོང་དང་ཧོ་པེ་ཞིང་ཆེན་གྱི་རྫོང་དང་འབྲེལ་ཞིང་ནུབ་ཕྱོགས་ནི་ཁྲང་ཀྲི་གྲོང་ཁྱེར་གྱི་ལུའུ་ཀྲོའུ་ཁུལ་དང་ལུའུ་ཁྲེང་ཁུལ་དང་འབྲེལ་ཡོད། ལྷོ་རྒྱུད་དང་ནུབ་རྒྱུད་ནི་ཧུའུ་ཀོན་རྫོང་དང་ཤར་ངོས་ཧོ་ནན་ཞིང་ཆེན་ལིན་ཀྲོའུ་གྲོང་ཁྱེར་དང་འབྲེལ་ཡོད། རྫོང་ཁོངས་དེ་ཤར་གྱི་གཞུང་ཐིག113°11′45″—113°44′04″བར་དང་བྱང་གི་འཕྲེད་ཐིག35°56′37″—36°27′44″བར་དུ་གནས། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ་53ཙམ་དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ45ཙམ་ཡོད་ལ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1510.3ཟིན།

2_2 ས་དབྱིབས།    

ཕིང་ཧྲུན་རྫོང་ནི་ཐའེ་ཧང་རི་བོའི་ལྷོ་སྣེའི་ཧྲང་ཏང་གཞོང་སའི་མཐའ་རྒྱུད་དུ་གནས་པ་དང་དཔེ་མཚོན་གྱི་རྡོ་ཐལ་བྲག་སྐམ་རི་ཁུལ་ཡིན་ཞིང་། སྤྱིའི་ཆ་ནས་ས་བབ་ཤར་ལྷོ་དང་ནུབ་བྱང་དམའ། རི་ཁུལ་ནི་ཤར་ལྷོ་ནས་ནུབ་བྱང་ཕྱོགས་སུ་བསྲིངས་ཡོད་ལ་ཤར་ལྷོའི་རྒྱུད་ནི་རི་མཐོ་གཡང་གཟར་ཡིན་པ་དང་གྲོང་རྡལ་ཁོངས་ཀྱི་ཧྥུང་ཙེ་ལིང་ནི་ཕིང་ཧྲུན་རྫོང་གི་རི་བོ་མཐོ་ཤོས་ཡིན་པ་དང་ས་བབ་མཐོ་ཚད་སྨི1876ཟིན་ཡོད། བྱང་རྒྱུད་ཀྱི་རི་བོ་སྣོལ་མར་གནས་པ་དང་ལུང་ཤུར་གྱི་གཏིང་རིང་ལུང་ཁུག་ཏུ་གནས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྫ་ཆུ་གཙང་པོར་ཕྱིར་གཏོང་ཁུལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི380ཟིན་པ་དེ་ས་ཁོངས་ཡོངས་ཀྱི་དམའ་ཤོས་ཡིན་པ་དང་རྫོང་ཁོངས་ཀྱི་ནུབ་རྒྱུད་ནི་ཧྲང་ཏང་གཤོང་ས་དང་ཐག་ཉེ་ལ། མང་ཆེ་བ་ནི་ཐང་ཡིན་ཞིང་ཁོད་སྙོམས་པ།དབུས་རྒྱུད་ནི་རི་མ་ཐང་ཡིན་པ་དང་ས་བབ་མཐོ་ཚད་སྤྱིར་བཏང་སྨི1200ནས1500བར་ཡིན།  

3 མི་གྲངས།

སྤྱི་ལོ2014ལོའི་ལོ་མཇུག་བར་ཕིང་ཧྲུན་རྫོང་གི་དུད་ཚང་བསྡོམས་འབོར57728དང་ཐེམ་ཐོའི་མི་འབོར154970ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར20705དང་ཞིང་ལས་མི་འབོར134265ཡོད་པ་རེད། ལོ18མན་གྱི་མི་འབོར28780ཟིན་པ་དེས་སྤྱིའི་མི་འབོར་གྱི18.57%བཟུང་ལོ18ནས35བར་གྱི་མི་འབོར41187ཡོད་པ་དེས་སྤྱིའི་མི་འབོར་གྱི26.58%བཟུང་། ལོ35ནས60བར་གྱི་མི་འབོར58673ཟིན་པ་དེས་སྤྱིའི་མི་འབོར་གྱི37.86%བཟུང་། ལོ60ཡན་གྱི་མི་འབོར26330ཡོད་པ་དེས་སྤྱིའི་མི་འབོར་གྱི16.99%བཟུང་ཡོད། སྤྱི་ལོ2014ལོ་ཧྲིལ་པོར་མི1173སྐྱེས་པ་དང་སྐྱེས་ཚད7.55%ཟིན། མི707ཚེ་ལས་འདས་པ་དང་ཚེ་ལས་འདས་ཚད4.55%ཟིན་ནས་རང་བྱུང་འཕར་ཚད་ནི3.00དང་། སྐྱེས་པའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་ནི105.07ཡིན། 

4 དཔལ་འབྱོར།

ཕིང་ཧྲུན་རྫོང་ནི་སྲོལ་རྒྱུན་གྱི་ཞིང་ལས་རྫོང་ཞིག་ཡིན་ཞིང་དུས་རབས20པའི་ལོ་རབས80པའི་གོང་དུ་ཞིང་ལས་ཀྱིས་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད། ལོ་རབས80པའི་རྗེས་སུ་གཏེར་འདོན་ལས་རིགས་དང་བཟོ་སྐྲུན་ལས་རིགས། ཆུ་ཤུགས་གློག་འདོན་བཅས་རིམ་བཞིན་འཕེལ་རྒྱས་བྱུང་ནས་ལྕགས་གཏེར་སྔོག་འདོན་འདེམས་བསྐོའི་ལས་རིགས་དེ་དཔལ་འབྱོར་གྱི་ཀ་རྟེན་དུ་གྱུར་ཡོད། དུས་རབས21པར་སླེབས་རྗེས་ཡུལ་སྐོར་ལས་རིགས་དར་རྒྱས་བྱུང་། སྤྱི་ལོ2015ལོར་ཕིང་ཧྲུན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར20.6045ལེགས་གྲུབ་བྱུང་བ་དང་། འགྱུར་མེད་རིན་གོང་སྤྱི་ལོ2014ལོ་ལས4.4%འཕར་ལ་ད་ལྟའི་རིན་གོང་སྤྱི་ལོ2014ལོ་ལས་ཅུང་ཆག ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི11:39:50ཡིན་ཞིང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར36.5799བཏང་བ་དེ་སྤྱི་ལོ2014ལོ་ལས16.5%འཕར། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་ཁྲི9626ཟིན་པ་དེ་སྤྱི་ལོ2014ལོ་ལས11.85%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19505ཟིན་པ་དེ་སྤྱི་ལོ2014ལོ་ལས8.2%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5054ཟིན་པ་དེ་སྤྱི་ལོ2014ལོ་ལས8.0%འཕར།     

4_1 ཐོན་ལས་དང་པོ།   

ཕིང་ཧྲུན་རྫོང་གི་རང་བྱུང་ཁོར་ཡུག་ཞན་པ་དང་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཞིང་ལས། ནགས་ལས། འབྲོག་ལས་ཐོན་སྐྱེད་ཀྱི་ཆུ་ཚད་ཧ་ཅང་དམའ། དུས་རབས20པའི་ལོ་རབས50པར་ཞིང་ལས་མཉམ་ལས་ཅན་དུ་འགྱུར་བའི་དུས་སྐབས་སུ། ཝུའུ་ཧོའུ་ལི་དང་ལི་ཧྲུན་ཏ། ཀུའོ་ཡུས་ཨེན། ཧྲེན་ཅི་ལན་བཅས་ཀྱིས་མཚོན་པའི་སྔོན་ཐོན་དཔེ་བཟང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ས་རྒོད་སློག་པ་དང་ཤིང་འཛུགས་པ། ཆུ་རགས་རྒྱག་པ་བཅས་བྱས་པས་ཞིང་ལས། ནགས་ལས། འབྲོག་ལས་གསུམ་གྱི་ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་། དུས་རབས20པའི་ལོ་རབས80པར་ཞིང་ལས་ས་ཁུལ་དབྱེ་འབྱེད་བྱས་པ་དང་རྫོང་ཡོངས་སུ་ཞིང་ལས་ཁུལ3དུ་བགོས་ཏེ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་བཏང་། དེའི་ནང་ཤར་ལྷོའི་རི་ཁུལ་གྱི་ནགས་འབྲོག་སྨན་རྩྭའི་ཞོག་ཁོག་རིགས་ཀྱི་རི་རྒོད་རྒྱ་ཁྱོན་ཆེ་བ་དང་། གནམ་གཤིས་གྲང་ངར་ཆེ་བ། གཙོ་བོ་ནགས་བཟོ་དང་རྩྭ་འདེབས་རྒྱུ་འཕེལ་རྒྱས་གཏོང་བ། སྨན་རྒྱུ་དང་ཞོག་ཁོག་རིགས་ཐོན་སྐྱེད་བྱེད་པ། བྱང་རྒྱུད་ཀྱི་ལུང་གཞུང་གི་ཤིང་རིགས་འབྲུ་སྣུམ་ཁུལ་ས་བབ་དམའ་བ་དང་གནམ་གཤིས་དྲོ། ཆུ་ཁུངས་འཛོམས་པས་ཤིང་རིགས་ཀྱི་པད་ཁ་གཙོ་གནད་དུ་འཕེལ་རྒྱས་གཏོང་བ་དང་ནུབ་རྒྱུད་ས་ཁུལ་གྱི་འབྲུ་སྣུམ་དང་ཤིང་ཏོག་ཁུལ་གྱི་གནམ་གཤིས་འཇམ་པ་དང་ས་རིམ་མཐུག། རྨོ་འདེབས་ཀྱི་ཆ་རྐྱེན་ལེགས་པ་བཅས་ཡོད་པས་འབྲུ་སྣུམ་འདེབས་འཛུགས་བྱ་རྒྱུ་གཙོ་བོར་བྱེད་པ་ནི་ཕིང་ཧྲུན་རྫོང་གི་འབྲུ་རིགས་ཐོན་ཁུལ་གཙོ་བོ་དེ་རེད། སྤྱི་ལོ2014ལོར་ཕིང་ཧྲུན་རྫོང་གི་ཐོན་ལས་དང་པོའི་ཐོན་འབབ་བསྡོམས་འབོར་སྒོར་དུང་ཕྱུར5.47ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས1.9%འཕར་བ་དང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར2.10ཟིན་པ་དེ་སྤྱི་ལོ2013ལོ་ལས1.5%འཕར་བ་དང་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.805ཟིན་པ་དེ་སྤྱི་ལོ2013ལོ་ལས4.11%(ད་ལྟ་སྤྱོད་བཞིན་པའི་རིན་གོང)འཕར་ཡོད། 

4_2 ཐོན་ལས་གཉིས་པ།

ཕིན་ཧྲུན་རྫོང་གི་བཟོ་ལས་འགོ་ཚུགས་པ་ཅུང་འཕྱི་ལ་དུས་རབས20པའི་ལོ་རབས80པའི་སྔོན་དུ། སྟབས་བདེ་རགས་གཉེར་ཅན་གྱི་ལག་ཤེས་བཟོ་ལས་ཀྱི་ཐོན་སྐྱེད་མང་ཆེ་བ་ཟིན་ཡོད་པ་དང་། བཟོ་ལས་ཀྱི་རྨང་གཞི་ཞན་པ་དང་ལག་རྩལ་ཤེས་ལྡན་མི་སྣ་དཀོན་པ་རེད། ལོ་རབས80པའི་རྗེས་སུ་གཏེར་འདོན་ལས་རིགས་དང་བཟོ་སྐྲུན་ལས་རིགས། ཆུ་ཤུགས་གློག་འདོན་བཅས་རིམ་བཞིན་གཞི་ཁྱོན་ཆགས་ཡོད། དཔལ་འབྱོར་ཡོངས་བཤེར་ཐེངས་གསུམ་པའི་གཞི་གྲངས་ལ་གཞིགས་ན། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཕིན་ཧྲུན་རྫོང་དུ་བཟོ་ལས་ཁེ་ལས་ཀྱི་ཁྲིམས་མིའི་སྡེ་ཚན132ཡོད་པ་དེ་སྤྱི་ལོ2008ལོའི་ལོ་མཇུག་དང་བསྡུར་ན42.86%མར་ཆག་ཡོད། ལས་ཞུགས་མི་སྣ3624ཡོད་པ་དེ་སྤྱི་ལོ2008ལོའི་ལོ་མཇུག་ལས52.54%མར་ཆག་ཡོད། བཟོ་ལས་ཁེ་ལས་ཀྱི་ཁྲིམས་ཚན་ཚན་པ་ཚང་མ་རྒྱལ་ནང་གི་མ་འཇོག་ཁེ་ལས་ཡིན་པ་དེའི་ནང་གཞུང་ཁོངས་ཁེ་ལས9ཡོད་པ་དེས་ཁེ་ལས་ཡོངས་ཀྱི6.82%བཟུང་བ་དང་མཉམ་སྡེབ་ཁེ་ལས11ཡོད་པ་དེས8.33%བཟུང་། སྒེར་གཉེར་ཁེ་ལས90ཡིས68.18%བཟུང་བ་བཅས་རེད། སྤྱི་ལོ2013ལོ་ནས་བཟུང་ངར་ལྕགས་ལས་རིགས་ཆག་པའི་ཤུགས་རྐྱེན་ཐེབས་ནས་ཕིན་ཧྲུན་རྫོང་གི་བཟོ་ལས་དཔལ་འབྱོར་རྒྱུན་མཐུད་ངང་ཆག་ཡོད་ལ། སྤྱི་ལོ2014ལོའི་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར10.1017ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས16.9%འཕར་ཡོད་ལ། དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར9.6377ཟིན་པ་དེ་སྤྱི་ལོ2013ལོ་ལས་བརྒྱ་ཆའི་གྲངས13.1མར་ཆག་པ་དང་རིན་གོང་གི་རྒྱུ་རྐྱེན་ཕུད་རྗེས16.4%འཕར་བ་དང་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི4640ཟིན་པ་དེ་སྤྱི་ལོ2013ལོ་ལས30%འཕར་ཡོད། སྤྱི་ལོ2015ལོའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར7.385ཟིན་པ་དེ་སྤྱི་ལོ2014ལོ་ལས1.1%མར་ཆག

4_3 ཐོན་ལས་གསུམ་པ།

སྤྱི་ལོ2014ལོར་ཕིང་ཧྲུན་རྫོང་གི་ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི9.7191ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས0.8%འཕར་ཡོད་ལ། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉར་སྦྲག་སྲིད་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.618ཟིན་པ་དང་སྡེབ་ཚོང་ལས་རིགས་ལ་སྒོར་ཁྲི2150ཟིན། སིལ་ཚོང་ལས་རིགས་ལ་སྒོར་ཁྲི2794དང་ཞག་སྡོད་ལས་རིགས་ལ་སྒོར་ཁྲི1531ཟིན། བཟའ་བཏུང་ལས་རིགས་ལ་སྒོར་ཁྲི2826དང་དངུལ་རྩའི་ལས་རིགས་ལ་སྒོར་དུང་ཕྱུར1.2661བྱུང་། ས་ཁང་བདག་ཁོངས་ཐོན་ལས་ལ་སྒོར་དུང་ཕྱུར1.0871དང་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་སྒོར་དུང་ཕྱུར1.3426ཟིན། ཁེ་གཉེར་རང་བཞིན་མིན་པའི་ཞབས་ཞུའི་ལས་རིགས་ལ་སྒོར་དུང་ཕྱུར3.0357ཟིན་པ་བཅས་རེད། སྤྱི་ལོ2015ལོར་དཔལ་འབྱོར་དར་རྒྱས་མེད་པའི་ཁོར་ཡུག་ཆེན་པོའི་འོག་ཕིང་ཧྲུན་རྫོང་གི་ཐོན་ལས་གསུམ་པ་འཕེལ་རྒྱས་ཕྱིན་ནས་རིན་ཐང་འཕར་མ་སྒོར་དུང་ཕྱུར10.3565ཟིན་པ་དེ་སྤྱི་ལོ2014ལོ་ལས8.5%འཕར་བ་དང་དཔལ་འབྱོར་བརྒྱ་ཆའི་གྲངས3.1འཕར་རྒྱུར་སྐུལ་ཁྲིད་ཐུབ་ནས་དཔལ་འབྱོར་འཕར་བདེ་ཡོང་བའི་སྒུལ་ཤུགས་གཙོ་བོ་ཞིག་རེད། 

5 སློབ་གསོའི་བྱ་གཞག

མིང་ཅ་ཅིན་ལོ་བརྒྱད་པ(སྤྱི་ལོ1529ལོར)ཕིང་ཧྲུན་རྫོང་དུ་ཕོ་བྲང་བཙུགས་ཤིང་མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ། རྫོང་ནང་དུ་སྒེར་བཙུགས་སློབ་གྲྭ་དང་འོས་དོན་རིག་པ། སྤྱི་ཚོགས་རིག་པ། དཔེ་ཁང་སོགས་བཙུགས་ཡོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་མི་སེར་གྱི་དུས་འགོར་ཕོ་བྲང་མེད་པར་བཟོས་པ་དང་འོས་དོན་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གྲྭ་རུ་བསྒྱུར། དཔེ་ཁང་མཐོ་རིམ་སློབ་ཆུང་ཞེས་པར་བསྒྱུར། སྤྱི་ལོ1912ལོར་རྫོང་གིས་བཙུགས་པའི་མཐོ་རིམ་སློབ་ཆུང་དང་པོ་དང་སྤྱི་ལོ1919ལོར་དགེ་འོས་ཁྲིད་སྦྱོང་ཁང་བཙུགས། དུས་རབས20པའི་ལོ་རབས30པར་སླེབས་སྐབས་རྫོང་ཡོངས་ཀྱི་དམའ་རིམ་སློབ་ཆུང་མང་ཤོས་སུ107ཡོད་པ་རེད། འཇའ་འགོག་དམག་འཁྲུག་གི་སྐབས་སུ་འཇའ་འགོག་དམངས་གཙོའི་སྲིད་དབང་གིས་སློབ་ཆུང་སློབ་གསོ་ཁྱབ་གདལ་དང་། “ངེས་མེད་རྒོལ་རྡུང་སློབ་གཉེར”ལག་བསྟར་བྱས་ཤིང་། སྤྱི་ལོ1947ལོ་ནས་སྤྱི་ལོ1949ལོའི་བར་ཕིན་ཧྲུན་རྫོང་དུ་སྟབས་བདེའི་དགེ་འོས་སློབ་གྲྭ་གཉེར། སྤྱི་ལོ1949ལོར་རྫོང་ཡོངས་སུ་དམའ་རིམ་སློབ་ཆུང189ཡོད་ལ། སྤྱི་ལོ1952ལོར་ཕིན་ཧྲུན་སློབ་འབྲིང་དང་སྤྱི་ལོ1955ལོར་རྫོང་འཕྲོད་བསྟེན་སློབ་གྲྭ སྤྱི་ལོ1956ལོར་བུ་བཅོལ་ཁང་། སྤྱི་ལོ1956ལོ་ནས་སྤྱི་ལོ1958ལོའི་བར་ཡུལ་ཚོ་དང་གྲོང་རྡལ་གྱི་དམའ་རིམ་སློབ་འབྲིང4 སྤྱི་ལོ1983ལོར་ཕིང་ཧྲུན་སློབ་འབྲིང་གཉིས་པ་དང་རྫོང་ཞིང་ལས་ལས་རིགས་སློབ་འབྲིང་བཅས་བཙུགས་པ་དང་། སློབ་ཆུང493བར་མང་དུ་ཕྱིན་པ་དང་དེ་རྗེས་གྲངས་འབོར་རྒྱུན་ཆད་མེད་པར་ཉུང་དུ་ཕྱིན་ཡོད། སྤྱི་ལོ1984ལོར་ཡིག་རྨོངས་སེལ་བ་དང་སློབ་གྲྭ་འབྲིང་ཆུང་གི་མཚུན་ཁང་དང་ལྷ་ཁང་བཅས་སུ་སྡོད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། 

6 རིག་གནས་ལས་རིགས།     

སྤྱི་ལོ1937ལོར་ཕིང་ཧྲུན་རྫོང་གི་བློས་གཏོང་མནའ་འབྲེལ་ཚོགས་པས་ཆེད་ལས་ཟློས་གར་ཚོགས་པ་ཐོག་མར་བཙུགས་ཤིང་། རི་འགོག་དམག་འཁྲུག་སྐབས་ཀྲུང་གུང་ཐའེ་ཧང་ལྗོངས་ཏང་ཨུད་ཀྱིས་ཕིང་ཧྲུན་མངའ་ཁོངས་སུ《ཉིན་རེའི་ཚགས་པར》དང《མི་དམངས་ཚགས་པར》གཉེར་བ་དང་། ཕིང་ཧྲུན་རྫོང་གི་རི་འགོག་དམངས་གཙོའི་སྲིད་གཞུང་གིས་ཕིང་ཧྲུན་རྫོང་གི་ཞིང་པའི་ཟློས་གར་ཚོགས་པ་བཙུགས་ཤིང་སྤྱི་ལོ1944ལོར་ཕིན་ཧྲུན་རྫོང་དམངས་ཚོགས་སློབ་གསོ་ཁང་བཙུགས། སྤྱི་ལོ1945ལོར་རྫོང་མི་དམངས་ཀྱི་གར་སྟེགས་བསྐྲུན་ཞིང་སྤྱི་ལོ1947ལོར་དམངས་ཚོགས་སློབ་གསོ་ཁང་དེ་རིག་སློབ་ཁང་ཞེས་པར་བསྒྱུར། སྤྱི་ལོ1949ལོའི་ཟླ4པར་ཡང་མི་དམངས་རིག་གནས་ཁང་ཞེས་པར་བསྒྱུར། ལོ་རབས50པའི་དུས་འགོར་རྫོང་ཡོངས་སུ་གྲོང་གསེབ་ཀྱི་སྤྲོ་སྐྱིད་ཁང200ལྷག་ཙམ་བཙུགས་པ་རེད། སྤྱི་ལོ1956ལོར་རྫོང་རླུང་འཕྲིན་ས་ཚིགས་བཙུགས། སྤྱི་ལོ1958ལོར་ཀུང་ཧྲེ་སོ་སོས་རིག་གནས་དྲིལ་བསྒྲགས་ས་ཚིགས་བཙུགས། སྤྱི་ལོ1964ལོར་ཕིང་ཧྲུན་རྫོང་ཧྲང་ཏང་ལའོ་ཙི་ཟློས་གར་ཚོགས་པ་བཙུགས། སྤྱི་ལོ1979ལོར་རྫོང་དཔེ་མཛོད་ཁང་བཙུགས། སྤྱི་ལོ1982ལོར་རྫོང་གློག་བརྙན་ཁང་བསྐྲུན། སྤྱི་ལོ2014ལོར་ཕིང་ཧྲུན་རྫོང་དུ་སྤྱི་པའི་དཔེ་མཛོད་ཁང1ཡོད་པ་དང་དེབ་ཁྲི6ཉར་ཡོད། རིག་གནས་ཁང1དང་འཁྲབ་སྟོན་ཐེངས26དང་འགྲེམས་སྟོན་ཐེངས3བྱས། སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1དང་ལས་བཟོ50ཡོད་ལ་འཁྲབ་སྟོན་ཐེངས445བྱས། ལྟད་མོ་བ་མི་ཐེངས་ཁྲི18ཟིན་ནས་སྤྱིའི་ཡོང་འབབ་སྒོར་ཁྲི134ཟིན། གློག་བརྙན་ཁང1དང་གློག་བརྙན་སྟོན་པའི་ཚན་པ12 གློག་བརྙན་སྟོན་ཐེངས3144 ལྟད་མོ་བ་མི་ཐེངས་ཁྲི42བཅས་ཡོད། ཁ་ལOKཚོམས་ཆེན2དང་དྲ་ཁང3ཡོད། རླུང་འཕྲིན་དང་བརྙན་འཕྲིན་གཏོང་བའི་སྒྲིག་གཞི1དང་སྐུད་ཡོད་རླུང་འཕྲིན་དང་བརྙན་འཕྲིན་སྤྱོད་མཁན་ཁྲི1.57ཡོད། སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང7610དང་རླུང་འཕྲིན་ཁྱབ་ཚད94.34% བརྙན་འཕྲིན་ཁྱབ་ཚད93.48% སྐུད་ཡོད་བརྙན་འཕྲིན་ཁྱབ་ཚད20%བཅས་ཟིན།

7 སྨན་བཅོས་འཕྲོད་བསྟེན།

ཕིང་ཧྲུན་རྫོང་ནི་སྐམ་སའི་དབུས་ཁུལ་གྱི་རི་ཁུལ་དུ་གནས་པ་དང་ས་ཆུའི་ནང་དུ་ཏེན་འདུས་ཚད་ཅུང་དམའ། ལོ་རྒྱུས་ཐོག་ས་གནས་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་སྐྲངས་པ་དང་ཁེ་ཏིང་ནད་ཐོན་མང་བའི་ས་ཁུལ་ཡིན། རྫོང་ནང་དུ་དངོས་པོའི་བྱེ་བྲག་གི་སྨན་ཚོང་ཁང་ངམ་ཡང་ན་སྨན་ཁང་ཁ་ཤས་ཡོད། སྤྱི་ལོ1949ལོའི་ཟླ9པར་ཕིན་ཧྲུན་རྫོང་འཕྲོད་བསྟེན་ཁང་བཙུགས་པ་དང་སྤྱི་ལོ1950ལོར་ཕིན་ཧྲུན་རྫོང་མི་དམངས་སྨན་ཁང་ཞེས་པར་མིང་བསྒྱུར། སྤྱི་ལོ1954ལོར་རྫོང་ཡོངས་ཀྱི་ཆུས7ཚང་མར་འཕྲོད་བསྟེན་ཁང་བཙུགས། སྤྱི་ལོ1969ལོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་ལག་བསྟར་བྱས། སྤྱི་ལོ1973ལོར་ཡུལ་ནད་འགོག་བཅོས་མགོ་ཁྲིད་ཚན་ཆུང་བཙུགས་ཤིང་། སྤྱི་ལོ1976ལོར་རྫོང་འཕྲོད་བསྟེན་རིམས་འགོག་ས་ཚིགས་བཙུགས། ལོ་རབས80པ་ནས་བཟུང་ཡུལ་ནད་ཕོག་ཚད་མངོན་གསལ་དོད་པོས་ཆགས་ཡོད། སྤྱི་ལོ1982ལོར་རྫོང་མ་བུ་བདེ་སྲུང་ས་ཚིགས་བཙུགས། སྤྱི་ལོ2006ལོ་ནས་བཟུང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ལག་བསྟར་བྱེད་འགོ་བརྩམས། སྤྱི་ལོ2014ལོར་ཕིང་ཧྲུན་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི295ཡོད་པའི་ནང་སྨན་ཁང2དང་བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་སྨན་ཁང1 ཤང་གྲོང་འཕྲོད་བསྟེན་ཁང12 སྨན་བཅོས་ཁང(འཕྲོད་བསྟེན་སུའུ)4 གྲོང་ཚོའི་འཕྲོད་བསྟེན་ཁང268 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས1 འཕྲོད་བསྟེན་ལྟ་སྐུལ་ཁང1 ཉལ་ཁྲི་655སྒྲིག་བཟོ་བྱས་པ་དང་དངོས་སུ་ཉལ་ཁྲི557ཡོད། ལས་ཞུགས་མི་སྣ821ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ183དང་ལས་གཉེར་ལས་རོགས་སྨན་པ64 ནད་གཡོག106གྲོང་གསེབ་ཀྱི་སྨན་པ317བཅས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་བྱེད་ལམ་གསར་པའི་ནང་ཞུགས་མཁན་མི་གྲངས125636ཟིན་ནས་མཉམ་ལས་སྨན་བཅོས་ནང་ཞུགས་ཚད99.99%ཟིན་པ་དང་ཁ་གསབ་དངུལ་སྒོར་ཁྲི3983.03སྤྲད། 

དཔྱད་གཞིའི་ཡིག་ཆ།