པེ་ལིན་ཆུས་ནི་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱི་ཐད་གཏོགས་ས་ཁུལ་གཅིག་པུ་དེ་ཡིན་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་དབུས་ཁུལ་དུ་ཆགས་ཡོད། ཤར་ཕྱོགས་ཀྱི་གཞུང་ཐིག126°25′—127°27′དང་བྱང་གི་འཕྲེད་ཐིག46°19′—47°09′བར་དུ་ཆགས་ཡོད། བྱང་སུའེ་ལིང་རྫོང་དང་ཧའེ་ལུན་གྲོང་ཁྱེར་དང་འབྲེལ་བ། ཤར་ངོས་ཆིང་ཨན་རྫོང་དང་འབྲེལ་ཡོད། ལྷོ་ངོས་ཧ་ཨེར་པིན་གྲོང་ཁྱེར་གྱི་པ་ཡན་རྫོང་དང་ཧུའུ་ལན་ཆུས་དབར་ཉི་གཙང་པོས་བཅད་ཡོད། ལྷོ་ནུབ་ལན་ཤིས་རྫོང་འབྲེལ་མཚམས་ཡིན། ནུབ་ཝང་ཁུའེ་རྫོང་གི་ཧུའུ་ལན་གཙང་པོ་དང་ནུའོ་མིན་གཙང་པོའི་འབྲེལ་མཚམས་ཡིན། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2743ཡོད་པ་དང་། སྤྱིའི་མི་འབོར་ཁྲི88(སྤྱི་ལོ2010ལོ)ཡོད།
སྤྱི་ལོ2013ལོར་པེ་ལིན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར83ཟིན་པ་དེ་དུས་མཚུངས་ལས13.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར64.6བཏང་བ་དེ་དུས་མཚུངས་ལས30%འཕར་ཡོད། ནོར་སྲིད་ཡོང་འབབ་སྒོར་ཁྲི74008ཟིན་པ་དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི42111ཟིན་པ་དེ་སྤྱི་ལོ2012ལོ་ལས33.8%དང20.7%འཕར་ཡོད།
སྤྱི་ལོ1956ལོའི་ཟླ3པར་སུའེ་ཧྭ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བཅུག
སྤྱི་ལོ1958ལོའི་ཟླ8པར་སུང་ཧྭ་ཅང་ཀྲོན་ཆུས་སུ་བསྒྱུར།
སྤྱི་ལོ1965ལོའི་ཟླ6པར་སུའེ་ཧྭ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བསྒྱུར།
སྤྱི་ལོ1982ལོའི་ཟླ12པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ། སུའེ་ཧྭ་རྫོང་ཕྱིར་འཐེན་བྱས་ཏེ། རྫོང་རིམ་པའི་གྲོང་ཁྱེར་སུའེ་ཧྭ་གྲོང་ཁྱེར་བཙུགས་ཏེ། དེ་སྔའི་སུའེ་ཧྭ་རྫོང་གི་སྲིད་འཛིན་ས་ཁོངས་དེ་སུའེ་ཧྭ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། སུའེ་ཧྭ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་སྡོད་གནས་ཡིན། གྲོང་ཁྱེར་བཙུགས་རྗེས། སུའེ་ཧྭ་གྲོང་རྡལ་དང་གྲོང་འདབས་ཀུང་ཧྲེ་མེད་པར་བཟོས་ཏེ། སྲང་ལམ་དོན་གཅོད་ཁང6སོ་སོར་བཙུགས།
སྤྱི་ལོ1999ལོའི་ཟླ12པའི་ཚེས28ཉིན་སུའེ་ཧྭ་ས་ཁུལ་དང་རྫོང་རིམ་པའི་སུའེ་ཧྭ་གྲོང་ཁྱེར་མེད་པར་བཟོས་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་སུའེ་ཧྭ་གྲོང་ཁྱེར་བཙུགས། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་གསར་དུ་བཙུགས་པའི་པེ་ལིན་ཆུས་སུ་བཅའ་སྡོད་བྱས་ཡོད།
སྤྱི་ལོ2013ལོར་པེ་ལིན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང4དང་། གྲོང་རྡལ12 ཡུལ་ཚོ6 མི་རིགས་ཡུལ་ཚོ2བཅས་ཡོད་པ་སྟེ། ཙི་ལའེ་ཁྲོམ་གཞུང་དང་། ཨའེ་ལུའུ་ཁྲོམ་གཞུང་། ཏ་ཁྲོམ་གཞུང་། ཅི་ཐའེ་ཁྲོམ་གཞུང་། ཏུང་ཤིན་ཁྲོམ་གཞུང་། པེ་ལིན་ཁྲོམ་གཞུང་། སུའེ་ཧྲེང་མན་ཇུ་རིགས་ཀྱི་གྲོང་རྡལ། ཤིས་ཁྲང་ཧྥ་གྲོང་རྡལ། ཡུང་ཨན་མན་ཇུ་རིགས་ཀྱི་གྲོང་རྡལ། ཐའེ་ཕིང་ཁྲོན་གྲོང་རྡལ། ཆིན་ཅ་གྲོང་རྡལ། ཧྲོང་ཧོ་གྲོང་རྡལ། སན་ཧོ་གྲོང་རྡལ། སི་ཧྥང་ཐའེ་གྲོང་རྡལ། ཅིན་ཧོ་གྲོང་རྡལ། ཀྲང་ཝུའེ་གྲོང་རྡལ། ཏུང་ཅིང་ཡུལ་ཚོ། ལན་ཀང་ཡུལ་ཚོ། ཤིན་ཧྭ་ཡུལ་ཚོ། ཏུང་ཕུའུ་ཡུལ་ཚོ། སན་ཅིང་ཡུལ་ཚོ། ཝུའུ་དབྱིང་ཡུལ་ཚོ། ཧུང་ཆི་མན་ཇི་རིགས་ཡུལ་ཚོ། ཞིང་ཧུ་ཁྲའོ་ཞན་རིགས་ཡུལ་ཚོ་བཅས་ཡིན།
སྤྱི་ལོ2016ལོའི་ཟླ8པར་སུའེ་ཧྭ་གྲོང་ཁྱེར་པེ་ལིན་ཆུས་ཞིང་ཧྥུའུ་ཡུལ་ཚོ་ཕྱིར་འཐེན་བྱས་ཏེ་གྲོང་རྡལ་བཙུགས། ཞིང་ཧྥུའུ་ཡུལ་ཚོ་སྲིད་འཛིན་ས་ཁོངས་དེ་ཞིང་ཧྥུའུ་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། དེ་སྔའི་ཁོངས་གཏོགས་འབྲེལ་བ་དང་སྲིད་གཞུང་གནས་ཡུལ་མི་འགྱུར་བ་དང་། གྲོང་རྡལ་སྲིད་གཞུང་ནི་ཞིང་ཧྥུའུ་གྲོང་ཚོར་བཅའ་སྡོད་བྱས་ཡོད།
པེ་ལིན་ཆུས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད2.4℃ཡིན་པ་དང་། ཉི་འོད་ཕོག་ཡུན་ཆུ་ཚོད2766ཡིན་པ། དྲོད་ཚད2580℃ཡིན་པ། སད་མེད་དུས་ཡུན་ཉིན129ཡས་མས་ཡིན་པ། ཆར་ཆུ་འབབ་ཚད་ཧའོ་སྨི547བཅས་ཡིན།
སྤྱི་ལོ2010ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞིར་གཞིགས་ན། པེ་ལིན་ཆུས་ཀྱི་ཁོངས་སུ་མི་གྲངས877682ཡོད་པའི་ནང་གྲོང་ཁུལ་གྱི་མི་འབོར་ཁྲི48ཡོད་པ་དེ་གྲོང་ཁྱེར་ཆུང་གྲས་ཀྱི་ཁོངས་སུ་གཏོགས་ཡོད།
པེ་ལིན་ཆུས་ཀྱི་མངའ་ཁོངས་སུ་མན་ཇུ་རིགས་དང་ཧུའེ་རིགས། ཁྲའོ་ཞན་རིགས། སོག་རིགས་སོགས་གྲངས་ཉུང་མི་རིགས15རུ་ཁྱབ་ཡོད། མི་རིགས་ཡུལ་ཚོ(གྲོང་རྡལ)4ཡོད་ཅིང་། སོ་སོར་སུའེ་ཧྲེང་མན་ཇུ་རིགས་གྲོང་རྡལ་དང་། ཡུང་ཨན་མན་ཇུ་རིགས་གྲོང་རྡལ། དར་དམར་མན་ཇུ་རིགས་ཡུལ་ཚོ་བཅས་ཡིན།
སྤྱི་ལོ2012ལོར་པེ་ལིན་ཆུས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར68ཟིན་པ་དེ་དུས་མཚུངས་ལས16%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར18ཟིན་པ་དེ་དུས་མཚུངས་ལས29.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར55བཏང་བ་དེ་དུས་མཚུངས་ལས32%འཕར་ཡོད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་6.1ཟིན་པ་དེ་དུས་མཚུངས་ལས་24.2%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3.4ཟིན་ནས་སྤྱི་ལོ2011ལོའི་དུས་མཚུངས་ལས31.8%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13260ཟིན་པ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9077ཟིན་པ་དེ་སྤྱི་ལོ2011ལོ་ལས18.1%དང17.6%སོ་སོར་འཕར་ཡོད། སྤྱི་ལོ2013ལོར་པེ་ལིན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར83ཟིན་པ་དེ་དུས་མཚུངས་ལས13.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར64.6བཏང་བ་དེ་དུས་མཚུངས་ལས30%འཕར་ཡོད། ནོར་སྲིད་ཡོང་འབབ་སྒོར་ཁྲི74008ཟིན་པ་དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི42111ཟིན་པ་དེ་སྤྱི་ལོ2012ལོ་ལས33.8%དང20.7%འཕར་ཡོད། སྤྱི་ལོ2015ལོར་པེ་ལིན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར154.8ཟིན་པ་དེ་སྤྱི་ལོ2010ལོའི་ལོ་མཇུག་གི་ལྡབ1.6ཡིན་པ་དང་ལོར་ཆ་སྙོམས10.1%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར82.7བཏང་བ་དེ་སྤྱི་ལོ2010ལོའི་ལོ་མཇུག་གི་ལྡབ3.1ཡིན་པ་དང་ལོར་ཆ་སྙོམས25.8%འཕར་བ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.6བྱུང་བ་དེ་སྤྱི་ལོ2010ལོའི་ལོ་མཇུག་གི་ལྡབ1.9ཡིན་པ་དང་ལོ་རེར་ཆ་སྙོམས10.5%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར85.2བྱུང་བ་དེ་སྤྱི་ལོ2010ལོའི་ལོ་མཇུག་གི་ལྡབ2.2ཡིན་པ་དང་ལོ་རེར་ཆ་སྙོམས17.1%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20664ཟིན་པ་དེ་སྤྱི་ལོ2010ལོའི་ལོ་མཇུག་གི་ལྡབ1.9ཡིན་པ་དང་ལོར་ཆ་སྙོམས13.3%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར11271ཟིན་པ་དེ་སྤྱི་ལོ2010ལོའི་ལོ་མཇུག་གི་ལྡབ1.9ཡིན་པ་དང་ལོར་ཆ་སྙོམས13.8%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2010ལོའི58.6:10.3:31.1ནས་46.5:26.4:27.1བར་ལེགས་སྒྲིག་བྱས་ཡོད།
སྤྱི་ལོ2013ལོར་པེ་ལིན་ཆུས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར25.9ཟིན་པ་དེ་སྤྱི་ལོ2012ལོ་ལས7.5%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས26ལ་འཕར་ཐང་སྒོར་དུང་ཕྱུར9བྱུང་བ་དེ་སྤྱི་ལོ2012ལོ་ལས8.0%འཕར་ཡོད། དེའི་ནང་ཡང་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.44ཟིན་པ་དེ་སྤྱི་ལོ2012ལོ་ལས151.3%འཕར་བ་དང་། ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར7.54ཟིན་པ་དེ་སྤྱི་ལོ2012ལོ་ལས2.4%ཆག་པ་དང་ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་བསྡུར་ཚད་ལོ་གོང་མའི8.4:91.6ནས16.1:83.9བར་ལེགས་སྒྲིག་བྱས་ཡོད། སྤྱི་ལོ2013ལོར་པེ་ལིན་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར1.8བྱུང་བ་དེ་སྤྱི་ལོ2012ལོ་ལས81.8%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་གྱོང་གུན་ཕོག་པའི་ཁེ་ལས་8ཡོད་པ་དེ་སྤྱི་ལོ2012ལོ་ལས་དུད་ཚང3མང་དུ་ཕྱིན་ཡོད་པ་རེད། གྱོང་གུན་ཕོག་པའི་ཁེ་ལས་ལ་གྱོང་གུན་སྒོར་དུང་ཕྱུར1.5ཕོག་པ་དེ་སྤྱི་ལོ2012ལོ་ལས12%འཕར་ཡོད། ཐོན་རྫས་ཕྱིར་ཚོང་བྱེད་ཚད102.6%ཟིན་པ་དེ་སྤྱི་ལོ2012ལོ་ལས་བརྒྱ་ཆའི་གྲངས1.6མཐོ་རུ་ཕྱིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་བཟོ་ལས་ཐོན་རྫས་རིགས11ནང་ཐོན་འབོར་སྤྱི་ལོ2012ལོ་ལས་6འཕར་བ་དེས54.5%བཟུང་ཡོད། སྤྱི་ལོ2013ལོར་པེ་ལིན་ཆུས་ཀྱི་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས56གིས་རིན་ཐང་འཕར་མ་སྒོར་དུང་ཕྱུར22.8ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2012ལོ་ལས21.6%འཕར་བ་དེས་བྱང་ནགས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི21.7%བཟུང་ཡོད། གྲོང་ཁྱེར་ནང་ཨར་ལས་ཁེ་ལས30ཡོད་པ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར14.1ཟིན་པ་དེ་སྤྱི་ལོ2012ལོ་ལས18.5%འཕར་བ།
སྤྱི་ལོ2011ལོར། པེ་ལིན་ཆུས་སྲིད་གཞུང་གིས་སློབ་གསོར་གྲོན་དངུལ་བཏང་བ་སྤྱི་ལོ2010ལོ་ལས2%འཕར། སྤྱི་ལོ2011ལོར་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2.2བཏང་བ་དང་། སློབ་གྲྭའི་ཉལ་ཁང་སྟར་པ38གསར་སྐྲུན་བྱས་པ། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི11.2ཟིན་པ། སློབ་གྲྭའི་ཉལ་ཁང་སྨི་གྲུ་བཞི་མ་ཁྲི23ཉམས་གསོ་བྱས་པ། སློབ་གྲྭར་སྨི་གྲུ་བཞི་མ་ཁྲི17སྲ་འགྱུར་བྱུང་བ། སྨི་གྲུ་བཞི་མ་ཁྲི400སྔོ་འགྱུར་ཐུབ་པ་བཅས་བྱུང་ཡོད། ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་སྔོན་ཐོན་སློབ་གྲྭ3བསྐྲུན་པ་དང་ཚད་ལོན་སློབ་གྲྭ18བསྐྲུན་ཡོད། སློབ་འབྲིང6དང་སློབ་ཆུང88ཕྱིར་འཐེན་བྱས་ཡོད།
སྤྱི་ལོ2013ལོར་པེ་ལིན་ཆུས་སུ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་རང་ཚུགས་ཕྱོགས་བསྡུས་རིག་གནས་ས་ཚིགས21ཡོད་པ་དང་། དེབ་ཁྲི21ཉར་བ་དང་གྲོང་གསེབ་ཀྱི་ལུས་རྩལ་ཡོ་བྱད་སྣ་ཚོགས278ཉར་ཡོད། སྤྱི་ལོ2013ལོར“རིག་གནས་གཤམ་སྤེལ་”གྱི་རིག་རྩལ་འཁྲབ་སྟོན་ཐེངས550བྱས།
སྤྱི་ལོ2013ལོར་པེ་ལིན་ཆུས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ནད་པ་ནས་ཆ་སྙོམས20%འཕར་ཡོད། ཤིན་ཧྭ་ཡུལ་ཚོ་འཕྲོད་བསྟེན་ཁང་དང་། ཤིན་ཕུའུ་ཡུལ་ཚོ་འཕྲོད་བསྟེན་ཁང་། ཧྲོང་ཧོ་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་སྨན་བཅོས་ལས་སྒོའི་ཁང་པ3རྒྱས་སྐྲུན་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་སུའོ་ཡིས་སྒྲིག་སྦྱོར་བྱས་པའི་སྨན་བཅོས་སྒྲིག་ཆས1258བསྐྲུན་པ། སྤྱི་ལོ2013ལོའི་ཟླ6པར་པེ་ལིན་ཆུས་མི་དམངས་སྨན་ཁང་དང་པོ་བསྐྱར་སྐྲུན་བྱས་པ། འཆར་ལྡན་རིམས་ཐར་མཐུད་ཚད་ཀྱི95%ཡན་རྒྱུན་འཁྱོངས་ཐུབ་པ་དང“འགོག་སྨན”མཐུད་ཚད་ཀྱི95%ཡན་ཟིན་ཡོད།