ཞུན་ཁུ་རྫོང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-18 09:03ལ་འགྲུབ།

ཞུན་ཁུ་རྫོང་།

ཞུན་ཁུ་རྫོང་།
ཞུན་ཁུ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་ཀྱི་མཐའ་མཚམས་དང་། ཞིང་ཨན་ལིང་ཆུང་བའི་དབུས་རྒྱུད་ཀྱི་བྱང་ངོས། ཧེ་ལུང་ཅང་གཙང་པོའི་དབུས་རྒྱུད་ཀྱི་གཡས་ངོགས་སུ་གནས་ཡོད། སྤྱི་ལེ135ཡོད་པའི་མཐའ་མཚམས་ལམ་ཐིག་ཡོད་པ་དེ་ཨུ་རུ་སུའི་ཨ་མུར་ཀྲོའུ་སྨི་ཧ་དབྱི་ལུའོ་ཕུའུ་ཆུས་དང་གཙང་པོར་ཁ་གཏད་དུ་གནས་ཡོད། ས་ཁོངས་ཁྱབ་ཁོངས་ཀྱི་ཤར་གྱི་གཞུང་ཐིག127°24′-129°17′དང་བྱང་གི་འཕྲེད་ཐིག47°58′-49°36′བར་ཡིན། ཤར་ངོས་ཅ་དབྱིན་རྫོང་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་ཡི་དབྱི་ཁྲུན་གྲོང་ཁྱེར་དང་། སུའེ་ལིང་རྫོང་། པེ་ཨན་གྲོང་ཁྱེར་བཅས་དང་ཁྱིམ་མཚེས་ཡིན་པ། ནུབ་ཝུའུ་ཏ་ལན་ཁྲི་གྲོང་ཁྱེར་དང་། སུན་ཝུའུ་རྫོང་དང་ཁྱིམ་མཚེས་ཡིན། ཧེ་ཧུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ165ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
逊克县
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིན་ཆེན་ཧེ་ཧུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མངའ་ཁོངས།
ཡུལ་ཚོ7 གྲོང་རྡལ2 ཁྲོམ་གཞུང1 སྲིད་འཛིན་གྲོང་ཚོ74
སྲིད་གཞུང་གནས་ཡུལ།
པེན་ཅང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0456
སྦྲག་སྲིད་ཨང་རྟགས།
164400
གནས་ཡུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧེ་ཧུ་གྲོང་ཁྱེར་གྱི་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ17344ཡོད།
མི་གྲངས།
ཁྲི10ཡོད།
གནམ་གཤིས།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཧེ་ཧུ་ཨའེ་ཧུའེ་གནམ་གྲུ་ཐང་།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)N
སྲིད་འཛིན་ཚབ་ཨང་།
231123
1 ​ངོ་སྤྲོད།

ཞུན་ཁུ་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད་ཀྱི་མཐའ་མཚམས་དང་། ཞིང་ཨན་ལིང་ཆུང་བའི་དབུས་རྒྱུད་ཀྱི་བྱང་ངོས། ཧེ་ལུང་ཅང་གཙང་པོའི་དབུས་རྒྱུད་ཀྱི་གཡས་ངོགས་སུ་གནས་ཡོད། སྤྱི་ལེ135ཡོད་པའི་མཐའ་མཚམས་ལམ་ཐིག་ཡོད་པ་དེ་ཨུ་རུ་སུའི་ཨ་མུར་ཀྲོའུ་སྨི་ཧ་དབྱི་ལུའོ་ཕུའུ་ཆུས་དང་གཙང་པོར་ཁ་གཏད་དུ་གནས་ཡོད། ས་ཁོངས་ཁྱབ་ཁོངས་ཀྱི་ཤར་གྱི་གཞུང་ཐིག127°;24′-129°17′དང་བྱང་གི་འཕྲེད་ཐིག47°58′-49°36′བར་ཡིན། ཤར་ངོས་ཅ་དབྱིན་རྫོང་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་ཡི་དབྱི་ཁྲུན་གྲོང་ཁྱེར་དང་། སུའེ་ལིང་རྫོང་། པེ་ཨན་གྲོང་ཁྱེར་བཅས་དང་ཁྱིམ་མཚེས་ཡིན་པ། ནུབ་ཝུའུ་ཏ་ལན་ཁྲི་གྲོང་ཁྱེར་དང་། སུན་ཝུའུ་རྫོང་དང་ཁྱིམ་མཚེས་ཡིན། ཧེ་ཧུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ165ཡོད།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)པི་ལར་ལུའུ་ཨོ་ལུན་ཁྲུན་མཐུན་ཚོགས་ཀྱི་འགོ་འཛིན་ཀུང་ཧྲུའུ་རུ་བཅའ་སྡོད་བྱས།      

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཞི་པའི(སྤྱི་ལོ1915ལོར)ཟླ6པའི་ཚེས2ཉིན་ཆི་ཁེ་ཐེ་ཁ་ལུན་མེད་པར་བཟོས་ཏེ་ཆི་ཁེ་ཐེ་རྫོང་གི་ཙུའོ་ཞེས་པར་བསྒྱུར་ཞིང་། ཆི་ཁེ་ཐེ་རྫོང་གི་ཁོངས་སུ་གཏོགས།      

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ལྔ་པའི(སྤྱི་ལོ1916ལོ)ཟླ5པའི་ཚེས15ཉིན་ཞོན་ཧོ་ཡའོ་གསར་སྦོལ་ཅུས་བཙུགས།      

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པའི(སྤྱི་ལོ1928ལོའི)ཟླ11པའི་ཚེས27ཉིན། ཧེ་ལུང་ཅང་ཞིང་ཆེན་གྱི་འགོ་འཛིན་ཀུང་ཧྲུའུ་ཡི་བཀའ་ལྟར། ཞུན་ཧོ་གསར་སྦོལ་ཅུས་དེ་ཞུན་ཧོ་བཅོས་སྐྱོང་ཅུས་སུ་བསྒྱུར་ནས་ཧེ་ཧུ་ཏའོ་ཁོངས་སུ་གཏོགས།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་བརྒྱད་པའི(སྤྱི་ལོ1929ལོ)ཟླ2པའི་ཚེས11ཉིན་ཆི་ཁེ་ཐེ་རྫོང་གི་ཙུའོ་དེ་ཆི་ཁེ་བཅོས་སྒྲིག་ཅུས་སུ་བསྒྱུར།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་བརྒྱད་པའི(སྤྱི་ལོ1929ལོ)ཟླ3པའི་ཚེས15ཉིན་ཆི་ཁེ་བཅོས་སྒྲིག་ཅུས་དེ་ཆི་ཁེ་རྫོང་དུ་བསྒྱུར་ཞིང་། རྫོང་སྲིད་གཞུང་ཆི་ཁེ་གྲོང་རྡལ་དུ་བཅའ་སྡོད་བྱས་པ་དེ་རིམ་པ་གསུམ་པའི་རྫོང་ཡིན་ཞིང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཐད་གཏོགས་ཁོངས་སུ་གཏོགས།      

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུའི(སྤྱི་ལོ1931ལོ)ཟླ9པའི་ཚེས15ཉིན། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་གིས་ཞུན་ཧུ་བཅོས་སྐྱོང་ཅུས་དེ་རྫོང་དུ་བསྒྱུར་རྒྱུའི་རེ་བ་ཞུས།      

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཅིག་པའི(སྤྱི་ལོ1932ལོ)ཟླ5པའི་ཚེས10ཉིན་ནང་སྲིད་པུའུ་ཡིས་ཞུན་ཧུ་རྫོང་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཅིག་པའི(སྤྱི་ལོ1932ལོ)ཟླ7པའི་ཚེས1ཉིན་དངོས་སུ“ཅང་ཅུས་ནས་རྫོང་ལ་བསྒྱུར་རྒྱུའི”དངོས་སུ་བཀོད་པ་ཡིན། ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོའི)ཟླ9པའི་ཚེས3ཉིན་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཧེ་ལུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ35པར(སྤྱི་ལོ1946ལོའི)ཟླ6པར་རྫོང་སྲིད་གཞུང་གིས་ཆི་ཁེ་གྲོང་རྡལ་དུ་གནས་སྤོས་པ་ཡིན།      

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པའི(སྤྱི་ལོ1946ལོའི)ཟླ9པར་ཧེ་ཧུ་ཀྲོན་ཆུས་ཀྱི་མངའ་འོག་ཏུ་བསྒྱུར།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོའི་ཟླ5པར་ཝུའུ་ཡུན་རྫོང་མེད་པར་བཟོས་པ་དང་ཞུན་ཁུ་རྫོང་དུ་ཟླ་སྒྲིལ་བཏང་ནས་ཝུའུ་ཡུན་ཆུས་སུ་བསྒྱུར།      

སྤྱི་ལོ1965ལོའི་ཟླ12པར་ཧྥུའུ་རའོ་ཀུང་ཧྲེ(སྔོན་གྱི་ཝུའུ་ཡུན་ཁུལ)གྱི་ས་ཆ་མང་ཆེ་བ་ཅ་དབྱིན་རྫོང་ལ་བགོས།

སྤྱི་ལོ2016ལོའི་ཟླ12པར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གསུམ་པའི་གྲས་སུ་བཅུག་པ།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2012ལོར་ཞུན་ཁུ་རྫོང་གི་ཁོངས་སུ་ཡུལ་ཚོ7དང་། གྲོང་རྡལ2 ཁྲོམ་གཞུང1 སྲིད་འཛིན་གྲོང་ཚོ74བཅས་ཡོད་པ་སྟེ། ཀན་ཁྲ་ཙི་ཤང་དང་། སུང་ཧྲུའུ་ཀོའུ་ཤང་། ཁྲེ་ལུའུ་ཤང་། ཤིན་ཧུའུ་ཤང་། ཤིན་ཤིན་ཨོ་ལུན་ཁྲུན་མི་རིགས་ཤང་། ཁེ་ལིན་ཤང་། པའོ་ཧྲན་ཤང་། ཆི་ཁེ་གྲོང་རྡལ། ཤུན་ཧོ་གྲོང་རྡལ། ཆི་ཁེ་ཁྲོམ་གཞུང་བཅས་ཡིན།

4 གནས་ཡུལ།

ཞུན་ཁུ་རྫོང་ནི་ཀྲུང་གོའི་བྱང་རྒྱུད་ཀྱི་མཐའ་མཚམས་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་རྒྱུད། ཧེ་ཧོ་གྲོང་ཁྱེར་གྱི་ཤར་རྒྱུད། ཞིང་ཨན་ལིང་ཆུང་བའི་དབུས་རྒྱུད་ཀྱི་བྱང་ངོས། ཧེ་ལུང་ཅང་གཙང་པོའི་དབུས་རྒྱུད་བཅས་སུ་གནས་ཡོད། ཧེ་ཧོ་གྲོང་ཁྱེར་ཁུལ་དང་བར་ཐག་སྤྱི་ལེ150ཡོད། ཞུན་ཁུ་རྫོང་གི་ས་ཁོངས་ཀྱི་ཁྱབ་ཁོངས་ནི་ཤར་གྱི་གཞུང་ཐིག127°24′-129°17′དང་བྱང་གི་འཕྲེད་ཐིག47°58′-49°36′ཡིན། ཤར་ཅ་དབྱིན་རྫོང་དང་ཐག་ཉེ། ལྷོ་དབྱི་ཁྲུན་གྲོང་ཁྱེར་དང་། སུའེ་ལིང་རྫོང་། པེ་ཨན་གྲོང་ཁྱེར་བཅས་དང་ཐག་ཉེ། ནུབ་ཝུའུ་ཏ་ལན་ཁྲི་གྲོང་ཁྱེར་དང་སུན་ཝུའུ་རྫོང་དང་འབྲེལ་ཡོད། བྱང་ཨུ་རུ་སུའི་ཨ་མུར་ཀྲོའུ་ཡི་སྨི་ཧ་དབྱི་ལུའོ་ཕུའུ་ཁུལ་དང་གཙང་པོར་ཁ་གཏད་དུ་གནས་ཡོད། མཐའ་མཚམས་ལམ་ཐིག་སྤྱི་ལེ135ཟིན་པ་དང་། ཞུན་ཁུ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ17344ཟིན་ཡོད། 

5 གནམ་གཤིས།

ཞུན་ཁུ་རྫོང་ནི་གྲང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད2600ཡས་མས་ཡིན་པ་དང་། ནུས་ལྡན་དྲོད་ཚད་ཏུའུ1700ནས2300བར་ཡིན་པ། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ0.5དང་ལོར་ཆར་ཆུ་འབབ་ཚད་ཧའོ་སྨི650ཟིན་གྱི་ཡོད། སད་མེད་དུས་ནི་གཙང་པོའི་འགྲམ་རྒྱུད་ཀྱི་ཉིན125དང་། ལྷོ་རྒྱུད་རི་ཁུལ་གྱི་ཉིན95བཅས་ཡིན། 

6 མི་གྲངས།

སྤྱི་ལོ2017ལོ་བར་ཞུན་ཁུ་རྫོང་གི་རྒྱུན་སྡོད་མི་འབོར96208(དེའི་ནང་ཞུན་ཁུ་ཞིང་ར་ཚུད་པ)ཡོད་པ་དེ་དུས་མཚུངས་ལས1.1%ཆག་ཡོད། དེའི་ནང་སྐྱེས་པའི་མི་འབོར48415དང་བུད་མེད་མི་འབོར47793ཡོད་པ་རེད། མི་འབོར་སྐྱེ་ཚད་ཀྱི6.14%དང་། ཤི་ཚད་ཀྱི13.2མི་འབོར་རང་ཤུགས་སུ་འཕར་ཚད་ཀྱི-7.06ཞུན་ཁུ་རྫོང་གི་མི་འབོར་འཆར་ལྡན་བུ་བཙའི་སྲིད་ཇུས་དང་མཐུན་ཚད་ཀྱི99.6%ཟིན་ཡོད། 

7 མི་རིགས།

ཞུན་ཁུ་རྫོང་གི་ཁོངས་སུ་རྒྱ་རིགས་དང་། ཨོ་ལུན་ཁྲུན་རིགས། ཏ་ཝོར་རིགས། ཨུ་རུ་སུ་རིགས་སོགས་མི་རིགས16ཡོད། 

8 དཔལ་འབྱོར།

སྤྱི་ལོ2017ལོར་ཞུན་ཁུ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི277428ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི165299ཟིན་པ་དེ་ལོ་གོང་མ་ལས8.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི39749ཟིན་ནས་ལོ་གོང་མ་ལས3.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི72380ཟིན་པ་དེ་ལོ་གོང་མ་ལས4.9%འཕར་བ་བཅས་ཡིན། ཐོན་ལས་གསུམ་པའི་བསྡུར་ཚད་ནི59.6:14.3:26.1ཡིན་པ་དང་ཐོན་ལས་གསུམ་པསGDPལ་ལེགས་སྐྱེས་འབུལ་ཚད་ཁག་སོ་སོར75.8%དང་། 6.9% 17.3%བཅས་ཡིན་པ་དང་། GDPའཕར་ཚད་བརྒྱ་ཆའི་གཞི་གྲངས6.3དང་། 0.2དང་། 0.3བཅས་སྐུལ་ཁྲིད་བྱས་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར28673ཟིན་པ་དེ་དུས་མཚུངས་ལས8.6%འཕར་ཡོད། ལོ་ཧྲིལ་བོའི་ནང་རྩིས་གཞིGDPཡི་ནུས་ཁུངས་ཟད་གྲོན3.5%ཇེ་དམའ་རུ་གྱུར་ཡོད།      ལས་ཞུགས་གནས་བབ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི1585གསར་དུ་ལས་ཞུགས་ཐུབ་པ་དང་། མི1255གསར་དུ་ལས་ཞུགས་ཐུབ་པ། ལས་ཤོར་མི་སྣ645བསྐྱར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི3.72%ནང་ཚུན་དུ་ཚོད་འཛིན་ཐུབ་པ་ཡིན། 

9 སྤྱི་ཚོགས་ལས་དོན།
9_1 སློབ་གསོ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཞུན་ཁུ་རྫོང་དུ་མཐོ་རིམ་སློབ་འབྲིང་དཀྱུས་མ1ཡོད་པ་དང་མཐོ་རིམ་སློབ་འབྲིང་དུ་སློབ་མ1256ཡོད་པ་དང་། ལས་རིགས་མཐོ་འབྲིང1དང་སློབ་གྲྭར་ཡོད་པའི་སློབ་མ171ཡོད། དམའ་འབྲིང་དཀྱུས་མའི་དམའ་རིམ་སློབ་འབྲིང4དང་དམའ་རིམ་སློབ་འབྲིང་གི་སློབ་མ2041ཡོད་པ། སློབ་ཆུང་དང་དེའི་སློབ་ཁྲིད་ས་ཚིགས8དང་སློབ་གྲྭར་ཡོད་པའི་སློབ་མ3194ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་ཀྱི100%ཟིན་པ། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད་ཀྱི100%ཟིན་པ། དམའ་རིམ་སློབ་འབྲིང་མཐོ་རུ་ཕྱིན་པ། ལས་གནས་དང་འབྲིང་རིམ་གྱི་སློབ་རིམ་འཕར་ཚད་བརྒྱ་ཆའི76.1བཅས་ཟིན་ཡོད། 

9_2 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཁྱོན་མང་ཚོགས་སྒྱུ་རྩལ་ཁང10དང་། དཔེ་མཛོད་ཁང10 དངོས་མང་བཤམས་སྟོན་ཁང1 ཡིག་ཚགས་ཁང1 ཞུན་ཧྭ་དཔེ་ཚོང་ཁང1བཅས་ཡོད། སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད་ཀྱི54.0%ཟིན་པ་དང་། རླུང་འཕྲིན་ཁྱབ་ཚད་ཀྱི96.6%ཟིན་པ། བརྙན་འཕྲིན་ཁྱབ་ཚད་ཀྱི100%བཅས་ཟིན་ཡོད།

9_3 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཞུན་ཁུ་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི149ཡོད་པའི་ནང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི6དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞི143 འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི377 འཕྲོད་བསྟེན་ལག་རྩལ་མི་སྣ399བཅས་ཡོད།

9_4 འཚོ་བ།      

སྤྱི་ལོ2017ལོའི་ལོ་མཇུག་བར་ཞུན་ཁུ་རྫོང་གི་ལོ་ཧྲིལ་པོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23667ཟིན་པ་དེ་ལོ་གོང་མ་ལས7.0%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13981ཟིན་པ་དེ་ལོ་གོང་མ་ལས8.5%འཕར་ཡོད། 

9_5 སྦྲག་སྲིད།     

སྤྱི་ལོ2017ལོར་ཞུན་ཁུ་རྫོང་གིས་ལོ་ཧྲིལ་པོར་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་ཁྲི6420ཟིན་པ་དེ་དུས་མཚུངས་ལས2.1%ཆག་ཡོད། དེའི་ནང་འཕྲིན་གཏོང་ལས་སྒོའི་བསྡོམས་འབོར་སྒོར་ཁྲི5683ཟིན་པ་དེ་དུས་མཚུངས་ལས3.7%ཆག་པ་དང་། སྦྲག་སྲིད་ལས་སྒོའི་སྤྱི་འབོར་སྒོར་ཁྲི737ཟིན་པ་དེ་དུས་མཚུངས་ལས11.5%འཕར་ཡོད། ས་གནས་དེ་གའི་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང7985ཡོད་པ་དེ་དུས་མཚུངས་ལས31.2%ཆག་པའི་ནང་གྲོང་ཁྱེར་གྱི་ཁ་པར་སྤྱོད་མཁན་དུད་ཚང6123ཡོད་པ་དེ་དུས་མཚུངས་ལས25.4%ཆག་པ་དང་། གྲོང་གསེབ་ཀྱི་ཁ་པར་སྤྱོད་མཁན་དུད་ཚང1862ཡོད་པ་དེ་དུས་མཚུངས་ལས45.2%ཆག་ཡོད། དྲ་སྦྲེལ་དྲ་རྒྱ་སྤྱོད་མཁན་དུད་ཚང20352མཐུད་པ་དེ་དུས་མཚུངས་ལས21.3%འཕར་བའི་ནང་གྲོང་ཁྱེར་གྱི་སྤྱོད་མཁན་དུད་ཚང14552ཡོད་པ་དེ་དུས་མཚུངས་ལས15.6%འཕར་བ་དང་། གྲོང་གསེབ་ཀྱི་སྤྱོད་མཁན་དུད་ཚང5800ཟིན་པ་དེ་དུས་མཚུངས་ལས38.3%འཕར་ཡོད། 

9_6 འགྲིམ་འགྲུལ།

ལོ་ཧྲིལ་པོར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི37ཟིན་པ་དེ་ལོ་གོང་མ་ལས31.5%ཆག་པ་དང་། དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི2360ཟིན་ནས་ལོ་གོང་མ་ལས73.6%ཆག་པ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི53ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས3.6%ཆག་པ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་ཁྲི5059ཟིན་པ་དེ་ལོ་གོང་མ་ལས46.0%ཆག་ཡོད། 

10 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོའི་ལོ་མཇུག་བར་ཞུན་ཁུ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི26744གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་དང་། མི་སྒེར་དང་ཁེ་ལས་ཀྱི་མི་སྣ5302གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པ། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི10741དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི9143ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི1818གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་མཁན་མི47964བཅས་ཡོད། 


དཔྱད་གཞིའི་ཡིག་ཆ།