ལྷོ་བྲག་རྫོང་།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-16 10:36ལ་འགྲུབ།

ལྷོ་བྲག་རྫོང་།

ལྷོ་བྲག་རྫོང་།
བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་རྫོང་ཞིག་སྟེ། རྫོང་དེའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4426དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ400 ས་ཞིང་རྒྱ་ཁྱོན་མུའུ་ཁྲི3 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི230 མི་འབོར་ཁྲི1.7 ས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ7538དང་། དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ2740དང་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ3820ཙམ་གྱི་སར་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
洛扎县
ཕྱི་ཡིག་གི་མིང་།
Lhozhag County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
སྲིད་འཛིན་ཁོངས་གཏོགས།
བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ།
མངའ་ཁོངས།
གྲོང་རྡལ་གཉིས་དང་ཡུལ་ཚོ་ལྔ།
སྲིད་གཞུང་གནས་ཡུལ།
ལྷོ་བྲག་གྲོང་རྡལ།
ས་གནས།
བོད་ལྗོངས་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4426ཡོད།
སྐད་རིགས།
བོད་སྐད།
མི་གྲངས།
ཉིས་ཁྲི།(2014ལོའི་བསྡོམས་རྩིས)
གནམ་གཤིས།
མཐོ་སྒང་གནམ་གཤིས།
ས་ཁོངས་ཁ་པར་ཨང་རྟགས།
0893
སྦྲག་སྲིད་ཨང་རྟགས།
851200
རླངས་འཁོར་ཨང་རྟགས།
藏C
1 ​མིང་གི་ཐོགས་ཚུལ།

དེ་ཡང་ལྷོ་བྲག་ཅེས་པ་ནི་ཡར་ལྷ་ཤམ་བུའི་ལྷོ་ངོས་ཀྱི་བྲག་རི་ལ་ལྷོ་བྲག་ཅེས་འབོད་པ་དང་། ད་ལྟའི་ལྷོ་བྲག་རྫོང་གནས་ཡུལ་ནི་དཀར་པོ་ཞེས་སྔོན་ལྷོ་བྲག་དུ་བ་རྫོང་གི་ཞོལ་དུ་ཆགས་ཡོད། 

2 སྲིད་འཛིན་མངའ་ཁོངས།

རྫོང་འདིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ4426དང་། ཆུ་བོའི་ཁྱབ་ཚད་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ400 ས་ཞིང་རྒྱ་ཁྱོན་མུའུ་ཁྲི3 རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི230 མི་འབོར་ཁྲི1.7 ས་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ7538དང་། དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ2740དང་མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ3820ཙམ་གྱི་སར་གནས་ཡོད།

3 དགོན་སྡེ་གཙོ་བོ།

ཡུལ་དེར་གནས་པའི་དགོན་སྡེ་ལ་གཙོ་བོ་འབྲུག་པ་པདྨ་དཀར་པོའི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་ཕྱག་བཏབ་པའི་མཁར་ཆུ་དགོན་དང་། བཀའ་བརྒྱུད་བསྟན་པའི་སྲོལ་གཏོད་པ་མར་པ་ལོ་ཙཱའི་སློབ་མའི་ཕུལ་དུ་བྱུང་བ་མི་ལ་རས་པ་གཅིག་པུས་སྤྱི་ལོ1077ལོར་བཞེངས་གནང་མཛད་པའི་སྲས་མཁར་དགུ་ཐོག མར་པ་ལོ་ཙཱ་བས་སྤྱི་ལོ1012ལོར་ཕྱག་བཏབ་གནང་བའི་ལྷོ་གནས་མཆོག་འོག་མིན་ཨོ་རྒྱན་དཔལ་གྱི་གྲོ་བོ་ལུང་དགོན། ད་དུང་རྡོ་སྙིང་གླིང་ངམ། རྡོ་གླིང་གྲྭ་ཚང་དང་། ལྷ་ལུང་དགོན་སོགས་དགོན་པ་གྲགས་ཅན་མང་པོ་ཡོད།

ལྷོ་བྲག་རྫོང་ཁོངས་ཀྱི་གནས་སྐོར་ས་བཀྲ།

.jpg