སུན་ཝུའུ་རྫོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-18 08:49ལ་འགྲུབ།

སུན་ཝུའུ་རྫོང་།

སུན་ཝུའུ་རྫོང་།
སུན་ཝུའུ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧེ་ཧུ་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཞིང་། ཞིང་ཨན་ལིང་ཆུང་བའི་བྱང་ངོས་སུ་ཆགས་ཡོད། བྱང་ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་དང་འབྲེལ་བ། ལྷོ་ཝུའུ་ཏ་ལན་ཁྲི་གྲོང་ཁྱེར་དང་འབྲེལ་བ། ནུབ་ནུན་ཅང་གྲོང་ཁྱེར་དང་ཉེ་བ། ཤར་ཞུན་ཁེ་རྫོང་དང་ཉེ་བ། ཧེ་ཧུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ106ཡོད་པ་དང་། ཧེ་ཧུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ35ཡོད། ཨུ་རུ་སུའི་ཨ་མུར་ཀྲོའུ་ཡི་ཁང་སི་ཐན་ཏིང་ནུའོ་ཕུའུ་ཁ་ཁུལ་དང་ཧེ་ལུང་ཅང་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4318.9ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ1དང་། གྲོང་རྡལ2 ཡུལ་ཚོ(མི་རིགས་ཡུལ་ཚོ1ཚུད་པ)9 སྲིད་འཛིན་གྲོང་ཚོ94 རྒྱལ་གཉེར་ཞིང་འབྲོག་ར་བ2 རྒྱལ་ཁབ་ལ་དབང་བའི་ནགས་ར7བཅས་ཡོད། སྤྱིའི་མི་འབོར་ཁྲི10.42(སྤྱི་ལོ2013ལོ)ལ་མན་ཇུ་རིགས་དང་། ཏ་ཝོར་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས་སོགས་གྲངས་ཉུང་མི་རིགས19ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孙吴县
ཕྱི་ཡིག་གི་མིང་།
Sunwu
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིན་ཆེན་ཧེ་ཧུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
གྲོང་རྡལ2 ཡུལ་ཚོ9
སྲིད་གཞུང་གནས་ཡུལ།
སུན་ཝུའུ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0456
སྦྲག་སྲིད་ཨང་རྟགས།
164299
གནས་ཡུལ།
ཤར་གྱི་གཞུང་ཐིག126°40´—128°དང་། བྱང་གི་འཕྲེད་ཐིག48°59´—49°42´
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4454ཡོད།
མི་གྲངས།
ཁྲི10.42ཡོད།
གནམ་གཤིས།
གྲང་ངར་ཆེ་བའི་སཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཧེ་ཧུ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
སུན་ཝུའུ་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)N
སྲིད་འཛིན་ཚབ་ཨང་།
231124
1 ངོ་སྤྲོད།

སུན་ཝུའུ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧེ་ཧུ་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཞིང་། ཞིང་ཨན་ལིང་ཆུང་བའི་བྱང་ངོས་སུ་ཆགས་ཡོད། བྱང་ཧེ་ཧུ་གྲོང་ཁྱེར་ཨའེ་ཧུའེ་ཆུས་དང་འབྲེལ་བ། ལྷོ་ཝུའུ་ཏ་ལན་ཁྲི་གྲོང་ཁྱེར་དང་འབྲེལ་བ། ནུབ་ནུན་ཅང་གྲོང་ཁྱེར་དང་ཉེ་བ། ཤར་ཞུན་ཁེ་རྫོང་དང་ཉེ་བ། ཧེ་ཧུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ106ཡོད་པ་དང་། ཧེ་ཧུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ35ཡོད། ཨུ་རུ་སུའི་ཨ་མུར་ཀྲོའུ་ཡི་ཁང་སི་ཐན་ཏིང་ནུའོ་ཕུའུ་ཁ་ཁུལ་དང་ཧེ་ལུང་ཅང་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4318.9ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ1དང་། གྲོང་རྡལ2 ཡུལ་ཚོ(མི་རིགས་ཡུལ་ཚོ1ཚུད་པ)9 སྲིད་འཛིན་གྲོང་ཚོ94 རྒྱལ་གཉེར་ཞིང་འབྲོག་ར་བ2 རྒྱལ་ཁབ་ལ་དབང་བའི་ནགས་ར7བཅས་ཡོད། སྤྱིའི་མི་འབོར་ཁྲི10.42(སྤྱི་ལོ2013ལོ)ལ་མན་ཇུ་རིགས་དང་། ཏ་ཝོར་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས་སོགས་གྲངས་ཉུང་མི་རིགས19ཡོད། 

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ3པར། སུན་ཝུའུ་རྫོང་སྲིད་གཞུང་དེ་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར།

སྤྱི་ལོ1967ལོའི་ཟླ4པར་སུན་ཝུའུ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1980ལོའི་ཟླ11པར། རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་ཏེ། མི་དམངས་སྲིད་གཞུང་སླར་གསོ་བྱས། 

སྤྱི་ལོ1979ལོའི་ཟླ3པ་ནས་ཟླ4པའི་བར། སུན་ཝུའུ་དང་། ཝུའུ་ཏ་ལེན་ཁྲི་གྲོང་ཁྱེར(དེ་སྔའི་ཏེ་ཏུའུ་རྫོང)དང་ནུན་ཅང་རྫོང་བཅས་ཀྱིས་སོ་སོར་མཐའ་མཚམས་གསལ་པོར་བསྟན།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2014ལོའི་ཟླ6པར་སུན་ཝུའུ་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ2དང་ཡུལ་ཚོ9ཡོད་པ་སྟེ། སུན་ཝུའུ་གྲོང་རྡལ་དང་། ཁྲེན་ཆིང་གྲོང་རྡལ། ཡན་ཅང་མན་ཇུ་རིགས་ཀྱི་ཏ་ཝོར་རིགས་ཡུལ་ཚོ། གཡོད་ཐུན་ཡུལ་ཚོ། ཤིས་ཤིན་ཡུལ་ཚོ། ཝོ་ཉིའུ་ཧོ་ཡུལ་ཚོ། ཆིང་ཤིས་ཡུལ་ཚོ། ཀྲེང་དབྱང་ཧྲན་ཡུལ་ཚོ། ཧུང་ཆི་ཡུལ་ཚོ། ཧྥུན་ཏུ་ཡུལ་ཚོ། ཆུང་ཧྲན་ཡུལ་ཚོ་བཅས་ཡིན། ནགས་ར8སྟེ། ཏ་ཧོ་ཁོའུ་ནགས་ར་དང་། ཕིང་ཧྲན་ནགས་ར། ཀྲེང་དབྱང་ནགས་ར། ཡན་ཅང་ནགས་ར། ཆན་ཅིན་ནགས་ར། ཞིང་དབྱང་ནགས་ར། ཧུང་ཆི་ནགས་ར། ཁྲེན་ཆིང་ནགས་ར་བཅས་ཡིན་པ་དང་། རྒྱུད་བཟང་ར་བ1དང་སོན་ཕྱུགས་ར་བ1 བསྡོམས་པས་སྲིད་འཛིན་གྲོང་ཚོ94བཅས་ཡོད། 

སུན་ཝུའུ་རྫོང་ནི་ཤར་གྱི་གཞུང་ཐིག126°40´—128°དང་བྱང་གི་འཕྲེད་ཐིག48°59´—49°42´བར་ཡིན། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧེ་ཧུ་གྲོང་ཁྱེར་གྱི་དབུས་རྒྱུད། ཞིང་ཨན་ལིང་ཆུང་བའི་བྱང་འདབས་བཅས་སུ་ཆགས་ཡོད། བྱང་ཧེ་ཧུ་གྲོང་ཁྱེར་གྱི་ཨའེ་ཧུའེ་ཆུས་དང་འབྲེལ་བ། ལྷོ་ཝུའུ་ཏ་ལེན་ཁྲི་གྲོང་ཁྱེར་དང་འབྲེལ་བ། ནུབ་ནུན་ཅང་གྲོང་ཁྱེར་དང་འབྲེལ་བ། ཤར་ཞུན་ཁེ་རྫོང་དང་འབྲེལ་ཡོད། ཧེ་ཧུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ35ཡོད་པ་དང་། ཨུ་རུ་སུའི་ཨ་མུར་ཀྲོའུ་ཡི་ཁང་སི་ཐན་ཏིང་ནུའོ་ཕུའུ་ཁ་ཁུལ་དང་ཧེ་ལུང་ཅང་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4318.9ཟིན་ཡོད། ཞིང་ཆེན་གྱི་གྲོང་ཁྱེར་ཧ་ཨེར་པིན་དང་བར་ཐག་སྤྱི་ལེ500ཡོད་པ་དང་། ཧེ་ཧུ་གྲོང་ཁྱེར་གྱི་ཨའེ་ཧུའེ་ཆུས་དང་བར་ཐག་སྤྱི་ལེ110ཡོད། སུན་ཝུའུ་རྫོང་ནི་ཧེ་ཧུ་གྲོང་ཁྱེར་གྱི་འགག་སྒོ་གསུམ་གྱི་གྲས་ཤིག་ཡིན། 

4 གནམ་གཤིས།

སུན་ཝུའུ་རྫོང་ནི་འཕྲེད་ཐིག་བར་མ་དང་། གྲང་ངར་ཆེ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ནངས་དགོང་གི་དྲོད་ཚད་ཧེ་བག་ཆེ་བ། དཔྱིད་དུས་རླུང་ཆེ་བ། དབྱར་དུས་ཆར་བ་མང་བ། སྟོན་དུས་བསིལ་བ། དགུན་དུས་ཅུང་རིང་བ་བཅས་ཡིན། སྤྱིའི་དྲོད་ཚད་ཅུང་དམའ་ཞིང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད1.6℃ཡིན་པ་དང་། སད་མེད་པའི་དུས་ཡུན་ཅུང་ཐུང་ཞིང་། ཉིན93དང་ཉིན126ཡས་མས་ཡིན། ཉི་འོད་ཕོག་པའི་དུས་ཚོད་རིང་བ་དང་ཆ་སྙོམས་ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད2560.7ཟིན་གྱི་ཡོད་པས་དྲོད་ཚད་མཐོ་ལ་ཆར་ཆུ་འབེལ་བས་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི540.7ཟིན་གྱི་ཡོད། 

5 མི་གྲངས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སུན་ཝུའུ་རྫོང་དུ་སྤྱི་ལོ1949ལོར་མི་གྲངས12153ཡོད། སྤྱི་ལོ1953ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དང་པོ་བྱས་པ་དང་། རྫོང་ཡོངས་ཀྱི་མི་འབོར8807ཡོད། སྤྱི་ལོ1964ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་བྱས་པ་དང་། རྫོང་ཡོངས་ཀྱི་མི་འབོར15420ཡོད། སྤྱི་ལོ1982ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱས་པ་དང་། རྫོང་ཡོངས་ཀྱི་མི་འབོར63215བཅས་ཟིན་ཡོད།      སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་དཔྱད་གཞི་ལས་མངོན་པར། སུན་ཝུའུ་རྫོང་ཡོངས་ཀྱི་མི་འབོར95867ཡོད་པ་དང་། དེའི་ནང་ལོ0ནས14བར20452ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི21.3%བཟུང་བ་དང་། ལོ15ནས65བར་གྱི་མི་འབོར71451ཡོད་པ་དེས་རྫོང་ཡོངས་ཀྱི་མི་འབོར་གྱི74.5%བཟུང་བ། ལོ65དང་དེ་ཡན་གྱི་མི་འབོར3964ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི4.1%བཟུང་ཡོད།      སྤྱི་ལོ2010ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་དཔྱད་གཞི་ལས་མངོན་པར། སུན་ཝུའུ་རྫོང་ཡོངས་ཀྱི་མི་འབོར102821ཟིན་པ་དེ་སྤྱི་ལོ2000ལོ་ལས7.3%འཕར་བའི་ནང་ལོ0ནས14བར་གྱི་མི་འབོར14627ཟིན་པ་དེ་སྤྱི་ལོ2000ལོ་ལས28.5%ཆག་པ་དེས་རྫོང་ཡོངས་ཀྱི་མི་འབོར་གྱི14.2%བཟུང་བ་དང་། ལོ15ནས65བར་གྱི་མི་འབོར81253ཡོད་པ་དེ་སྤྱི་ལོ2000ལོ་ལས13.7%འཕར་བ་དེས་རྫོང་ཡོངས་ཀྱི་མི་འབོར་གྱི79%བཟུང་བ། ལོ65དང་དེ་ཡན་གྱི་མི་འབོར6941ཡིན་པ་དེ་སྤྱི་ལོ2000ལོ་ལས75%འཕར་བ་དེས་རྫོང་ཡོངས་ཀྱི་མི་འབོར་གྱི6.8%བཟུང་ཡོད།      སྤྱི་ལོ2013ལོར་སུན་ཝུའུ་རྫོང(གསར་བརྗེའི་མཐའ་མཚམས་ཞིང་ར་ཚུད་པ)ཁྱོན་དུད་ཚང43268ཡོད་པ་དང་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར104209ཟིན་པ་དེ་དུས་མཚུངས་ལས0.6%ཆག་ཡོད། སྐྱེས་པའི་མི་འབོར52797དང་བུད་མེད་མི་འབོར51412ཡོད། མི་གྲངས་བསྡོམས་འབོར་ཁྲོད་ཞིང་ལས་མ་ཡིན་པའི་མི་གྲངས50040ཡོད། མི་འབོར་སྐྱེ་ཚད་ཀྱི6.97%དང་། ཤི་ཚད་ཀྱི8.03སྟོང་། མི་འབོར་རང་ཤུགས་སུ་འཕར་ཚད་ཀྱི1.05སྟོང་ཆ་བཅས་ཡིན། 

6 དཔལ་འབྱོར།

སྤྱི་ལོ2013ལོར་སུན་ཝུའུ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི126857ཟིན་པ་དེ་དུས་མཚུངས་ལས8.1%འཕར་བའི་ནང་ཐོན་ལས་དང་པོར་སྒོར་ཁྲི64188བྱུང་བ་དེ་དུས་མཚུངས་ལས5.3%འཕར་བ་དང་། ཐོན་ལས་གཉིས་པ་སྒོར་ཁྲི17357ཟིན་པ། དུས་མཚུངས་ལས16.5%འཕར་བ། ཐོན་ལས་གསུམ་པ་སྒོར་ཁྲི45312བྱུང་བ་དེ་དུས་མཚུངས་ལས8.4%འཕར་བ་བཅས་ཡིན། ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི50.5:13.7:35.8ཡིན་པ་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས0.1ཆག་པ་དང་། བརྒྱ་ཆའི0.4ཆག་པ། བརྒྱ་ཆའི0.5འཕར་བ་བཅས་ཡིན། 

7 སྤྱི་ཚོགས་འགན་སྲུང་།
7_1 ཚན་རིག

སྤྱི་ལོ2013ལོར་སུན་ཝུའུ་རྫོང་དུ་ཆེད་ལས་ལག་རྩལ་མི་སྣ2141ཡོད་པའི་ནང་མཐོ་རིམ་གོ་མིང་ཐོབ་མཁན494དང་། འབྲིང་རིམ་གོ་མིང་ཐོབ་མཁན1120དམའ་རིམ་གོ་མིང་ཐོབ་མཁན527བཅས་ཡོད་པ་དང་། བཟོ་པ877དང་དོ་དམ་མི་སྣ447ཡོད་པ། ཚན་རྩལ་འགྲོ་གྲོན་སྒོར་ཁྲི710བཏང་ནས་དུས་མཚུངས་ལས2.2%ཆག་ཡོད། 

7_2 སློབ་གསོ།

སྤྱི་ལོ2013ལོར་སུན་ཝུའུ་རྫོང་གི་མཐོ་རྒྱུགས་གཙོ་གནད་དངོས་གཞིའི་ཚན་ཁག་གི་སློབ་གླིང63ལ་རིམ་སྤོར་བྱས་པ་དང་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མའི་སློབ་མ204ལ་རིམ་སྤོར་བྱས། སྤྱི་ལོ2013ལོར་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ1261ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1900ཡོད་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད་ཀྱི78.7%ཟིན་པ། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ5203ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་ཀྱི100%ཟིན་པ། སློབ་ཆུང་སློབ་མའི་སློབ་མཚམས་འཇོག་ཚད0ཡིན། 

7_3 རིག་གནས།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་སུན་ཝུའུ་རྫོང་དུ་རིག་གནས་ཁང1དང་། ལོ་རྒྱུས་བཤམས་སྟོན་ཁང1 སྤྱི་པའི་དཔེ་མཛོད་ཁང1 ཞིང་དུད་རིག་གནས་སྒོ་ར12 ཞིང་དུད་དཔེ་དེབ་ཁང14 ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ས་ཚིགས11 བཅས་ཡོད་པ་ཡིན། ཡིག་ཚགས་ཁང1 འགུལ་ཚད་ལེགས་སྒྲིག་རླུང་འཕྲིན་ཆ་ཚང8དང་། རླུང་འཕྲིན་བརྙན་འཕྲིན་འཕེན་གཏོང་མཐོ་ལྕོག1 རླབས་ཕྲན་བརྒྱུད་གཏོང་མཐོ་ལྕོག1 སྐུད་མེད་བརྙན་འཕྲིན་ཆ་ཚང4 རླུང་འཕྲིན་མི་འབོར་ཁྱབ་ཚད་ཀྱི65%དང་། སྐུད་མེད་ཁེབས་ཁྱོན་སྤྱི་ལེ25བཅས་ཟིན་ཡོད། གྲོང་ཁུལ་གྱི་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད་ཀྱི76%ཟིན་པ་དང་གྲོང་གསེབ་ཀྱི་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད་ཀྱི43%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྙན་འཕྲིན་མི་འབོར་ཁེབས་ཚད་བརྒྱ་ཆའི98.5ཟིན་པ་དང་། གྲོང་གསེབ་ཀྱི་བརྙན་འཕྲིན་མི་འབོར་བརྒྱ་ཆའི89ཟིན་པར་བྱ་དགོས། དངུལ་ཡོད་པའི་བརྙན་འཕྲིན་ལ་གློག་ཐག་དྲ་བ་སྤྱི་ལེ760དང་། འོད་འཁྲིད་ཚི་སྐུད་དྲ་བ་སྤྱི་ལེ536ཡོད་པ། གྲངས་འཛིན་བརྙན་འཕྲིན་ལེ་ཚན139བརྒྱུད་གཏོང་བྱས་པ། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ11དང་གྲོང་ཚོ108སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང18400བཅས་ལ་ཁྱབ་ཡོད་པ་ཡིན། 

7_4 འཕྲོད་བསྟེན།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་སུན་ཝུའུ་རྫོང་དུ་རིམ་ཁག་འཕྲོད་བསྟེན་སྒྲིག་གཞི135ཡོད་པའི་ནང་རིམ་གཉིས་ཕྱོགས་བསྡུས་སྨན་ཁང་དང་། ཀྲུང་ལུགས་སྨན་ཁང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས། ལྟ་སྐུལ་ཁང་། ཞིང་ལས་མཉམ་ལས་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས4 བཟོ་གཏེར་ཁེ་ལས་བྱ་གཞག་འཕྲོད་བསྟེན་སུའོ4 ཁེར་རྐྱང་སྨན་བཅོས་ཁང4 རྒྱ་གྲམ་དམར་པོ་དང་གསོ་རིག་སློབ་ཚོགས་ཀྱི་སྨན་བཅོས་ཁང1 ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང11 གྲོང་ཚོའི་འཕྲོད་བསྟེན་ཁང104བཅས་ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྱོན443ཡོད་པའི་ནང་མཐོ་རིམ་གོ་མིང་མི98དང་། འབྲིང་རིམ་གོ་མིང་མི118 དམའ་རིམ་གོ་མིང་མི227བཅས་ཡོད་པ་དང་། རྫོང་དེ་ཡོངས་ཀྱི་མི་སྟོང་རེར་འཕྲོད་བསྟེན་ལག་རྩལ་མི་སྣས་བཟུང་བའི་བསྡུར་ཚད་ཀྱི4.4%ཟིན་པ་དང་ལས་གཉེར་སྨན་པ་དཀའ་བཅུ་པས་བཟུང་བའི་བསྡུར་ཚད་ཀྱི1.7%ཟིན་ཡོད། 


དཔྱད་གཞིའི་ཡིག་ཆ།