ཀྲའོ་ཏུང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་སུང་ནེན་བདེ་ཐང་གི་དབུས་ཁུལ་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག125°22′ནས126°22′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག45°10′ནས46°20′བར་ཡིན། ལྷོ་ཕྱོགས་སུ་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ53ཡོད་པ། བྱང་ཕྱོགས་སུ་ཏ་ཆིང་དང་བར་ཐག་སྤྱི་ལེ74ཡོད་པ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4332ཡོད།
སྤྱི་ལོ2017ལོའི་བར་ཀྲའོ་ཏུང་གྲོང་ཁྱེར་ལ་གྲོང་ཁུལ4དང་། སྡེ་ཁུལ33 ཡུལ་ཚོ་དང་གྲོང་རྡལ་གྱི་ཁྲོམ་གཞུང22བཅས་ཡོད་པ་དང་། སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཀྲའོ་ཏུང་གྲོང་ཁྱེར་ལ་ཁྱོན་མི་འབོར907043ཡོད་པ། སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་གྱི་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར394.9ཟིན་པ་དང་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43537ཟིན་ཡོད།
སྤྱི་ལོ1954ལོའི་ཟླ8པར། སུང་དང་ཧེ་ལུང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་རྗེས། ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།
སྤྱི་ལོ1958ལོའི་ཟླ8པར་ཧ་ཨེར་པིན་གྲོང་ཁྱེར་གྱི་འགོ་ཁྲིད་ལ་སྤྲད་པ།
སྤྱི་ལོ1960ལོའི་ཟླ1པོར། ཝན་པའོ་ཀུང་ཧྲེ་ཧ་ཨེར་པིན་གྲོང་ཁྱེར་ལ་སྤྲད། ལོ་དེའི་ཟླ5པར་ཀྲའོ་ཏུང་རྫོང་སུང་ཧྭ་ཅང་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བཅུག
སྤྱི་ལོ1965ལོའི་ཟླ6པར། སུང་ཧྭ་ཅང་ཆེད་ཁུལ་སུའེ་ཧྭ་ཆེད་ཁུལ་དུ་མིང་བསྒྱུར། ཀྲའོ་ཏུང་རྫོང་སུའེ་ཧྭ་ཆེད་ཁུལ་གྱི་ཁོངས་སུ་གཏོགས།
སྤྱི་ལོ1986ལོའི་ཟླ9པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲའོ་ཏུང་རྫོང་མེད་པར་བཟོས་ནས་ཀྲའོ་ཏུང་གྲོང་ཁྱེར(རྫོང་རིམ་པ)བཙུགས་པ་དང་། དེ་སྔའི་ཀྲའོ་ཏུང་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཀྲའོ་ཏུང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། སུའེ་ཧྭ་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས།
སྤྱི་ལོ1999ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སུའེ་ཧྭ་ས་ཁུལ་དེ་ས་ཁུལ་རིམ་པའི་སུའེ་ཧྭ་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་བཀོད་པ་དང་། ཀྲའོ་ཏུང་གྲོང་ཁྱེར་དེ་སུའེ་ཧྭ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་བཞིན་ཡོད། སྤྱི་ལོ2015ལོའི་ཟླ3པའི་ཚེས11ཉིན་ཧེ་ལུང་ཅང་ཞིང་ཆེན་དམངས་སྲིད་ཐིང་གིས་ཀྲའོ་ཏུང་གྲོང་ཁྱེར་གྱི་ཤིས་པཱ་ལི་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ་དུ་བསྒྱུར་བ་དང་།ཤིས་པཱ་ལི་ཡུལ་ཚོའི་སྲིད་འཛིན་ས་ཁོངས་ཏེ་ཤིས་པཱ་ལི་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་དེ་ཡིན་པ་དང་དེ་སྔའི་ཁོངས་གཏོགས་ཀྱི་འབྲེལ་བ་དང་སྲིད་གཞུང་གནས་ཡུལ་ལ་འགྱུར་བ་མེད།
སྤྱི་ལོ2017ལོ་བར་ཀྲའོ་ཏུང་གྲོང་ཁྱེར་དུ་གྲོང་ཁུལ4དང་། སྡེ་ཁུལ33 ཡུལ་ཚོ་དང་གྲོང་རྡལ་གྱི་ཁྲོམ་གཞུང22 གྲོང་ཚོ186བཅས་ཡོད་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་རེན་མིང་ལམ་ཆེན་དུ་བཅའ་སྡོད་བྱས་ཡོད།
ཀྲའོ་ཏུང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་སུང་ནེན་བདེ་ཐང་གི་དབུས་ཁུལ་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག125°22′ནས126°22′དང་བྱང་ཕྱོགས་ཀྱི་འཕྲེད་ཐིག45°10′ནས46°20′བར་ཡིན། ལྷོ་ཕྱོགས་སུ་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ53ཡོད་པ། བྱང་ཕྱོགས་སུ་ཏ་ཆིང་དང་བར་ཐག་སྤྱི་ལེ74ཡོད་པ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4332ཡོད།
ཀྲའོ་ཏུང་གྲོང་ཁྱེར་ནི་གྲང་ཞིང་དྲོ་བའི་ས་ཁུལ་གྱི་ནམ་ཟླའི་ཁོངས་ཡིན་པ་དང་། དེའི་ཁྱད་ཆོས་ནི་དཔྱིད་ཀར་རླུང་མང་བ་དང་ཆར་པ་ཉུང་བ། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་བ། སྟོན་དུས་བསིལ་བ། དགུན་དུས་གྲང་ཞིང་སྐམ་ཤས་ཆེ། ལོ་ཧྲིལ་པོར་སད་མེད་དུས་ཀྱི་ཆ་སྙོམས་ཉིན140ཡས་མས་ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཆ་སྙོམས་ཧའོ་སྨི293ནས656བར་ཡིན། ཀྲའོ་ཏུང་གྲོང་ཁྱེར་ནི་དྲོད་གསོག་ཁུལ་དང་པོར་གཏོགས་པ་དང་ཆ་སྙོམས་དྲོད་ཚད2772℃ཡིན།
སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཀྲའོ་ཏུང་གྲོང་ཁྱེར་གྱི་གསར་སྐྱེས་མི་འབོར5047དང་རྐྱེན་ལམ་དུ་ཤོར་བའི་མི་འབོར2767ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་བསྡོམས་འབོར907043ཟིན་ཡོད། དེའི་ནང་ཞིང་ལས་མིན་པའི་མི་འབོར353688ཡོད་པ་དེས38.9%བཟུང་བ་དང་། ཞིང་ལས་མི་འབོར553355ཡོད་པ་དེས60.1%བཟུང་ཡོད། ལོ60དང་དེ་ཡན་གྱི་རྒན་རྒོན་མི་འབོར་གྱི་བསྡུར་ཚད་ཀྱི16.3%ཟིན་ནས་མི147944ཟིན་ཡོད།
སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་གྱི་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར394.9ཟིན་པ་དེ་སྤྱི་ལོ2014ལོ་ལས5.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར83.6དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར179.6ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར131.7ཟིན་པ་དེ་སྤྱི་ལོ2014ལོའི་དུས་མཚུངས་ལས2.0%དང་། 8.5% 4.8%བཅས་སོ་སོར་འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43537ཟིན་པ་དེ་སྤྱི་ལོ2014ལོ་ལས8.6%འཕར་ཡོད། ཐོན་ལས་གསུམ་པ་ནི21.2:45.5:33.3ཡིན།
སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་གྱིས་ཧྥ་ལིའུ་བྱང་ལམ་དང་། ཧྥ་ལིའུ་བྱང་ལམ་གྱི་ནུབ་བྱང་དུམ་བུ། བྱང་ཕྱིའི་སྐོར་ལམ་བཅས4བསྐྲུན་པ་དང་། སྤྱི་ལེ5.6གི་བཙོག་ཆུ་བཅོས་སྐྱོང་གི་ལེ་ལག་ཚང་བའི་མདོང་ལམ་དང་ཆུ་འཐེན་འཕྲུལ་འཁོར2ཀྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། གྲོང་ཁུལ་གྱི་ཆུ་འདོན་ཉམས་གསོའི་མདོང་ལམ་སྤྱི་ལེ20ལེགས་གྲུབ་ཟིན་པ་དང་། བྱང་ཕྱིའི་སྐོར་ལམ་སོགས་ཁྲོམ་གཞུང4དང་གྲོང་ཁུལ་གྱི་ཀྲེང་དབྱང་ཁྲོམ་གཞུང་གི་སྔོ་ལྗང་ཁུལ་དང་། སྣོད་བཅུད་ཆུ་རྒྱུད། དགེ་ཐོན་ལམ། རེན་མིང་ཧུ་འབབ་ཚུགས་མདུན་གྱི་ཐང་ཆེན2དང་མྱུར་བགྲོད་ཕྱིར་གཏོང་ཁུལ་བཅས་སུ་སྔོ་འགྱུར་འཛུགས་སྐྲུན་བྱས་ནས་སྡོང་རིང་ལྗོན་ཤིང་རྐང5000དང་། སྡོང་ཕྲན་སྡོང་རྐང་ཁྲི20 མེ་ཏོག་སྡོང་རྐང་ཁྲི375འདེབས་འཛུགས་བྱས་པ་དང་། གསར་སྤེལ་ཁུལ་སོགས་སྐྲུན་བཞིན་པའི་གཞུང་ལམ5ལLEDལམ་སྒྲོན450སྒྲིག་སྦྱོར་བྱས་པ་དང་། ཆན་ཧུ་ཏའཕ་གླིང་ཕྲན་གྱི་འདམ་རའི་སྤྱི་གླིང་དུLEDལམ་སྒྲོན140སྒྲིག་སྦྱོར་བྱས་པ། ལི་མིང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོར་ནུས་རྒྱུ་བསྲི་ཚགས་ཀྱི་ལམ་སྒྲོན43སྒྲིག་སྦྱོར་བྱས་པ། གྲོང་ཁུལ་དུLEDརིག་ནུས་ལམ་སྒྲོན130ཉམས་གསོ་སྒྱུར་བཀོད་བྱས་ཡོད།
སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་གྱིས་རིམ་པ་ཁག་དང་རིགས་ཁག་གི་ཚན་རྩལ་རྣམ་གྲངས11འདུན་ཞུ་བྱས་པ་དང་། དེའི་ནང་ཞིང་ཆེན་རིམ་པའི་རྣམ་གྲངས10ཡོད།
སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་དུ་རྨང་གཞིའི་སློབ་གསོའི་སློབ་གྲྭ119དང་། བུ་བཅོལ་ཁང54 འོས་འགན་སློབ་གསོ་ཁང60 མཐོ་རིམ་སློབ་འབྲིང4 དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད་པ་དང་། སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ32559དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ26494 མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ10565 དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ11བཅས་ཡོད།
སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་དུ་རིག་རྩལ་ཚོགས་པ1དང་། གློག་བརྙན་ཟློས་གར་ཁང1 རིག་གནས1 སྤྱི་པའི་དཔེ་མཛོད་ཁང1 ཡུལ་ཚོ་གྲོང་རྡལ་གྱི་རིག་གནས་ས་ཚིགས22 ཀུན་ཁྱབ་རླུང་འཕྲིན་ལས་ཁུངས22ཡོད་པ་དང་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི4.8དང་གྲོང་ཁྱེར་དང་གྲོང་རྡལ་གྱིས་སྤྱོད་མཁན་དུད་ཚང་ཁྲི4.8ཡོད། སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་དུ་ཚད་ལྡན་ཅན་གྱི་ལུས་རྩལ་ཐང1ཡོད་པ་དེས་རྒྱ་ཁྱོན་སྨི་གྲུ་བཞི་མ72072ཟིན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ42236ཟིན་པ། ཚད་གཞི་ཅན་མིན་པའི་ལུས་རྩལ་ཐང360ཟིན་ཡོད། རིམ་ཁག་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ་ཁྲི2.5ཟིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ལུས་རྩལ་པས་ཞིང་ཆེན་ནང་ཁུལ་གྱི་འགྲན་བསྡུར་ནང་བྱ་དགའ228ཐོབ་པ་དེའི་ནང་གསེར་གྱི་རྟགས་མ131དང་། དངུལ་གྱི་རྟགས་མ58 ཟངས་ཀྱི་རྟགས་མ39བཅས་ཡོད།
སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས35ཡོད་པ་དང་། སྨན་ཁང29ཡོད་པའི་ནང་ཕྱོགས་བསྡུས་སྨན་ཁང25དང་། ཀྲུང་ལུགས་སྨན་ཁང2 ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང2 ཆེད་ཚན་འགོག་བཅོས་ས་ཚིགས1དང་། འཕྲོད་བསྟེན་རིམས་འགོག་ས་ཚིགས2 བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས1 འཕྲོད་བསྟེན་བྱ་གཞག་ལས་ཁུངས2བཅས་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ལ་ཁྱོན་འཕྲོད་བསྟེན་མི་སྣ་2113ཡོད།
སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་གྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་གྱི་ལས་བཟོ་བ333345ཡོད་པ་དེ་སྤྱི་ལོ2014ལོ་ལས4.4%འཕར་ཡོད། ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས97634ཟིན་པ་དེ་སྤྱི་ལོ2014ལོ་ལས3.6%འཕར་ཡོད། ངལ་རྩོལ་སྡེ་ཚན་གྱིས་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་དངུལ་སྒོར་ཁྲི44546རྩིས་ལེན་བྱས་པ་དེ་སྤྱི་ལོ2014ལོ་ལས25.6%འཕར་བ་དང་། ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་དངུལ་སྒོར86730སྤྲད་པ། སྤྲོད་ཚད་ཀྱི100%ཟིན་པ། ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་དངུལ་སྒོར་ཁྲི735.9རྩིས་ལེན་བྱས་པ་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ལ་ཞུགས་མཁན་མི་གྲངས14464ཡོད་པ་དང་། ལོ་ཧྲིལ་པོར་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་ཁྱོན་བསྡོམས་མི613966ཡོད་པའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་མི52624དང་། གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་མི561342ཡོད། སྤྱི་ལོ2015ལོར་ཀྲའོ་ཏུང་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང2000གསར་སྐྲུན་བྱས་པ་དང་། འདམ་རྩྭ(ཉེན་ཡོད)ཁང་པ3350སྒྱུར་བཀོད་བྱས་པ། ཁང་གླ་ཁེ་བའི་སྡོད་ཁང500གསར་སྐྲུན་བྱེད་འགོ་བཙུགས་ཡོད།
སྤྱི་ལོ2015ལོའི་ལོ་མཇུག་བར་ཀྲའོ་ཏུང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར23.0ཟིན་པ་དེ་སྤྱི་ལོ2014ལོ་ལས0.3%འཕར་ཡོད་པ་དང་། གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི385.9དང་། དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི29328.4གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི332.62འགྲུལ་པ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི18260.8ཟིན་ཡོད་པ་རེད། ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི130དང་ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི49.57ཟིན་ནས་ཟོག་འདྲེན་ཡོང་འབབ་སྒོར་ཁྲི10924.45ཟིན་ཡོད།