ནེ་ཧོང་རྫོང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-03-11 14:59ལ་འགྲུབ།

ནེ་ཧོང་རྫོང་།

ནེ་ཧོང་རྫོང་།
ནེ་ཧོང་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་ཤིང་། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། བྱང་ཕྱོགས་སུ་ཧོ་པེ་ཞིང་ཆེན་གྱི་ཝེ་རྫོང་དང་འབྲེལ་ཞིང་། ཤར་ཕྱོགས་སུ་ཕུའུ་དབྱང་དང་ཆིན་ཧྥེང་། ལྷོ་ཕྱོགས་སུ་ཧྭ་རྫོང་དང་ཧོ་པི་རྫོང་། ནུབ་ཕྱོགས་སུ་ཨན་དབྱང་དང་ཐང་དབྱིན་བཅས་ལ་འབྲེལ་ཡོད། ནེ་ཧོང་ནི་རྨ་ཆུའི་བགྲོད་ལམ་རྙིང་པར་གནས་པ་དང་། རྨ་ཆུའི་དབང་གིས་མིང་དེ་ལྟར་ཐོགས་པ་ཡིན་ལ་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་འབྱུང་གནས་ཡིན། མངའ་ཁོངས་ཀྱི་སན་དབྱང་ཀྲོང་གནའ་ཤུལ་ནི་སྤྱི་ལོ2005ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུའི་གྲས་ཤིག་ཡིན་པ་དང་། སྤྱི་ལོ2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དྲུག་པར་ཁྱབ་བསྒྲགས་བྱས་པ་ལྟར “ཀྲུང་གོའི་ཕང་པེ་གནའ་གྲོང”ཞེས་པའི་མིང་ཐོགས། སྤྱི་ལོ2010ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་གནའ་རྫས་རྟོག་ཞིབ་སྤྱི་གླིང་རྣམ་གྲངས་ཀྱི་མིང་ཐོའི་ནང་ཚུད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内黄县
སྲིད་འཛིན་ཁུལ་གྱི་རིགས།
རྫོང་དང་གྲོང་ཁྱེར་ཆུང་གྲས།
ཁོངས་གཏོགས་ས་ཁུལ།
ཧེ་ནན་ཨན་ཡང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ7དང་ཤང10སྲང་ལམ2བཅས་ཡོད།
སྲིད་གཞུང་གི་ས་གནས།
མི་དམངས་ལམ་གྱི་ནུབ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0372
སྦྲག་སྲིད་ཨང་རྟགས།
456350
ས་གནས།
ཧོ་ནན་ཞིང་ཆེན་གྱི་བྱང་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1146ཡོད།
མི་གྲངས།
མི་ཁྲི76.34ཡོད།(2011ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུན་རློན་ཕྱེད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང་།
410527
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར133.3ཡོད།(2012ལོར)
རླངས་འཁོར་ཚབ་ཨང་།
ཡུས(豫)E
1 ལོ་རྒྱུས་ཀྱི་འཕེལ་རིམ།     

ཞ་ཏའེ་ནི་ནེ་ཧོང་རྒྱུད་ཀྱི་ལི་ཅི་ཀྲོའུ་ཡི་མངའ་ཁོངས་ཡིན་ཞིང་། དེ་ནི་ཀོན་ཡུས་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན།     

ཧན་ཀའོ་ཙུའུ་ཁྲི་ལོ་དགུ་པར(སྤྱི་ལོའི་སྔོན་གྱི198ལོར)ནེ་ཧོང་རྫོང་བཙུགས་པ་དང་། རྫོང་གི་བྱང་ཕྱོགས་སུ་ཧྥན་དབྱང་རྫོང་དང་ཝེ་ཅུན་ཡང་བགོས་ཡོད།     

ཝེ་རྒྱལ་རབས་བྱང་མའི་ཡུང་ཕིན་གྱི་དུས་འགོར་ནེ་ཧོང་དང་ཧྥན་དབྱང་གཉིས་བེད་མེད་དུ་གྱུར་པ་དང་། ལིན་ཡུས་ཀྱི་ཁོངས་སུ་ཚུད།     

ཀྲོའུ་རྒྱལ་རབས་བྱང་མས་རྫོང་གི་ནུབ་བྱང་དུ་ཆན་ཧྲུའེ་རྫོང(དབྱི་ཧྲུའེ་རྫོང་གི་ལྷོ་ནུབ་ལ་ལེ་དབར30ཡོད)བཙུགས་པ་དང་། སུང་ཡུས་ནི་སུང་ཡུས་ཡིན།     

ཅིན་ཏ་ཏིང་ལོ་དྲུག(སྤྱི་ལོ1166ལོར)ཡིན་པ་དང་། ཧོ་པེ་ནུབ་ལམ་གྱི་ཧྭ་ཀྲོའུ་རུ་གཏོགས།     

ཆིན་རྒྱལ་རབས་ཀྱི་དུས་འགོར་ཀྲི་ལི་ཏ་མིང་ཧྥུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1725ལོར་གཙང་ཆུའི་སྐྱེལ་འདྲེན་སྟབས་བདེ་ཡོང་ཆེད། ཧོ་ནན་ཞིང་ཆེན་ཀྲང་ཏེ་ཧྥུ་ལ་བསྒྱུར།     འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ། ནེ་ཧོང་རྫོང་གི་མི་དམངས་སྲིད་དབང་སྔ་གཞུག་ཏུ་ཅི་ལུའུ་ཡུས་མཐའ་ཁུལ་གྱི་ཨང་དང་པོ། ལྔ་པ། དྲུག་པ། བརྒྱད་པ་བཅས་ཀྱི་ལས་ཁུངས་སུ་གཏོགས།     

སྤྱི་ལོ1949ལོའི་ཟླ8པའི་ཚེས20ཉིན། བདེ་ཐང་ཞིང་ཆེན་བཙུགས་པ་དང་། ཅི་ལུའུ་ཡུས་མཐའ་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཕྱིར་འཐེན་བྱས། ནེ་ཧོང་ཁོངས་གཏོགས་བདེ་ཐང་ཞིང་ཆེན་ཕུའུ་དབྱང་ཀྲོན་ཧྲུའུ་བཙུགས།     

སྤྱི་ལོ1954ལོའི་ཟླ9པའི་ཚེས10ཉིན་ཕུའུ་དབྱང་ཀྲོན་ཡོན་ཧྲུའུ་ཨན་དབྱང་ཀྲོན་ཡོན་ཧྲུའུ་རུ་ཟླ་སྒྲིལ་བཏང་བ་དང་། ནེ་ཧོང་ནི་ཨན་དབྱང་ཀྲོན་ཡོན་ཧྲུའུ་ཡི་ཁོངས་སུ་གཏོགས།     

སྤྱི་ལོ1961ལོའི་ཟླ12པར་ཞིན་ཞང་དང་ཨན་དབྱང་གཉིས་སོ་སོར་བཅོས་སྐྱོང་བྱས་ཤིང་། ནེ་ཧོང་སྔར་བཞིན་ཨན་དབྱང་ཀྲོན་ཧྲུའུ་ལ་དབང་། 

སྤྱི་ལོ1986ལོའི་ཟླ3པར། ལི་ཨན་དབྱང་གྲོང་ཁྱེར་དུ་བསྒྱུར།

2 ས་ཁམས་ཁོར་ཡུག 
2_1 ས་གནས།     

ནེ་ཧོང་རྫོང་ནི་ཡུས་པེ་བདེ་ཐང་དུ་གནས་པ་དང་། ཅི། ལུའུ། ཡུས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག114°35′—114°59′,དང་བྱང་གི་འཕྲེད་ཐིག35°39′—36°09′མཚམས་ན་ཡོད།

2_2 ས་དབྱིབས།     

ནེ་ཧོང་རྫོང་ནི་རྨ་ཆུའི་བཞུར་བསགས་བདེ་ཐང་གི་ཁོངས་སུ་གཏོགས་ལ། ཧྭ་བྱང་བདེ་ཐང་གི་ཆ་ཤས་ཤིག་ཀྱང་ཡིན། ནེ་ཧོང་རྫོང་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་ཆ་སྙོམས་སུ་སྤྱི་ལེ55ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་ཆ་སྙོམས་སུ་སྤྱི་ལེ21.1ཡོད་པ་ཚང་མ་བདེ་ཐང་ཡིན་ཞིང་། ས་བབ་ཁོད་སྙོམས་པ་དང་ལངས་འཇགས་ཅུང་ཆུང་བ། མཚོ་ངོས་ཀྱི་མཐོ་ཚད་སྤྱིར་བཏང་དུ་སྨི50ནས70བར་ཡིན། ས་བབ་སྤྱིའི་ཆ་ནས་ལྷོ་ནུབ་ནས་བྱང་ཤར་དུ་ཕྱོགས་པ་དང་། ས་ངོས་ཀྱི་ཆ་སྙོམས་རི་ལྡེབས1/5000-1/6000མར་ཆག་ཡོད།     

2_3 ནམ་ཟླ།     

ནེ་ཧོང་རྫོང་ནི་དྲོད་འཇམ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དེ་ལ་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། དུས་བཞིར་གསལ་བ་དང་འོད་ཕོག་ཚད་འདང་ངེས་ཡིན། དགུན་དུས་བྱང་རླུང་ལྡང་བ་དང་། དབྱར་དུས་ལྷོ་རླུང་ལྡང་བ་དང་། དཔྱིད་དུས་དང་སྟོན་དུས་ལ་བར་བརྒལ་རང་བཞིན་གྱི་དུས་ཚིགས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་སྟེ། དཔྱིད་དུས་སུ(ཟླ3པ་ནས5པའི་བར)ཐན་པ་དང་ཆར་པ་ཉུང་བ། གྲང་གྲང་ལ་འགྱུར་ལྡོག་ཆེ་བ་དང་བྱེ་རླུང་མང་བ། དབྱར་དུས་སུ(ཟླ6པ་ནས8པའི་བར)ཚ་བ་ཆེ་ལ་ཆར་ཆུ་འབབ་ཚད་མང་བ། སྟོན་དུས་སུ(ཟླ9པ་ནས11པའི་བར)གནམ་གཤིས་དྭངས་ཤིང་གསལ་ལ་དགུན་དུས་ཁ་བ་བུ་ཡུག་ཉུང་།     

3 རང་བྱུང་ཐོན་ཁུངས།     

ནེ་ཧོང་རྫོང་ལ་ཁ་སུར་དམར་པོ་མུའུ་ཁྲི46དང་། སུར་པན་རྩེ་མོ་མུའུ་ཁྲི40  སྤུས་ལེགས་སིལ་ཏོག་མུའུ་ཁྲི16  ཀྭ་རིགས་དང་ཤིང་ཏོག་སྔོ་ཚལ་གྱི་དྲོད་ཁང་མུའུ་ཁྲི་11.5བཅས་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་སྒྲིག་བཀོད་སྔོ་ཚལ་གྱི་གཙོ་གནད་ས་ཁོངས་ཀྱི་རྟེན་གཞི་རྫོང་དང་། ཀྲུང་གོའི་གྲགས་ཅན་དང་དམིགས་བསལ་སྤུས་ལེགས་ཀྱི་དཔལ་འབྱོར་ནགས་ཀྱི་ཁ་སུར་དམར་པོའི་ཕ་ཡུལ། ཀྲུང་གོའི་ཁ་སུར་དམར་པོའི་ཐོན་ལས་སྣེ་འདྲེན་རྫོང་། ཀྲུང་གོའི་སྤུས་ལེགས་འབྲུ་རིགས་ཐོན་ལས་འདུ་འགོད་ཀྱི་གཙོ་གནད་རྫོང་བཅས་རེད། ནེ་ཧོང་ནགས་ཚལ་ཁྱབ་ཚད37%ཟིན་པ་དང་ས་ཁོངས་ནང་གི་ཚོས་སེར་ནགས་ཚལ་མུའུ་ཁྲི12ཡོད་པ་དེས་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་རང་བྱུང་མཛེས་ལྗོངས་ཤིག་གྲུབ་ཡོད། དེ་ནི་ཀྲུང་གོའི་བདེ་ཐང་སྔོ་འགྱུར་གྱི་མཐོ་རིམ་ཚད་ལོན་རྫོང་དང་། རྒྱལ་ཁབ་རིམ་པའི་སྣོད་བཅུད་དཔེ་སྟོན་རྫོང་། ཀྲུང་གོའི་ལྗང་མདོག་སྣོད་བཅུད་ཡུལ་སྐོར་གྱི་རྫོང་བཅས་རེད།     

4 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

ནེ་ཧོང་རྫོང་ཁོངས་སུ་གྲོང་རྡལ7དང་། ཞང10(ཁྲེང་ཀོན་གྲོང་རྡལ། ཏུང་ཀྲོང་གྲོང་རྡལ། ཅིང་ཏེན་གྲོང་རྡལ། ལིའང་ཀྲོང་གྲོང་རྡལ། ཧོའུ་ཧོ་གྲོང་རྡལ། ཁྲུའུ་ཝང་གྲོང་རྡལ། ཐེན་ཧྲི་གྲོང་རྡལ། ཀྲང་ལུང་ཞང་། མཱ་ཐི་ཞང་། ཀའོ་ཐི་ཞང་། ཨེར་ཨན་ཞང་། ལིའུ་ཨན་ཞང་། ཀྲུང་ཀྲའོ་ཞང་། སུང་ཚུན་ཞང་། ཧྲི་ཕན་ཐུན་ཞང་། ཏོའུ་ཀུང་ཞང་། )སྲང་ལམ་དོན་གཅོད་ཁང2བཅས་ཀྱི་སྲིད་འཛིན་གྲོང་ཚོ532ཡོད།     མི་གྲངས་དང་མི་རིགས།     ནེ་ཧོང་རྫོང་ནི་རྒྱ་རིགས་འདུས་སྡོད་ས་ཁུལ་དུ་གཏོགས་པ་དང་། ཀྲོང་རིགས་དང་། ཧུའེ་རིགས། སོག་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས21ལ་མི་གྲངས217ཡོད། སྤྱི་ལོ2012ལོའི་ལོ་སྟོད་བར་ནེ་ཧོང་རྫོང་གི་དུད་ཚང་བསྡོམས་འབོར2117ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི76.6927ཟིན་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི5.7960དང་། ཞིང་ལས་མི་འབོར་ཁྲི70.6129གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྲི50.3966བཅས་ཡོད་པ་རེད། སྐྱེ་ཚད10.01%དང་ཤི་ཚད5.06%ཡིན།     

5 དཔལ་འབྱོར་ཐོན་ལས།     

སྤྱི་ལོ2012ལོར་ནེ་ཧོང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར133.3ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས10%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར45.6ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས4.5%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར56.5ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས12.1%འཕར་བ། ཐོན་ལས་གསུམ་པར་སྒོར་དུང་ཕྱུར31.2ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས9.6%འཕར་བ། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད34:42:24ཟིན་པ་དང་། “དང་པོ། གཉིས་པ། གསུམ་པ”ནས་“གཉིས་པ། གསུམ་པ”བཅས་སུ་འཕོ་འགྱུར་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14843ཟིན་པ་དེ་ལོ་གོང་མ་ལས11%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར6907ཟིན་པ་དེ་ལོ་གོང་མ་ལས16%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར54.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས22.5%འཕར་ཡོད།

5_1 བཟོ་ལས།     

སྤྱི་ལོ2012ལོའི་ལོ་མཇུག་བར་བཟོ་ལས་ཁེ་ལས་ཁྱོན461ཡོད་པའི་ནང་གཞི་ཁྱོན་ཡན་གྱི་ཁེ་ལས77ཡོད་པ་རེད། རྫ་དཀར་དང་། འཕྲུལ་ཆས་བཟོ་སྐྲུན། ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་ཀྱི་ལེགས་ཆ་ལྡན་པའི་ཐོན་ལས་གསར་པ་ཆགས་ཡོད། ནེ་ཧོང་རྫོང་གི་ཐོན་ལས་གཅིག་སྡུད་ཁུལ་ནི་ཞིང་ཆེན་རིམ་པའི་ཐོན་ལས་གཅིག་སྡུད་ཁུལ་ཡིན་པ་དང་གཅིག་སྡུད་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་དེ་སྔའི་སྤྱི་ལེ་ངོས་གྲུ་བཞི་མ18.95ནས་སྤྱི་ལེ་ངོས་གྲུ་བཞི་མ21བར་ལེགས་སྒྲིག་བྱས་པ་དང་ལྷོ་བྱང་གི་ཡུག་ཁུལ་གཉིས་སུ་དབྱེ་ཡོད། དེའི་ནང་ལྷོ་ཡུག་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ11ཟིན་ནས་རྫ་དཀར་ཐོན་ལས་ཀྱིས་གཙོ་ཁྲིད་བྱས་ཡོད། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཙམ་བཏང་བའི་ཉིན་རེའི་ཧྲེང་དང་། ཤིན་མིང་ཀྲུའུ། ཨེ་ཤེ་ཡ་ལྷོ་མ། ཧྥུའུ་ཧུའེ་སོགས་ཨར་སྐྲུན་རྫ་དཀར་རྣམ་གྲངས་དང་ཀོང་ཏུང་ལྕགས་རི་རིང་པོ་ཚོགས་པ། ཐེན་ཅིན་ཧུང་ཧུའེ། ཧོ་ནན་ཧའོ་ཁྲེ་སོགས་རྫ་དཀར་དང་ལེ་ལག་ཚང་བའི་རྣམ་གྲངས་གསར་པ་ཁག་གཅིག་ནང་འདྲེན་བྱས་ནས་ཨར་སྐྲུན་རྫ་དཀར་ནས་ཨར་སྐྲུན་དང་། ཉེར་སྤྱོད། སྒྱུ་རྩལ་རྫ་དཀར་སོགས་ཕྱོགས་བསྡུས་རྫ་དཀར་གྱི་ཕྱོགས་སུ་འཕེལ་རྒྱས་བཏང་སྟེ་དབུས་རྒྱུད་ས་ཁུལ་གྱི་རྫ་དཀར་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་པ་དང་། ཀྲུང་གོའི་ཨར་སྐྲུན་རྫ་དཀར་འཕྲོད་བསྟེན་མཐུན་ཚོགས་ཀྱིས“ཀྲུང་ཡོན་རྫ་དཀར་ཐོན་ལས་རྟེན་གཞི”ཞེས་མིང་བཏགས་པ་རེད།     ཞིང་ལས།      སྤྱི་ལོ2012ལོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི46.2ཟིན་ནས་ལོ་བཞི་བསྟུད་མར་ཐོན་འབབ་ཡག་པོ་བྱུང་ཡོད། ནེ་ཧོང་རྫོང་གིས་ནེ་ཧོང་ཞིང་ལས་ཀྱི་ལེགས་ཆར་དམིགས་ནས་རྫོང་གི་གནས་ཚུལ་ལ་གཞི་ཚུགས་པ་དང་ཁྱད་ཆོས་འདོན་སྤེལ་བྱས་ཏེ་ནུས་ཆེའི་ཞིང་ལས་ཆེན་པོ་གསུམ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཕྱོགས་ཡོངས་ནས་ཞིང་ལས་ཀྱི་གྲུབ་ཆ་བཟང་སྒྲིག་རིམ་སྤོར་བྱེད་མགྱོགས་སུ་བཏང་ཡོད།     

5_2 ཕྱུགས་ལས།

གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ(ཆུས)122བསྐྲུན་ནས་མ་འཇོག་སྒོར་ཁྲི3000ཡན་བྱས་པའི་ཀྲུང་ཀྲའོ་ཧྭ་ཡུས་འོ་ལས་དང་། ཀྲང་ལུང་ཀུན་གྱི་ཞིང་འབྲོག་དང་སུང་གྲོང་ཚོའི་བཤས་བྱ་གསོ་ཚགས་རྟེན་གཞི་སོགས་རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་སྐྱེད་སྲིང་བྱས་པ་དང་། སྤྱི་ལོ2010ལོའི་ལོ་འགོར་ཞིང་ཆེན་ཡོངས་ཀྱི་དེང་རབས་འབྲོག་ལས་ཀྱི་ལོ་བཅུའི་འཕེལ་རྒྱས་འཆར་འགོད་ཀྱི་བཤས་བྱ་བཤའ་ལུག་འཕེལ་རྒྱས་གཅིག་སྡུད་ཁུལ་དུ་བཅུག་ཡོད། རྫོང་ཡོངས་སུ་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི9.8དང་། ལུག་མགོ་གྲངས་ཁྲི74.6 ཕག་མགོ་གྲངས་ཁྲི61.9 ཁྱིམ་བྱ་ཁྲི760.1བཅས་ཡོད་པ་དང་། ཤ་རིགས་བསྡོམས་འབོར་ཏུན་ཁྲི8.1དང་། བྱ་སྒོང་བསྡོམས་འབོར་ཏུན་ཁྲི6.7 འོ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན1820བཅས་ཟིན་ནས་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར16.8ཟིན་ཡོད་པ་རེད།    

6 སྤྱི་ཚོགས་ལས་དོན།     
6_1 རྨང་གཞིའི་སྒྲིག་བཀོད།     

གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ17.5ནས་སྤྱི་ལེ་ངོས་གྲུ་བཞི་མ39.8བར་ཆེ་རུ་བཏང་ནས་ཧྥན་དབྱང་ཤིན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད།ཧྥན་དབྱང་གསར་ཁུལ་ནི་རྫོང་གྲོང་གི་བྱང་རྒྱུད་དུ་གནས་པ་དང་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ9ཡོད་པ་དང་སྲིད་འཛིན་གྲོང་ཚོ8ཀྱི་མི་ཁྲི1.2དང་དུད་ཚང3800ལ་འབྲེལ་བ་ཡོད། ཧྥན་དབྱང་ཤིན་ཆུས་ཀྱིས་ཞིང་ལས་ཐོན་རྫས་ལས་སྣོན་ཚོང་དོན་དང་། སློབ་གསོ། དངུལ་རྩའི་ཚོང་དོན། རིག་གནས། སྨན་བཅོས། སྲིད་འཛིན་གཞུང་དོན་སོགས་ནུས་པ་མང་བའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་ནས་རྫོང་ཡོངས་ཀྱི་སྲིད་འཛིན་ཁུལ་དང་། ལྟེ་བའི་ཚོང་དོན་ཁུལ། ཐོན་ལས་གཅིག་སྡུད་ཁུལ། གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་འཛུགས་སྐྲུན་བཅས་ཀྱི་དཔེ་སྟོན་ཁུལ་དུ་གྱུར་ནས་སྡོད་གནས་དང་། ལྟ་སྐོར། ལྗང་མདོག་བཅས་གཞི་གཅིག་ཏུ་འདུས་པའི་མཛེས་སྡུག་ལྡན་པའི་ཙའོ་ཤང་གྲོང་གསར་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།  

6_2 འཕྲོད་བསྟེན།     

སྤྱི་ལོ2012ལོར་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད་བརྒྱ་ཆའི93.8ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་བརྒྱ་ཆའི70.8ཟིན་ཡོད།     

6_3 མཐོ་གསར་ལག་རྩལ།     

སྤྱི་ལོ2013ལོའི་ལོ་འགོ་ནས་བཟུང་། ནེ་ཧོང་རྫོང་ཚན་རྩལ་ཅུས་ཀྱིས“ཀྲུང་ཡོན་གྱི་དཀར་ཡོལ་གྲོང་ཁྱེར”དང་ཀྲུང་ལུགས་གསོ་རིག་གི་བདེ་ཐང་སླར་གསོའི་སྒྲིག་ཆས་ཐོན་ལས་གླིང་འཛུགས་སྐྲུན་གཙོ་གནད་དུ་བྱས་ཏེ་སྔ་རྗེས་སུ་ཚན་རྩལ་ཤེས་ལྡན་མི་སྣ100ལྷག་ཙམ་གདན་དྲངས་ནས་ཁེ་ལས་ལ་གློག་རྡུལ་དང་། འཕྲུལ་ཆས། རྫ་ཆས་ཐོན་སྐྱེད་སོགས་འགག་རྩའི་ལག་རྩལ24ཐག་གཅོད་བྱས་པས་ལག་རྩལ་གསར་གཏོད་ཐད་ཚད་བརྒལ་ཆེན་པོ་བྱུང་བ་རེད།     

6_4 སྐྱེ་ཁམས་ནགས་ལས།

ནེ་ཧོང་རྫོང་དུ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི30ཡོད་པ་དང་། འགྲམ་བཞིར་སྡོང་རྐང་ཁྲི2000ལྷག་ཙམ་བཙུགས་པ། ཤིང་གསོག་བསགས་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི317ཟིན་པ། ཤིང་ནགས་ཁྱབ་ཚད37%ཟིན་པ་བཅས་ཞིང་ཆེན་ཡོངས་ཀྱི་ནགས་ལས་སྣོད་བཅུད་རྫོང་དུ་བདམས་པ་རེད། རྫོང་དེ་ཡོངས་ཀྱི་ཤིང་ཆ་གཉེར་སྐྱོང་དང་ལས་སྣོན་ཁེ་ལས400ལྷག་ཙམ་ཡོད་པ་དང་ལོར་ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་ཁྲི12གཉེར་སྐྱོང་དང་ལས་སྣོན་བྱས་པ་དེ་ནི་ཧོ་ནན་བྱང་རྒྱུད་ཀྱི་ཤིང་ཆ་བསྡུ་འགྲེམས་བྱ་ཡུལ་ཆེ་ཤོས་དེ་རེད།     

6_5 ཞབས་ཞུའི་ལས་རིགས།     

ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི25:49:26ཡིན་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་ཟིན་པའི་བསྡུར་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་སྔར་ལས་ལེགས་སྒྱུར་བྱ་དགོས།      རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ《ནེ་ཧོང་ཡུལ་སྐོར་འཕེལ་རྒྱས་འཆར་འགོད》འཆར་འགོད་དང་སྒྲིག་བཟོ་བྱས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《ས་ཁམས་ཀྲུང་གོ·སན་དབྱང་ཀྲོང་གི་རྗེས་ཤུལ》ཞེས་པའི་ཟིན་ཐོའི་པར་ལེན་ལས་དོན་ལེགས་གྲུབ་བྱུང་བ། མེས་མཆོད་དུས་ཆེན་དང་། ཁ་སུར་དམར་པོའི་རིག་གནས་དུས་ཆེན། “ཤན་ཀོ་ཙའོ་ཤང་། རྐང་འཁོར་བཞོན་ནས་ནེ་ཧོང་ལ་སྐྱོད་པ”སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་བདེ་བླག་ངང་སྤེལ་བ་དང་ནེ་ཧོང་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།       

6_6 སློབ་གསོ།    

རྫོང་ཐད་གཏོགས་མཐོ་རིམ་སློབ་འབྲིང་བཞི་དང་། ནེ་ཧོང་སློབ་འབྲིང་དང་པོ། ནེ་ཧོང་སློབ་འབྲིང་གཉིས་པ། ནེ་ཧོང་སློབ་འབྲིང་གསུམ་པ། ནེ་ཧོང་སློབ་འབྲིང་བཞི་པ། དེའི་ནང་ནེ་ཧོང་སློབ་འབྲིང་དང་པོ་བཅས་ཀྱི་སློབ་མ་རྟག་ཏུ་ཆིང་ཧྭ་དང་པེ་ཅིང་སློབ་ཆེན་གྱི་གྲགས་ཅན་སློབ་གྲྭའི་སློབ་མ་ཡིན། སྤྱི་ལོ2012ལོའི་ལོ་འགོའི་བར། ནེ་ཧོང་རྫོང་དུ་ཁྱོན་བསྡོམས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ284དང་། དགེ་རྒན་དང་ལས་བཟོ་པ7102ཆེད་བསྐོས་དགེ་རྒན6175རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་སློབ་མ་བསྡུ་གྲངས34499སློབ་ཐོན་སློབ་མ25827བཅས་ཡོད།


དཔྱད་གཞིའི་ཡིག་ཆ།