ནུན་ཅང་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-03-18 09:03ལ་འགྲུབ།

ནུན་ཅང་གྲོང་ཁྱེར།

ནུན་ཅང་གྲོང་ཁྱེར།
ནུན་ཅང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧེ་ཧུ་གྲོང་ཁྱེར་ལ་གཏོགས་པ་དང་། སུང་ནེན་བདེ་ཐང་ཆེ་བ་དང་། ཞིན་ཨན་ལིང་ཆུང་བའི་རི་ཁུལ་གྱི་བར་བརྒལ་ས་ཁུལ། ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཧེ་ཧོ་གྲོང་ཁྱེར་གྱི་ནུབ་རྒྱུད་བཅས་སུ་གནས་ཡོད། ནུན་ཅང་གྲོང་ཁྱེར་ནི་མངའ་ཁོངས་ཀྱི་ནུན་ཅང་གཙང་པོ་དང་འབྲེལ་བའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ15109.2ཟིན་པ་དེའི་ཁོངས་སུ་གྲོང་རྡལ9དང་ཡུལ་ཚོ5ཡོད། སྤྱི་ལོ2018ལོའི་སྤྱིའི་མི་འབོར464733ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
嫩江
ཕྱི་ཡིག་གི་མིང་།
Nenjiang
ཁོངས་གཏོགས་ས་ཁུལ།
ཧེ་ལུང་ཅང་ཞིན་ཆེན་ཧེ་ཧུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ9 ཡུལ་ཚོ5
སྲིད་གཞུང་གནས་ཡུལ།
ནུན་ཅང་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0456
སྦྲག་སྲིད་ཨང་རྟགས།
161499
གནས་ཡུལ།
ཧེ་ཧུ་གྲོང་ཁྱེར་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ15109ཡོད།
མི་གྲངས།
མི464733ཡོད།
གནམ་གཤིས།
དྲོ་རྒྱུན་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
མོ་ཨེར་ཀེན་ཐུང་ཡུང་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ནུན་ཅང་འབབ་ཚུགས།
རླངས་འཁོར་གྱི་ཨང་རྟགས།
ཧེ(黑)N
སྲིད་འཛིན་ཚབ་ཨང་།
231183
1 ངོ་སྤྲོད།

ནུན་ཅང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧེ་ཧུ་གྲོང་ཁྱེར་ལ་གཏོགས་པ་དང་། སུང་ནེན་བདེ་ཐང་ཆེ་བ་དང་། ཞིན་ཨན་ལིང་ཆུང་བའི་རི་ཁུལ་གྱི་བར་བརྒལ་ས་ཁུལ། ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཧེ་ཧོ་གྲོང་ཁྱེར་གྱི་ནུབ་རྒྱུད་བཅས་སུ་གནས་ཡོད། ནུན་ཅང་གྲོང་ཁྱེར་ནི་མངའ་ཁོངས་ཀྱི་ནུན་ཅང་གཙང་པོ་དང་འབྲེལ་བའི་རྐྱེན་གྱིས་མིང་དེ་ལྟར་ཐོགས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ15109.2ཟིན་པ་དེའི་ཁོངས་སུ་གྲོང་རྡལ9དང་ཡུལ་ཚོ5ཡོད། སྤྱི་ལོ2018ལོའི་སྤྱིའི་མི་འབོར464733ཟིན་ཡོད། 

སྤྱི་ལོ2018ལོར་ནུན་ཅང་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2093751ཟིན་པ་དེ་དུས་མཚུངས་ལས6.3%འཕར་བ་དང་། ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི1016839ཟིན་པ་དེ་དུས་མཚུངས་ལས7.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི248623ཟིན་ནས་དུས་མཚུངས་ལས4.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི828289ཟིན་པ་དེ་དུས་མཚུངས་ལས5.4%འཕར་བ་བཅས་ཡིན། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཁུལ)གི་མིང་ཐོ་ཁག་གཉིས་པའི་ནང་ཚུད་ཡོད། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི་རྫོང་ཡོངས་ཀྱི་སྐུལ་འདེད་ཚོད་ལྟའི་ལས་ཁུངས་སུ་བདམས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1954ལོའི་ཟླ8པར། ཧེ་ལུང་ཅང་ཞིང་ཆེན་གྱིས་ནུན་ཅང་ཆེད་ཁུལ་གསར་དུ་བཙུགས།

སྤྱི་ལོ1959ལོར་ཨའེ་ཧུའེ་རྫོང་གི་ཧོ་ལུང་མོན་ཡུལ་ཚོའི་ཁོངས་སུ་བགོས།

སྤྱི་ལོ1960ལོའི་ཟླ5བར་ནུན་ཅང་ཆེད་ཁུལ་མེད་པར་བཟོས་ནས་ཆི་ཆི་ཧ་ཨེར་གྲོང་ཁྱེར་གྱི་ཁོངས་སུ་བཅུག། 

སྤྱི་ལོ1961ལོར་ནུན་ཅང་ཀྲོན་ཆུས་སླར་གསོ་བྱས། 

སྤྱི་ལོ1970ལོའི་ཟླ3པར་ཧེ་ཧུ་ས་ཁུལ་དུ་གཏོགས། 

སྤྱི་ལོ1993ལོའི་ཟླ2པ་ནས་བཟུང་ཧེ་ཧུ་གྲོང་ཁྱེར་གྱི(ས་ཁུལ་རིམ་པའི)ཁོངས་སུ་གཏོགས།

སྤྱི་ལོ2019ལོའི་ཟླ8པར་ནུན་ཅང་གྲོང་ཁྱེར(རྫོང་རིམ་པ)7འཛུགས་རྒྱུའི་ཆོག་མཆན་ཐོབ།    

སྤྱི་ལོ2019ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དམངས་སྲིད་པུས་ནུན་ཅང་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ནུན་ཅང་གྲོང་ཁྱེར་བཙུགས་ཏེ་དེ་སྔའི་ནུན་ཅང་རྫོང་སྲིད་འཛིན་ས་ཁོངས་ནི་ནུན་ཅང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་ནུན་ཅང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ནུན་ཅང་གྲོང་རྡལ་ཆིང་ཅང་ལམ་ཨང201པ་རུ་བཅའ་སྡོད་བྱས་ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ནུན་ཅང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཡུལ་ཚོ་རིམ་པའི་སྲིད་འཛིན་ས་ཁུལ14ཡོད་པ་དང་། དེའི་ཁོངས་སུ་གྲོང་རྡལ9དང་ཡུལ་ཚོ5ཡོད་ལ། དེ་དག་ནི་ནུན་ཅང་གྲོང་རྡལ་དང་། དབྱི་ལ་ཧ་གྲོང་རྡལ། ཧྲོང་ཧྲན་གྲོང་རྡལ། ཏོ་པའོ་ཧྲན་གྲོང་རྡལ། ཧའེ་ཅང་གྲོང་རྡལ། ཆན་ཅིན་གྲོང་རྡལ། ཁྲང་ཧྥུ་གྲོང་རྡལ། ཁོ་ལོ་གྲོང་རྡལ། ཧོ་ལུང་མོན་གྲོང་རྡལ། ལིན་ཅང་ཡུལ་ཚོ། ལེན་ཞིང་ཡུལ་ཚོ། པའེ་ཡུན་ཡུལ་ཚོ། ཐ་ཞི་ཡུལ་ཚོ། ཁྲང་ཅང་ཡུལ་ཚོ་བཅས་ཡིན། ནུན་ཅང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ནུན་ཅང་གྲོང་རྡལ་ཆིང་ཅང་ལམ་གྱི་ཨང201པ་རུ་བཅའ་སྡོད་བྱས་ཡོད།

4 གནས་ཡུལ།

ནུན་ཅང་གྲོང་ཁྱེར་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ས་ཆ་དེ་ཤར་གྱི་གཞུང་ཐིག124°44′30″ནས12°49′30″དང་བྱང་གི་འཕྲེད་ཐིག48°42′35″ནས51°00′05″བཅས་བརྒལ་ཡོད། བྱང་དབྱི་ལེ་ཧུའུ་ལི་རི་བོ་དང་། ཧུའུ་མ་རྫོང་དང་འབྲེལ་ཡོད། ཤར་དུ་ཞིང་ཨན་ལིན་ཆུང་བ་དང་ཨའེ་ཧུའེ་ཆུས། སུན་ཝུའུ་རྫོང་། ཝུའུ་ཏ་ལེན་ཁྲི་གྲོང་ཁྱེར་བཅས་དང་འབྲེལ་ཡོད། ནུབ་ནུན་ཅང་གཙང་པོ་དང་ནང་སོག་རང་སྐྱོང་ལྗོངས་མོ་ལི་ཏ་ཝ་ཏ་ཝོར་རིགས་རང་སྐྱོང་ཆི་དང་ཨོ་ལུན་ཁྲུན་རང་སྐྱོང་ཆི་བཅས་གཙང་པོ་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ལྷོ་སུང་ནེན་བདེ་ཐང་དང་ན་ཧུ་གྲོབ་ཁྱེར་དང་འབྲེལ་ཞིང་། རྒྱ་ཁྱོན་ལ་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ15109.2ཟིན་ཡོད། 

5 གནམ་གཤིས།

ནུན་ཅང་གྲོང་ཁྱེར་གྱི་གནམ་གཤིས་ནི་གྲང་ཞིང་དྲོ་བའི་ས་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། རྫོང་ནང་ཁུལ་གྱི་གནམ་གཤིས་ཀྱི་ཁྱད་ཆོས་ནི་ལོ་རེའི་ཆ་སྙོམས་དྲོད་ཚད་ཅུང་དམའ། སད་མེད་དུས་ཐུང་། ཆར་ཆུ་དུས་ཚིགས་གཅིག་པ། དགུན་དུས་རིང་། གྲོང་ཁྱེར་ནང་ལོགས་ཀྱི་འཕྲེད་ཐིག་གི་ཏུའུ་གྲངས་ཅུང་མཐོ་བ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཅུང་དམའ་བ། ས་དབྱིབས་ཀྱི་ཆ་རྐྱེན་ཅུང་ལེགས་པ། གནམ་གཤིས་ཀྱི་དྲོད་ཚད་ཀྱང་འཕྲེད་ཐིག་གཅིག་པ་ལས་མཐོ་བ། གྲོང་ཁྱེར་དེ་ཡོངས་ལ་དཔྱིད་དུས་དྲོད་སླེབས་མགྱོགས་པ་དང་། སྟོན་དུས་ཀྱི་དྲོད་ཚད་མྱུར་བ། དུས་བཞི་དང་ཉིན་མཚན་གྱི་དྲོད་ཚད་ཅུང་ཞན་པའི་ཁྱད་ཆོས་ཡོད། དུས་བཞིའི་གནམ་གཤིས་ཀྱི་ཁྱད་ཆོས་ནི་ནུན་ཅང་གྲོང་ཁྱེར་གྱི་ལོ་མང་པོའི་ཆ་སྙོམས་དྲོད་ཚད0.8-1.4℃ཡིན་པ་དང་། ལྷོ་བྱང་གི་དྲོད་ཚད་ཧེ་བག2.2℃ལས་ཆེ་བ། ལོ་མང་པོའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི480ནས512བར་ཡིན་པ། རླུང་གི་ཁ་ཕྱོགས་མང་ཤོས་ནི་བྱང་རླུང་ཡིན་པ། དེ་ནས་ལྷོ་རླུང་ཡིན། དགུན་དུས་གྲང་ངར་ཆེ་ལ་དུས་ཡུན་རིང་བ་དང་སྐམ་ཤས་ཆེ་བ། དྲོད་ཚད་དམའ་ཤོས་ནི-47.3-43.7℃ཡིན། དབྱར་དུས་ཀྱི་ཆར་ཞོད་དུས་ཚིགས་གཅིག་ཡིན་པ་དང་དྲོད་ཚད་མཐོ་ཤོས་ནི33.9—37.4℃ཡིན་པ་དང་། དཔྱིད་རླུང་ཆེ་ལ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། ལོ་ཧྲིལ་པོར་ཧྲེ་ཧྲི་ཏུའུ10℃ཡི་དྲོད་ཚད230℃ཡི་གཡས་གཡོན་དང་མཚུངས། འོད་ཕོག་ཚད་འདང་ངེས་ཡོད་པ་བཅས་ཡིན།

6 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ནུན་ཅང་གྲོང་ཁྱེར་གྱི་མི་འབོར464733ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་མི4019ཉུང་དུ་ཕྱིན་ཡོད། མི་འབོར་སྐྱེ་ཚད་ཀྱི4.6སྟོང་ཆ་དང་། མི་འབོར་ཤི་ཚད་ཀྱི5.9སྟོང་ཆ། མི་འབོར་རང་ཤུགས་སུ་འཕར་ཚད་ཀྱི-1.སྟོང་ཆ་བཅས་ཡིན། ནུན་ཅང་གྲོང་ཁྱེར་ལ་རྒྱ་རིགས་ཕུད། ད་དུང་མན་ཇུ་རིགས་དང་། ཏ་ཝོར་རིགས། ཨོ་ལུན་ཁྲུན་རིགས། ཨོ་ཝུན་ཁེ་རིགས་སོགས་གྲངས་ཉུང་མི་རིགས16ཡོད། 

7 དཔལ་འབྱོར།

སྤྱི་ལོ2018ལོར་ནུན་ཅང་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2093751ཟིན་པ་དེ་དུས་མཚུངས་ལས6.3%འཕར་བ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི1016839ཟིན་པ་དེ་དུས་མཚུངས་ལས7.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི248623ཟིན་ནས་དུས་མཚུངས་ལས4.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི8289ཟིན་པ་དེ་དུས་མཚུངས་ལས5.4%འཕར་བ། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ་སྤྱི་ལོ2017ལོའི48.7:12.0:39.3ནས48.6:11.9:39.5བར་ལེགས་སྒྲིག་བྱས་པ་བཅས་ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར44859ཟིན་པ་དེ་དུས་མཚུངས་ལས8.4%འཕར་ཡོད། 

སྤྱི་ལོ2018ལོར་ནུན་ཅང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26069ཟིན་པ་དེ་དུས་མཚུངས་ལས6.0%འཕར་བ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར14918ཟིན་པ་དེ་དུས་མཚུངས་ལས8.4%འཕར་ཡོད། 

སྤྱི་ལོ2018ལོའི་ལོ་མཇུག་བར་ནུན་ཅང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ65712(དེའི་ནང་སྒེར་གཉེར་དང་ཁེར་རྐྱང་ཚུད་མེད་པ)ཡོད་པའི་ནང་ཁེ་ལས་ཀྱི་ལས་ཞུགས་མི་སྣ49939དང་། བྱ་གཞག་གི་ལས་ཞུགས་མི་སྣ11546ལས་ཁུངས་ཀྱི་ལས་ཞུགས་མི་སྣ4227བཅས་ཡོད་པ་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར36053(སྒེར་གཉེར་དང་ཁེར་རྐྱང་ཚུད་མེད་པ)ཡིན་པ་དང་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཚན་པའི་ལས་ཐོག་ལས་བཟོའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར41932ཡིན། 

སྤྱི་ལོ2018ལོར་ནུན་ཅང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི5059གསར་དུ་ལས་ཞུགས་ཐུབ་པ་དང་། ལས་ཤོར་མི་སྣ2490བསྐྱར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི3.79%ཟིན་ཡོད། 

སྤྱི་ལོ2018ལོར་ནུན་ཅང་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས7%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི65173ཟིན་པ་དེ་དུས་མཚུངས་ལས6.9%འཕར་ཡོད། ནོར་སྲིད་གཏོང་སྒོའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གཙོ་གནད་གཏོང་སྒོའི་འཕར་ཚད་ཅུང་མགྱོགས། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི490795ཟིན་པ་དེ་དུས་མཚུངས་ལས5.7%འཕར་ཡོད། 

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་ནུན་ཅང་གྲོང་ཁྱེར་དུ་མཐོ་རིམ་སློབ་འབྲིང4ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ4891ཡོད་པ་དང་། དམའ་རིམ་སློབ་འབྲིང12ལ་སློབ་གྲྭར་ཡོད་པའི་སློབ་མ8816ཡོད། སློབ་ཆུང17དང་སློབ་གྲྭར་ཡོད་པའི་སློབ་མ13982ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་བུ་བཅོལ་ཁང67དང་སློབ་ན་མ་སོན་གོང་གི་སློབ་གསོའི་བུ་བཅོལ་ཁང་གི་བྱིས་པ5571བཅས་ཡོད། 

8_2 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་བར་ནུན་ཅང་གྲོང་ཁྱེར་དུ་རིག་གནས་བྱ་གཞག་གི་ལས་ཁུངས10ཡོད་པའི་ནང་རིག་གནས་ཁང1དང་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཏུ་འཁྲབ་སྟོན་ཐེངས30ལྷག་ཙམ་བྱས་པ་དང་ལྟད་མོ་བ་མི་ཐེངས30000ལྷག་ཙམ་ཟིན་པ། རིག་རྩལ་འཁྲབ་སྟོན་ཆེ་གྲས་ཐེངས8དང་ལྟད་མོ་བ་མི་ཐེངས16000ལྷག་ཙམ་སྒྲིག་འཛུགས་བྱས་པ། ཆེད་མངགས་འཁྲབ་སྟོན་ཐེངས6དང་ལྟད་མོ་བ་མི་ཐེངས7000ལྷག་ཙམ་བྱས་པ་བཅས་ཡིན། གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང59100ཟིན་ཡོད། 

8_3 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ནུན་ཅང་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི366ཡོད་པའི་ནང་རིགས་ཁག་གི་སྨན་ཁང35དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས5 གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གྱི་སྨན་བཅོས་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང326བཅས་ཡོད་པ་དང་། འཕྲོད་བསྟེན་སྒྲིག་གཞི་ཁག་ལ་ཉལ་ཁྲི2057ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ1881ཡོད། 


དཔྱད་གཞིའི་ཡིག་ཆ།