ལི་ཁྲེང་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-24 14:58ལ་འགྲུབ།

ལི་ཁྲེང་རྫོང་།

ལི་ཁྲེང་རྫོང་།
ལི་ཁྲེང་རྫོང་ནི་ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཡིན་ཞིང་།སྤྱི་ལོ 2012ལོར་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1101ཡོད་ཅིང་། མི་འབོར་བསྡོམས་འབོར་ཁྲི15.96ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི12.3དང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི24.9ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黎城县
མི་གྲངས།
ཁྲི15.96
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཡུལ་སྐད།
ལི་ཁྲེང་སྐད།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར།
ནམ་ཟླ།
བྱང་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0355
རླངས་འཁོར་ཚབ་ཨང་།
ཅིནD(晋D)
སྦྲག་སྲིད་ཨང་རྟགས།
047600
སྲིད་འཛིན་ཚབ་ཨང་།
140426
1 ​ས་ཁམས་ཁོར་ཡུག
1_1 གནས་ཡུལ།

ལི་ཁྲེང་རྫོང་ནི་ཁྲང་ཀྲི་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་ཤར་གྱི་གཞུང་ཐིག113°21′བར་དང་བྱང་གི་འཕྲེད་ཐིག36°30′ར་དུ་གནས། ཤར་དུ་ཧོ་པེའི་རྫོང་དང་འབྲེལ་བ་ཡོད་པ་དང་ལྷོ་རུ་ཕིན་ཧྲུན་དང་ལུའུ་ཁྲེང་དང་འབྲེལ། ནུབ་ཏུ་ཞང་ཡོན་དང་ཝུའུ་ཞང་དང་འབྲེལ། བྱང་མཚམས་ཅིན་ཀྲུང་ཙུའོ་ཆོན་དང་ཧོ་ནན་ལིན་ཀྲོའུ་དང་ཁྱིམ་མཚེས་ཡིན།     

1_2 ས་དབྱིབས།   

ལི་ཁྲེང་རྫོང་ནི་ཐའེ་ཧང་རི་བོའི་ཤར་ལྷོའི་མཚམས་སུ་གནས་པ་དང་ས་སེར་མཐོ་སྒང་གི་ཆ་ཤས་ཡིན། ཆགས་རིམ་འབྲིང་གྲས་ཀྱི་བསླད་གཏོང་རི་ཁུལ་གཙོ་བོ་ཡིན་ཞིང་། རྫོང་དེ་ནི་ཕྱོགས་བཞི་ཕྱོགས་བཞི་རི་བོས་བསྐོར་བ་དང་དཀྱིལ་དམའ། རི་མང་ལ་ས་དབྱིབས་རྙོག་འཛིང་ཆེ་བ་བཅས་ཡིན་ཞིང་། རྫོང་གི་མངའ་ཁོངས་ནི་ནུབ་བྱང་མཐོ་ཞིང་ཤར་ལྷོ་དམའ། ཆེས་མཐོ་བའི་རྩེ་མོར་ས་བབ་མཐོ་ཚད་མཚོ་ངོས་ལས་སྨི2020ལོའི་ཡིན་པ་དང་། ལི་ཁྲེང་རྫོང་གི་རི་ཁུལ་གྱིས་སྤྱིའི་རྒྱ་ཁྱོན་གྱི58%ཟིན་པ་དང་དེའུ་འབུར་གྱིས་སྤྱིའི་རྒྱ་ཁྱོན་གྱི31% བཅས་ཟིན་ཡོད།   

1_3 ནམ་ཟླ། 

ལི་ཁྲེང་རྫོང་ནི་དཔེ་མཚོན་གྱི་བྱང་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ལ་ལོ་རེའི་ཆ་སྙོམས་དྲོད་ཚད10.4℃ཡིན་པ་དང་ལོ་རེའི་ནུས་ལྡན་དྲོད་ཚད3583.8℃ཡིན། ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི547དང་སད་མེད་པའི་དུས་ཡུན་ཉིན180ཡས་མས་ཡིན་པ་དང་ཆེས་རིང་ནའང་ཉིན216ཡིན། ཆེས་ཚ་བའི་ཟླ་བ་ནི་ཟླ་བདུན་པར་(ལོ་རེའི་ཆ་སྙོམས་དྲོད་ཚད23.6℃)ཡིན་པ་དང་ཆེས་འཁྱག་པའི་ཟླ་བ་ནི་ཟླ1པོ(ལོ་རེའི་ཆ་སྙོམས་དྲོད་ཚད4.3℃)དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད519.0mmཡིན།

ཆུ་དཔྱད།

ལི་ཁྲེང་རྫོང་གི་ཆུ་བོ་གཙོ་བོར་ཧའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ནོ་ཀྲང་གཙང་པོ་དང་ཆིང་ཀྲང་གཙང་པོ་གཉིས་ཡིན་ཞིང་། དེ་གཉིས་ལྷོ་བྱང་ནས་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་བརྒྱུད་ཅིང་། ཀུའུ་ཀྲང་གཙང་པོའི་རྒྱུད་དུ་བཞུར་མཁན་གྲས་སུ་ཕིན་ཐོའུ་གཙང་པོ་དང་། ཀྲུང་ཀྲོང་གཙང་པོ། ཡོན་ཀྲོང་ཧོ། ཞའོ་ཏུང་ཆུ་བོ་བཅས་ཡོད་པ་དང་། ཆིན་ཀྲང་གཙང་པོའི་རྒྱུད་དུ་འབབ་མཁན་ལུང་ཝང་མིའོ་ཧོ་དང་ཏ་ནན་ཧོ། པའེ་དགོན་གྱི་ཅའོ་ཧོ། ནན་ཨུའི་ཆོན་ཧོ། པའེ་ཀོན་ཀྲོང་ཧོ། ཡོན་ཧོ་གཙང་པོ། ཞང་ཐབ་ཀྱི་ཅའོ་ཧོ་ཆུ་བོ་བཅས་ཡོད།     

1_4 ས་རྒྱུ།     

ལི་ཁྲེང་རྫོང་གི་ས་རྒྱུ་དེ་ས་རིགས་གཉིས(ཁམ་ནག་དང་སྤང་ལྗོངས)སུ་དབྱེ་ཡོད་པ་དང་ཁུལ་གཉིས་པ་གསུམ་དང་ཁོངས20ཡུལ་རྒྱུད59བཅས་ཡོད་ལ། དེའི་ནང་ས་ཁམ་པ་མང་ཤོས་ཡིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི96.8%བཟུང་ནས་ལི་ཁྲེང་རྫོང་གི་ཤང་གྲོང་ཁག་ཏུ་ཁྱབ་ཡོད། དེ་ནས་སྤང་ས་ཡིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི4.3%བཟུང་བ་དང་ཆིང་ཀྲང་གཙང་པོ་དང་ཀུའུ་ཀྲང་གཙང་པོ། དེ་བཞིན་ཆུ་ལག་བྲག་གཉིས་བཅས་ཀྱི་གཙང་གྲམ་དང་རིམ་པ་དང་པོའི་ས་རིམ་དུ་ཁྱབ་ཡོད། 

2 མི་འབོར་དང་མི་རིགས།   
2_1 མི་འབོར།     

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལི་ཁྲེང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི15.96ཟིན་པ་དེ་སྤྱི་ལོ2011ལོ་ལས་མི་ཁྲི0.0321འཕར་བ་དང་སྐྱེས་པའི་མི་འབོར་ཁྲི8.26ཟིན། བུད་མེད་ཀྱི་མི་འབོར་ཁྲི7.70ཟིན་ནས་ཕོ་མོའི་བསྡུར་ཚད(བུད་མེད=100)107.12ཟིན་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད་བརྒྱ་ཆ12.06ཡིན་པ་དང་ཤི་ཚད་བརྒྱ་ཆ6.53དང་རང་བྱུང་འཕར་ཚད་བརྒྱ་ཆ4.52ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད་བརྒྱ་ཆ35.68ཟིན་ཏེ་སྤྱི་ལོ2011ལོ་ལས་བརྒྱ་ཆའི་གཞི་གྲངས1.68འཕར་ཡོད། མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི145ཡོད།     

2_2 མི་རིགས།   

རྒྱ་རིགས་ཀྱི་མི་གྲངས་གཙོ་བོ་ཡིན་ཞིང་སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལི་ཁྲེང་རྫོང་དུ་ཧུའེ་རིགས་དང་སོག་རིགས། མིའོ་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས10ཡོད་ཅིང་ཁྱོན་བསྡོམས་མི35ཡོད།     

3 དཔལ་འབྱོར།

སྤྱི་ལོ2012ལོར་ལི་ཁྲེང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི308064ཡིན་པ་དེ་སྤྱི་ལོ2011ལོ་ལས13.9%འཕར་ཡོད་ལ།     དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི28101ཟིན་པ་དེ་སྤྱི་ལོ2011ལོ་ལས4.6%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི9.1%བཟུང་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི157102ཟིན་པ་དེ་སྤྱི་ལོ2011ལོ་ལས20.0%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད51.0%བཟུང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི122861ཟིན་པ་དེ་སྤྱི་ལོ2011ལོ་ལས8.9%འཕར་ནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད39.9%ཟིན་ཡོད། ཐོན་ལས་གསུམ་པའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་ཁྲི48313ཟིན་པ་དེ་སྤྱི་ལོ2011ལོ་ལས14.8%འཕར་བ་དང་དངུལ་རྩའི་འགན་བཅོལ་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི9321ཟིན་པ་དེ་སྤྱི་ལོ2011ལོ་ལས11.9%འཕར། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི26292ཟིན་པ་དེ་སྤྱི་ལོ2011ལོ་ལས8.6%འཕར་ནས་ཐོན་ལས་ཀྱི་བསྡུར་ཚད་ཐེངས་གསུམ་སྤྱི་ལོ2011ལོའི10.3:49.6:40.1ནས9.1:51.0:39.9བར་ལེགས་སྒྲིག་བྱས།     

3_1 ཐོན་ལས་དང་པོ།     

སྤྱི་ལོ2012ལོར་ལི་ཁྲེང་རྫོང་གི་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང17434.1ཟིན་པ་དེ་སྤྱི་ལོ2011ལོ་ལས3.77%མར་ཆག་པ་དང་སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང168ཟིན་པ་དེ་སྤྱི་ལོ2011ལོ་ལས28.72%མར་ཆག སྔོ་ཚལ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང735ཟིན་པ་དེ་སྤྱི་ལོ2011ལོ་ལས10.80%མར་ཆག་ཡོད། འབྲུ་རིགས་ཐོན་ཚད་ཏུན79757.2ཟིན་པ་དེ་སྤྱི་ལོ2011ལོ་ལས16.26%འཕར་བའི་ནང་དབྱར་ཁའི་དུས་སུ་འབྲུ་རིགས་ཏུན12676.61ཟིན་པ་དེ་སྤྱི་ལོ2011ལོ་ལས12.93%འཕར་བ་དང་སྟོན་ཁའི་དུས་སུ་འབྲུ་རིགས་ཏུན67080.6ཡོད་པ་དེ་སྤྱི་ལོ2011ལོ་ལས16.94%འཕར་བའི་ནང་མ་རྨོས་ལོ་ཏོག་ཏུན58946.52ཡོད་པ་དེ་སྤྱི་ལོ2011ལོ་ལས19.88%འཕར་བ་དང་སྣུམ་རྒྱུ་ཐོན་ཚད་ཏུན258.3ཟིན་པ་དེ་སྤྱི་ལོ2011ལོ་ལས20.37%མར་ཆག སྔོ་ཚལ་ཐོན་ཚད་ཏུན7729.7ཟིན་ནས16.40%མར་ཆག་ཡོད་ལ་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན6258.82ཟིན་པ་དེ་སྤྱི་ལོ2011ལོ་ལས45.39%འཕར། བྱ་སྒོང་ཐོན་ཚད་ཏུན4691.94ཡིན་པ་དེ་སྤྱི་ལོ2011ལོ་ལས3.46%མར་ཆག འོ་མའི་ཐོན་ཚད་ཏུན1138.24ཟིན་པ་དེ་སྤྱི་ལོ2011ལོ་ལས40.92%འཕར། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི48798.1ཟིན་པ་དེ་སྤྱི་ལོ2011ལོ་ལས9.07%འཕར་ཡོད་ལ། དེའི་ནང་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི24529.0ཟིན་པ་དེ་སྤྱི་ལོ2011ལོ་ལས0.49%མར་ཆག་པ་དང་ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི6273.9ཟིན་པ་དེ་སྤྱི་ལོ2011ལོ་ལས6.89%འཕར། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི16883.2ཟིན་པ་དེ་སྤྱི་ལོ2011ལོ་ལས25.42%འཕར། ཉ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི132ཟིན་པ་དེ་སྤྱི་ལོ2011ལོ་ལས175%འཕར། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི980ཟིན་པ་དེ་སྤྱི་ལོ2011ལོ་ལས0.15%འཕར།     

3_2 ཐོན་ལས་གཉིས་པ།   

སྤྱི་ལོ2012ལོའི་ལོ་མཇུག་བར་ལི་ཁྲེང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས15དང་།   སྤྱི་ལོ2012ལོར་ལི་ཁྲེང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་ཁྲི156149.5ཟིན་པ་དེ་སྤྱི་ལོ2011ལོ་ལས25.1%འཕར་བའི་ནང་ཡང་བའི་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི2519.1ཟིན་པ་དེ་སྤྱི་ལོ2011ལོ་ལས0.96%མར་ཆག་པ་དང་ལྕི་བའི་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི153630.4ཟིན་པ་དེ་སྤྱི་ལོ2011ལོ་ལས25.6%འཕར་ཡོད། ཐོན་རྫས་ཕྱིར་འཚོང་བྱེད་ཚད95.67%ཟིན་ནས་ལོ་ཧྲིལ་པོར་བཟོ་ལས་དཔལ་འབྱོར་གྱི་ཕན་འབྲས་ཕྱོགས་བསྡུས་སྟོན་གྲངས83.48ཟིན་པ་དེ་སྤྱི་ལོ2011ལོ་ལས105.02མར་ཆག་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི737228.2ཟིན་པ་དེ་སྤྱི་ལོ2011ལོ་ལས44.0%འཕར། ཁེ་སྤོགས་དཔྱ་ཁྲལ་སྒོར་ཁྲི11402.4མངོན་འགྱུར་བྱུང་བ་དེ་སྤྱི་ལོ2011ལོ་ལས39.3%མར་ཆག་པ་དེའི་ནང་ཁེ་སྤོགས་སྒོར་ཁྲི982.1ཟིན་པ་དེ་སྤྱི་ལོ2011ལོ་ལས82.9%ཆག་པ་དང་ཁྲལ་དངུལ་སྒོར་ཁྲི10420.3བཏང་བ་དེ་སྤྱི་ལོ2011ལོ་ལས20.2%ཆག་ཡོད། གྱོང་གུན་ཕོག་པའི་ཁེ་ལས་ལ་གྱོང་གུན་སྒོར་ཁྲི5275.4ཕོག་པ་དེ་སྤྱི་ལོ2011ལོ་ལས39.9%མར་ཆག  

3_3 ཐོན་ལས་གསུམ་པ། 

སྤྱི་ལོ2012ལོར་ལི་ཁྲེང་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི77598.4ཟིན་པ་དེ་སྤྱི་ལོ2011ལོ་ལས16.9%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི48908.6ཟིན་པ་དེ་སྤྱི་ལོ2011ལོ་ལས17.2%འཕར་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི28689.8ཟིན་པ་དེ་སྤྱི་ལོ2011ལོ་ལས16.3%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི75982.4ཟིན་པ་དེ་སྤྱི་ལོ2011ལོ་ལས18.0%འཕར་བ་དེའི་ནང་བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་ཁྲི1989ཟིན་པ་དེ་སྤྱི་ལོ2011ལོ་ལས24.0%འཕར་ཡོད།     

4 སྤྱི་ཚོགས་ལས་རིགས།     
4_1 རིག་གནས་ལས་དོན།   

སྤྱི་ལོ2012ལོའི་ལོ་མཇུག་བར་ལི་ཁྲེང་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ35དང་རིག་གནས་ཁང1 རྟེན་རྫས་བཤམས་མཛོད་ཁང1 སྤྱི་པའི་དཔེ་མཛོད་ཁང1བཅས་ཡོད་པ་རེད། ལོ་ཧྲིལ་པོར་འགྲེམས་སྟོན་ཐེངས13བྱས་པ་དང་ཐང་ཆེན་གྱི་རིག་གནས་ཐེངས30ལྷག་ཙམ་འཚོགས། དུས་ཆེན་ཆེ་གྲས་ཀྱི་རིག་རྩལ་དྲིལ་བསྒྲགས་བྱེད་སྒོ་ཐེངས5སྤེལ་བ་རེད།   

4_2 སློབ་གསོའི་བྱ་གཞག   

སྤྱི་ལོ2012ལོར་ལི་ཁྲེང་རྫོང་གི་དམའ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭ10ཡོད་པ་དང་ལོ་ཧྲིལ་པོར་སློབ་མ2402དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ7396དང་སློབ་ཐོན་སློབ་མ2206ཡོད་པ་རེད། སློབ་ཆུང་དཀྱུས་མའི་སློབ་གྲྭ133ཡོད་པ་དང་ལོ་ཧྲིལ་པོར་སློབ་མ2413དང་སློབ་གྲྭར་ཡོད་པའི་སློབ་མ13321སློབ་ཐོན་སློབ་མ2529བཅས་བསྡུས་ཡོད། ལས་རིགས་སློབ་འབྲིང་གིས་ལོ་ཧྲིལ་པོར་སློབ་མ178དང་སློབ་གྲྭར་ཡོད་པའི་སློབ་མ648 སློབ་ཐོན་སློབ་མ412 བུ་བཅོལ་ཁང་དུ་བྱིས་པ5318བཅས་བསྡུས་ཡོད།

4_3 ཚན་རྩལ་ལས་རིགས།    

སྤྱི་ལོ2012ལོར་ལི་ཁྲེང་རྫོང་གིས་རིགས་ཁག་གི་ཚན་རྩལ་འཆར་གཞི་ཁག26འདུན་ཞུ་བྱས། ཁེ་བེད་བདག་ཐོབ་རེ་ཞུ་ཁག25ཡོད་པ་དེ་སྤྱི་ལོ2011ལོ་ལས་ཁེ་བེད་བདག་ཐོབ་ཁག7མང་དུ་བཏང་བའི་ནང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཁག16ཡོད་པ་རེད། ལོ་ཧྲིལ་པོར་གྲོང་ཁྱེར་དང་རྫོང་གི་ཞིང་ལས་ལག་རྩལ་ཚོགས་པའི་འགན་གཙང་ལེན་གྱི་བྱ་དགའ་ཁག4དང་དེའི་ནང་ལག་རྩལ་ཁག4ལ་ཞིང་ཆེན་གྱི་ཚན་རྩལ་བྱ་དགའ་ཐོབ་པ་རེད།  

4_4 སྨན་བཅོས་འཕྲོད་བསྟེན།   

སྤྱི་ལོ2012ལོར་ལི་ཁྲེང་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི379ཡོད་པའི་ནང་རྫོང་སྨན་་ཁང1དང་ཀྲུང་ལུགས་སྨན་ཁང1བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སྒྲིག་གཞི1 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1 འཕྲོད་བསྟེན་སློབ་གྲྭ1 འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི1 ཤང་གྲོང་གི་ལྟེ་བའི་འཕྲོད་བསྟེན་ཁང16 བཟོ་གཏེར་དང་ཁེར་རྐྱང་སྨན་བཅོས་ཁང31 ཞེ་ཧོ་སྨན་ཁང1 གྲོང་ཚོའི་འཕྲོད་བསྟེན་ཁང325བཅས་ཡོད་པ་རེད། ནད་ཁྲི561དང་འཕྲོདབསྟེན་ལག་རྩལ་མི་སྣ523ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ259དང་ཐོ་འགོད་བྱས་པའི་ནད་གཡོག་པ122 སྨན་རྫས་མི་སྣ39 ཞིབ་དཔྱད་མི་སྣ་དང་དེ་མིན་གྱི་མི103བཅས་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་མི་གྲངས126290ཡོད་པ་དང་དེའི་ནང་ཞུགས་ཚད99.57%ཟིན་ཡོད། 

4_5 སྤྱི་ཚོགས་འགན་སྲུང་།    

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལི་ཁྲེང་རྫོང་ལས་ཁུངས་ཀྱི་བྱ་གཞག་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི3421དང་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི8515གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི4239གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི71683བཅས་ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི35650ཡོད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས12181དང་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས13174ཟིན་ནས་ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི20600ཡོད། 

4_6 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཁྲང་ཧན་མྱུར་བགྲོད་གཞུང་ལམ་གྱི་ལི་ཁྲེང་ས་ཁོངས་ཀྱི་དུམ་བུ་སྤྱི་ལེ26.043དང་རྒྱལ་ལམ309ལམ་ཐིག་གི་ལི་ཁྲེང་ས་ཁོངས་ཀྱི་དུམ་བུ་སྤྱི་ལེ43.091 རྒྱལ་ལམ207ལམ་ཐིག་གི་ལི་ཁྲེང་ས་ཁོངས་ཀྱི་དུམ་བུ་སྤྱི་ལེ54.6བཅས་ཡོད་པ་རེད། རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ968.176ཟིན་པའི་ནང་རྫོང་ལམ་སྤྱི་ལེ105.481དང་ཤང་ལམ་སྤྱི་ལེ370.674 གྲོང་ཚོའི་གཞུང་ལམ་སྤྱི་ལེ492.021བཅས་ཡོད་པ་རེད། ལི་ཁྲེང་རྫོང་ལ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དུས་གཏན་མེ་འཁོར36དང་སྡོད་ས998ཡོད་པའི་ནང་སྤྱི་སྤྱོད་རླངས་འཁོར15དང་ལས་གཉེར་ལམ་ཐིག11ཉིན་རེར་ཐེངས100ལྷག་ཙམ་ཡོད། ལམ་ཐིག་སྤྱིའི་རིང་ཚད་སྤྱི་ལེ123ཡོད་པ་དང་སྤྱི་སྤྱོད་རླངས་འཁོར་གྱི་དྲ་བ་ཁྱབ་ཚད38%ཟིན་ཡོད་པ་རེད། ལོ་མཇུག་ཏུ་ལི་ཁྲེང་རྫོང་དུ་ཟོག་འདྲེན་རླངས་འཁོར2079དང་སྤྱི་སྤྱོད་རླངས་འཁོར15གླ་གཏོང་རླངས་འཁོར75བཅས་ཡོད་པ་རེད། ས་ཁོངས་ནང་གི་ལྕགས་ལམ་རིང་པོ(ས་ཁོངས་ནང་གི་རིང་ཚད་སྤྱི་ལེ42)དང་། གཞུང་ལམ་རིང་པོ(རྒྱལ་ལམ309ས་ཁོངས་ནང་གི་རིང་ཚད་སྤྱི་ལེ24.44བཅས་ཡོད)ཤར་ལྷོར་བསྐྱོད་ཐུབ།

དཔྱད་གཞིའི་ཡིག་ཆ།