ཅིན་ཐན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-03-24 08:49ལ་འགྲུབ།

ཅིན་ཐན་ཆུས།

ཅིན་ཐན་ཆུས།
ཅིན་ཐན་ཆུས་ནི་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅང་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས། ཤར་ཕྱོགས་ནི་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཝུའུ་ཅིན་ཆུས་དང་འབྲེལ་ཡོད་ལ། ནུབ་ཀྱི་ས་མཚམས་ནི་མའོ་ཧྲན་རི་བོས་བཅད་དེ་ཅུས་རུང་གྲོང་ཁྱེར་དང་མཚམས་འབྲེལ་ཡོད། ལྷོ་ཕྱོགས་ནི་ཐའོ་ཧུའུ་མཚེའུ་ལ་གཏད་ཡོད། བྱང་ཕྱོགས་ནི་ཏན་དབྱང་གྲོང་ཁྱེར་དང་ཀྲེན་ཅང་གྲོང་ཁྱེར་གྱི་ཏན་ཐུའུ་ཆུས་དང་འབྲེལ་ཞིང་། ཅིན་ཐན་ཁུལ་ནི་ཚ་ཁུལ་བྱང་མའི་དུས་རླུང་ཁུལ་གྱི་ནམ་ཟླར་གཏོགས་པ་དང་། དུས་བཞིར་དབྱེ་བ་གསལ་པོ་ཡོད། ཆར་པ་འབེལ་ཞིང་ཉི་འོད་འབེལ་བ། ས་བབ་ནུབ་ནས་ཤར་དུ་གསེག་ཅིང་། ནུབ་རྒྱུད་ནི་དེའུ་འབུར་རི་ཁུལ་ཡིན་པ་དང་། རི་བོ་མཐོ་ཤོས་ཀྱི་མའོ་ཧྲན་རི་བོའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི372.5ཡོད་ལ། ཤར་རྒྱུད་ནི་ས་བབ་དམའ་བའི་བདེ་ཐང་ཡིན། ཅིན་ཐན་གྲོང་ཁྱེར་དེ་སྤྱི་ལོ2015ལོའི་ཟླ4པར་གྲོང་ཁྱེར་ནས་ཆུས་སུ་བཅོས་པ་རེད། ཆུས་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ975.46ཡོད་པའི་ནང་སྐམ་སའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ781.27དང་ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ194.22ཡོད་པ་རེད། ཆུས་ཁོངས་སུ་སྲང་ལམ་གསུམ་དང་གྲོང་རྡལ་ཡོད་པ་དང་། སྤྱི་ལོ2014ལོར་རྒྱུན་སྡོད་མི་འབོར་ཁྲི55.8(ཐེམ་ཐོའི་མི་འབོར་ཁྲི55.34)ཡོད། ཡུལ་སྐད་གཙོ་བོ་ནི་ཝུའུ་སྐད(ནུབ་རྒྱུད་ནི་ཅང་ཧོའེ་གཞུང་ཕྱོགས་ཀྱི་སྐད་ཡིན)ཡིན་པ་དང་། སྤྱི་ལོ2018ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར801.93ལ་མངོན་འགྱུར་བྱུང་ཡོད། ཅིན་ཐན་ཆུས་ནི་སྤྱི་ལོ2017ལོའི་ཀྲུང་གོའི་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་དང་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་བའི་ཆུས་བརྒྱའི་གྲས་སུ་བདམས། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་ནང་ཚུད་ཡོད་པ་རེད། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས་པ་དང་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས་ནས་ཨང་བརྒྱད་ཅུ་པར་སླེབས་ཡོད། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་ཇེ་མཐོ་རུ་གཏོང་པ་དང་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཚན་ཁོངས་སུའང་འདུ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཅིན་ཐན་ཆུས།
རྒྱ་ཡིག་གི་མིང་།
金坛区
ཕྱི་ཡིག་གི་མིང་།
Jintan District
མིང་གཞན།
ཅིན་ཧྲན། ཅིན་ཐན། ལང་ཁྲང་།
སྲིད་འཛིན་ཁོངས་གཏོགས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཆའི་ཅང་སུའུ་ཞིང་ཆེན་གྱི་ཁྲང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་སྲང་གསུམ་དང་གྲོང་རྡལ་དྲུག
སྲིད་གཞུང་སྡོད་གནས།
ཁྲེང་ནུབ་མའི་ཁྲོམ་གཞུང་གི་ཧྭ་དབྱང་ལྷོ་ལམ་ཨང་རྟགས88པར།
ས་ཁོངས་ཁ་པར་ཨང་རྟགས།
0519
སྦྲག་སྲིད་ཨང་རྟགས།
213200
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ975.46
མི་འབོར།
ཁྲི56(སྤྱི་ལོ2016ལོའི་རྒྱུན་སྡོད་མི་གྲངས།)
ཡུལ་སྐད།
ཅིན་ཐན་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
320413
GDP
དམངས་སྒོར་དུང་ཕྱུར801.9(སྤྱི་ལོ2018ལོར།)
རླངས་འཁོར་ཚབ་ཨང་།
苏D
གནམ་གྲུའི་ཐང་།
ཁྲང་ཀྲོའུ་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས། ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས་ནུབ་མ།
1 ​འཕེལ་འགྱུར་ལོ་རྒྱུས།

ཅིན་ཐན་ཆུས་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་ཞིང་། དེ་སྔ་རྡོ་ཆས་སྤྱོད་པའི་དུས་རབས་སུ་མེས་པོ་འཚོ་སྡོད་བྱེད་ཀྱིན་ཡོད།

ཁྲུན་ཆིའུ་དུས་སྐབས་སུ། ཅིན་ཐན་ནི་ཝུའུ་ཡི་མངའ་ཁོངས་སུ་འདུ།    ཀྲན་གོའི་དུས་སྐབས་སུ་ཡུའེ་དང་ཁྲུའུ་ཡིས་བཅད།

ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་གཉིས་ཀྱི་སྐབས་སུ་ཆོས་ཨ་རྫོང་གི་ཁོངས་སུ་བསྡུས།

ཅིན་རྒྱལ་རབས་སྐབས་སུ་ཕྱོགས་གཏོགས་ཡན་ལིན་རྫོང་གི་ཅིན་ཧྲན་ཞང་ཡིན།

སུའེ་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཞིང་པའི་འོས་ལངས་བྱེད་སྐབས་ཞང་གི་མི་རྣམས་ཀྱིས་རང་བཙན་སྒོས་ཅིན་ཧྲན་རྫོང་བཙུགས་པ་རེད།

ཐང་ཝུའུ་ཡི་རྗེས་ཀྱི་ཁྲེའུ་གོང་ལོ་བཞི་པར(སྤྱི་ལོ688ལོར)ཅིན་ཐན་རྫོང་དུ་བསྒྱུར། རྫོང་མིང་ལ་འགྱུར་བ་བྱུང་མེད་མོད། འོན་ཀྱང་ས་ཁོངས་དང་ཁོངས་གཏོགས་ཀྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

སྤྱི་ལོ1949ལོའི་ཟླ4བའི་ཚེས24ཉིན། ཅིན་ཐན་བཅིངས་འགྲོལ་བཏང་ཞིང་། སུའུ་ནན་སྲིད་འཛིན་ཀུང་ཧྲུའུ་ཝུའུ་ཅིན་སྲིད་འཛིན་ཡན་ལག་དམག་ཁུལ་ཁང་གི་ཁོངས་སུ་གཏོགས། ཡུན་རིང་མ་འགོར་བར་ཀྲུང་གོ་ཁྲང་ཀྲོའུ་ཅིན་ཐན་ཀྲོའུ་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1983ལོའི་ཟླ3པར། གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱས་པ་དང་། ཅིན་ཐན་རྫོང་ནི་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1993ལོའི་ཟླ11ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཅིན་ཐན་རྫོང་མེད་པ་བཟོས་ནས་ཅིན་ཐན་གྲོང་ཁྱེར(རྫོང་རིམ་པ)བཙུགས་ཏེ་དེ་སྔའི་རྫོང་སྲིད་འཛིན་ས་ཁོངས་དེ་གྲོང་ཁྱེར་སྲིད་འཛིན་ས་ཁོངས་སུ་བྱས་པ་རེད། ཅིན་ཐན་གྲོང་ཁྱེར་ནི་ཅང་སུའུ་ཞིང་ཆེན་གྱིས་ཐད་སྐྱོང་བྱས། འཆར་གཞི་ལོགས་སུ་བཀོད་པ་དང་། གནས་སྐབས་སུ་ཁྲང་ཀྲོའུ་གྲོང་ཁྱེར་གྱིས་བདག་སྐྱོང་བྱས།

སྤྱི་ལོ2015ལོའི་ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྫོང་རིམ་པའི་ཅིན་ཐན་གྲོང་ཁྱེར་མེད་པ་བཟོས་ནས་ཁྲང་ཀྲོའུ་གྲོང་ཁྱེར་ཅིན་ཐན་ཆུས་འཛུགས་རྒྱུར་མོས་མཐུན་བྱས་པ་རེད།

སྤྱི་ལོ2015ལོའི་ཟླ5ཚེས31ཉིན། ཁྲང་ཀྲོའུ་གྲོང་ཁྱེར་ཅིན་ཐན་ཆུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། 

2 ས་ཁམས་ཁོར་ཡུག

ཅིན་ཐན་ཆུས་ནི་ཅང་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་ཤར་ཕྱོགས་ནི་ཁྲང་ཀྲོའུ་གྲོང་ཁྱེར་གྱི་ཝུའུ་ཅིན་ཆུས་དང་འབྲེལ་ཡོད་ལ། ནུབ་ཀྱི་ས་མཚམས་ནི་མའོ་ཧྲན་རི་བོས་བཅད་དེ་ཅུས་རུང་གྲོང་ཁྱེར་དང་མཚམས་འབྲེལ་ཡོད། ལྷོ་ཕྱོགས་ནི་ཐའོ་ཧུའུ་མཚེའུ་ལ་གཏད་ཡོད། བྱང་ཕྱོགས་ནི་ཏན་དབྱང་གྲོང་ཁྱེར་དང་ཀྲེན་ཅང་གྲོང་ཁྱེར་གྱི་ཏན་ཐུའུ་ཆུས་དང་འབྲེལ་ཞིང་།ཅིན་ཐན་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ975.46ཡོད་པ་དེའི་ནང་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ781.27ཡོད་པ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ194.22ཡོད།

ཅིན་ཐན་ས་ཁུལ་གྱི་ས་བབ་ནུབ་ནས་ཤར་དུ་གསེག་སྟེ།“རི་གཉིས་ཆུ་གཉིས་ཞིང་དྲུག་བགོ”ཞེས་པའི་བཤད་རྒྱུན་ཡོད། ནུབ་རྒྱུད་ནི་རི་མ་ཐང་གི་རི་ཁུལ་ཡིན་པ་དང་། ཉིང་ཀྲེན་རི་རྒྱུད་ཀྱི་ཤར་ཕྱོགས་སུ་གཏོགས་པའི་མའོ་ཧྲན་རི་རྒྱུད་ཀྱི་ཆ་ཤས་ཤིག་ཡིན་ཞིང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ223ཙམ་ཡོད་པ་དང་། རི་བོ་མཐོ་ཤོས་མའོ་ཧྲན་རི་བོ་ཏ་མའོ་རི་རྩེའི་མཐོཚད་ལ་རྒྱ་མཚོའི་ངོས་ལ་སྨི་372.5ཟིན་ཡོད། ཤར་རྒྱུད་ནི་ས་བབ་དམའ་བའི་བདེ་ཐང་ཡིན་པ་དང་། ཐའེ་ཧུའུ་བདེ་ཐང་གི་ཆ་ཤས་ཤིག་ཡིན་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ752ཡོད།

3 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོར། ཅིན་ཐན་ཆུས་མི་དམངས་སྲིད་གཞུང་ནི་ཁྲེང་ནུབ་མའི་ཁྲོམ་གཞུང་གི་ཧྭ་དབྱང་ལྷོ་ལམ་ཨང་རྟགས88པར་གནས་སྡོད་བྱས་ཡོད། ཅིན་ཐན་ཆུས་ཀྱི་ཁོངས་སུ་ཡའོ་ཐང་ཁྲོམ་གཞུང་དང་། ཏུང་ཁྲེང་ཁྲོམ་གཞུང་། ཁྲེང་ནུབ་མའི་ཁྲོམ་གཞུང་སོགས་ཁྲོམ་གཞུང་གསུམ་དང་ཅིན་ཁྲེང་གྲོང་རྡལ། རུའུ་ལིན་གྲོང་རྡལ། ཀྲི་ཞི་གྲོང་རྡལ། ཀྲོའུ་ལིང་གྲོང་རྡལ། ཞུའེ་ཕུའུ་གྲོང་རྡལ། ཀྲི་ཆན་གྲོང་རྡལ་བཅས་གྲོང་རྡལ་དྲུག་ཡོད།

4 མི་འབོར་གནས་ཚུལ།

སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཅིན་ཐན་ཆུས་ཀྱི་ཐེམ་ཐོའི་མི་འབོར་ཁྲི55.34ལ་སླེབས་པ་དེ་སྤྱི་ལོ2013ལོའི་ལོ་མཇུག་ལས་མི1751སྐྱེས་ནས0.3%འཕར་ཡོད། སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཅིན་ཐན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི55.8ལ་སླེབས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི32.38ལྷག་ཙམ་ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་ཀྱིས58.03%ཟིན་པ་དེ་སྤྱི་ལོ2013ལོའི་ལོ་མཇུག་ལས1.94%ཡིས་འཕར་ཡོད། ཐེམ་ཐོའི་མི་འབོར་སྐྱེ་ཚད9.3‰སྟོང་ཆ་དང་། མི་འབོར་འདས་ཚད7.79.3‰། མི་འབོར་རང་ཤུགས་སུ་འཕར་ཚད1.69.3‰ཡིན།

5 འགྲིམ་འགྲུལ་གནས་ཚུལ།
5_1 གཞུང་ལམ།

ཁྲང་ཀྲོའུ་ནས་ཧོ་ཧྲུའེ་བར་གྱི་གཞུང་ལམ་གྱིས་ཤར་ནུབ་ཅིན་ཐན་ཁུལ་དུ་འཕྲེད་བརྒལ་བྱས་པ་དང་། ཀྲེན་ཅང་ནས་ཀོང་ཏེ་བར་གྱི་གཞུང་ལམ་ལྷོ་བྱང་ནས་ཅིན་ཐན་ཆུས་ཁོངས་སུ་བརྒལ་ཡོད། མངའ་ཁོངས་ནང་དུའང་ཧྲང་ཧའེ་ནས་ཉེང་པོ་བར་གྱི་མྱུར་བགྲོད་གཞུང་ལམ་ཡང་ཡོད། ཀྲང་ཁྲང་ཆི་གཞུང་ལམ་དང་། ཅིན་ཝུའུ་གཞུང་ལམ། ཏ་ཀོང་གཞུང་ལམ། ཅིན་དབྱི་གཞུང་ལམ། ཁྲང་དབྱི་གཞུང་ལམ། རིམ་པ་དང་པོའི་ལྔའི་གཞུང་ལམ་ལྔ་བཅས་ལྗོངས་ཡོངས་ཀྱི་ཤར་ལྷོ་ནུབ་བྱང་དུ་ཁྱབ་ཡོད།

5_2 མཁའ་ལམ།

ཅིན་ཐན་ཁུལ་དང་རྒྱལ་སྤྱིའི་མཁའ་འགྲུལ་གྲུ་ཁ་ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་དང་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་གྲུའི་ཐང་གི་དབར་སྤྱི་ལེ60དང་སྤྱི་ལེ250ལྷག་ཙམ་ཡོད་པ་དང་། ཁྲང་ཀྲོའུ་གནམ་གྲུ་ཐང་གི་བར་ལ་སྤྱི་ལེ50ལས་མེད།

5_3 ཆུ་ལམ།

ཅིན་ཐན་ཆུས་ཀྱི་མངའ་ཁོངས་ནང་གི་ཆུ་ལམ་དང་སྐམ་སའི་འགྲིམ་འགྲུལ་སྟབས་བདེ་ཡིན་པ་དང་། ཧྲང་ཧའེ་གྲུ་ཁ་དང་ཀྲང་ཅ་གྲུ་ཁ་སོ་སོར་ཆུ་ཚོད2.5དང་ཆུ་ཚོད1.5ཡི་ལམ་ཐག་ཙམ་ལས་མེད། ཏན་ཅིན་ལའེ་གཙང་པོ་དང་ཐུང་ཅི་གཙང་པོ་ལས་གྲུབ་པའི་ཆུ་ཐོག་སྐྱེལ་འདྲེན་མ་ལག་དེ་འབྲི་ཆུ་དང་ཐའེ་ཧུའུ་མཚེའུ་དང་སྦྲེལ་ནས་ཡོད་པ་དང་ལོ་མང་རིང་ཏུན500ནས1000བར་གྱི་ཚོང་ཟོང་འདྲེན་པའི་གྲུ་གཟིངས་གཏོང་ཐུབ་ཀྱིན་ཡོད།

6 དཔལ་འབྱོར་ཕྱོགས་བསྡུས་།

སྤྱི་ལོ2014ལོར་ཅིན་ཐན་ཆུས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར471.48མངོན་འགྱུར་བྱུང་བ་དེ་སྤྱི་ལོ 2013ལོ་ལས13.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.56ལ་སླེབས་ནས4.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར240.9ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས13.6%འཕར། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར198.02ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས13.8%འཕར་བ་དང་ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད6.9:51.1:42བར་ལེགས་སྒྲིག་བྱས་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར84495ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས16.1%འཕར་བ་དང་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར13755ལ་སླེབས་ཡོད།

སྤྱི་ལོ2014ལོར་ཅིན་ཐན་ཆུས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར268.99བཏང་བ་དེ་སྤྱི་ལོ2013ལས25.5%འཕར་བའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་མ་འཇོག་གི་སྒོར་དུང་ཕྱུར1.83དང་། སྒོར་དུང་ཕྱུར188.32 སྒོར་དུང་ཕྱུར་78.84བཅས་ལ་སླེབས་པ་དེ་སྤྱི་ལོ2013ལོ་དང་བསྡུར་ན་སོ་སོ35.6%དང་། 23.7% 29.8%བཅས་འཕར་བ་དང་། ཐོན་ལས་ཐེངས་གསུམ་ལ་མ་འཇོག་བྱེད་ཚད0.7:70:70:29.3བཅས་ལ་སླེབས་ཡོད་པ་རེད། མཐོ་གསར་ལག་རྩལ་ཐོན་ལས་ཀྱིས་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར63.03བཏང་ནས་བཟོ་ལས་མ་འཇོག་གི་བསྡུར་ཚད33.5%ཟིན་ཡོད། སྤྱི་ལོ2014ལོར་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར15.25ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས3.9%འཕར་བ་དང་། དེའི་ནང་ཕྱིར་གཏོང་ཨ་སྒོར་དུང་ཕྱུར12.2ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས་2.6%འཕར་ཡོད། ནང་འདྲེན་ཨ་སྒོར་དུང་ཕྱུར3.05ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས14.2%འཕར་ཡོད།

སྤྱི་ལོ2018ལོར། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར801.93མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས11.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར36.02ལ་སླེབས་ནས་1.6%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར403.46ལ་སླེབས་ནས14.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར362.45ལ་སླེབས་ནས8.6%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་རིན་ཐང་འཕར་མའི་བསྡུར་ཚད་ནི4.5:50.3:45.2ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར142819ཟིན་པ་དེ་དུས་མཚུངས་ལས10.9%འཕར་བ་དང་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར21582ཡིན།

7 གཟི་བརྗིད་མཚན་སྙན།

རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཕུལ་བྱུང་རྫོང(གྲོང་ཁྱེར)བརྒྱའི་གྲས།

རྒྱལ་ཁབ་སྐྱེ་ཁམས་གྲོང་ཁྱེར།

རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར།

རྒྱལ་ཡོངས་ཀྱི་ཚན་རྩལ་འཕེལ་རྒྱས་སྔོན་ཐོན་རྫོང(གྲོང་ཁྱེར)གི་གྲས།

རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་གྲོང་ཁྱེར།

རྒྱལ་ཡོངས་ལྗང་འགྱུར་དཔེ་བཟང་གྲོང་ཁྱེར།

རྒྱལ་ཡོངས་ཀྱི་གཞི་རྩའི་ཞིང་ཁ་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་ཁག།

རྒྱལ་ཡོངས་རིག་གནས་སྔོན་ཐོན་སྡེ་ཁག

རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆ་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་དཔེ་བཟང་གྲོང་ཁྱེར།

ཅང་སུའུ་ཞིང་ཆེན་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར།

ཅང་སུའུ་ཞིང་ཆེན་གྱི་ས་ཞིང་ཁྲིམས་བསྟར་དཔེ་བཟང་གྲོང་ཁྱེར།

ཅང་སུའུ་ཞིང་ཆེན་ཟས་རིགས་བདེ་འཇགས་དཔེ་སྟོན་གྲོང་ཁྱེར།

རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཆུས་སྐོར་ཁག་གཉིས་པའི་གྲས།

སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས།

སྤྱི་ལོ2017ལོའི་ཀྲུང་གོའི་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས།

2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས།

རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས།

སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་ སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཅང་སུམ་ཅུ་པ།

སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས།

སྤྱི་ལོ2019ལོར་བཟོ་ལས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས།

སྤྱི་ལོ2019ལོའི་རྒྱལ་ཡོངས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས།

རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་པ་དང་རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ཚན་ཁག་གི་གྲས།

སྤྱི་ལོ2019ལོར་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོའི་དཔེ་སྟོན་རྫོང(སྐོར་ཁག་ལྔ་པའི་གྲས)།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཆ། ཅང་སུའུ། ཆུས། ཅིན་ཐན། ཅིན་ཧྲན།