ལིན་ཧྲི་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-03-20 08:39ལ་འགྲུབ།

ལིན་ཧྲི་རྫོང་།

ལིན་ཧྲི་རྫོང་།
ལིན་ཧྲི་རྫོང་ནི་ཧྲན་ཞི་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་ཤིང་ཅིན་ཀྲུང་གཤོང་སའི་ལྷོ་སྣེ་རུ་ཆགས་ཡོད་ཅིང་ཞིང་ཆེན་གྱི་ལྟེ་བ་ཐའེ་ཡོན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ150ཡོད་པ་དང་། བྱང་དུ་ཅེ་ཞིའུ་གྲོང་ཁྱེར་དང་ལྷོ་རུ་ཧུའོ་ཀྲོའུ། ཤར་དུ་ཆིན་ཡོན་དང་ནུབ་ཏུ་ལེན་ཅའོ་ཁོའུ་དང་ཞའོ་དབྱི་བཅས་ལ་འབྲེལ་ཞིང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1206ཟིན་ཞིང་དེའི་ཁོངས་སུ་གྲོང་རྡལ6དང་། ཡུལ་ཚོ6 སྡེ་ཁུལ3 སྲིད་འཛིན་གྲོང་ཚོ278བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
灵石县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1206ཡོད།
དབྱིན་ཡིག་གི་མིང་།
Lingshi
མི་གྲངས།
ཁྲི27.2ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཡུལ་སྐད།
ཅིན་སྐད།
ཁོངས་གཏོགས་ས་ཁུལ།
ཅིན་ཀྲུང་།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0354
རླངས་འཁོར་ཚབ་ཨང་།
ཅིནK(晋K)
སྦྲག་སྲིད་ཨང་རྟགས།
031300
སྲིད་འཛིན་ཚབ་ཨང་།
140729
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1772ལོར་ཧུའོ་ཀྲོའུ་རུ་གཏོགས།     

ཀྲུང་ཧྭ་མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཧོ་ཏུང་ཏའོ་ཡི་ཁོངས་སུ་གཏོགས།     

ཀྲུང་ཧྭ་མིན་གོའི་སྲིད་ལོ་བཅུ་དགུ་པར(སྤྱི་ལོ1930ལོར)ཧྲན་ཞི་ཞིང་ཆེན་གྱི་ཐད་གཏོགས་སུ་བཅུག

སྤྱི་ལོ1939ལོར་ཧྥུན་ཧོ་ཆུ་བོའི་ཤར་ངོས་ས་ཁུལ་ཧྥུན་ཏུང་རྫོང་དུ་བགོས་རྗེས་ཐའེ་ཡུའེ་ས་ཁུལ་དུ་གཏོགས་པར་བྱས།     

སྤྱི་ལོ1946ལོར་ལིན་ཞི་རྫོང་ལ་དབྱེ་ཞིང་ལུའི་ལིའང་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།     

སྤྱི་ལོ1948ལོར་ལིན་ཧྲི་རྫོང་དུ་བསྒྱུར།     

སྤྱི་ལོ1949ལོར་ཡུས་ཚི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།     

སྤྱི་ལོ1958ལོར་ཅེ་ཞིའུ་རྫོང་དུ་ཟླ་སྒྲིལ་བྱས།     

སྤྱི་ལོ1961ལོར་བསྐྱར་སྒྲིག་བྱས།     

སྤྱི་ལོ1967ལོར་ཅིན་ཀྲུང་ས་ཁུལ་དུ་གཏོགས།     

སྤྱི་ལོ1999ལོར་ཅིན་ཀྲུང་གྲོང་ཁྱེར་དུ་གཏོགས། 

2 སྲིད་འཛིན་ས་ཁོངས།

ཧྲན་ཞི་ཞིང་ཆེན་ཅིན་ཀྲུང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ལ་ལིན་ཧྲི་རྫོང་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ6ཡོད་དེ། ཚུའེ་ཧྥེང་གྲོང་རྡལ་དང་། ཅིན་ཧྲེང་གྲོང་རྡལ། ཉིས་ཏུའུ་གྲོང་རྡལ། ཞ་མོན་གྲོང་རྡལ། ནན་ཀོན་གྲོང་རྡལ། ཏོན་ཁྲུན་གྲོང་རྡལ། མ་ཧོ་ཡུལ་ཚོ། དབྱིན་ཝུའུ་ཡུལ་ཚོ། ཝང་ཡུས་ཡུལ་ཚོ། ཐན་ཀྲེན་ཡུལ་ཚོ། ལིའང་ཅ་ཡན་ཡུལ་ཚོ། ཅའོ་ཁོའུ་ཡུལ་ཚོ་བཅས་ཡིན། 

3 ས་ཁམས་ཁོར་ཡུག
3_1 ས་དབྱིབས།

ལིན་ཧྲི་རྫོང་གི་ཕྱོགས་བཞིར་རི་ཚོགས་ཀྱིས་བསྐོར་བ་དང་རི་རྒྱུད་རིམ་བརྩེགས་དང་། རི་ཁུལ་དང་རི་མ་ཐང་གི་རྒྱ་ཁྱོན90%ཡན་ཟིན། དབུས་རྒྱུད་ནི་ཧྥུན་ཧོ་གཙང་བོའི་ལུང་ཤུར་ཡིན་པ་དང་རྫོང་མཁར་ལུང་ཤུར་དུ་གནས་པ་དང་། དེ་ནི་ཅིན་ཀྲུང་ནས་ཧྲན་ཞིའི་ལྷོ་རྒྱུད་དུ་གནས་ཤིང་། གནའ་ནས་བཟུང་དམག་མིས་འཕྲོག་རྩོད་བྱེད་ངེས་ཀྱི་ས་ཆ་ཞིག་ཀྱང་ཡིན་ལ། རྫོང་ཁོངས་ཀྱི་ཤར་རྒྱུད་དུ་ཐའེ་གཡོད་རི་རྒྱུད་ཀྱི་རྡོ་དཀར་རི་བོ་ཡོད། ས་བབ་མཐོ་ཚད་སྨི2532ཡོད་པ་དང་ནུབ་རྒྱུད་ནི་དེའུ་འབུར་ས་དབྱིབས་ཡིན་ལ་ལུའེ་ལེའང་རི་རྒྱུད་དུ་གཏོགས། རི་བོ་ཅུང་ཆེ་བ་ནི་ནུབ་བྱང་གི་སྤྱི་ལེ14.5ཡི་སར་གསར་སྐྲུན་བྱས་པ་ཞིག་ཡིན་ཞིང་ས་བབ་མཐོ་ཚད་སྨི1275ཡོད་པ་དང་གཟར་ཚད་ཏུའུ40ཙམ་ཡོད། རྩེ་མོ་བདེ་སྙོམས་ཡིན་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ12ཙམ་ཡོད་པ་བཅས་ནི་ཤིས་ཧྲན་དང་ལིང་ཧྲི་གཙང་པོའི་ནུབ་རྒྱུད་དུ་ཚོད་འཛིན་བྱེད་པའི་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཞིག་རེད།      

3_2 ཆུ་དཔྱད། 

ས་ཁོངས་ནང་གི་ཆུ་བོ་གཙོ་བོ་ཧྥེན་ཧོ་གཙང་པོ་ནི་ལྷོ་རྒྱུད་ཀྱི་ཧན་ཤིན་རི་རྒྱུད་འཕྲད་ཀྱིས་བཅད་ནས་གྲོག་ཤུར་ཆགས་ཡོད་ལ། དེ་ནི་ཅིན་ཀྲུང་དང་ལིན་ཧྥུན་ས་ཁུལ་གཉིས་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་འགག་མདོ་ཞིག་རེད། དེ་མིན་ད་དུང་རེན་དབྱི་ཧོ་ཆུ་བོ་དང་ཧྲོང་ཁྲི་ཧོ། ཅའོ་ཁོའུ་ཧོ་ཆུ་བོ་སོགས་ཀྱི་ཆུ་ལག་ཡོད།     

3_3 ནམ་ཟླ། 

ལིན་ཧྲི་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ་ཡིན་པ་དང་ལོ་རེའི་ཆ་སྙོམས་ཀྱི་དྲོདཚད་ཧྲེ་ཧྲི་ཏུའུ10ཡས་མས་ཡིན་པ་དང་ཟླ་དང་པོའི་དྲོད་ཚད་གོར་ཐིག་མིན་གྱི6℃དང་ཟླ་བདུན་པར24℃ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི650དང་སད་རྒྱག་པའི་དུས་ཡུན་ནི་ཟླ་དགུ་པའི་ཟླ་སྨད་ནས་ཕྱི་ལོའི་ཟླ་བཞི་པའི་ཟླ་དཀྱིལ་བར་ཡིན་པ་དང་སད་མེད་དུས་ཉིན140ཡིན། དེ་ནི་ཅིན་ཀྲུང་གྲོང་ཁྱེར་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་མཐོ་ཤོས་ཀྱི་ས་ཁུལ་ཡིན་ཞིང་། ལོ་རེར་ཆ་སྙོམས་བྱས་ན་གྲོང་ཁྱེར་ཡོངས་ཀྱི1-2℃ལས་མཐོ་བ་ཡོད། དུས་བཞིའི་དབྱེ་བ་ནས་བལྟས་ན་སྤྱིར་བཏང་དུ་ལོ་རེའི་ཟླ4པའི་ཚེས6ཉིན་ནས་ཟླ6པའི་ཚེས5ཉིན་ཡིན་པ་དང་ཆ་སྙོམས་དྲོད་ཚད་ཏུའུ10ནས20བར་ཡིན་ཞིང་། དཔྱིད་དུས་སུ་ཉིན61ཙམ་ཡིན་ལ་ཟླ6པའི་ཚེས6ཉིན་ནས་ཟླ8པའི་ཚེས20ཉིན་བར་ཡིན་པ་དང་། ཆ་སྙོམས་ཀྱི་དྲོད་ཚད22℃ཡན་ཡིན་པ་དང་དབྱར་དུས་སུ་ཉིན76ཙམ་ཡིན་ལ་ཟླ8པའི་ཚེས21ནས་ཟླ10པའི་ཚེས20ཉིན་བར་དང་། ཆ་སྙོམས་ཀྱི་དྲོད་ཚད22-10℃བར་ཡིན་ཞིང་སྟོན་དུས་ནི་ཉིན61ཙམ་ཡིན། ཟླ10པའི་ཚེས21ནས་ཕྱི་ལོའི་ཟླ4པའི་ཚེས5ཉིན་བར་དུ་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10མན་ཆད་ཡིན་པ་དང་དགུན་དུས་ཡིན་པ་དང་ཉིན167ཙམ་ཡིན། དེར་བརྟེན་དགུན་དུས་རིང་ཤོས་དང་དབྱར་དུས་འབྲིང་ཙམ། དཔྱིད་དུས་དང་སྟོན་དུས་གཉིས་ཐུང་། ལིན་ཧྲི་རྫོང་གི་མངའ་ཁོངས་སུ་ས་དབྱིབས་ཀྱི་ཤུགས་རྐྱེན་ཕོག་ཅིང་། ས་གནས་ཁག་གི་གནམ་གཤིས་ལ་ཁྱད་པར་མངོན་གསལ་ཡོད་ཅིང་ས་ཁུལ་རིགས་གསུམ་དུ་དབྱེ་ཡོད་པ་སྟེ། གྲོག་རོང་དྲོ་འཇམ་ཁུལ(ཧྥུན་ཧོ་གཙང་པོ་དང་། ཅིན་ཧྲེང་གཙང་པོ། རེན་དབྱི་ཆུ་བོའི་སྨད་རྒྱུད་ཀྱི་ལུང་གཞུང་ཕིན་ས་ཁུལ)དང་། དམའ་རི་ཝུན་ལིའང་ཆུས། (ཝང་ཡུས་ཡུལ་ཚོ་དང་ཐན་ཀྲེན་ཡུལ་ཚོ། ཏོན་ཁྲུན་ཀྲེན་གྲོང་རྡལ། ཅའོ་ཁོའུ་ཡུལ་ཚོ། དབྱིན་ཝུའུ་ཡུལ་ཚོ། ཧྲུའེ་ཡུས་ཡུལ་ཚོ་སོགས་ཡིན)

4 དཔལ་འབྱོར།

རྫོང་ཡོངས་སུ་རྨོ་ཞིང་མུའུ་ཁྲི38.24ཡོད་པ་དང་འབྲུ་རིགས་ལོ་ཏོག་གཙོ་བོ་གྲོ་དང་། མ་རྨོས་ལོ་ཏོག སྲན་མ། ཀའོ་ལིའང་སོགས་ཡོད། དཔལ་འབྱོར་ལོ་ཏོག་ལ་སྣུམ་རྒྱུ་དང་སྔོ་ཚལ་སོགས་ཡོད།ནགས་ཚལ་ཁེབས་ཁྱོན་མུའུ་ཁྲི27.5ཟིན་ཡོད་ལ་མངའ་ཁོངས་སུ་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་ཅིང་། རྡོ་སོལ་གསོག་ཚད་མང་ཤོས་ཡིན་པས་ཏུན་དུང་ཕྱུར97ཟིན། གཞན་ཡང་ཅུ་གང་དང་ཨར་ལས་རྒྱུ་ཆ། ལྕགས། མུ་ཟི་སོགས་ས་འོག་གི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། བཟོ་ལས་ལ་རྡོ་སོལ་དང་མུ་ཟི། རྡོ་ཅུ་གང་། ཨར་འདམ། ལྕགས། རྫ་དཀར། སྲིང་བལ་འཁེལ་མ། སོ་རས་འཁེལ་མ། ཞིང་ལས་འཕྲུལ་ཆས། རྫས་ལུད། པར་འདེབས་སོགས་ཡོད། སྤྱི་ལོ2010ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར127ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད14%ཟིན་པ་དང་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར51431ཟིན་ནས་ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས། ལོ་ལྔའི་ནང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར178བཏང་བ་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར25ཟིན་ནས་ལོ་རེར་ཆ་སྙོམས10%འཕར། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་ཁྲི2200ཟིན་ནས་ལོ་རེར་ཆ་སྙོམས15%འཕར། ཕྱི་ཕྱོགས་ནས་ཐད་ཀར་མ་དངུལ་(མངའ་ཁོངས་ཕྱི་དང་གྲོང་ཁྱེར་ཕྱི)ལ་ཨ་སྒོར་ཁྲི5000བཏང་ནས་ལོ་རེར་ཆ་སྙོམས38%འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར40ཟིན་ནས་ལོ་རེར་ཆ་སྙོམས19.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་གིསGDPཡི་བསྡུར་ཚད་ཀྱི་བརྒྱ་ཆ35ཡས་མས་ཟིན། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར20ལས་བརྒལ་ནས་ལོ་རེར་ཆ་སྙོམས14%འཕར། འབྲུ་རིགས་ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་ཁྲི5000ཡས་མས་སུ་བརྟན་པོར་གནས་ཡོད། སྤྱི་ལོ2011ལོར་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་དུས་བབ་ཀྱི་མདུན་དུ་ལིན་ཧྲི་རྫོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འགོ་ཡག་པོ་ཞིག་འཛུགས་རྒྱུར་དམིགས་ཏེ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ཏེ་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྫོང་དང་དབང་ཆ་རྒྱ་སྐྱེད་དང་རྫོང་སྟོབས་ཆེར་གཏོང་བའི་ཚོད་ལྟའི་རྫོང་དུ་གཏན་འཁེལ་བྱས་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་གཉིས་ཀ་གྲངས་གནས་གཉིས་ཡན་འཕར་ཐུབ་པ་བྱུང་ཡོད། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར160.5ལེགས་གྲུབ་བྱུང་ནས17.5%འཕར། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར31.22ཟིན་ནས15.6%འཕར་བ་དང་། བལྟོས་མེད་དངུལ་གྲངས་ནི་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོ་དང་ཞིང་ཆེན་ཡོངས་ཀྱི་བརྒྱད་པ་ཡིན་པ་དང་ཚད་ལོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར106.8ལེགས་གྲུབ་བྱུང་ནས32.42%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར89.7བཏང་ནས་འཕར་ཚད23.34%ཟིན། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར40.03ཟིན་པ་དང་རིང་ཚད17.35%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22259.9ཟིན་ནས13.14%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9100ཟིན་ནས20.32%འཕར། དམངས་འཚོའི་བྱ་གཞག་ཐད་མ་དངུལ་སྒོར་དུང་ཕྱུར3.7བཏང་བ་ཞིང་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི245ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར19.4ཟིན་ནས་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་བཏོད། སྤྱི་ལོ2018ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར247.4ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་གཉིས་པར་སླེབས། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར141.8ལེགས་གྲུབ་བྱུང་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར73.7བཏང་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་གཉིས་པར་སླེབས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར18.16ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཨང2པར་སླེབས། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར81.6ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་གསུམ་པར་སླེབས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར37665དང་སྒོར17400ཟིན་ཡོད།     

4_1 ཞིང་ལས། 

རྫོང་དེས་སྟར་ཁ“རྫོང་གཅིག་དང་ལས་རིགས་གཅིག”གི་གཙོ་རྒོལ་ཐོན་ལས་ཤིག་ཏུ་བརྩིས་ནས་མ་དངུལ་གཏོང་བའི་ཐབས་ལམ་གསར་གཏོད་བྱས་ནས་རྡོ་སོལ་ཏུན10བཏོན་པའི་གཏེར་རིའི་ཁོར་ཡུག་སླར་གསོ་བཅོས་སྒྲིག་གི་འགན་ལེན་མ་དངུལ་ཁྲོད། ཁག་གཅིག་སྟར་ཀའི་ནགས་ཚལ་འདེབས་རྒྱུར་འགན་ལེན་བྱས་པ་དང་འབྲེལ་སྟར་ཁའི་ལས་སྣོན་དང་། ཟོག་འགྲེམས། གཉེར་ཚོང་མ་ལག་བཅས་ཟམ་མི་ཆད་པར་ནང་འདྲེན་བྱས་པ་རེད། སྤྱི་ལོ2011ལོར་རྫོང་ཡོངས་ཀྱི་སྟར་ཁའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི24ཟིན་པ་དང་ལོར་ཐོན་ཚད་སྤྱི་རྒྱ་ཁྲི1000ཟིན་ནས་ཞིང་པ་མི་རེར་ཆ་སྙོམས་འབབ་འཕར་སྒོར1200ཡན་ཡོང་རྒྱུར་སྐུལ་ཁྲིད་བྱས་པས། ཀྲུང་གོ་དཔལ་འབྱོར་ནགས་ཚལ་མཐུན་ཚོགས་ཀྱིས“ཀྲུང་གོའི་སྟར་ཀའི་ཕ་ཡུལ”ཞེས་མིང་བཏགས་པ་དང་། དེ་དང་ཆབས་ཅིག་གཞི་ཁྱོན་ལྡན་པའི་བདེ་ཐང་གསོ་ཚགས་དང་སྒྲིག་བཀོད་སྔོ་ཚལ་འཕེལ་རྒྱས་གཏོང་རྒྱུར་ཡང་ལྟ་རྟོག་བྱས་ནས། རྫོང་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་གསོ་ཚགས་དུད་ཚང་ཆེ་གྲས214བར་འཕེལ་རྒྱས་བཏང་བ་དང་སྒྲིག་བཀོད་སྔོ་ཚལ་དཔེ་སྟོན་གླིང་མུའུ4000བསྐྲུན་ནས་ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།     

4_2 བཟོ་ལས།    

ལོ་མང་རིང་གི་འཕེལ་རྒྱས་བརྒྱུད་ལིན་ཧྲི་རྫོང་དུ་རྡོ་སོལ་བསྲེགས་མ་དང་། རྫས་འགྱུར་བཟོ་ལས། ལྕགས་བཞུ། ཨར་ལས་རྒྱུ་ཆ། གློག་ཤུགས་བཅས་གཙོ་བོར་བྱེད་པའི་རྐང་འཛིན་ཐོན་ལས་ཆེན་པོ་ལྔ་རགས་ཙམ་ཆགས་ནས། ཧྲན་ཞི་ཞིང་ཆེན་གྱི་གཙོ་གནད་འཕེལ་རྒྱས་ཀྱི་རྡོ་སོལ་སྲེག་སྒྱུར་རྟེན་གཞི་ཆེན་པོ་བརྒྱད་དང་ཁྲུན་ཀ་པའི་ཐོན་སྦྲེལ་ལྟེ་གནས་ཆེན་པོ་ལྔ་ལ་བཟོ་ལས་དཔལ་འབྱོར་གྱིས་རྫོང་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་ཀྱི80%ཟིན་ཡོད། སྤྱི་ལོ2010ལོར་སླེབས་སྐབས་རྫོང་ཡོངས་སུ་མ་བཅོས་རྡོ་སོལ་ཏུན་ཁྲི2100དང་། རྡོ་སོལ་སྤུས་ལེགས་ཏུན་ཁྲི1500 རྡོ་སོལ་ཏུན་ཁྲི900 བསྲེགས་སོལ་ཏུན་ཁྲི50 བསྲེགས་སྣུམ་ཏུན་ཁྲི30ལས་སྣོན་བྱས། ལྕགས་བཞུའི་ཐོན་རྫས་ཏུན་ཁྲི20 ཐཱན་ཏུན་ཁྲི25 ཨར་འདམ་ཏུན་ཁྲི200 རྡོ་ཞོ་ཏུན་ཁྲི30བཅས་ལས་སྣོན་བྱས་ཤིང་འཛུགས་སྐྲུན་རྒྱུ་ཆKWགློག་ཤུགས་གློག་འདོན་འཕྲུལ་འཁོར་གྱི་ཤོང་ཚད་ཁྲི100བཅས་ཀྱི་ཐོན་སྐྱེད་གཞི་ཁྱོན་ཆགས་ཡོད། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ལིན་ཧྲི་མི་དམངས་ཀྱིས་གོ་སྐབས་དམ་འཛིན་དང་འབད་འཐབ་གང་ཐུབ། དཀའ་སྤྱད་ལས་སྐྲུན་བཅས་བྱས་པས་རྫོང་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་ལིན་ཧྲི་མི་དམངས་ཀྱིས་རྫོང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག“དམངས་གཉེར་གྱིས་ཁེ་ལས་དར་རྒྱས་གཏོང་བ་དང་། ཚན་རིག་སློབ་སྦྱོང་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བ་དང་སྣེ་འདྲེན་གྱིས་སྐུལ་ཁྲིད་བྱེད་པ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ”བཅས་ཀྱི་འཐབ་ཇུས་ཆེན་པོ་བཞི་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་རིམ་སྤོར་བྱེད་པ། རྡོ་སོལ་མིན་པའི་མཐོ་གསར་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལྗང་མདོག་ཐོན་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་ཆེར་གཏོང་བ། ལྡབ་བརྒྱའི་སྤྲོ་སེམས་དང་རྩེ་གྲ་གཏོད་པའི་སྙིང་སྟོབས་ལ་བརྟེན་ནས་ལིང་ཧྲི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད། 

དཔྱད་གཞིའི་ཡིག་ཆ།