ཀྲུའུ་ཀྲོའུ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-03-11 11:40ལ་འགྲུབ།

ཀྲུའུ་ཀྲོའུ།

ཀྲུའུ་ཀྲོའུ།
ཀྲུའུ་ཀྲོའུ་ལ་གནའ་དུས་སུ་“ཅན་ཉིན”ཞེས་འབོད་པ་དང་། ཧུའུ་ནན་ཞིང་ཆེན་མངའ་ཁོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། དེ་ཁྲང་ཧྲ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་ཀྱི་སྤྱི་ལེ40ཡི་མཚམས་སུ་གནས་པ་དང་། ཤང་ཅང་གཙང་པོའི་སྨད་རྒྱུད་དུ་གནས་ཡོད། ཤར་ངོས་སུ་ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་དང་། ལེན་ཧྭ་རྫོང་། ཡུང་ཤིན་རྫོང་། ཅིང་ཀང་ཧྲན་གྲོང་ཁྱེར་བཅས་དང་འབྲེལ། ལྷོ་ངོས་སུ་ཞིང་ཆེན་ནང་ཁུལ་གྱི་ཧེང་དབྱང་དང་ཁྲེན་ཀྲོའུ་གྲོང་ཁྱེར་གཉིས་དང་འབྲེལ་བ། ནུབ་ངོས་ཞང་ཐན་གྲོང་ཁྱེར་དང་འབྲེལ་བ། བྱང་ངོས་ཁྲང་ཧྲ་གྲོང་ཁྱེར་དང་འབྲེལ་ཡོད། ཀྲུའུ་ཀྲོའུ་གྲོང་ཁྱེར་ཁོངས་སུ་ཐེན་ཡོན་ཆུས་དང་། ལུའུ་སུང་ཆུས། ཧོ་ཐང་ཆུས། ཧྲི་ཧྥེང་ཆུས། ལའོ་ཁོའུ་ཆུས་བཅས་ཆུས5ཡོད་པ་དང་། ཡིའུ་རྫོང་དང་། ཁྲ་ལིང་རྫོང་། ཡན་ལིང་རྫོང་བཅས་རྫོང3ཡོད་ཅིང་། རྫོང་རིམ་པའི་ལི་ལིན་གྲོང་ཁྱེར་གྱི་ཚབ་བྱས་ཏེ་དོ་དམ་བྱེད་ཀྱིན་ཡོད་པ་དང་། དེ་མིན་ཡུན་ལུང་དཔེ་སྟོན་ཁུལ་བཙུགས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11262ཡོད། སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི401.6ཡོད། ཀྲུའུ་ཀྲོའུ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཁག་དང་པོའི་གཙོ་གནད་འཛུགས་སྐྲུན་གྱི་བཟོ་ལས་གྲོང་ཁྱེར་བརྒྱད་ཀྱི་གྲས་ཡིན་པ་དང་། ཀྲུང་གོའི་བཟོ་ལས་རྟེན་གཞི་རྙིང་པ་ཞིག་རེད། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་དང་ཧྲང་ཧའེ་ནས་ཁུན་མིང་བར་གྱི་ལྕགས་ལམ་དེ་ཀྲུའུ་ཀྲོའུ་རུ་བསྣོལ་ནས་ཀྲུང་གོའི“རྒྱ་གྲམ་རྣམ་པའི”ལྕགས་ལམ་གྱི་ལྟེ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཀྲོའུ་ནི་འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཁོངས་མི་དང་ཁྲང་ཀྲུའུ་ཐན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྲོག་ཤིང་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་ཁྲང་ཀྲུའུ་ཐན་གྱི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕྱོགས་བསྡུས་སྒྲིག་གཞི་ཚང་བའི་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ཆ་ཤས་ཤིག་རེད། གཞན་ཡང་ཀྲུའུ་ཀྲོའུ་ལ་རྒྱལ་ཁབ་ཀྱི་སྔོ་ལྗང་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་ཀྱི་ཤེས་དཔལ་གྲོང་ཁྱེར། རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ལྡན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
株洲
ཕྱི་ཡིག་གི་མིང་།
Zhuzhou
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཀྲུང་ས་ཁུལ།
ས་ཁོངས་ཁ་པར་ཨང་རྟགས།
0731
སྦྲག་སྲིད་ཨང་རྟགས།
412000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ11262ཡོད།
མི་གྲངས།
ཁྲི402.15ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞང(湘)B
སྲིད་འཛིན་ཚབ་ཨང་།
430200
1 ​ངོ་སྤྲོད།

ཀྲུའུ་ཀྲོའུ་ལ་གནའ་དུས་སུ་“ཅན་ཉིན”ཞེས་འབོད་པ་དང་། ཧུའུ་ནན་ཞིང་ཆེན་མངའ་ཁོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། དེ་ཁྲང་ཧྲ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་ཀྱི་སྤྱི་ལེ40ཡི་མཚམས་སུ་གནས་པ་དང་། ཤང་ཅང་གཙང་པོའི་སྨད་རྒྱུད་དུ་གནས་ཡོད། ཤར་ངོས་སུ་ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་དང་། ལེན་ཧྭ་རྫོང་། ཡུང་ཤིན་རྫོང་། ཅིང་ཀང་ཧྲན་གྲོང་ཁྱེར་བཅས་དང་འབྲེལ། ལྷོ་ངོས་སུ་ཞིང་ཆེན་ནང་ཁུལ་གྱི་ཧེང་དབྱང་དང་ཁྲེན་ཀྲོའུ་གྲོང་ཁྱེར་གཉིས་དང་འབྲེལ་བ། ནུབ་ངོས་ཞང་ཐན་གྲོང་ཁྱེར་དང་འབྲེལ་བ། བྱང་ངོས་ཁྲང་ཧྲ་གྲོང་ཁྱེར་དང་འབྲེལ་ཡོད། ཀྲུའུ་ཀྲོའུ་གྲོང་ཁྱེར་ཁོངས་སུ་ཐེན་ཡོན་ཆུས་དང་། ལུའུ་སུང་ཆུས། ཧོ་ཐང་ཆུས། ཧྲི་ཧྥེང་ཆུས། ལའོ་ཁོའུ་ཆུས་བཅས་ཆུས5ཡོད་པ་དང་། ཡིའུ་རྫོང་དང་། ཁྲ་ལིང་རྫོང་། ཡན་ལིང་རྫོང་བཅས་རྫོང3ཡོད་ཅིང་། རྫོང་རིམ་པའི་ལི་ལིན་གྲོང་ཁྱེར་གྱི་ཚབ་བྱས་ཏེ་དོ་དམ་བྱེད་ཀྱིན་ཡོད་པ་དང་། དེ་མིན་ཡུན་ལུང་དཔེ་སྟོན་ཁུལ་བཙུགས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11262ཡོད། སྤྱི་ལོ2016ལོར་སྤྱིའི་མི་འབོར་ཁྲི401.6ཡོད།      ཀྲུའུ་ཀྲོའུ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཁག་དང་པོའི་གཙོ་གནད་འཛུགས་སྐྲུན་གྱི་བཟོ་ལས་གྲོང་ཁྱེར་བརྒྱད་ཀྱི་གྲས་ཡིན་པ་དང་། ཀྲུང་གོའི་བཟོ་ལས་རྟེན་གཞི་རྙིང་པ་ཞིག་རེད། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་དང་ཧྲང་ཧའེ་ནས་ཁུན་མིང་བར་གྱི་ལྕགས་ལམ་དེ་ཀྲུའུ་ཀྲོའུ་རུ་བསྣོལ་ནས་ཀྲུང་གོའི“རྒྱ་གྲམ་རྣམ་པའི”ལྕགས་ལམ་གྱི་ལྟེ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཀྲོའུ་ནི་འབྲི་ཆུའི་དབུས་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཁོངས་མི་དང་ཁྲང་ཀྲུའུ་ཐན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྲོག་ཤིང་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་ཁྲང་ཀྲུའུ་ཐན་གྱི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕྱོགས་བསྡུས་སྒྲིག་གཞི་ཚང་བའི་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ཆ་ཤས་ཤིག་རེད། གཞན་ཡང་ཀྲུའུ་ཀྲོའུ་ལ་རྒྱལ་ཁབ་ཀྱི་སྔོ་ལྗང་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཁབ་ཀྱི་ཤེས་དཔལ་གྲོང་ཁྱེར། རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ལྡན་ཡོད། 

སྤྱི་ལོ2016ལོར་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2512.5ཡོད་པ་དེ་སྤྱི་ལོ2015ལོ་ལས7.9%འཕར། དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.2མཐོ་བ་དང་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་པ་རེད།     

སྤྱི་ལོ2019ལོའི་ཟླ7པའི་ཚེས5ཉིན་ཀྲུའུ་ཀྲོའུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྣོད་བཅུད་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པའི“བཙོག་ཆུའི་དྭངས་སྙིགས་འབྱེད་ཚད80%ལས་དམའ་བའི་གྲོང་ཁྱེར་གྱི་མིང་ཐོའི”ནང་བཅུག་པ་དང་གཙང་སེལ་གྱི་བསྡུར་ཚད17.6%ཟིན་ཡོད། 

2 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2018ལོའི་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཀྲུའུ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཐན་ཡོན་དང་། ལུའུ་སུང་། ཧོ་ཐང་། ཧྲི་ཧྥེང་། ལའོ་ཁོའུ་བཅས་ཆུས5ཡོད་པ་དང་ཡིའུ་རྫོང་དང་། ཁྲ་ལིང་རྫོང་། ཡན་ལིང་རྫོང་བཅས་རྫོང3གྱིས་རྫོང་རིམ་པའི་ལི་ལིན་གྲོང་ཁྱེར་གྱི་ཚབ་བྱས་ནས་དོ་དམ་བྱས་པ་མ་ཟད། ཡུན་ལུང་དཔེ་སྟོན་ཁུལ་གཞན་བཙུགས་ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ནི་ཐེན་ཡོན་ཆུས་ཡིན། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཀྲུའུ་ཀྲོའུ་གྲོང་ཁྱེར་ནི་ཧུའུ་ནན་ཞིང་ཆེན་གྱི་ཤར་རྒྱུད་དང་ཞང་ཅང་གཙང་པོའི་སྨད་རྒྱུད་དུ་གནས་ཡོད། ཤར་མཚམས་ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་དང་། ལེན་ཧྭ་རྫོང་། ཡུང་ཤིན་རྫོང་བཅས་དང་དེ་བཞིན་ཅིན་ཀང་ཧྲན་གྲོང་ཁྱེར་དང་། ལྷོ་ངོས་ཞིང་ཆེན་གྱི་ཧེང་དབྱང་དང་ཁྲེན་ཀྲོའུ་གྲོང་ཁྱེར་གཉིས། ནུབ་ངོས་ཞང་ཐན་གྲོང་ཁྱེར་དང་འབྲེལ་ཡོད། བྱང་ངོས་ཁྲང་ཧྲ་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11262ཡོད་པ་དང་། བྱང་ངོས་ཀྱི་འཕྲེད་ཐིག་བྱང་མའི26°03’05”~28°01’07”བར་ཡོད། ཤར་ངོས་ཀྱི་གཞུང་ཐིག112°57’30”~114°07’15”བར་དུ་གནས་ཡོད། 

3_2 ས་དབྱིབས།

ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་ནི་ལུའོ་ཞའོ་རི་རྒྱུད་ཀྱི་ནུབ་འདབས་སུ་གནས་པ་དང་། ནན་ལིན་རི་རྒྱུད་ནས་ཅང་ཧན་བདེ་ཐང་བར་གྱི་གསེག་ངོས་སུ་ཆགས་ཡོད། གྲོང་ཁོངས་ཀྱི་སྤྱིའི་ས་བབ་ཤར་ལྷོ་མཐོ་ཞིང་ནུབ་བྱང་དམའ་བ་རེད། བྱང་དབུས་ཀྱི་ས་དབྱིབས་རི་ལུང་གི་དཀྱིལ་དུ་གཤོང་ས་ནི་ཐགས་དབྱིབས་བཀྲམ་པ་དང་། ཤར་ལྷོའི་རྒྱུད་ཚང་མ་རི་ཁུལ་ཡིན་པ་དང་། རི་རྒྱུད་མུ་འབྲེལ་གྱིས་སྒྲིབ། ས་བབ་ལྷུན་ཆགས་ཡིན། ཆུ་ཁོངས་སྤྱི་ལེ་གྲུ་བཞི་མ637.27ཟིན་པ་དེས་ཁྲོམ་རའི་རྒྱ་ཁྱོན་བསྡོམས་འབོར་གྱི5.66%བཟུང་བ། བདེ་ཐང་སྤྱི་ལེ་གྲུ་བཞི་མ1843.25ཡོད་པ་དེས16.37%བཟུང་བ། ས་དམའ་སའི་སྤྱི་ལེ་གྲུ་བཞི་མ1449.86ཡོད་པ་དེས12.87%བཟུང་བ། ས་མཐོར་སྤྱི་ལེ་གྲུ་བཞི་མ738.74ཡོད་པ་དེས6.56%བཟུང་བ། རི་མ་ཐང་སྤྱི་ལེ་གྲུ་བཞི་མ1916.61ཡོད་པ་དེས17.02%བཟུང་བ། རི་ཁུལ་སྤྱི་ལེ་གྲུ་བཞི་མ4676.47ཡོད་པ་དེས41.52%བཟུང་ཡོད། རི་ཁུལ་གཙོ་བོ་གྲོང་ཁྱེར་ཁོངས་ཀྱི་ཤར་ལྷོའི་རྒྱུད་དུ་འདུས་ཡོད་པ་དང་། སྒང་ཁུལ་ནི་གྲོང་ཁྱེར་ཁོངས་ཀྱི་དབུས་བྱང་རྒྱུད་དུ་གནས་ཡོད། ཐང་ཆེན་དེ་ཞང་ཅང་གཙང་པོའི་ངོགས་གཉིས་སུ་ཁྱབ་ཡོད། 

3_3 ནམ་ཟླ།

ཀྲུའུ་ཀྲོའུ་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་བརླན་གཤེར་ཅན་གྱི་ནམ་ཟླ་ཡིན་ཞིང་། དུས་བཞི་གསལ་བ་དང་། ཆར་ཆུ་མོད་པ། དྲོད་ཚད་འདང་བ། རླུང་ཕྱོགས་དགུན་ཁར་ནུབ་བྱང་རླུང་མང་བ། དབྱར་དུས་སུ་ལྷོ་རླུང་མང་བ། སད་མེད་དུས་ཉིན286ཡན་ཡིན་པ། ལོ་རེའི་ཆ་སྙོམས་དྲོད་ཚད16℃ནས18℃བར་ཡིན། ཞིང་ལས་ལོ་ཏོག་སྣ་ཚོགས་སྐྱེ་རྒྱུར་འཚམ་པོ་ཡོད་པས། ཧུའུ་ནན་ཞིང་ཆེན་གྱི་འབྲུ་རིགས་ཐོན་ཁུལ་མཐོ་བ་དང་རྒྱལ་ཁབ་ཀྱི་ཚོང་འབྲུའི་རྟེན་གཞི་གལ་ཆེན་ཞིག་ཡིན། འབྲི་ཆུའི་འབབ་རྒྱུད་ཀྱི་འབྲུ་རིགས་མུའུ་རེའི་ཐོན་ཚད་ཏུན་ལས་བརྒལ་བའི་རྫོང(གྲོང་ཁྱེར)ཐོག་མ་དེ་ཀྲུའུ་ཀྲོའུ་རུ་ཚབ་བྱས་ནས་དོ་དམ་བྱེད་པའི་ལི་ལིན་གྲོང་ཁྱེར་དུ་ཐོན་གྱིན་ཡོད། 

3_4 ཆུ་དཔྱད།

ཀྲུའུ་ཀྲོའུ་གྲོང་ཁྱེར་ཁོངས་ཀྱི་ཆུ་བོའི་རིང་ཚད་ལ་སྤྱི་ལེ5ཡན་གྱི་རིང་ཚད341ཡོད། སྤྱི་ལེ30ཡན་གྱི19དང་སྤྱི་ལེ100ཡན་གྱི7བཅས་ཚང་མ་ཞང་ཅང་གཙང་པོའི་ཆུ་རྒྱུད་ཀྱི་ཁོངས་སུ་གཏོགས་ཡོད། ཞང་ཅང་གཙང་པོའི་གཞུང་རྒྱུན་དེ་ཀྲུའུ་ཀྲོའུ་གྲོང་ཁྱེར་ཁོངས་ཀྱི་སྤྱིའི་རིང་ཚད་ཀྱི་སྤྱི་ལེ89.6ཟིན་པ་དེས་ཤང་ཅང་གཙང་པོའི་སྤྱིའི་རིང་ཚད་ཀྱི10.46%བཟུང་ཡོད། གྲོང་ཁྱེར་ཁོངས་ཀྱི་ཞང་ཅང་གཙང་པོའི་རིམ་པ་དང་པོའི་ཆུ་ལག་ཅུང་ཆེ་བའི་ཆུ་ནི་མེའེ་ཆུ་དང་ལའོ་ཆུ་ཡོད། ཞང་ཅང་གཙང་པོའི་རིམ་པ་གཉིས་པའི་ཆུ་ལག་རིང་ཚད་སྤྱི་ལེ100ཡན་ཟིན་པའི་ཐའོ་ཧྲུའེ་དང་། ཡིའུ་ཧྲུའེ། ཁྲེང་ཐན་ཅང་གཙང་པོ། ལྕགས་ཆུ་སོགས་དོན་ཚན4ཡོད། 

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2016ལོར་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི401.63ཡོད་པ་དེ་སྤྱི་ལོ2015ལོ་ལས་མི་ཁྲི1.58མང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི257.4དང་གྲོང་གསེབ་ཀྱི་མི་འབོར་ཁྲི144.23ཡོད་པ་དང་། ཕོ་མོའི་དབྱེ་བ་ལྟར་དབྱེ་ན་ཕོ་ཁྲི205.62དང་མོ་ཁྲི196.01ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་བརྒྱ་ཆའི6.96ཡིན། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད64.1%ཟིན་ཡོད།      སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི402.08ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི269.99ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད67.15%ཟིན་པ། གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ142.19ཟིན་པ། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི129.72ཡོད་པ་བཅས་རེད། 

4_2 མི་རིགས།

ཀྲུའུ་ཀྲོའུ་ནི་ཁ་ཐོར་དང་འདྲེས་ནས་མི་རིགས་ས་ཁུལ་དུ་གནས་པ་དང་། གྲངས་ཉུང་མི་རིགས46ཡོད་ཅིང་། རྒྱུན་སྡོད་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི2.3ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི0.56%བཟུང་བ་དང་། གྲོང་ཁྱེར་གྱི་མི་རིགས་ལས་དོན་སྤྱི་ཚོགས་ཅན་དང་། སྣ་མང་ཅན། རྙོག་འཛིང་ཅན་བཅས་སུ་གྱུར་ཡོད། 

5 སྤྱི་ཚོགས་ལས་དོན།
5_1 སློབ་གསོ་ལས་དོན།

སྤྱི་ལོ2016ལོའི་ལོ་མཇུག་བར་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་མཐོ་འབྲིང་སློབ་གྲྭ13ཡོད། མཐོ་རིམ་སློབ་གསོའི་ཞིབ་འཇུག་སློབ་མ453དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ26798འབྲིང་རིམ་ལས་རིགས་སློབ་གསོའི་མཐར་ཕྱིན་སློབ་མ12527མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ17447དམའ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ35505སློབ་ཆུང་སློབ་གྲྭའི་མཐར་ཕྱིན་སློབ་མ37751བྱིས་པ་ཁྲི14.7བཅས་ཡོད། སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད97.7%ཟིན་ཡོད། རིགས་ཁག་གི་དམངས་བཙུགས་སློབ་གྲྭ990ཡོད་པ་དང་དམངས་བཙུགས་སློབ་གྲྭའི་སློབ་མ་ཁྲི16.9ཡོད་པ་རེད། མཐོ་སློབ་ཀྱི་རྒྱལ་ཁབ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་སྒོར་ཁྲི8146.5སྤྲད་པ་དང་འོས་འགན་སློབ་གསོའི་འགན་ལེན་མ་དངུལ་སྒོར་དུང་ཕྱུར2.7དོན་འཁྱོལ་བྱས། 

5_2 ཚན་རིག་ལག་རྩལ།

སྤྱི་ལོ2016ལོར་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར623.6ཟིན་ནས17.3%འཕར་བ་དེས་བཟོ་ལས་ཀྱི་རིན་ཐང་འཕར་མ་ཡོངས་ཀྱི་བསྡུར་ཚད་ཀྱི52.1%བཟུང་ཡོད། རྒྱལ་ཁབ་ཀྱིས་ཚན་རྩལ་འགག་སྒྲོལ་འཆར་གཞིའི་རྣམ་གྲངས11བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཁག25བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་ལས་གྲྭ(ལག་རྩལ)ཞིབ་འཇུག་ལྟེ་གནས26དང་། རྒྱལ་ཁབ་རིམ་པའི་ཁེ་ལས་ཀྱི་གཙོ་གནད་ཚོད་ལྟ་ཁང4ཞིང་ཆེན་རིམ་པའི་ཁེ་ལས་ཀྱི་གཙོ་གནད་ཚོད་ལྟ་ཁང10བཅས་ཡོད། ཁེ་བེད་བདག་ཐོབ7595ཡི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ2739ཡོད་པ་དང་། ཁེ་བེད་བདག་ཐོབ3726ལ་དབང་ཆ་སྤྲད་པ་དེའི་ནང་གསར་གཏོད་ཁེ་བེད་བདག་ཐོབ836ཡོད་པ་རེད། 

5_3 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2016ལོར་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་84.5ཡོད་པ་དེ་སྤྱི་ལོ2015ལོ་ལས5.2%འཕར་ཡོད། ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་འགྲུལ་ཟོག་སྐྱེལ་འདྲེན་གྱི་འཁོར་རྒྱུག་བསྡོམས་འབོར་ཏུན་དུང་ཕྱུར188.8ཟིན་ནས6.2%འཕར་ཡོད། དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར185.5ཟིན་ནས6.7%འཕར་བ་དེའི་ནང་གཞུང་ལམ་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར164.7ཟིན་ནས7.8%འཕར་བ་དང་། ཆུ་ཐོག་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར20.8ཟིན་ནས1.4%ཆག་ཡོད་པ་རེད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ལེ་དུང་ཕྱུར33.2ཟིན་ནས15.4%ཆག་ཡོད། ལོ་མཇུག་ཏུ་དམངས་སྤྱོད་རླངས་འཁོར་ཁྲི39.7ཡོད་པ་དེ15.1%འཕར། 

5_4 ལུས་རྩལ་ལས་དོན།

སྤྱི་ལོ2016ལོར་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་ལོ་ཧྲིལ་པོར་ལུས་རྩལ་ཐང4878ཡོད་པའི་ནང་ལུས་རྩལ་ཁང18དང་། ལུས་རྩལ་ཐང446ཆུ་རྐྱལ་རྫིང་བུ37སྦྱོང་བརྡར་ཁང་སྣ་ཚོགས289བཅས་ཡོད་པ་རེད། ཀྲུའུ་ཀྲོའུ་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་རྣམ་གྲངས་ཐེངས149སྤེལ་བ་དང་རྟག་ཏུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་ཁྲི40ཡོད། 

5_5 རིག་གནས་ལས་དོན།

སྤྱི་ལོ2016ལོར་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་རིག་གནས་དང་གསར་གཏོད་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར178.4ཡོད་པ་དེ་སྤྱི་ལོ2015ལོ་ལས7.6%འཕར་ཡོད། སྒྱུ་རྩལ་འཁྲབ་སྟོན་ཚོགས་པ9དང་། མང་ཚོགས་སྒྱུ་རྩལ་ཁང་དང་རིག་གནས་ཁང10སྤྱི་པའི་དཔེ་མཛོད་ཁང7དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང10གྲོང་གསེབ་ཀྱི་སྤྱི་ཕན་གློག་བརྙན་ཁྲི1.9བཅས་བསྟན་ཡོད། རླུང་འཕྲིན་ལས་ཁུངས6ཡོད་པ་དང་། རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་པ། བརྙན་འཕྲིན་ལས་ཁུངས6ཡོད་པ་དང་། བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་བརྒྱ་ཆ99.96ཟིན་པ་དང་། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི79.2ཟིན་ཡོད། 

5_6 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2016ལོར་ཀྲུའུ་ཀྲོའུ་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི2940ཡོད་པ་རེད། དེའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང་ཁྱོན189དང་། མ་བུ་བདེ་སྲུང་སྨན་ཁང(སོའོ་དང་ས་ཚིགས)10སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས31ཆེད་ཚན་གྱི་ནད་ཡམས་འགོག་བཅོས་ཁང2བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི2.5ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ9968དང་ཐོ་འགོད་བྱས་པའི་སྨན་གཡོག10920ཡོད། རིམས་འགོག་ས་ཚིགས10དང་ལག་རྩལ་པ396ཡོད། འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་ལས་ཁུངས6ཡོད་པ་དང་ལག་རྩལ་པ110ཡོད། སྨན་ཁང་དང་འཕྲོད་བསྟེན་ཁང་ལ་ཉལ་ཁྲི་བསྡོམས་འབོར་ཁྲི2.3ཡོད། 

6 འགྲིམ་འགྲུལ།
6_1 མཁའ་ལམ།

ཀྲུའུ་ཀྲོའུ་བྱང་ནས་ཁྲང་ཧྲ་ཧོང་ཧྭ་རྒྱལ་སྤྱིའི་གནམ་ཐང་བར་སྤྱི་ལེ40ལས་མེད་པ་དང་། གཞུང་ལམ་རིང་པོ་བརྒྱུད་མྱུར་བགྲོད་གཞུང་ལམ་སྐར་མ30དགོས།

6_2 ལྕགས་ལམ།

ཧུའུ་ནན་གྱི“3+5”གྲོང་ཁྱེར་དབར་གྱི་ལྕགས་ལམ་ཁྲོད་ཀྲུའུ་ཀྲོའུ་ཡང་དེའི་ལྟེ་གནས་སུ་གྱུར་ཡོད། ཀྲུའུ་ཀྲོའུ་ཡི་བྱང་ཕྱོགས་ཁྲང་ཧྲ་དང་ཡུའེ་དབྱང་དང་། ནུབ་ངོས་ཞང་ཐན། ལོའུ་ཏི་བར་དང་། ཤར་ངོས་ལི་ལིན་བར། ལྷོ་ངོས་ཧེང་དབྱང་བར་བཅས་ཕྱོགས་བཞིའི་ཐད་གྲོང་ཁྱེར་གལ་ཆེན་དང་སྦྲེལ་ཡོད། དེའི་ནང་ཁྲང་ཀྲུའུ་ཐན་གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱིས་ཀྲུའུ་ཀྲོའུ་རུ་ཅིའུ་ལང་ཧྲན་ས་ཚིགས་དང་། ཐེན་ཞིན་ཏུང་ས་ཚིགས། ཏ་ཧྥུང་ས་ཚིགས། ཁྲེང་ཐེ་ཀྲུའུ་ཀྲོའུ་ས་ཚིགས། ཀྲུའུ་ཀྲོའུ་ལྷོ་ཚུགས་བཅས་མེ་འཁོར་བབས་ཚུགས5བཙུགས་ཡོད། སྤྱི་ལོ2016ལོའི་ཟླ12པའི་ཚེས26ཉིན་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་ཀྲུའུ་ཀྲོའུ་གྲོང་ཁྱེར་ལྟེ་གནས་གྲོང་ཁྱེར་དབར་གྱི་མེ་འཁོར་བསྡད་དེ་ཁྲང་ཧྲ་གྲོང་ཁྱེར་ལྟེ་གནས་སུ་སྐར་མ་30ལས་འགོར་གྱིན་མེད། 

6_3 གཞུང་ལམ།

ཀྲུའུ་ཀྲོའུ་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་ཐུབ། རྒྱལ་ལམ106དང་། རྒྱལ་ལམ320ཞིང་ཆེན་ལ211པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མྱུར་བགྲོད་གཞུང་ལམ(G4)ཁྲང་ཀྲུའུ་མྱུར་བགྲོད་གཞུང་ལམ(S21)ཧྲང་ཁུན་མྱུར་བགྲོད་གཞུང་ལམ(G60)ཆོན་ནན་མྱུར་བགྲོད་གཞུང་ལམ(G72)ཧེང་ཡན་མྱུར་བགྲོད་གཞུང་ལམ་དང་། ཧེང་ཡན་མྱུར་བགྲོད་གཞུང་ལམ་དང་ཡུའེ་རུའུ་མྱུར་བགྲོད་གཞུང་ལམ་དང་དེ་བཞིན་འཆར་འགོད་ཁྲོད་ཀྱི་པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མྱུར་བགྲོད་གཞུང་ལམ་དང་ཧྲང་ཧའེ་དང་ཁུང་མིན་བར་གྱི་མྱུར་བགྲོད་གཞུང་ལམ་ཉིས་གཤིབ་མ་དང་། མིང་ནན་དང་། ཅང་ཞིས་ལྷོ་རྒྱུད། ཞང་ནན་བཅས་སྦྲེལ་བའི“ལྷོ་གསུམ”གཞུང་ལམ་ཚང་མ་མངའ་ཁོངས་བརྒྱུད་ཅིང་།  སྤྱིའི་རིང་ཚད་ལ་སྤྱི་ལེ41.629ཡོད་པའི་སྡོང་རིང་མྱུར་བགྲོད་གཞུང་ལམ་གྱིས་ཀྲུའུ་ཀྲོའུ་དང་ཞིང་ཆེན་ལྟེ་གནས་ཀྱི་ཁྲང་ཧྲ་དང་བར་ཐག་དེ་བས་ཉེ་རུ་ཕྱིན་ཡོད། 

6_4 ཆུ་ཐོག་སྐྱེལ་འདྲེན།

གྲོང་ཁྱེར་བསྐོར་ནས་འགྲོ་བའི་ཞང་ཅང་གཙང་པོའི་དུས་བཞིའི་གནམ་གྲུ་ཤར་གཏོང་ཐུབ་པ་རེད། སྤྱིར་བཏང་གི་གྲུ་གཟིངས་དེ་ཞང་ཅང་བརྒྱུད་དེ་ཧེང་དབྱང་དང་ཡུང་ཀྲོའུ་ལ་དེད་ཆོག་པ་དང་། དེ་ནས་ཁྲང་ཧྲ་དང་ཏུང་ཐིང་མཚེའུ། འབྲི་ཆུ་བཅས་ཤར་བགྲོད་ཐུབ་ཀྱིན་ཡོད། ཏུན་སྟོང་རིམ་པའི་གྲུ་གཟིངས་ཀྱིས་ཞང་ཅང་གཙང་པོ་དང་། འབྲི་ཆུ། ཧྲང་ཧའེ་བཅས་བརྒྱུད་དེ་འཛམ་གླིང་གི་ས་གནས་ཁག་ཏུ་སླེབས་ཐུབ། ཀྲུའུ་ཀྲོའུ་གྲུ་ཁ་ནི་ཧུའུ་ནན་ཞིང་ཆེན་གྱི་གྲུ་ཁ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆུ་ཐོག་སྐྱེལ་འདྲེན། ནད་ཡམས།