ཧྲང་ཏང་ཆུས།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-20 08:39ལ་འགྲུབ།

ཧྲང་ཏང་ཆུས།

ཧྲང་ཏང་ཆུས།
ཧྲང་ཏང་ཆུས་ནི་ཧྲན་ཞི་ཞིང་ཆེན་ཁྲེང་ཀྲེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ཧྲན་ཞིའི་ཤར་ལྷོའི་ཕྱོགས་སུ་གནས། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ483ཟིན་པ་དང་མངའ་འོག་ཏུ་གྲོང་རྡལ6དང་ཡུལ་ཚོ5 ཁུལ་གསར1 གསར་སྤེལ་ཁུལ2ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上党区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ483
དབྱིན་ཡིག་གི་མིང་།
Shangdang District
མི་གྲངས།
ཁྲི35.6
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
དྲོད་ཁུལ་ཕྱེད་ཙམ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0355
རླངས་འཁོར་ཚབ་ཨང་།
ཅིནD(晋D)
སྦྲག་སྲིད་ཨང་རྟགས།
047100
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
140404
1 ​ས་ཁམས་ཁོར་ཡུག
1_1 གནས་ཡུལ།

ཧྲང་ཏང་ཆུས་ནི་ཧྲན་ཞིའི་ཤར་ལྷོའི་རྒྱུད་དང་ཐའེ་ཧང་རི་བོའི་ནུབ་ངོས། ཧྲང་ཏང་གཞོང་སའི་ལྷོ་མཐའ་བཅས་སུ་ཆགས་ཡོད། ཤར་ནས་ཧུའུ་ཀོན་རྫོང་དང་ནུབ་ནས་ཁྲང་ཙི་རྫོང་ལ་འབྲེལ་ཞིང་། བྱང་ནས་ཁྲང་ཀྲི་གྲོང་ཁྱེར་གྱི་ཉེ་འདབས་དང་འབྲེལ་ཞིང་ལྷོ་ནས་ཀའོ་ཕིན་གྲོང་ཁྱེར་དང་ལིན་ཁྲོན་རྫོང་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག112°57'07"~131°11'48བར་དང་བྱང་གི་འཕྲེད་ཐིག35°51'56"~36°10'13"བར་དུ་གནས། ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1166ཡིན་ཞིང་རྫོང་མཁར་ནི་རྫོང་གི་དབུས་ཁུལ་དུ་ཡོད། བྱང་ནས་ཁྲང་ཀྲི་གྲོང་ཁྱེར་བར་སྤྱི་ལེ17དང་ཞིང་ཆེན་ལྟེ་གནས་ཐའེ་ཡོན་དང་བར་ཐག་སྤྱི་ལེ240 བྱང་ཤར་ནས་རྒྱལ་ས་པེ་ཅིང་དང་བར་ཐག་སྤྱི་ལེ564 ལྷོ་ནས་ཀྲུང་ཡོན་ཀྲེང་ཀྲོའུ་དང་བར་ཐག་སྤྱི་ལེ385 ལྷོ་ནུབ་ནས་ཀུའུ་ཏུའུ་ཤིས་ཨན་བར་སྤྱི་ལེ720བཅས་ཡོད། བྱང་ངོས་ནས་ཧའོ་ཅ་ཀྲོང་ཡུལ་ཚོ་ཧྲང་ཆིན་གྲོང་ཚོའི་བྱང་རྒྱུད་ནས་ལྷོ་ཤིས་ཧོ་གྲོང་རྡལ་ནན་ཀྲོའུ་གྲོང་ཚོའི་ལྷོ་མཐའ་བར་ཡིན་པ་དང་རིང་ཚད་སྤྱི་ལེ36ཙམ་ཡོད། ཤར་ཤིས་ཧོ་གྲོང་རྡལ་ནན་ཏ་ཆའོ་གྲོང་ཚོའི་ཤར་ངོས་དང་ནུབ་བྱང་ཤང་ཀྲང་གྲོང་ཚོའི་ནུབ་ངོས་བར་ཞེང་ཚད་སྤྱི་ལེ14ཙམ་ཡོད་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ483ཟིན།     

1_2 ས་དབྱིབས།    

ཧྲང་ཏང་ཆུས་སུ་ས་དབྱིབས་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ལ་ཤར་ལྷོའི་རྒྱུད་ཀྱི་ས་བབ་མཐོ་ཞིང་ཐའེ་ཧང་རི་བོའི་ནུབ་ཕྱོགས་ཀྱི་རི་རྒྱུད་དང་ཐའེ་ཡུའེ་ཤར་འདབས་ཀྱི་ཡན་ལག་འབྲེལ་མཚམས་ཀྱི་རི་ཁུལ་ཞིག་ཡིན། ལྷོ་ནུབ་རྒྱུད་ཀྱི་རི་སྒང་སྣོལ་མར་གནས་པ་དང་རི་མ་ཐང་བར་མཚམས་ཆད་པར་ལྟར་གྲུབ། དབུས་རྒྱུད་དང་ནུབ་བྱང་རྒྱུད་བདེ་ཐང་ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་ཁུལ་ཆགས་ཡོད་ཅིང་། ཆུས་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི1166ཟིན་པ་དང་མཐོ་ཤོས་ཀྱི་ས་བབ་མཐོ་ཚད་སྨི1419.5ཟིན། དམའ་ཤོས་ཀྱི་ས་བབ་ས་བབ་མཐོ་ཚད་སྨི908ཟིན་ནས་མཐོ་དམན་ཧེ་བག་སྨི511.5ཟིན་ཡོད། 

1_3 ནམ་ཟླ།   

ཧྲང་ཏང་ཆུས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་དུས་བཞི་གསལ་ཞིང་དགུན་རིང་དབྱར་ཐུང་། དཔྱིད་རིང་སྟོན་ཐུང་། གནམ་གཤིས་དྲོ་ཞིང་ཆར་ཆུ་མང་ལ་ཚ་བ་ཆེ། དཔྱིད་ཀར་སྐམ་ཤས་ཆེ་ཞིང་དབྱར་དུས་ཚ་བ་ཆེ་བ་དང་སྟོན་དུས་བསིལ། དགུན་དུས་གྲང་ངར་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཞིང་། མངའ་ཁོངས་ནང་གི་གནམ་གཤིས་འགྱུར་ལྡོག་མངོན་གསལ་མིན། 

1_4 ཆུ་དཔྱད།     

ཧྲང་ཏང་ཆུས་ཁོངས་ཀྱི་ཆུ་བོ་ཚང་མ་དུས་ཚིགས་རང་བཞིན་གྱི་ཆུ་བོ་ཡིན་པ་དང་ཚང་མ་མཚོ་ཆུའི་ཆུ་རྒྱུད་ཡིན། ས་བབ་ནི་ཤར་ལྷོ་ནས་ནུབ་བྱང་ཕྱོགས་སུ་བཞུར་ཞིང་དེའི་ནང་ཐའོ་ཆིང་ཧོ་ནི་རྫོང་དེ་གའི་གཙང་པོ་ཆེ་ཤོས་ཡིན་པ་དང་རྫོང་ཁོངས་ཀྱི་བྱང་རྒྱུད་དུ་ཡུས་ཀྲང་གཙང་པོ་བརྒལ་ནས་ཆུས་ནང་དུ་བཞུར།

2 དཔལ་འབྱོར།   

སྤྱི་ལོ2018ལོར་ཧྲང་ཏང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2052085ཟིན་པ་དེ་སྤྱི་ལོ2017ལོ་ལས9.5%འཕར་ཡོད་ལ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི66942ཟིན་པ་དེ་སྤྱི་ལོ2017ལོར་དང་གཞི་རྩའི་ཆ་ནས་མཉམ་པ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད3.3%ཟིན། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི1332027ཟིན་ནས10.9%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི64.9%བཟུང། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི653116ཟིན་ནས8.6%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད31.8%བཟུང་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར57764ཟིན་པ་དེ་ལོ་སྔོན་མ་ལས8.8%འཕར་ནས་སྤྱི་ལོ2018ལོའི་ཆ་སྙོམས་ཨ་སྒོར་གྱི་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར8729ཟིན་ཡོད་པ་རེད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི549162ཟིན་པ་དེ་ལོ་སྔོན་མ་ལས12.8%འཕར་བའི་ནང་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི232003ཟིན་པ་དེ་ལོ་སྔོན་མ་ལས20.7%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི189450ཟིན་ནས་4.6%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི319733ཟིན་པ་དེ་ལོ་སྔོན་མ་ལས57.3%འཕར་ཡོད་ལ། དེའི་ནང་སློབ་གསོའི་གཏོང་སྒོ་བརྒྱ་ཆ21.6འཕར་བ་དང་སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་བརྒྱ་ཆ21.1འཕར། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་བརྒྱ་ཆ38.4འཕར་བ་དང་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་བརྒྱ་ཆ198.5འཕར་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི472804བཏང་བ་དེ་ལོ་སྔོན་མ་ལས7.8%མར་ཆག་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོར་སྒོར་ཁྲི12000ལེགས་གྲུབ་ཟིན་པ་དེ་ལོ་སྔོན་མ་ལས25.1%མར་ཆག་པ་དང་། ཐོན་ལས་གཉིས་པར་སྒོར་ཁྲི219012ལེགས་གྲུབ་ཟིན་པ་དེ་ལོ་སྔོན་མ་ལས8.1%འཕར་བ་དང་ཐོན་ལས་གསུམ་པར་སྒོར་ཁྲི241792ཟིན་པ་དེ་ལོ་སྔོན་མ་ལས17.8%མར་ཆག་ཡོད། ཐོན་ལས་གཉིས་པའི་ནང་བཟོ་ལས་ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་སྒོར་ཁྲི87963བཏང་ནས41.3%འཕར་ཡོད། ཡན་ལག་གྲུབ་ཆར་བལྟས་ན་ཅན་ཨན་གྱིས་མ་དངུལ་སྒོར་ཁྲི393504བཏང་བ་དེ་ལོ་སྔོན་མ་ལས20.8%མར་ཆག་པ་དང་སྒྲིག་ཆས་བཟོ་པའི་ཡོ་བྱད་ཉོ་སྒྲུབ་ཐད་མ་དངུལ་སྒོར་ཁྲི41039བཏང་བ་དེ་ལོ་སྔོན་མ་ལས74.8%འཕར། གཞན་ཡང་སྒོར་ཁྲི38261ལེགས་གྲུབ་ཟིན་པ་དེ་ལོ་སྔོན་མ་ལས112%འཕར་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་སྐྲུན་བཞིན་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས108ཡོད་ལ། དེའི་ནང་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས35ཡོད་པ་དང་སྒོར་དུང་ཕྱུར་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི381104བཏང་ཡོད་པ་རེད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར32241ཟིན་པ་དེ་ལོ་སྔོན་མ་ལས7.0%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17426ཟིན་པ་དེ་ལོ་སྔོན་མ་ལས8.8%འཕར།     

2_1 ཐོན་ལས་དང་པོ།     

སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང16847ཟིན་པ་དེ་ལོ་སྔོན་མ་ལས8.0%མར་ཆག་ཡོད་ལ། དེའི་ནང་སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང357.5ཟིན་པ་དང་ཀྲུང་ལུགས་རྩྭ་སྨན་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང118.5ཟིན་ནས་སྤྱི་ཆིང107.6མང་དུ་ཕྱིན། སྔོ་ཚལ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང1778.8ཟིན་ནས་སྤྱི་ཆིང215.9ཉུང་དུ་ཕྱིན་ཡོད། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་ནང་མ་རྨོས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང15583ཟིན་ནས་སྤྱི་ཆིང1368.2ཉུང་དུ་ཕྱིན་པ་དང་གྲོ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང174.9ཟིན་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་འབྲུ་རིགས་ཐོན་ཚད་ཏུན110163.2ཟིན་ཡོད་ལ། དེའི་ནང་དབྱར་ཁའི་དུས་སུ་འབྲུ་རིགས་ཏུན1141.3ཟིན་ནས14.3%མར་ཆག་པ་དང་སྟོན་ཁའི་དུས་སུ་འབྲུ་རིགས་ཏུན109021.9ཟིན་ནས20%ཉུང་དུ་ཕྱིན་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་ཕག་དང་ནོར་ལུག་གི་ཤའི་ཐོན་ཚད་བསྡོམས་འབོར་ཏུན21058ཟིན་ནས0.76%མར་ཆག་ཡོད། དེའི་ནང་ཕག་ཤའི་ཐོན་ཚད་ཏུན20481ཟིན་ནས1.02%མར་ཆག་པ་དང་ཚགས་ཤའི་ཐོན་ཚད་ཏུན120ཟིན་ནས36%འཕར། ལུག་ཤའི་ཐོན་ཚད་ཏུན457ཟིན་ནས4.3%འཕར་བ་དང་འོ་མའི་ཐོན་ཚད་ཏུན2924ཟིན་ནས0.76%འཕར་ཡོད། བྱ་སྒོང་ཐོན་ཚད་ཏུན40841ཟིན་ནས8.2%འཕར་བ་དང་ལོ་མཇུག་ཏུ་ཕག་པའི་གྲངས་ཁྲི106727ཡོད།    

2_2 ཐོན་ལས་གཉིས་པ།    

སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི2069640.1ཟིན་པ་དེ་ལོ་སྔོན་མ་ལས15.7%འཕར་ཡོད་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ལོ་སྔོན་མ་ལས12.18%འཕར། དེའི་ནང་རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས22.6%འཕར་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་རིན་ཐང་འཕར་མ2017ལོ་ལས36.6%མར་ཆག ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ46.4%མར་ཆག་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་ཁྲི2369ཟིན་པ་དེ་ལོ་སྔོན་མ་ལས2.7%མར་ཆག་པ་དང་རྡོ་སོལ་འཁྲུ་ཚད་ཏུན་ཁྲི1098ཟིན་པ་དེ་ལོ་སྔོན་མ་ལས44.3%འཕར། རྡོ་སོལ་གཙང་འཁྲུད་ཐོན་ཚད་ཏུན་ཁྲི722ཟིན་པ་དེ་ལོ་སྔོན་མ་ལས65.9%འཕར་བ་དང་ཀྲུང་སྨན་ཐོན་ཚད་ཏུན79ཟིན་པ་དེ་ལོ་སྔོན་མ་ལས33.0%མར་ཆག ཨར་འདམ་ཐོན་ཚད་ཏུན་ཁྲི47ཟིན་པ་དེ་ལོ་སྔོན་མ་ལས12.5%མར་ཆག ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ཚད3542ཟིན་པ་དེ་ལོ་སྔོན་མ་ལས32.7%མར་ཆག་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2086764ཟིན་པ་དེ་ལོ་སྔོན་མ་ལས8.0%འཕར་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི801738ཟིན་པ་དེ་ལོ་སྔོན་མ་ལས11.4%འཕར་བའི་ནང་ཁེ་སྤོགས་སྒོར་ཁྲི458940བྱུང་བ་དེ་ལོ་སྔོན་མ་ལས20.4%འཕར་ཡོད། གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་སྒོར་ཁྲི41790ཟིན་པ་དེ་ལོ་སྔོན་མ་ལས4.0%འཕར་ཡོད་ལ། ལོ་ཧྲིལ་པོར་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་ཚད་བརྒྱ་ཆ97.61ཟིན་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས་ལ་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི8132ཟིན་པ་དེ་ལོ་སྔོན་མ་ལས176.8%ཟིན་པ་དང་ཆུས་ཡོངས་ཀྱི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི13543ཟིན་པ་དེ་ལོ་སྔོན་མ་ལས48.5%འཕར།     

2_3 ཐོན་ལས་གསུམ་པ།  

སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི354279.2ཟིན་པ་དེ་ལོ་སྔོན་མ་ལས9.9%འཕར་ཡོད་ལ། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི148818.9ཟིན་ནས9.6%འཕར་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི205460.3ཟིན་ནས10.1%འཕར་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི60705བཏང་བ་དེ་ལོ་སྔོན་མ་ལས49.7%འཕར་བ་དང་ཚོང་སྒྱུར་ཁང་པ་ཕྱིར་ཚོང་རྒྱ་ཁྱོན་སྨི་་གྲུ་བཞི་མ57395ཟིན་པ་དེལོ་སྔོན་མ་ལས59.8%མར་ཆག་ཡོད། རིན་ཐང་འཕར་མ་སྒོར་ཁྲི56602ཟིན་པ་དེ་ལོ་སྔོན་མ་ལས2.4%མར་ཆག་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱིས་ཡིག་ཟམ་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི16463ཟིན་པ་དེ་ལོ་སྔོན་མ་ལས5.7%མར་ཆག་ཡོད། དེའི་ནང་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་བསྡོམས་འབོར་སྒོར་ཁྲི2581ཟིན་པ་དེ་ལོ་སྔོན་མ་ལས5.4%མར་ཆག་པ་དང་སྒུལ་བདེའི་ལས་སྒོའི་བསྡོམས་འབོར་སྒོར་ཁྲི7819ཟིན་པ་དེ་ལོ་སྔོན་མ་ལས6.27%མར་ཆག སྦྲེལ་མཐུད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི5161ཟིན་པ་དེ་ལོ་སྔོན་མ་ལས6.3%མར་ཆག གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི902ཟིན་པ་དེ་ལོ་སྔོན་མ་ལས1.3%འཕར་ཡོད། སྤྱི་ལོ2018ལོར་ཧྲང་ཏང་ཆུས་ཀྱི་ཚོང་ལས་ཞག་སྡོད་སྒྲིག་བཀོད་ཀྱིས་ཡུལ་སྐོར་བ་མི་ཐེངས568ལ་སྣེ་ལེན་ཞུས་པ་དང་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི32.4ཟིན་པ་དང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི328.7ལ་སྣེ་ལེན་ཞུས་པ་དེ་ལོ་སྔོན་མ་ལས27.8%འཕར་བ་དང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར28.5ཟིན་པ་དེ་ལོ་སྔོན་མ་ལས30.7%འཕར་ཡོད།  སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་ཏང་ཆུས་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་ཁྲི1779547ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི277487འཕར་བ་དེ་ལོ་འགོ་ལས་18.5%འཕར་ཡོད་ལ། དེའི་ནང་གྲོང་མིའི་གསོག་དངུལ་སྒོར་ཁྲི1307036ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི143363འཕར་བ་དང་། དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི597736ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི51083འཕར་ནས9.3%ལ་སླེབས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་ཏང་ཆུས་སུ་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང20460ཡོད་པ་དེ་ལོ་སྔོན་མ་ལས4.4%འཕར་བ་དང་སྒུལ་བདེའི་ཁ་པར་དུད་ཚང330685ཡོད་པ་དེ་ལོ་སྔོན་མ་ལས11.5%འཕར་བའི་ནང་ལན་ཐུང་ཀུང་སི94632དང་སྒུལ་བདེའི་ཀུང་སི217553 གློག་འཕྲིན་ཀུང་སི18500བཅས་ཡོད་པ་དང་། ཁ་པར་ཁྱབ་ཚད་མི་བརྒྱ་རེར98.6དང་དྲ་ཆེན་སྤྱོད་མཁན་དུད་ཚད67281ཟིན་པ་དེ་ལོ་སྔོན་མ་ལས2.9%འཕར།     

3 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2018ལོར་ཧྲང་ཏང་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉེར་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི84470ཟིན་པ་དེ་ལོ་སྔོན་མ་ལས12.0%འཕར་ཡོད། ཆུས་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་རླངས་འཁོར་ཁྱོན5172ཡོད་པ་དང་ཟོག་འདྲེན་རླངས་འཁོར5126ཡོད་པའི་ནང་ཟོག་འདྲེན་རླངས་འཁོར་ཆེ་གྲས4630དང་། ཟོག་འདྲེན་རླངས་འཁོར་འབྲིང་གྲས5 ཟོག་འདྲེན་རླངས་འཁོར་ཆུང་གྲས491བཅས་ཡོད། འགྲུལ་པའི་རླངས་འཁོར46ཡོད་པ་དང་ཁྱོན་སྐུ་མགྲོན1623ལ་སླེབས།       

4 སྤྱི་ཚོགས་ལས་རིགས།     
4_1 སློབ་གསོའི་བྱ་གཞག      

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་ཏང་ཆུས་སུ་ཆེད་བསྐོས་དགེ་རྒན2880ཡོད་པའི་ནང་ཞིབ་འཇུག་སློབ་མའི་བསླབ་གནས་ལྡན་པའི་སློབ་མ51དང་དངོས་གཞིའི་ཚན་ཁག་གི་སློབ་མ1864 ཆེད་ཚན་སློབ་ཆེན་གྱི་སློབ་རྒྱུས་ལྡན་པའི་དགེ་རྒན940 མཐོ་རིམ་སློབ་འབྲིང་དང་དེ་མན་ཆད་ཀྱི་སློབ་མ25བཅས་ཡོད།

4_2 རིག་གནས་ལས་རིགས།

སྤྱི་ལོ2017ལོ་བར་ཧྲང་ཏང་ཆུས་ཀྱི་ད་ཡོད་རིག་གནས་སྒྱུ་རྩལ་ལྟེ་གནས(སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་ཚུད)དང་། ཕྱོགས་བསྡུས་ལུས་རྩལ་ཐང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་ཆེ་གྲས་སྤེལ་ས20ལྷག་ཙམ་དང་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས13ཡོད་པ་རེད། རིག་གནས་ཀྱི་དམངས་ཕན་འདུ་འགོད་མུ་མཐུད་ལག་ལེན་བསྟར་ནས་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་གསར་རྩོམ་བྱས་ཏེ་བྱེད་སྒོ་སྣ་ཚོགས་སྤེལ།

4_3 སྤྱི་ཚོགས་འགན་སྲུང་།         

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་ཏང་ཆུས་སུ་དངོས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་མི་གྲངས472ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.2%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད99%ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱབ་ཚད100%ཟིན།     

4_4 མི་གྲངས།     

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྲང་ཏང་ཆུས་སུ་སྤྱིའི་དུད་ཚང121025ཡོད་པ་དང་ཐེམ་ཐོའི་མི་འབོར348261ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱིས90811ཟིན་པ་དང་སྐྱེས་པ172680དང་བུད་མེད175581ཡོད། མི་འབོར་ཡོངས་ཀྱི་ནང་ནས་ལོ18མན་གྱི་མི66628དང་ལོ18ནས34བར་གྱི་མི84921 ལོ35ནས59བར་གྱི་མི134047 ལོ60ཡན་གྱི་མི62665བཅས་ཡོད། སྤྱི་ལོ2018ལོའི་མི་འབོར་འགྱུར་ལྡོག་གི་དཔེ་འཐེན་བརྟག་དཔྱད་ལས་མངོན་པར་གཞིགས་ན་ཆུས་ཡོངས་སུ་རྒྱུན་སྡོད་མི་འབོར356075ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར149078དང་གྲོང་གསེབ་ཀྱི་མི་འབོར206997 གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད41.87%ཟིན་ནས་མི་འབོར་རང་ཤུགས་སུ་འཕར་ཚད3.96%ཟིན། 

དཔྱད་གཞིའི་ཡིག་ཆ།