དེ་ཡང་ལྷོ་བྲག་ཅེས་པ་ནི་ཡར་ལྷ་ཤམ་བུའི་ལྷོ་ངོས་ཀྱི་བྲག་རི་ལ་ལྷོ་བྲག་ཅེས་འབོད་པ་དང་། ད་ལྟའི་ལྷོ་བྲག་རྫོང་གནས་ཡུལ་ནི་དཀར་པོ་ཞེས་སྔོན་ལྷོ་བྲག་དུ་བ་རྫོང་གི་ཞོལ་དུ་ཆགས་ཡོད།
རྫོང་འདིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4426དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ400 ས་ཞིང་རྒྱ་ཁྱོན་མུའུ་ཁྲི3 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི230 མི་འབོར་ཁྲི1.7 ས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ7538དང་། དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ2740དང་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ3820ཙམ་གྱི་སར་གནས་ཡོད།
ཡུལ་དེར་གནས་པའི་དགོན་སྡེ་ལ་གཙོ་བོ་འབྲུག་པ་པདྨ་དཀར་པོའི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་ཕྱག་བཏབ་པའི་མཁར་ཆུ་དགོན་དང་། བཀའ་བརྒྱུད་བསྟན་པའི་སྲོལ་གཏོད་པ་མར་པ་ལོ་ཙཱའི་སློབ་མའི་ཕུལ་དུ་བྱུང་བ་མི་ལ་རས་པ་གཅིག་པུས་སྤྱི་ལོ1077ལོར་བཞེངས་གནང་མཛད་པའི་སྲས་མཁར་དགུ་ཐོག མར་པ་ལོ་ཙཱ་བས་སྤྱི་ལོ1012ལོར་ཕྱག་བཏབ་གནང་བའི་ལྷོ་གནས་མཆོག་འོག་མིན་ཨོ་རྒྱན་དཔལ་གྱི་གྲོ་བོ་ལུང་དགོན། ད་དུང་རྡོ་སྙིང་གླིང་ངམ། རྡོ་གླིང་གྲྭ་ཚང་དང་། ལྷ་ལུང་དགོན་སོགས་དགོན་པ་གྲགས་ཅན་མང་པོ་ཡོད།
ལྷོ་བྲག་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།